མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།

དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།

 

ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།

 

གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།

ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།

 

མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 174

  1. བཀྲ་ཤིས། says:
    ལོ་ 15 སྔོན།

    ད་འོ་ན་ངས་ཀྱང་བསམ་ཚུལ་ཁ་ཤས་ཞུ། རྒྱ་རི་སྒྲོལ་མ་ལ་བཀྲ་ཤིས་བདེ་ལེགས་ཡོད།
    མོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། འོན་ཀྱང་མོ་ལ་བཀའ་ཁྲིའི་འོས་ཆོས་ཚང་མིན་གསལ་བོ་མི་ཤེས། བཀའ་ཁྲི་ཟེར་བ་དེ་བོད་པའི་སྲོལ་རྒྱུན་རིག་པའི་གནས་ལྔ་གའམ་ཅི་རིགས་ལ་མཁྱེན་རྟོགས་ཡོད་མཁན་ཞིག་ཏན་ཏན་དགོས་པ་རེད། མོ་ལ་དེ་ཙམ་གྱི་ཤེས་ཡོན་ཨེ་ཡོད་ན་སྙམ་པ་དེ་གཅིག་ཡིན། གཉིས་པ་དེ་མོ་ལྟ་བུའི་བུད་མེད་ཅིག་གིས་བོད་གཞུང་སྐྱོང་ཐུབ་ཀི་རེད་དམ་མ་རེད་ཟེར་བ་གཉིས་ཡིན། མོ་རྒྱ་གར་གྱི་མི་སེར་རེད། རྒྱ་གར་གྱི་མི་སེར་ལ་བོད་འོས་ཤོག་ལེན་རྒྱུའི་ཐོབ་ཐང་ཡོད་རེད་པས་ཟེར་བ་དེ་གསུམ་པ་ཡིན།

    Reply
  2. རྭ་ལོ། says:
    ལོ་ 15 སྔོན།

    གལ་སྲིད་མི་ཞིག་ལ་བློ་དང་རིག་པ། ད་དུང་རང་གི་སྙིང་དེའི་གསེང་ན་རུས་པ་ཞིག་ཡོད་ན་དྲི་བ་འདི་འབུལ་རོགས། ( ཁྱོད་རང་བཀའ་ཁྲིར་ལངས་པ་རེད། དེས་ན་བོད་པའི་སྤྲུལ་སྐུའི་ལམ་ལུགས་འདི་ལ་དགོངས་ཚུལ་ཅི་ཡོད། དཔེར་ན། རྒྱ་རི་ཚང་གི་བུ་དང་ཚ་བོ། དེ་ནས་ཡང་ཚ་དང་བཅས་པ་སྤྲུལ་སྐུ་རྐྱང་རྐྱང་ཡིན་པ་འདིར་དགོངས་ཚུལ་ག་རེ་ཡོད། དེ་བཞིན་དུ་སྤྲུལ་སྐུ་མིན་པའི་བོད་པའི་བྱིས་པ་ཚོ་དང་། མི་སྐྱ། མི་རྐྱང་དེ་དག་གི་མི་ཚེ་རིན་ཐང་ལ་ཁྱེད་སྒེར་ངོས་ནས་ལྟ་ཚུལ་ཅི་ཞིག་ཡོད། བོད་པའི་མི་ཚང་དཀྱུས་མ་དེ་དག་གི་ནང་དུ་སྤྲུལ་སྐུ་འདི་འདྲའི་མང་པོ་མང་པོ་ཞིག་འཁྲུངས་སྲིད་གི་རེད་དམ།

    ད་དུང་སྒེར་གྱི་དྲི་བ་མང་པོ་ཞིག་སྟར་སྒྲིག་ནས་ཡོད་པ་དེ་དག་རེ་རེ་ལ་བཀའ་ལན་གྱི་གོ་སྐབས་རེ་གནང་རྒྱུའི་རེ་བ་ཤིན་ཏུ་ཆེ།

    རིན་ཆེན་ཚེ་རིང་། (ལྡི་ལི།)

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    རྭ་ལོས་རྩིས་འབྲས་ལེགས་

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    བཀུར་འོས་རྒྱ་རི་སྒྲོལ་མ་ལགས་ཁྱེད་རང་བཀའ་ཁྲི་གནང་ན་བོད་ཀྱི་བུད་མེད་ཚོའི་ཆེ་མཐོང་དང་ ཁ་མིག་ཡར་ལྟ་བྱེད་ས་ཞིག་བརྒྱ་ཆ་བརྒྱ་ཆགས་ཀྱི་རེད་ འོན་ཀྱང་ང་ཚོའི་རྩ་དོན་ལ་སྔར་གྱི་འགྲོ་སྟངས་དེ་ལས་འགྱུར་བ་ཞིག་གཏན་ནས་ཡོང་གི་མ་རེད་བསམ་གྱི་འདུག།
    བུད་མེད་ཞིག་བཀའ་ཁྲི་ལ་ཕེབས་པ་བོད་མི་མང་གི་གཟི་བརྗེད་རེད་དེ་ གུས་ལ་དགོས་པ་ནི་འགྱུར་བ་ཞིག་དགོས་ཡ་དེ་རེད་། གྲགས་འགུལ་དང་ ཚོར་ཤུགས་ཅི་ཡང་མེད་པའི་ད་ཡོད་བོད་ཀྱི་འཐབ་རྩོད་འདི་ལ་བལྟས་བལྟས་ནས་ང་སྨྱོན་པ་ཆགས་གྲབས་བྱེད་ཀྱི་འདུག་། དངོས་གནས་ཡིན་ བཀུར་འོས་རྒྱ་རི་སྒྲོལ་མ་ལགས་དང་ བཀུར་འོས་བཀྲས་མཐོང་ལགས་སོགས་མི་ལོ་མང་པོ་རིང་སྤྱི་དོན་ལ་དཀའ་ལས་བརྒྱབས་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡ་ཡིན། འོན་ཀྱང་ཡང་བསྐྱར་ཕེབས་ན་རང་འཇགས་རེད་།
    འོན་ཀྱང་གུས་པས་རེ་བསྐུལ་ལ་བཀའ་ཁྲི་འོས་གཞི་ནས་ཕྱིར་འཐེན་གནང་རོགས་ཞེས་ཞུ་བ་འཐེན་བརྒྱི་ཡོད་།
    ད་རེས་བློ་རིག་བཀྲ་བའི་གཞོན་ནུ་བློ་བཟང་སེང་གེ་ལ་གོ་སྐབས་སྤྲད་གོས་
    དགོས་པ་རྒྱུ་མཚན་ནི་གུས་ཀྱིས་གཤད་མི་དགོས་པ་གཤམ་གྱི་མཆན་དག་ལས་གཟིགས་རོགས།

    གསར་འབྱོར།
    ༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། ད་ལྟའི་འཛམ་གླིང་གི་དབུ་ཁྲིད་འདེམས་པའི་འཕོ་འགྱུར་གྱི་ཁ་ཕྱོགས་ནི་མི་རབས་གསར་བའི་སྣེ་ཁྲིད་ཐུབ་མཁན་གྱི་ན་གཞོན་འཛམ་གླིང་རང་བཞིན་གྱི་མཁྱེན་རྒྱ་དང་ཤེས་རྟོག་ཡོད་མཁན་གྱི་མི་སྣ་ཞིག་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་བདམས་ཏེ། ཁོང་གི་ཤེས་འཇོན་ལ་བརྟེན་ནས་མིག་སྔའི་ཛ་དྲག་གི་གནས་བབས་དང་འབྱུར་འགྱུར་གྱི་བྱ་བཞག་མཐའ་དག་འཆར་གཞི་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་པ་ནི་ཨ་རི་དང་དབྱིན་ཡུལ་གྱི་ད་ལྟའི་འོས་བསྡུའི་རྒྱལ་ཁ་ལས་ང་ཚོས་གསལ་བོར་རྟོག་ནུས། དེ་མཚུངས་ང་ཚོ་བོད་མི་གཞོན་སྐྱེས་དག་གིས་ཀྱང་འདས་ཟིན་གྱི་ཉམས་མྱོང་གཞིར་བྱས་ཏེ་འབྱུར་འགྱུར་གྱི་བཀའ་བློན་ཁྲི་བ་དེ་གཞོན་ཤེས་འཇོན་ལྡན་པ་ཞིག་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་པ་ལྟར། འཛམ་གླིང་ཁྲིམས་ལུགས་ཀྱི་མཁྱེན་ཡོན་ལྡན་ཞིང་། རྒྱ་བོད་དཔོན་རིགས་ཀྱི་འབྲེལ་བ་ཟབ་པ། འཕོ་འགྱུར་མདུན་སྐྱོད་ཀྱི་སྤོབས་པ་ཡོད་ལ། བཀའ་སློབ་ལམ་སྟོན་གྱི་སྨྲ་ལྕེ་བདེ་བ། ལྷག་བསམ་རྒྱལ་ཞེན་གྱི་ལྟ་བ་བརྟན་ཅིང་། འདས་ཟིན་ལོ་རྒྱུས་ཀྱི་སྤྱོད་ལམ་གཙང་བ། བོད་མིའི་སྤྱི་ཚོགས་ཀྱི་ཤེས་རྟོག་ཟབ་ལ། རྒྱ་མིའི་ཆབ་སྲིད་ཀྱི་གཡོ་ཅུས་མཁྱེན་པ། སྔོན་བྱུང་ལོ་རྒྱུས་ཀྱི་མཁྱེན་རྒྱ་ཆེ་ཞིང་། ད་ལྟའི་འཕོ་འགྱུར་གྱི་ཁ་ཕྱོགས་ཟིན་ལ། འབྱུར་འགྱུར་ལས་འཆར་གྱི་དམ་བཅའ་བརྟན་པ། རྒྱལ་བའི་དགོངས་དོན་བཞིན་དབུ་མ་སྐྱོང་བ། ཆོས་ལུགས་རིས་མེད་ལ་དད་སེམས་ཆེ་ཞིང་། ཆོལ་གསུམ་ཁ་ཁ་ཡི་བསམ་ཚུལ་མེད་པ། གསར་རྙིང་དབྱེ་འབྱེད་ཀྱི་ཕྱོགས་ཞེན་མེད་ལ། བོད་མིའི་སྤྱི་ཚོགས་ཀྱི་ནད་རྙིང་མེད་པ། འཛམ་གླིང་ཤར་ནུབ་ཀྱི་མཐོང་རྒྱ་ཆེ་ཞིང་། ཧར་ཝར་སློབ་ཆེན་གྱི་ཐོས་རྒྱ་ཆེ་བ། མ་འོངས་ཕུགས་འདུན་གྱི་ལྟ་རྒྱ་ཆེ་ལ། འབྱུང་འགྱུར་བཀའ་བློན་ལ་རེ་བ་ཆེ་བ། སོགས་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལོངས་པ་ཡོད་པའི་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་བློན་ཁྲི་བར་ཕེབས་རྒྱུའི་རེ་བ་དང་རྒྱབ་སྐྱོར་ཞུ་རོགས་ཤེས་དམིགས་གསལ་བོད་མི་གཞོན་སྐྱེས་ཚོ་ལ་རེ་སྐུལ་ཞུ་བཞིན་ཡོད།

    ༥༨༽ སྟག་སྨྱོན་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡ གི་ཆུ་ཚོད་ ༣ སྐར་མ་ ༡༣
    ༡། རྩ་དོན་༧གོང་ས་མཆོག་གཙོའི་གནད་ཡོད་མང་པོས་བཀའ་ཁྲིའམ་དབུ་ཁྲིད་ན་གཞོན་ཞིག་སླེབས་རྒྱུ་ཧ་ཅང་གལ་ཆེན་པོ་གཟིགས་ཀི་ཡོད་རེད། འདི་ཆེས་མཐར་ཐུག་གི་གལ་ཆེའི་རྩ་དོན་ཞིག་ཆགས་ཡོད་པས་བོད་མི་ཚོས་ངེས་པར་ལག་ལེན་ཁེལ་དགོས་པ་ཞིག་རེད། བྱས་ཙང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་མེད་མཁན་ཚོས་འོས་མཚམས་ཀྱི་ན་གཞོན་གཞན་ཞིག་གི་མིང་བཏོན་ཤོག གང་ལྟར་བསྟན་འཛིན་རྣམ་རྒྱལ་ལྟ་བུ་མི་རྒན་སྔ་མོ་ནས་ལས་འཁྱུར་ཟིན་པ་ཞིག་སླར་ཡང་སླེབས་རྒྱུའི་རེ་གནང་གི་ཡོད་མ་རེད།
    ༢། ངས་བློ་བཟང་སེང་གེའི་ཆ་རྐྱེན་གསུམ་ལ་ལྟ་གི་ཡོད། དང་པོ་ཤེས་ཡོན་གྱིས་འདང་བ་ཡོད་པ། གཉིས་པ་༧གོང་ས་མཆོག་གཙོའི་ང་ཚོའི་རེ་བ་བརྒྱག་བཞིན་པ་ནང་བཞིན་གྱི་ལོ་ཚོད་དག་དག་ཡིན་པ། གསུམ་པ་ཁོ་རང་ལ་བཀའ་ཁྲི་བྱེད་རྒྱུར་སེམས་ཤུགས་དང་གསོན་ཤུགས་འདང་བསྡད་པ་བཅས་རེད།
    ༣། ངོས་སུ་ཁོས་བཀའ་ཁྲི་གང་འདྲ་ཞིག་བྱེད་ཐུབ་མིན་ང་ཚོས་བཤད་མི་ཐུབ། ག་འདྲ་བྱས་ཡོང་བསམ་པའི་སེམས་ཁྲེལ་ཡང་ཡོང་གི་འདུག འོན་ཀྱང་འདི་ལྟར་ང་ཚོས་ཐེ་ཚོམ་བྱས་བསྡད་ན་ནམ་ཡང་མི་གསར་བ་ཞིག་སླེབས་ཐབས་ཡོད་པ་མ་རེད། ད་ལམ་བློ་བཟང་སེང་གེ་ཚོད་ལྟ་བྱེད་སྤྱད་ལ་འོས་མཚམས་མཐོང་གི་འདུག གལ་སྲིད་ཁོས་སྡུག་པོ་ཞིག་བྱས་པ་ཡིན་ནའང་ཧ་ལས་ས་མ་རེད། ནམ་རྒྱུན་ནང་བཞིན་རེད། ང་ཚོ་ད་བར་དེ་འདྲའི་དཀའ་སྡུག་འཕྲད་འཕྲད་པར་ཡོང་བ་རེད། མུ་མཐུད་རྨ་ཁ་ལག་པར་སྐྱོར་ཞོར་ལ་རེ་བ་གསར་བ་ཞིག་བཙལ་ནས་འགྲོ་རྒྱུ་རེད། གང་ལྟར་རེ་ཡག་ས་ནས་བརྒྱབ་གྲ་སྒྲིག་སྡུག་ས་ནས་བྱེད་བཞིན་བློ་སེང་འདེམས་ན་མ་རེད་པས།

    ༥༩༽ སྟག་སྨྱོན་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡ གི་ཆུ་ཚོད་ ༣ སྐར་མ་ ༡༥
    ངས་བློ་བཟང་སེང་གེའི་ཆ་རྐྱེན་གསུམ་ལ་ལྟ་གི་ཡོད། དང་པོ་ཤེས་ཡོན་གྱིས་འདང་བ་ཡོད་པ། གཉིས་པ་༧གོང་ས་མཆོག་གཙོའི་ང་ཚོའི་རེ་བ་བརྒྱག་བཞིན་པ་ནང་བཞིན་གྱི་ལོ་ཚོད་དག་དག་ཡིན་པ། གསུམ་པ་ཁོ་རང་ལ་བཀའ་ཁྲི་བྱེད་རྒྱུར་སེམས་ཤུགས་དང་གསོན་ཤུགས་འདང་བསྡད་པ་བཅས་རེད།

    རྒྱང་རིང་།
    ༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས། བོད་པ་ལ་ཤུལ་འཛིན་དགོས་ན་གཞོན་རབས་འདི་ཁྲི་པར་དགོས།
    བོད་པ་ལ་གསར་གཏོན་དགོས་ན་གཞོན་རབསའདི་ཁྲི་པ་དགོས།
    བོད་པ་ལ་རེ་བ་དགོས་ན་གཞོན་རབས་འདི་ཁྲི་པ་དགོས།
    བོད་པ་ལ་སྙིང་སྟོབས་གསར་པ་དགོས་ན་བཞོན་རབས་འདི་ཁྲི་པ་དགོས།

    བྱམས་རྒྱལ།
    ༢༠༡༠/༠༧/༢༨ ཉིན་འདོན་སྤེལ་བྱས། གསར་གཏོད་གྱི་རང་བཞིན་ དེང་རབ་ཀྱི་འགྲུས་དང་མཐུན་པ་ དེང་དུས་ཀྱི་ཤེས་ཡོན་དང་ དེའི་ཁར་བློ་རིག་བཀྲག་བ་དང་ ལྷག་བསམ་ཡང་ཡོད་མཁན་ རྒྱལ་སྤྱིའི་སྟེང་འབྲེལ་ལམ་ཡང་ཡོད་མཁན་ དངས་བླངས་ཀྱི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལགས་ཁྱེད་དུས་ལ་བབ་འདུག་དྲན། ཁྱེད་ལ་འཆར་གཞི་འདུག་ལ་ དཀའ་ལས་ཀྱང་བརྒྱབ་སོང་། དཀའ་ལས་ལ་འབྲས་བུ་ཞིག་ཡོད་ངེས་
    གང་ལྟར་རང་རེའི་རྩ་དོན་འདི་འགུལ་བསྐྱོད་ཏོག་ཙམ་ཞིག་ཐེབས་ན་ཅི་མ་རུང་།
    དེ་མིན་བཀའ་ཁྲི་སུ་ཕེབས་ནའང་བོད་དོན་ལ་འགྱུར་བ་ཞིག་ཐེབས་ཡོང་བསམ་པ་མི་དྲན་འདུག་།།

    རིག་པའི་རལ་གྲི།
    ༢༠༡༠/༠༨/༠༣ ཉིན་འདོན་སྤེལ་བྱས། མཁས་དང་གྲུབ་པའི་བཀའ་བློན་གདམ་བརྩིས་མེད། །ཀླད་རྙིང་ཕྱོགས་ཞེན་ཅན་ལ་རེ་བ་མེད། །རང་ལྟ་བརྟན་པོ་མེད་ལ་ཡིད་ཆེས་མེད། །གང་ནས་བལྟས་ཀྱང་མཚམ་ཤོས་ཁྱེད་རང་རེད།
    ཡོང་ཁུང་གང་ནས་ཡིན་ཡང་ཇུས་དོག་མེད། །ཚར་ས་ག་བར་ཡིན་ཡང་ཁྱད་པར་མེད། །དགོས་པའི་མཁྱེན་རྒྱ་ཆེ་བའི་གཞོན་ནུ་ཁྱེད། །ཐེང་འདིའི་བཀའ་བློས་འོས་ཤོས་ཁྱེད་རང་རེད།

    ༡༡༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༤ གི་ཆུ་ཚོད་ ༡༢ སྐར་མ་ ༣༦
    རྒྱ་རི་སྒྲོལ་མ་རྒྱ་གར་མི་སེར་རེད། །
    བསྟན་འཛིན་རྣམ་རྒྱལ་ཉམས་མྱོང་རྙིང་པ་རེད། །
    བློ་བཟང་སེང་གེ་གངས་སེང་དངོས་མ་རེད། །
    བཀའ་ཁྲིའི་འོས་ཤོག་འཕེན་ན་ཁོང་ལ་འཕོངས། །
    རང་གིས་བཀའ་ཁྲིའི་འོས་ཤོག་མི་འཕེན་པའི་དམ་བཅས་ན་ཡང་འོས་ཤོག་འཕེན་འདོད་ཡོད་མཁན་དག་ལ་ངར་ཆུ་བླུགས་པ་ཙམ་ཞིག་གོ

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    འདས་སོང་གི་བྱས་རྗེས་དང་མ་འོངས་པའི་འཆར་གཞི་ཡོད་མིན་ལ་མ་ལྟོས་པར་བུད་མེད་ཅིག་གི་ངོས་ནས་འདི་འདྲའི་སྐད་ཆ་བཤད་ཐུབ་པ་དེ་དགའ་འོས་པ་ཞིག་རེད། ཐུགས་རྗེ་ཆེ།ཞར་ལ་ཨ་རིའི་གློག་འཕྲིན་ཁང་གི་ཚེ་རིང་སྐྱིད་ལགས་སུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་ལངས་པའི་སྤོབ་པ་ཡོད་དམ་ཞེས་དྲི་བ་ཞིག་ཀྱང་འདོན་རྒྱུ་ཡིན།

    Reply
  6. རྭ་ལོ། says:
    ལོ་ 15 སྔོན།

    ད་ཡིན་ན་རྩིས་ཤིག་སྐོར་དགོས་པ་འདྲ།

    ལོ་ ༡༨ ནས་ ༣༨ བར་གྱིས་གཙོ་ཆེ་བར་བློ་བཟང་སེང་གེ་ལ་འོས་འཕེན་གི་རེད། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༤༠ ཡིན་པ་ཡོད།

    ལོ་ ༣༨ ནས་ ༥༨ བར་གྱིས་རྒྱ་རི་སྒྲོལ་མ་ལ་འོས་འཕེན་པར་ཆ་ཞོག (མ་མཐར་ཡང་) བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༣༥ ཡིན་པ་ཆ་ཞོག

    ལོ་ ༥༨ ནས་ ༧༨ བར་དུ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བརྒྱ་ཆ་ ༢༥ མ་གཏོགས་ལྷག་མི་འདུག

    འདི་ཚོ་ཚོད་རྩིས་ཡིན་ད།

    Reply
  7. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ཁོ་མོས་སྐབས་བཅུ་བཞི་བའི་བཀའ་ཁྲི་ལངས་གི་ཡིན་ལབ་འདུག་དེ་སྣང་བ་འགྲོ་མ་སོང་ད་སྐབས་བཞི་བའི་བཀའ་ཁྲི་རྗེས་ནས་ལངས་ཡ་རེད་མོ་སྐྱེ་འཆི་མེད་མཁན་ཞིག་ཡིན་ན་མ་གཏོགས་དེ་འདྲ་ཞིག་གསལ་བསྒྲགས་བྱས་ན་རྟོགས་པ་དང་ལྡན་པ་སུ་ཞིག་གི་ཁས་ལེན་གི་རེད།

    Reply
  8. གྱི་ན་བ says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་བཀའ་ཁྲི་འོས་གཞི་ནང་སླེབས་པ་ཐུགས་རྗེ་ཆེ། ཉིད་ཀྱི་རྒྱལ་ཁབ་ཐོབ་པའི་སྨོན་འདུན་ཞུ་གིན་ཡིན།་ཤུགས་རྒྱོབ་ཨ།

    Reply
  9. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    སྐད་ཆ་བཤད་མཁན་པ་སྟེ་ཚོ་ལ་ཧམ་བསམ་དགོས་གལ་ཡོད་མ་རེད་ཡིན་ན་ཡང་འོས་མ་བླུག་གོང་དུ་ཁ་བདེ་བོ་དང་བཤད་མཁན་པ་བྱེད་ཡ་སྟེ་འཛམ་པོ་གླིང་གི་སྤྱི་ལུགས་རེད།
    མི་མང་ཚོ་བསམ་བློ་གཏང་༎

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    མི་ལོ་ཉི་ཤུའི་ནང་གོ་མ་མྱོང་བ་དང་བཤད་མ་མྱོང་བའི་སྐད་ཆ་གསར་པ་མང་པོ་ཐོན་ཡོང་གི་འདུག ད་བར་དུ་འགམ་འཁུར་བ་ཞིག་གི་མིང་ཐོག་ནས་བསྡད་ཀྱང་བོད་དོན་ལ་འདི་ཕན་སོང་སྙམ་པའི་ལས་ཀ་ཞིག་སྟོན་རྒྱུ་ཨེ་ཡོད་ན། ད་གང་ལྟར་བཀའ་ཁྲི་ཟེར་བ་འདི་ལྟར་ང་ཡིན་ཁོ་ཡིན། ང་ལ་འོས་ཕངས་ཤོག ཟེར་མཁན་དག་ཐོན་ཡོང་པ་དགའ་བའི་གནས་རེད།

    Reply
  11. རྐང་གསུམ། says:
    ལོ་ 15 སྔོན།

    ཆེས་མཆོག་ཏུ་བཀུར་བར་འོས་པའི་རང་གཞུང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་རྒྱ་རི་སྒྲོལ་མས་དེ་རིང་རང་འགུལ་རང་སྟོབས་འོག་མི་ལོ་ཉུ་ཤེའི་ཉམས་མྱོང་དང་སེམས་ཤུགས། སྙིང་སྟོབས་དང་ལ་ཞེན་སོགས་ཡོད་ཚད་ནས་ཡོད་ཚད་ཕྱི་རུ་བཏོན་ནས་རང་ཉིད་མ་འོངས་འབྱུང་འགྱུར་སླེབ་ལ་ཉེ་བའི་སྐབས་གསུམ་པའི་བོད་ཀྱི་བཀའ་བློན་ཁྲི་བ་རི་བཞེང་འདུན་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་འདི་ནི་ཧ་ཅང་དགའ་འོས་པའི་གནས་ཚུལ་གལ་ཆེན་ཞིག་རེད།

    ཡིན་ནའང་དགའ་འོས་པའི་གཏམ་བཟང་དང་མཉམ་དུ་གུས་པ་རྐང་གསུམ་དང་རྐང་གསུམ་ལྟ་བུའི་སེམས་གཤིས་ཡོད་མཁན་ཚོ་ལ་སྐྱོ་སྣང་ཤུགས་ཆེན་པོ་ཞིག་བྱུང་། དེ་ནི་བཀུར་འོས་ཚོགས་གཞོན་སྒྲོལ་མ་ལགས་ནས་ད་ཐང་གི་འོས་འདེམས་འགྲན་རྩོད་ཁྲོད་ཀྱི་ཐོབ་ཤོར་ཀྱི་སྣང་ཚུལ་འོག་ཁོ་མོས་ཤོར་བ་ཡིན་ན་སྐབས་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་འདུག་འདོད་མེད་ཚུལ་བརྗོད་ཚར་ཡོད་པ་འདི་ནི་ཧ་ཅང་བློ་བདེ་ལ་འབབ་མི་ཐུབ་པའི་གནས་ཚུལ་ཁ་མི་དྲོ་བ་ཞིག་རེད།

    བཀུར་འོས་ཚོགས་གཞོན་སྒྲོལ་མ་ལགས་གུས་པ་རྐང་གསུམ་གྱིས་ཁྱེད་ལ་དེ་རིང་གི་གོ་སྐབས་འདི་བཟུང་ནས་བསམ་ཚུལ་ཞིག་འབུལ་འདོད་བྱུང་། གང་ཡིན་ཞུས་ན་ཁྱེད་དང་ཁྱེད་ལྟ་བུའི་བོད་ཀྱི་ན་གཞོན་བསམ་བློ་བ་དང་ཤེས་ཡོན་པ་ཉམས་མྱོང་ཅན་དང་། ལྷག་བསམ་ཅན་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་ཆེད་དུ་སོ་སོའི་ཡོད་ཚད་བློས་གཏོང་ཐུབ་དགོས་པ་ནི་ད་ལྟའི་བོད་ཀྱི་གནས་བབ་དང་མ་འོངས་འགྱུར་གྱི་འཚོ་གནས་ཀྱི་ཆེད་དུ་ཡིན་པ་ངས་བཤད་མི་དགོས་པའི་སྐད་ཆ་ཞིག་ཡིན་པ་ཚོགས་གཞོན་མཆོག་གིས་མཁྱེན་ངེས་རེད།

    རྩ་བའི་ཆ་ནས་བཤད་ན་བོད་ཀྱི་རྩ་དོན་དེ་བོད་མི་ཞིག་ཡིན་ཕྱིར་སོ་སོ་ལ་འགན་ཞིག་ཡོད་པ་ནི་བཤད་མི་དགོས། ཡིན་ནའང་མི་བུ་སོ་སོའི་མིང་ཡང་འབྲི་མི་ཤེས་པའི་ཡིག་རྨོངས་པའི་སྤྱི་ཚོགས་ཤིག་གི་ཁྲོད་ནས་ཤེས་ཡོན་པ་དང་བསམ་བློ་བ་ཚོས་སོ་སོའི་ཡོད་ཚད་ནས་ཡོད་ཚད་རང་གི་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་ཆེད་དུ་འབུལ་ཐུབ་དགོས་པ་ནི་ལྟོས་འཇོག་གི་གནས་བབ་ཁྲོད་ཀྱི་རང་བཞིན་ཞིག་ཀྱང་རེད།

    དེའི་ཕྱིར་འབྱུང་འགྱུར་སླེབ་ལ་ཉེ་བའི་བོད་ཀྱི་སྐབས་གསུམ་པའི་བཀའ་ཁྲིའི་འོས་འདེམས་འགྲན་སྡུར་ཁྲོད་ཐོབ་ཤོར་གྱི་གནས་ཚུལ་ཞིག་ཡོད་ངེས་ཡིན་པ་ནི། སྤྱིར་བཏང་གི་འགྲན་སྡུར་གྱི་རང་བཞིན་ནམ་ཆོས་ཉིད་ཅིག་རེད། དེ་བས་ན་ཚོགས་གཞོན་སྒྲོལ་མ་ལགས་ད་རེབ་ཀྱི་འོས་འདེམས་འགྲན་སྡུར་ཁྲོད་ནས། གལ་སྲིད་ཁྱོད་ཀྱིས་ཤོར་བ་ཡིན་ནའང་ཁྱེད་ལ་མདོ་བསྟོད་མི་མང་གིས་ཡིད་ཆེས་ཆེན་པོ་ཞིག་གི་འོག་ནས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱེད་ངེས་ཡིན་པ་ཐག་གིས་ཆོད། ཡིན་ནའང་ཁྱེད་ཀྱིས་ད་ཐང་གི་འོས་འདེམས་ཁྲོད་ནས་འོས་མ་ཐོབ་ཚེ་སྐབས་བཅོ་ལྔ་བའི་སྤྱི་འཐུས་བྱེད་འདོད་མེད་ཚུལ་བཤད་འདུག་པ་ནི་རྒྱུ་འབྲེས་ཁས་ལེན་པའི་མི་བུ་ཞིག་ཡིན་པའི་དངོས་ནས་ལྟས་པ་ཡིན་ན་དེ་ལྟར་བྱེད་པ་ནི་སྐྱོ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ།

    ཕྱོགས་གཞན་ཞིག་ནས་བཤད་ན་དེ་རིང་ཁྱེད་ཀྱིས་འདི་ལྟར་རླབས་ཆེན་གྱི་བསམ་བློ་ཞིག་གི་འོག་ནས་རང་ཉིད་བཀའ་བློན་ཁྲི་བ་རུ་བཞེང་འདོད་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་ནི་བོད་ཀྱི་འདས་ཟིན་པའི་ལོ་རྒྱུ་དང་ད་ལྟའི་གནས་བབ་ཁྲོ་བྱུང་མ་མྱོང་བའི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད་པ་མ་ཟད། འདི་ནི་མདོ་དབུས་མཐོ་སྒང་གི་བོད་ཀྱི་སྐྱེད་སྨན་ཚོ་ལ་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ་འདོད་ཚུལ་གསར་བ་དང་ལམ་ཁ་གསར་ཞིག་གི་ལམ་སྣེ་བསྟན་ཐུབ་ཡོད་པ་ནི་ཧ་ཅང་དགའ་དགོས་པའི་གནས་ཚུལ་ཁ་དྲོ་བོ་ཞིག་རེད།

    དེ་མིན་ཁྱེད་ཉིད་འདི་ལྟར་ཡར་བཞེང་འདུན་ཡོད་པ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་ད་ལྟའི་བོད་རིགས་ན་གཞོན་ཚོའི་སྙིང་སྟོབས་དང་འདོད་འདུན། དེ་མིན་གངས་ཅན་སྐྱེད་སྨན་ཚོའི་རེ་སྨོན་བཅས་ཡིན་པ་ནི་དངོས་ཡོད་རེད།

    ཡང་ཁྱེད་ཉིད་འདི་ལྟར་ཡར་བཞེང་བ་འདིས་ང་ཚོའི་སྤྱི་ཚོགས་ཁྲོད་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཤུགས་ཆེན་ཡོད་པའི་བོད་རིགས་ཕོ་གཞོན་ཚོར་བོད་ཀྱི་སྐྱེད་སྨན་ཚོའི་སྙིང་སྟོབས་དང་སེམས་ཤུགས་ལ་རྒྱ་དང་སྤོབས་པ་རིག་སྟོབས་དང་ལྷག་བསམ་སོགས་ཡོད་ཚད་ནས་ཡོད་ཚད་ཕྱི་རུ་བསྟན་ཐུབ་ཡོད་པ་མ་ཟད། ན་གཞོན་ཕོ་མཆོག་གི་ལྟ་ཚུལ་ཡོད་མཁན་ཚོར་རང་རང་གི་ལྟ་
    ཚུལ་དེ་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པའི་ལམ་སྣེ་གསལ་བོར་བསྟན་ཡོད།

    ད་རེབ་ཀྱི་འོས་འདེམས་འགྲན་སྡུར་ཁྲོད་ཁྱེད་ཀྱིས་བྱ་བ་གང་བརྩམས་པ་ཐམས་ཅད་བྱ་བ་ལམ་འགྲོ་ཡོང་བ་དང་ཁྱེད་ཀྱིས་ཅི་བསམ་དོན་ཀུན་འགྲུབ་པའི་སྨོན་འདུད་བཅས་བཀྲ་ཤིས་ཤོགས།

    Reply
  12. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཨོ་ཡ་་་་་ ད་ཡིན་ན་ངའི་ལག་གི་འོས་ཤོག་གཅིག་དེ་་་་་་་ ད་སུ་ལ་འཕེན་དགོས་མ་ཤེས་པ་འདྲ་ཞིག་ཆགས་སོང་། རྒྱ་རི་སྒྲོལ་མ་ཡང་འོས་ཁུངས་སུ་ལངས་ཆོག་ཆོག་ཅིག་རེད། དེ་ཙམ་དུ་མ་ཟད། བུད་མེད་ཅིག་འདི་ལྟར་ལངས་པ་ཐོག་མ་ཡིན་པས། ངས་འོས་ཤོག་འདི་་་་་་་ ཨ་་་ཡ་་་་ ད་ངོ་མ་མགོ་རྙོག་སོང་་་་་་།

    Reply
  13. མིག་གསུམ་པ། says:
    ལོ་ 15 སྔོན།

    བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མ་བསྐུལ་དང་བླངས་ཀྱིས་རང་ཉིད་མ་འོངས་བཀའ་བློན་ཁྲི་བའི་འོས་མིར་ལངས་པར་དགའ་སྤོབས་ཞུ་རྒྱུ་དང་། རང་ཉིད་མདུན་མཆོངས་ཞུས་པར་དོན་སྨིན་ཡོང་བའི་རེ་བ་ཡོད།

    Reply
  14. བཙན་པོའི་བུ། says:
    ལོ་ 15 སྔོན།

    རྒྱལ་རི་སྒྲོལ་མས་དང་ལེན་གྱིས་བཀའ་ཁྲིའི་འོས་གཞིར་བཞེངས་པར་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། ང་ལ་མཚོན་ན་ནི། བུད་མེད་ཅིག་གིས་རྒྱལ་ཁབ་ཅིག་གི་དབུ་ཁྲིད་དགོས་པའི་དུས་སུ་སླེབས་སོང་བ་འདི་ནི། ངས་བུད་མེད་མཐོང་ཆུང་བྱས་པ་མིན་རུང་། ཉམས་ཆགས་མང་པོ་ཞིག་གི་སྔ་ལྟས་རེད་ཅེས་ཁ་ཚོད་གཅོད་ནས་བཤད་ཆོག དཔེར་ན། རྒྱལ་ཁབ་གཞན་དག་དུ་ཡང་བུད་མེད་ཀྱི་དབུ་ཁྲིད་བྱུང་ཡོད་ཀྱང་། བུད་མེད་ཀྱིས་དབུ་ཁྲིད་པའི་མཇུག་འབྲས་ནི་ནང་ཁུལ་ལ་རྙོག་དྲ་མང་པོ་ཞིག་བཟོ་རྒྱུ་དང་། ལས་གནས་མང་པོ་ཞིག་འཐུས་ཤོར་དུ་གཏོང་རྒྱུ། ད་དུང་གོམས་གཤིས་འཇགས་སྟངས་ཀྱི་དབང་གིས་བུད་ཀྱི་གཏམ་ལ་ཉན་མཁན་ཉུང་བ་སོགས་མང་པོ་ཞིག་གི་རྐྱེན་གྱིས་བོད་པ་ཚང་གི་མ་འོངས་པར་ལྟས་ངན་སྣ་དགུ་མང་པོ་ཞིག་འདྲེན་ངེས་ཞེས་མ་འོངས་སྔོན་འགོག་གི་ཚུལ་དུ་བཤད་པ་ཡིན།

    Reply
  15. kunsal says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་བཀའ་ཁྲའི་འོས་གཞིར་དྭངས་བླངས་གནང་བར་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྒྱལ་ཁ་ལོན་པའི་རེ་བ་ཡོད།
    Lhamon ལགས་སུ་ཞུ་རྒྱུར། ཁྱེད་རང་གི་བསམ་ཚུལ་རྣམས་དོགས་འཆར་ཙམ་ལས་དོན་ལ་གནས་པ་མི་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིར་འདེམས་ཐོན་བྱུང་ནས་བཀའ་བློན་གྱི་འོས་དམིགས་སུ་རྒྱ་རི་སྒྲོལ་མ་བདམས་རུང་ཐ་མའི་ཐག་གཅོད་དེ་སྤྱི་འཐུས་ལྷན་ཚོགས་ནས་གནང་གི་ཡོད།

    Reply
  16. སྨར་ཁམས་ཐང་ཚང་གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    ༄༅། །རང་ལུགས་དྲི་མེད་རྣམ་དག་ཚུལ་ཁྲིམས་གཙང་། །གཞན་ལུགས་དགག་མེད་བརྩོན་པ་ལྷུར་མཛད་ཅིང་། །ཡང་དག་ཟུང་འཇུག་མཆོག་ལ་ཐུགས་སྐྱེས་པ། །ཕན་བདེ་ནུས་པའི་འགྲོ་ཀུན་ལམ་བཟང་མཆོག།

    Reply
  17. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།

    Reply
  18. སྨར་ཁམས་ཐང་ཚང་གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  19. དྲང་སྲོང་། says:
    ལོ་ 15 སྔོན།

    ཨོ་ལྟས་ངན་པ། ད་ནི་ཡོན་ཏན་དང་རིག་གནས་གང་མེད་པའི་བཀའ་ཁྲི་མང་པོ་སླེབ་འོང་བར་མ་ཟད།
    བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ལ་རྒྱུས་མངའ་མེད་པ།
    ཐ་ན་བོད་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་གཙང་ཙམ་ཡང་མི་ཤེས་པར་ཧིན་བོད་དབྱིན་གསུམ་བསྲ་བསྲེ་བྱེད་མཁན་འདི་ཚོ་བཀའ་ཁྲིར་ཐོན་ན། སྨྲ་ཤེས་དོན་གོ་སུ་ཡང་བཀའ་ཁྲིར་ཕེབས་རོགས།

    Reply
  20. ཨ་ཀ་སྤེན་པ། says:
    ལོ་ 15 སྔོན།

    ཨོ་ཧོ་་་་་་་ད་ཡིན་ན་རྒྱ་རི་སྒྲོལ་མས་བཀའ་ཁྲིའི་རྐུབ་སྟེགས་ལ་གོང་ཚད་སྒྲིག་གི་ཡོད་ས་རེད།

    Reply
  21. འདན་མ says:
    ལོ་ 15 སྔོན།

    ཐོག་མར་བསྐུར་འོས་སྤྱི་མཐུས་ལས་ཐོག་རྒྱ་རི་རྒྲོལ་མ་མཆོག་བཀྲ་ཤིས་བདེ་ལེགས་ཞུ།
    ༸གོང་ས་མཆོག་གི་བཀའ་དགོང་ལྟར་ཁྱེད་ཀྱིས་ལྷག་བསམ་དང་སྙིང་སྟོབ་རིག་ཞེན་བཅས་སྦ་གསང་མེད་པར་ད་རེས་པྱིར་ལ་ངམ་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད་དང་ཁྱད་ཆོས་ཞིག་ལ་ངོས་ལོས་འཛིན།
    ཁྱོད་མི་ལོ་ཉི་ཤུ་ཧྲིལ་པོ་རིང་ལ་བོད་གཞུང་མང་གཉིས་ལ་སྨན་པའི་ཞབས་འདེགས་ཁོ་ན་ལས་གཞན་ལ་གནོད་པའི་བསམ་ངན་ཁོག་བཅང་སོགས་མེད་པ་ལ་བསྟོད་པའི་གནས་སུ་གྱུར་ཡོད། ད་རེས་བཀའ་གཞི་ལ་དངོས་སུ་ཞུགས་པ་དེ་སྔར་བསམ་པའི་རེ་འདུན་ད་གཟོད་འགྲུབས་སོང་། ཐུགས་རྗེ་ཆེ་ལགས།།

    Reply
  22. aonca says:
    ལོ་ 15 སྔོན།

    བྱེད་སྟངས་དེས་འུ་ཚོའི་བྱུང་རབ་ཁྲོད་ལམ་བུ་གསར་པ། ལུགས་སྲོལ་གསར་པ།སྙིང་སྟོབས་གསར་པ། རིག་པ་གསར་པ། གོམས་སྟབས་གསར་པ། རྣམ་པ་གསར་པ། མདུན་བསྐྱོད་གསར་པ་སོགས་ཀྱི་གསར་བྱུང་དངོས་རྫས་རིན་ཐང་ལྡན་པ་ཞིག་ཏུ་མཐོང་པས་ཆོད་སེམས་དེ་ལ་བསྔགས་བརྗོད་དང་ཡི་རང་ཡོད། ལར་ནས་༧གོང་ས་མཆོག་གིས་ལྷ་རབ་ན་བཀའ་ཁྲི་བུད་མེད་ཅིག་དགོས་པའི་ཐུགས་རེ་ཡོད་པ་ཀུན་གསལ་རེད། འོན་ཀྱང་ཁོ་མོ་ལ་མཚོན་ན་རྒྱལ་སྤྱི་དང་། རྒྱ་ནག རྒྱལ་ནང་སོགས་ཀྱི་འགྲོ་བ་མའི་ཐོབ་ཐང་དང་། ཁྲིམས་ལུགས་སོགས་ཀྱི་གནས་ལུགས་དང་གནས་བབ་སྐོར་རྟོགས་སད། དབྱེ་ཞིབ། མཁྱེན་རྟོགས། རྒྱུས་མངའ་ཇི་ཙམ་ཡོད་མེད་སོགས་ཀྱི་དངོས་དོན་ལོ་རྒྱུས་བལྟ་ན་འདོད་པས། དུས་བབ་གཙོ་གཉེར་པས་འཕྲལ་མར་ཞིབ་ཕྲའི་གནས་ཚུལ་སྒྲོ་འདོགས་བྲལ་བ་དྲ་ངོས་སུ་དྲ་གཉེར་པ་རྣམས་ལ་འགྲེམས་སྟོན་དང་། ཁྲོམས་དཀྱིལ་དུ་བཤམ་རྒྱུ་དགོས་གལ་ཆེ་བར་མཐོང་།

    Reply
  23. བཙན་ says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་ནི། བོད་ཀྱི་ལོ་རྒྱུས་ཁྲོད་བཀའ་བློན་ཁྲི་པའི་འོས་གཞིར་ཡོངས་གྲགས་ཀྱིས་ལངས་མཁན་བུད་མེད་ཐོག་མ་དེ་ཆགས་ཡོད་པ་རེད།
    བོད་པ་ཐོག་མ་མ་རེད། བདུན་ཕྲག་འགའ་ཤས་སྔོན་ཨ་རི་ནས་ཕུར་བུ་རྡོ་རྗེ་འོས་གཞིར་ལངས་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས་ཚར་བ་རེད། ཡོངས་གྲགས་བྱེད་དགོས་ན་དུས་བབ་ཚང་གི་སྔོན་ནས་ཁྱབ་བསྒྲགས་དགོས་པའི་ཁྱབ་པ་ཡོད་པ་མ་རེད།

    Reply
  24. བཙན་ says:
    ལོ་ 15 སྔོན།

    འདིའི་ནང་གི་མཆན་འབྲི་མཁན་མང་ཆེ་བ་ཀློའུ་རྒན་དང་བླུན་རྒན་རྐྱང་རྐྱང་རེད། རྒྱ་རི་ཟེར་ན་མི་ཚང་གི་མིང་རེད། མི་ཚང་གི་མིང་མེད་མཁན་བོད་ནང་ཕལ་ཆར་མེད་ལབ་ན་འགྲིག་གི་རེད། རྒྱ་རི་ཚང་དེ་སྔོན་གྱི་སྡེ་བ་གཞུང་གི་གཞུང་ཞབས་ནང་འབྲེལ་བ་སྤུ་ཙམ་འདུག། བཀྲས་མཐོང་ཚང་རྒྱལ་དབང་བཅུ་གསུམ་པ་ཚང་གིས་གཙང་གི་མི་ཚང་དཀྱིལ་མ་ཞིག་གཞུང་ཞབས་ནང་བཅུགས་པ་རེད་ཟེར། དེའི་ཕྱིར་སྐུ་དྲག་ཕྱེད་ཀ་ཡིན་ས་རེད། མ་གཞི་བླུན་པོ་མང་ཆེ་བས་སྐུ་དྲག་ཟེར་བ་ཞིག་གུང་ཁྲན་ཏང་གི་ཁ་ནས་གོ་བ་ལས། སྐུ་དྲག་གི་ངོ་བོ་དང་དེའི་རྒྱབ་ལྗོངས་སོགས་གང་ཡང་མི་ཤེས་གི

    Reply
  25. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ལོ་རྒྱུས་ཐོག་བཀའ་ཁྲིའི་འོས་མི་ལ་དང་བླངས་བྱེད་མཁན་ཐོག་མ་དེ། ཨ་རིར་ཡོད་པའི་བོད་གཞུང་གི་གཤེར་དཔང་ཟུར་པ་མིང་ལ་ག་རེ་ཟེར། ཨོ་རེད། ཕུར་བུ་རྡོ་རྗེ་ཟེར་བ་དེ་མ་རེད་དམ། ད་དུང་གངས་ལྷ་མོ་སོགས་ཀྱང་ཡོད་མ་རེད་དམ།

    དེར་བརྟེན། བཀའ་ཁྲིའི་འོས་གཞིར་ཡོངས་གྲགས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་ལངས་མཁན་བུད་མེད་དང་པོ། རྒྱ་རི་སྒྲོལ་མ་རེད་ཟེར་ན། འགྲིག་ཙམ་འདུག

    ཁོང་གི་བློ་སྟོབས་ལ་བསྔགས་བརྗོད་ཡོད།

    Reply
  26. རོ་བདག says:
    ལོ་ 15 སྔོན།

    རེད་རེད་ངོ་མ་འདོད་པ་ཡོད་ན་གསུང་ན་ཡག་པོ་འདུག ད་ངུང་མུ་མཐུད་ནས་མོ་རང་ལ་དྲི་བ་གང་མང་དང་ལས་འཆར་ཅི་ཡོད་སོགས་ཀྱི་དྲི་བ་འདོན་དགོས།

    Reply
  27. མཆོ་བྷེ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མས་སྤྱི་འཐུས་ལས་མིག་ཆུ་གཏོང་མཚམས་བཞག་ནས་བློ་བུར་དུ་བཀའ་ཁྲིའི་འོས་གཞིར་ལངས་རྒྱུའི་གསལ་བསྒྲགས་བྱེད་དོན་ཅི་ཡིན་ནམ།

    Reply
  28. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དེ་རིང་ད་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལྷག་པ་ཚེ་རིང་དུ་གསར་འགྱུར་ཐུང་ངུ་ཞིག་གིས་རྟོགས་དཀའ་བའི་གནད་དོན་ཞིག་ཁད་ཀྱི་བསྒྲགས་སོང་།

    བུ་མེད་ཞིག་གིས་གཡོ་རྒྱུ་དེ་་་་་་སྐྱེས་པ་བརྒྱ་ཡི་རྟོགས་མི་ཐུབ་ཞེས་པའི་ཚིག་ཏུམ་དེ་ཡིད་ལ་ཤར་།།།

    Reply
  29. ཤེས་རབ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡིད་རིང་ཞུ། བཀའ་ཁྲིར་འོས་འཕེན་གྱི་ཡིན།

    Reply
  30. ནོར། says:
    ལོ་ 15 སྔོན།

    ད་ལྟའི་ཆར་མང་པོ་ཞིག་ནས་རྒྱ་རི་སྒྲོལ་མར་ངེས་ཅན་གྱི་ཆབ་སྲིད་རྒྱབ་ལྗོངས་དང་དམིགས་ཡུལ་རེ་ཡོད་རྒྱུ་རེད་ཟེར་བ་དེ་ཚོད་དཔག་རང་རེད། གང་ལྟར་བདག་གིས་འདི་ནི་ང་ཚོའི་དམངས་གཙོའི་འཕེལ་རིམ་གྱི་གོམ་སྟབས་གསར་བ་ཞིག་རེད་ཅེས་བརྗོད་འདོད་བྱུང་།

    Reply
  31. ཟླ་བ་ལྷ་མོ says:
    ལོ་ 15 སྔོན།

    རྒྱ་རི་སྒྲོམ་མ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  32. ཁ་བ་མཚོ། says:
    ལོ་ 15 སྔོན།

    ཨ་ཅག་སྒྲོལ་མ་ལགས། རྡ་སའི་འཁོར་ཡུག་ན་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏང་དགོས་པའི་འབོད་སྒྲ་ཞིག་སྒྲོག་བཞིན་ཡུན་རིང་ཕྱིན་སོང་བའི་མཐའ་མར། ཕྲན་རང་ཉིད་ཀྱང་བཀའ་ཁྲི་ཞིག་ལང་ན་བསམ་བཞིན་དུ་ཁྱེད་ཅུང་མགྱོགས་བྱུང་བས་ངས་མི་ཟུར་ཐབས་མེད་བྱུང་སོང། ཨ་ལས་སྐུ་རྩེད་ཡིན། བུད་མེད་ཡིནའང་ཆང་རག་དང་ཐ་མའི་བཟི་ཤུགས་རེག་མ་རེག་ལ་ཁྱད་ལོས་ཡོད།
    ཁྱེད་ཀྱིས་མ་འོངས་བཀའ་ཁྲི་གནང་གི་ཡིན་གསུངས་པ་དེར་མི་གཞན་གྱི་ལམ་ཀ་བཀག་པ་ཞིག་དང་རང་ལ་ལས་གནས་གཞན་དག་ཅིག་རེག་འདོད་ཀྱི་ཀུན་སློང་མེད་པའི་རེ་བ་ཡོད།
    ཁྱེད་ཀྱི་སེམས་སུ་དང་ཐོག་ང་བཀའ་ཁྲིར་འཁོད་ཀྱི་མ་རེད་ཀྱང་ག་འདྲ་ཞིག་ཡོང་གི་འདུག མི་ཚོས་ཅི་ཟེར་གྱི་འདུག རང་གི་ཕྱོགས་གཏོགས་ག་ཚད་འདུག དཔུང་ཞིག་སྒྲིག་ན་རང་དང་ལྟ་བ་མི་མཐུན་པ་དེ་ཚོ་རྩ་མེད་གཏང་ཐུབ་ས་ཨེ་འདུག་སོགས་ཀྱི་ཉམས་ཚོད་ཀྱི་ཀུན་རྟོག་ཅིག་མེད་པའི་རེ་བ་ཡོད་ལ། གལ་སྲིད་དེ་ལྟར་མེད་ཚེ། ཁྱེད་ལ་དང་ཐོག་མ་འོངས་ཀྱི་བཀའ་ཁྲིས་ཅི་ཞིག་བྱ་དགོས། ད་ལྟའི་བོད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ལ་སླེབས་འདུག རང་གི་མི་རབས་གསར་པ་ཚོའི་ཤེས་ཡོན་དང་ཆབ་སྲིད་ཀྱི་གོ་རྟོགས། རྒྱ་ནག་གི་དཔོན་རིགས་ཚོས་ཉིན་རེ་ལས་ཉིནརེར་སྡུག་ཏུ་ཕྱིན་པའི་བོད་ལ་བཟུང་བའི་སྲིད་བྱུས། དེ་དང་དེ་འདྲ་བ་ལ་ཐུགས་བསམ་ཞིག་བཞེས་ཡོད་རྒྱུ་རེད།
    མ་འོངས་པའི་བཀའ་ཁྲི་ཁྱེད་ཀྱིས་འདི་དག་ལ་འགྱུར་བ་ཞིག་ངེས་པར་དུ་གཏང་མ་ཐུབ་ན་ད་དུང་མི་ལོ་ལྔ་བཅུ་ནས་བརྒྱ་ཕྲག་མང་པོར་བཙན་བྱོལ་དུ་གྱར་ན་བོད་མི་རིགས་ཀྱི་ཕུག་བསམ་དང་གོམ་གཤིས། རིག་གཞུང་དང་ཆོས་ལུགས་ཀྱི་དད་འདུན་རྣམས་ཆུ་ཁའི་ལྦུ་བ་བཞིན་དུ་རྨིངས་མེད་འགྲོ་བས་བཀའ་ཁྲི་སུས་བྱ་ཡང་ཁྱད་པར་སྤུ་རྩེ་ཙམ་ཞིག་མེད། ཅེས་ཞུ་བཞིན་ཡོད་པས། ཐུགས་བསམ་སྔོན་ལ་བཞེས་ན་སྤྱང་པོ་དང། འགྱོད་པ་རྗེས་ནས་བསྐྱེ་ན་བླུན་པོ་རེད་དོ། །

    Reply
  33. མི་ཆུང་། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས། རྒྱ་རི་ཚང་གི་གཡས་གཡོན་ཇི་ཙམ་ཡོད་ཀྱང་། བོད་མི་མང་གི་བཀའ་ཁྲིར་འཐོབ་རྒྱུའི་རེ་བ་མེད། འོན་ཀྱང་། བཀའ་ཁྲིར་ལངས་པ་དེ་རང་ཁོང་གི་གཟི་བརྗིད་རེད། བཀའ་ཁྲིའི་འགྲན་རྩོད་ནང་བཀྲས་མཐོང་དང་བློ་བཟང་སེང་གེ་གཉིས་ཐག་ཆོད་ཚར་བ་ལྟར་རེད།

    ཁོང་གཉིས་ནས་ཀྱང་དྲ་རྒྱའི་ནང་འོས་བླུག་རྒྱུ་ཡོད་པ་དང་། སློབ་གྲྭ་བ་དང་གཞོན་སྐྱེས་ཚོས་དེབ་སྐྱེལ་བྱེད་ཐུབ་ཡོད་ན། ཕལ་ཆེར་བློ་བཟང་སེང་གེར་གོ་སྐབས་ཤུགས་ཆེ་འདུག དེ་མིན་བཀྲས་མཐོང་རེ་བ་ཆེ།

    Reply
  34. བསྟན་འཇམ says:
    ལོ་ 15 སྔོན།

    རྒྱུ་རི་སྒྲོལ་མ་དཔའ་ཁེར་རྒྱུགས་ཀྱིས་བཀའ་ཁྲི་ལངས་ཀྱི་ཡིན་ཟེར་བའི་གསར་འགྱུར་འདི་ལ་བསམ་བློ་ཞིབ་མོར་གཏོང་རྒྱུ་གལ་པོ་ཆགས་ཡོད །

    གཅིག འོས་གྲངས་ཀྱི་འཕེལ་འགྱུར་ལ་གནོད་ཚབ་ཆེན་པོ་ཞིག་ཏུ་གྱུར་ཡོད །

    གཉིས ། ༧་གོང་ས་མཆོག་གིས་བུད་མེད་ཅིག་བཀའ་ཁྲིར་ཕེབས་ན་ཡག་པོ་འདུག་ཅེས་པའི་གསུངས་ཀྱི་ཤུགས་རྐྱེན་ཐེབས་པ་ལ་འགྲོ་ཉེན་ཆེ །
    ཤུགས་རྐྱེན་དེ་ལ་རྒྱ་ནག་གིས་མང་གཙོ་མིན་པས་བསྒྲུབ་བྱེད་གཅིག་བགྲང་གི་ཡོད །
    གསུམ །
    དངོས་གཞིའི་བཀའ་ཁྲི་འོས་འཕེན་གྱི་ད་ཡོད་དེབ་སྐྱེད་བྱས་ཟིན་བརྒྱ་ཆ་༧༥་ཟིན་ཡོད་པ་དེ་དུམ་བུ་གསུམ་བསྒོས་ན་ཧ་ཅང་ཉུང་ཉུང་ཆགས་ཡོད་སྟབས ། ཐ་མའི་བཀའ་ཁྲི་གདམས་ཐོན་གྱི་བཀའ་ཁྲི་དེ་གདམས་མཁན་མི་འབོར་སྟེ་༣༠་ལས་མི་མང་བ་ཞིག་གིས་མང་གཙོའི་སྲིད་འཛིན་བསྒོ་བཞག་བྱས་པ་ཆགས་ཡོད །

    Reply
  35. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཕྱིའི་ལངས་སྟངས་ཀྱི་རྣམ་པའི་ཆ་ནས་ཕྱི་གསལ་ནང་གསལ་གྱིས་ང་ལངས་ཀྱི་ཡིན་ཞེས་ཐོན་པ་དེ་ནི་དགའ་འོས་པ་དང་བསྟོད་པའི་གནས་རེད། ཡིན་ནའང་། སྐུ་དྲག་མི་དྲག་གི་གཡོ་ལས་གཡོ་གྲས་ལ་ཕྱིར་འདང་རེ་བརྒྱབ་ན། དངོས་གནས་སྐྱི་གཡའ་བ་ཞིག་རེད། དོན་དང་མཐུན་པའི་དམངས་གཙོ་ཡར་རྒྱས་ཀྱི་བཀག་རྡོར་གྱུར་བའི་སྔར་སྲོལ་སྐུ་དྲག་མི་དྲག་གི་རྩ་རྒྱུད་ར་ལག་དག་ས་འདྲུད་རྡོ་འདྲུད་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་བའི་ཁ་སྦུབ་ཁོག་ལས་མི་བྱེད་པར་བདེན་པ་དང་རྒྱུ་མཚན་ཕྱར་ཏེ་མི་དམངས་མང་ཚོགས་ཀྱི་མདུན་ལ་འགན་ཁག་ལེན་གྱིས་འབུད་ཐུབ་པ་ཞིག་བྱུང་ན། འོས་ཐོབ་མིན་ལ་མ་བལྟས་པར་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་དང་སྙིང་སྟོབས་ཞིག་ཅི་ལ་མ་ཡིན། ཡིན་ནའང་། ན་ནིང་མི་དམངས་ཀྱི་འཐུས་ཚབ་མཚོན་པའི་གྲོས་ཚོགས་དེ་མི་ཆེན་འགའི་ན་ཟུག་གིས་འཁེགས་སུ་བཅུགས་ཏེ་ཡུད་ཙམ་ཞིག་ལ་བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཡོད་ཚད་འགུལ་མེད་རི་མོའི་གཟུགས་སུ་བཟོས་པ་ལྟར། བཀའ་ཁྲི་ཁྲིའང་སྒེར་བདག་བྱ་འདུན་གྱི་དབྱེན་སྦྱོར་བརྩམས་ན་ཅི་བྱེད་ཨང་། སྐུ་དྲག་མི་དྲག་གི་གྲུབ་རིས་འདི་བོད་ཁ་བ་ཅན་ནས་གཏན་དུ་ཡལ་ནས་མི་སྒེར་གཅིག་རྐྱང་བའི་ཤེས་འཇོན་འགྲན་པའི་དུས་ཤིག་ག་དུས་ཤིག་ལ་ཤར་ཐུབ་རྒྱུ་ཡིན་ནམ།་་་་

    Reply
  36. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    ཆེས་མཆོག་ཏུ་བཀུར་འོས་བོད་མི་མང་སྤི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་འབྱུང་གྱུར་༢༠༡༡་ལོའི་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པར་དགའ་བསུ་ཡོད་། བཀྲིས་བདེ་ལེགས། ༸གོང་ས་ཡིད་བཞིན་ནོར་བུས་སྐབས་སྔོན་མའི་བཀའ་བློན་ཁྲི་པར་རབ་བྱུང་ན་བུད་མེད་གཅིག་སླེབས་ན་དགོངས་ཡོད་ཚུལ་གྱི་བཀའ་སློབ་འདས་པའི་བོད་གཞུང་མང་ཚོགས་ཆེན་སྐབས་གཙུག་ལག་ཁང་དུ་གསུངས་གནང་ཡོད་པས། རྗེས་ཕྱོགས་བཀུར་འོས་ཚོགས་གཞོན་མཆོག་སྐབས་རྗེས་མའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ཚེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱར་ངེས་པས་བཀྲིས་བདེ་ལེགས་ཞུ།

    Reply
  37. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    སྒོར་མོར་མིག་གཅེར་འདྲེན་པའི་དེང་གསར་སྐུ་དྲག་དང་། །
    གནས་ལུགས་ཚུལ་བཞིན་མི་ཤེས་རུས་རྙིང་སྐུ་དྲག་འགའ། །
    གསར་རྙིང་བརྙས་རྡུང་བྱེད་པས་བྱེས་འབྱོར་བོད་པའི་ཚང་། །
    འུ་ཚང་གཞི་ལུས་བོད་པའི་བདེ་སྡུག་གོད་ཆགས་རེད། །

    ང་འཇོན་གཞན་ཞན་ཁྲག་རླུང་སྟོད་དུ་རྒྱས་པའི་སྐུ་དྲག་རྣམས། །
    དབུལ་ཕོང་དཀྱུས་མའི་ཚུལ་སྟོན་དྲང་བདེན་བོད་བཟང་འགར། །
    མགོ་བོ་གྱེན་དུ་བསྐྱོད་པའི་རང་དབང་སྨྲ་བསྐྱོད་ལས་འཕྲོག་ནས། །
    རང་སྒེར་གཅེས་པའི་བོད་པའི་སྐུ་དྲག་ཨར་ཡུལ་ཕྱོགས་སུ་བྲེལ། །

    རྣམ་དཔྱོད་དང་དྲང་བདེན་ལམ་ལ་བསྐྱོད་པའི་རང་རྒྱལ་གཅེས་པ་ལ། །
    རྒྱལ་བའི་བཀའ་འགལ་ཟེར་ནས་སྨྲ་འཆོལ་གཟེར་མའི་ངན་སྨད་བྱེད། །
    ད་དུང་ལ་རྒྱ་མི་འདུག་ཆོལ་གསུམ་ཡོངས་ལ་འབྲེལ་མེད་དགོས། །
    སྐུ་ངོར་རྣམས་ནས་འདྲེན་གཅིག་སྨྲ་བའི་བོད་མིའི་གོད་ཆགས་རེད།

    གཞི་ལུས་ཆོལ་གསུམ་བོད་མིའི་རྣམས་ཀྱིས་བསླུ་བ་མེད་པའི་སེམས་ངོས་སུ། །
    གཞི་བྱེས་ལྷན་འཛོམས་ཞིག་དང་མ་འོངས་བདེ་སྐྱིད་ལྡན་པར་མིག་གཅེར་འདྲེན། །
    བྱེས་འབྱོར་བོད་པའི་ཚང་ལ་གཞན་བོར་རང་སྒེར་ལམ་ལ་བསྐྱོད་ཆེ་ན། །
    ཆོལ་གསུམ་བདེ་སྡུག་སེལ་བར་ནམ་མཁར་མེ་ཏོག་མངོན་པ་ཇི་མི་མཚུངས། །

    ཕ་མེས་ཡང་མེས་བརྒྱུད་པའི་ཁ་བ་གངས་ལྗོངས་ཡུལ། །
    ཕྱི་མིག་ལེན་གཅིག་ལྟོས་དང་ཨ་རོགས་བོད་པའི་ཚང་། །
    གཞི་ལུས་བོད་པ་དམྱལ་ཁམས་དམར་པོའི་བཙན་འོག་ལུས། །
    གཞི་བྱེས་བོད་མའི་ལྷན་འཛོམས་ཉིན་མོའི་སྐར་མ་ཙམ། །

    ང་ནི་རྒྱལ་བའི་སྐུ་ཚབ་རྒྱལ་བའི་སྐུ་སྲུང་ཟེར་ནས་བྱེས་འབྱོར་བོད་པའི་ཚང་ལ་བསྒྲགས། །
    ཞིབ་པ་དཔྱོད་ན་ཆང་རག་དུག་རྫས་དཀྱིལ་ལ་བསྐྱོད་པའི་སྒོར་མོ་བག་མེད་སྤྲད་པ་ཨེ་མ་མཚར། །
    ལ་རྒྱལ་ཏིལ་འབྲུ་ཙམ་ཞིག་དབེན་པས་དེང་གསར་སྐུ་དྲག་སྤྱོད་ཚུལ་མཐོང་དུས་ཡིད་སེམས་སྐྱོ། །
    རྒྱལ་བར་དབུ་འཁོར་མ་གཏོང་དེང་རྙིང་སྐུ་དྲག་རྣམས་ལ་རེ་སྨོན་སྙིང་ཁྲག་དྲོན་མོར་ཕུལ། །

    Reply
  38. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངས་བདམས་ནའི་བཀའ་ཁྲི་འོས་མི་རྒྱ་རི་སྒྲོལ་མ་ལགས།
    ཆ་རྐྱེན་ཆང་དགོས་པ།

    རྒྱ་ ལ་ཞེ་འཁོན་མ་བྱེད་རྒྱ་སྒྲོལ་ལགས། །
    རི་ ལ་ཞེན་ཆགས་མ་བྱེད་རྒྱ་སྒྲོལ་ལགས། །
    སྒྲོལ་ ལམ་དབུས་མ་མ་དོར་རྒྱ་སྒྲོལ་ལགས། །
    མ་དང་སྲིང་ལྟར་སྒྲུབས་ཤིག་རྒྱ་སྒྲོལ་ལགས། །

    བཞི་པོ་ཀུན་སློང་འཆང་ན་ཐོབ་ཀྱང་སྲིད། །

    Reply
  39. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ངས་སྐད་ཆ་དྲང་པོ་བཤད་ན། ད་ལྟའི་བོད་པའི་སྤྱི་ཚོགས་ནང་དུ་བཀའ་ཁྲིར་འོས་ཤིང་མཚམས་པའི་སྐྱེ་དམན་སུ་གཅིག་མི་འདུག

    Reply
  40. ནགས་མེ། says:
    ལོ་ 15 སྔོན།

    ད་ལོ་འདི་འད྄ྲའི་འཁ྄ྲུགས་པ་ལ། ཉིས་ས྄ྟོང་བར྄ྒ྄ྱད་ལོའི་ཨ་རིའི་འོས་འཕེན་ས྄ྐབས་
    དང་ཆུ་ལ་ཆུ་བཞག་རེད། དཔེར་ན། བ྄ློ་བཟང་སེང་གེ་ནི་ཨ་རིའི་ཨོ་ས྄ྦ་མ་འད྄ྲ་ལ།
    ར྄ྒ྄ྱ་རི་ས྄ྒ྄ྲོལ་མ་ནི་ཨ་རིའི་ལ྄྄ྕམ་ཧི་ལ་རི་ཁེན་ཁ྄ྲན་དང་། བཀ྄ྲས་མཐོང་བས྄ྟན་འཛིན་
    ར྄ྣམ་ར྄ྒ྄ྱལ་ཨ་རིའི་འཇོན་མེ་ཁེན་དང་འད྄ྲ་ཆགས་སུ་མཐོང་།

    Reply
  41. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    འོ་ཡ། ད་ཡིན་ན་ཨ་ཅག་རྒྱ་རི་སྒྲོལ་མས་སྐད་གྲགས་ཤིག་འཇོག་བསམ་པ་ཞིག་དང་། དེའི་རྒྱབ་ཏུ་ད་དུང་མང་པོ་ཡོད་ཀྱི་རེད།
    དུས་ད་ལོ་ཡིན་ན། ཁྱིམ་ཚང་ཆེན་པོ་གཉིས་ཀྱི་ས་འོག་དར་ཐག་གི་གཡོ་འཁྲུལ་འོག་ནས་བློ་བཟང་སེང་གེ་ལྟ་བུའི་ལམ་ཁ་འགོག་ཐབས་བྱེད་ཀྱི་ཡོད་པ་གསལ་པོ་རེད། རྒྱ་རི་ཚང་དང་། བཀྲས་མཐོང་ཚང་། ད་དུང་ཁྱིམ་ཚང་ཆེན་པོ་འདི་ཚོ་མགོ་ན་འགྱིང་རྒྱུ་མཚམས་འཇོག་མི་སྲིད་པ་རེད།
    ངས་ནི་གཡོ་སྒྱུ་ཅན་གྱི་མི་ཆེན་འདི་ཚོར་རྒྱབ་སྐྱོར་རྩ་བ་ཉིད་ནས་བྱེད་ཀྱི་མིན། མི་ཚང་དཀྱུས་མའི་ཁྱིམ་ཚང་དུ་སྐྱེས་པའི་ན་གཞོན་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་ཁོ་ཐག་ཡིན། ཁོང་ལ་འོས་ཤོག་རྐང་བཅུ་མ་གཏོགས་འཕེན་མཁན་མ་བྱུང་ཡང་། ངས་ཁོང་ལ་འོས་ཤོག་འཕེན་ངེས་ཡིན།

    Reply
  42. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཡག་པོ་རེད་་་བུད་མེད་ཞིག་བཀའ་ཁྲིར་སླེབས་ཐུབ་ན་བོད་རྒྱལ་ཁབ་ཀྱི་བཀའ་ཁྲིའི་ཟིན་མཐོ་རེད།
    དཔེར་ནབོད་ཀྱི་རྒྱལ་རབས་ནང་བྱུང་མ་མྱོང་བའི་བུད་མེད་༧སྐུའི་བླ་སྨན་ཐོགས་མ་སྨན་རམས་པ་ཟླ་སྒྲོན་ལགས་ལྟ་བུ་རེད།
    བཀྲིས་བདེ་ལེགས།

    Reply
  43. Lhamon says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་འོས་གཞིར་ལངས་པ་དེ་འོས་ཐོབ་འདོད་ཀྱི་རེ་བ་གཏན་ནས་མ་རེད། དེ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། འོན་ཀྱང་མོ་ལ་ལས་ཀ་གཅིག་རང་ཡོད་པ་རེད། དེ་ན་གཞོན་མང་ཆེ་བས་བློ་བཟང་སེང་གེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མི་མང་པོས་ཚོད་དཔག་བྱེད་བཞིན་པ་ཡོད་པ་རེད། རྒྱ་རི་ཚང་གི་ངོས་ནས་བཤད་ན་བཀྲས་མཐོང་བསྟན་རྣམ་དང་བློ་བཟང་སེང་གཉིས་ཀ་ལ་འཆམ་པོ་མེད་ཀྱང་། མ་འོངས་པར་བཀའ་བློན་ཁྲི་པ་དེ་ཁོང་ཚོས་བེད་སྤྱོད་བྱེད་ཐུབ་དགོས་ན་མི་དེའི་ལོ་རྒྱུས་དང་སྙིང་སྟོབས་སོགས་ལ་གཞི་ལ་བཞག་ནས་ལྟ་དགོས་པ་རེད། བཀྲས་མཐོང་བསྟན་རྣམ་ལ་བློ་ཁོག་མེད་པ་དངོས་ཡོད་གནས་ཀྱི་ཐོག་ནས་ར་སྤྲོད་མང་པོ་ཡོད་པ་རེད། དཔེར་ན་༡༩༩༤ ལོར་ཆུ་སྒང་དང་བོད་སོག་ལས་ཁུངས་ཀྱི་རྩོད་རྙོག་སྐོར་ཐག་གཅོད་བྱས་ནས་གསལ་བསྒྲགས་བྱེད་པའི་སྐབས། ཁོང་གིས་ད་ལྟའི་གནད་དོན་དེ་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་དཔའ་མཛངས་རྣམ་དཔྱོད་དང་བློ་ཁོག་ལ་བརྟེན་ནས་ཐག་གཅོད་ཡག་པོ་བྱུང་བ་ལས། ང་ཚོ་ལྟ་བུ་ཐག་གཅོད་འདི་ལྟ་བུ་ཡོང་ས་མ་རེད་ཅེས། བཀའ་ཁྲི་ལས་ཐོག་པ་ཡིན་བཞིན་དུ་ཟམ་གདོང་རིན་པོ་ཆེ་ལ་ལག་པ་ཞིག་ཕྱིས་པ་རེད། དེ་དང་དེ་ལྟ་བུའི་ལོ་རྒྱུས་མང་པོ་ཡོད་ཀྱང་ཁོང་གིས་བློ་ཁོག་གིས་མ་འདེང་བའི་སྒྲུང་མང་པོ་ཡོད། བློ་བཟང་སེང་གེ་ལ་མཚོན་ན་ལྡི་ལི་ནས་བོད་སོག་ལས་ཁུངས་ཀྱི་ལས་བྱེད་པའི་ལག་ནས་ཡིག་ཆ་འཕྲོག་པ་སོགས་དཔའ་བློ་ཁོག་ཡོད་པའི་ལོ་རྒྱུས་གང་མང་ཡོད་སྟབས། ཁོང་གཉིས་ཀྱི་ནང་ནས་རྒྱ་རི་ཚང་གིས་མ་འོངས་པར་སུ་དང་ལག་པ་གཏོང་གི་རེད་ཅེས་པའི་དྲི་བ་འདི་བཏང་ན། ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ནི་རྒྱ་རི་ཚང་གིས་བཀྲས་མཐོང་ལ་ལག་པ་གཏོང་གི་རེད། མ་འོངས་པར་བེད་སྤྱོད་བདེ་བའི་ཆེད་དུ་རེད།
    རྒྱུ་མཚན་དེ་ལ་བརྟེན་ནས་ད་རེས་རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་གཞི་རུ་ལངས་པ་དང་། མདོ་སྟོད་སྤྱི་འཐུས་སུ་ལང་རྒྱུ་མིན་པའི་གསལ་བསྒྲགས་བྱས་པ་དེ་བློ་བཟང་སེང་གེས་འོས་ཤོག་ཁ་གཏོར་ཐབས་དང་། བསྟན་འཛིན་རྣམ་རྒྱལ་ལ་འོས་འཐོབ་ཆེད་དུ་རེད། དེ་ལ་བརྟེན་ནས་མ་འོངས་པར་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱ་རི་སྒྲོལ་མ་བཀའ་བློན་དུ་བསྐོ་རྒྱུ་ད་ལྟ་ནས་ནང་གྲོས་ཐག་གཅོད་བྱས་ཟིན་ཡོད་ཀྱི་རེད་བསམ་གྱི་འདུག འདི་མིན་ན་རྒྱ་རི་སྒྲོལ་མས་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་དེ་ག་ཞིག་གཡུགས་སྲིད་ཀྱི་མ་རེད། ཁོང་རྒྱ་གར་གྱི་མི་སེར་ཡིན་སྟབས་རྒྱ་གར་གཞུང་གི་གོ་གནས་རེ་རག་གི་ཡོད་སྲིད་ཀྱི་ཨེ་ཡོད། ཕལ་ཆེར་ཁག་པོ་རེད།

    Reply
  44. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་རྒྱ་རི་སྒྲོལ་མའི་སྙིང་སྟོབས་ཀྱི་མཚོན་རྟགས་རེད།

    རྒྱ་རི་སྒྲོལ་མ་ནི་རང་རེའི་བོད་གངས་ཅན་གྱི་བུད་མེད་སྲིད་བློན་ལ་ལངས་མཁན་ཐོག་མ་དེ་རེད། འདིས་ནི་སྲོང་བཙན་སྒམ་པོའི་མི་ཆོས་གཙང་མ་བཅུ་དྲུག་གི་ལྕགས་ཀྱི་དྲ་བ་དེ་གཏོར་ནས་སླེབས་པ་རེད། འདིས་ནི་བོད་ཀྱིས་ལོ་རྒྱུས་ཐོག་གི་མང་གཙོའི་མིང་བྱང་རྫིག་པོ་དེ་བཏེགས་ནས་སླེབས་པ་རེད།

    ཁོང་མོར་མཐའ་མའི་རྒྱལ་ཁ་དེ་མ་ཐོབ་ཀྱང་དགའ་བསུ་ལོས་ཞུ།

    Reply
  45. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་ལ། འོས་འདི་དངོས་གནས་ཐོབ་རྒྱུ་རེད་དམ།

    འབྱུང་སྲིད་པ། ཁོང་ཉིད་བུད་མེད་ཅིག་ཡིན་པའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་གི་བུད་མེད་ཚོའི་འོས་ཤོག་ཕལ་ཆེ་བ་ཁོང་ལ་འཐོབ་རྒྱུའི་རེ་བ་ཡོད་པ་རེད།

    དེའི་ཁར། ལས་འགུལ་སྤེལ་སྟངས་ཀྱི་ཆ་ནས་མཉམ་མྱོང་དང་། འབྲེལ་བ་བཅས་ཀྱི་ཐད་ནས་རྒྱ་རི་སྒྲོལ་མ་ལགས་ཀྱིས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ལས་ལྷག་ཅིག་སྤེལ་ཐུབ་ངེས། དཔེར་ན། དེ་རིང་ལངས་སྟངས་འདི་ཡང་རྣམ་པ་གལ་ཆེན་པོ་ཞིག་རེད།

    བུད་མེད་ཚོའི་ཁར་གཞོན་སྐྱེས་གང་འཚམ་ཞིག་ཡོང་སྲིད།

    དེའི་ཕན་ནས་རྒྱ་རི་ཚང་ལ་འབྲེལ་བ་ཡོད་མཁན་གྱི་གྲངས་འབོར་ཡང་ཉུང་ཉུང་ཞིག་གཏན་ནས་མིན། བལ་ཡུལ་དང་རྒྱ་གར། འབྲུག ད་དུང་ཕྱི་རྒྱལ་ཁག་བཅས་སྡོམ་ན་འོས་ཤོག་ངེས་ཅན་ཞིག་འཕར་རྒྱུ་རེད་འདོད།

    རྒྱ་རི་སྒྲོལ་མ་ལགས་ཀྱི་ཁ་གཏད་གཙོ་བོ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ངེས།

    དབུས་གཙང་གི་འོས་ཕལ་ཆེ་བ་བཀྲས་མཐོང་ལགས་ལ་ཐོབ་ངེས། དེའི་ཁར། སྲིད་དོན་པ་མང་པོ་ཞིག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་རྒྱབ་ཏུ་ལངས་ཡོད་ལ། ཁོང་གི་རྒྱབ་ལྗོངས་ཀྱང་ལས་སླ་བོ་མིན།

    བཀྲས་མཐོང་ལྷ་སྒྲོན་དང་བཅས་པ་ཁོང་ལ་རྒྱབ་སྐྱོར་གྱི་ལས་འགུལ་ནང་ཞུགས་པ་ཡིན་ན་ཤུགས་རྐྱེན་ཆེན་པོ་ཞིག་འཇོག་ཐུབ།

    གནས་སྐབས་རིང་དེ་ཙམ་ཡིན།

    Reply
  46. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ནི་ལོ་རྒྱུས་ཤིག་གི་མགོ་བཙུགས་པ་རེད།

    བོད་ཀྱི་ལོ་རྒྱུས་ཁྲོད་བཀའ་བློན་ཁྲི་པར་ལངས་མཁན་ཐོག་མ་ས་རེད། ག་དུས་རེད།

    བོད་རིགས་བུད་མེད་རྒྱ་རི་སྒྲོལ་མ་ལགས་རེད། ལངས་དུས་ནི། ༢༠༡༠ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༤ ཉིན་རེད།

    འདི་ལོ་རྒྱུས་ཀྱི་ནང་དུ་འབྲི་དགོས་པ་རེད།

    དུས་དེ་ནས་བཟུང་བོད་མི་རིགས་ཀྱིས་སླར་ཡང་དམངས་གཙོའི་གོམ་པ་གསར་པ་ཞིག་སྤོ་མགོ་བཙུགས་པ་རེད།

    Reply
  47. ཕུན་ཚོགས ། says:
    ལོ་ 15 སྔོན།

    གང་ལྟར་རྒྱ་རི་བ་ཚང་གི་ལོ་རྒྱུས་དང་བོད་ཀྱི་བུ་མེད་རྣམས་ཀྱི་ལོ་རྒྱུས་ལ་སྔར་མེད་ཀྱི་ཁ་སྐོང་གསར་བ་ཞིག་ཀྱང་ལགས་པས།ཁོ་མོའི་སྤོབས་པ་དང་ཡིད་ཆེས་ལ་རྗེས་སུ་རངས་ཞུ་དགོས་པ་མ་ཟད།དེར་མཐུད་བཀའ་བློན་ཁྲི་བའི་འོས་མི་གཞན་དག་ཀྱང་མངོན་གསལ་དོད་པོས་ལྷང་ལ་འབུད་ཐུབ་པ་དང་།གདོང་ལ་འབུད་ཐུབ་པའི་རེ་བ་བྱེད་རྒྱུ་ཡིན།

    Reply
  48. དགྲ་འདུལ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་དང་རྒྱ་རི་སྒྲོལ་མ་གཉིས། ན་ནིང་གི་ཨོ་སྦ་མ་དང་ཧི་ལེ་རི་ཁི་ལིན་ཁྲོན་གཉིས་འདྲ་བོ་ཆགས་ས་རེད།

    Reply
  49. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁ་བྱང་འདོགས་སྟངས་འདི་ཅང་ཁེན་མཚར་ཞིག་རེད་མི་འདུག་གམ།རྒྱ་རི་སྒྲོལ་མ།ང་བཀའ་ཁྲི་བའི་འོས་གཞིར་ལངས་གི་ཡིན་་་ཟེར་ན་མི་གཞན་ཞིག་གིས་རྒྱ་རི་སྒྲོལ་མ་ལ་སྐད་ཆ་བཤད་དེ་ཁོ་རང་བཀའ་བློན་ལ་ལངས་རྒྱུ་ཡིན་ཚུལ་རྒྱ་རི་སྒྲོལ་མ་ལ་ཡར་ཞུ་བྱེད་བཞིན་པ་ལྟ་བུ་ཞིག་གོ་གི་མི་འདུག་གམ།
    ཧ་ཧ་ཧ་
    དེ་ཡང་གློ་བུར་བའི་ཚོར་བ་ཙམ་ཡིན་མོད།མ་གཞི་འདི་ལ།་རྒྱ་རི་སྒྲོལ་མ་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པ།ཞེས་ཚིག་གསལ་བོ་ཞིག་འགོད་ཐུབ་ན་ཅུང་ལེགས་པར་སྣང་།

    དེར་མཐུད་རྒྱ་རི་སྒྲོལ་མ་རྗེས་སུ་ཡི་རངས་ཡོད་ཟེར་རྒྱུ་ཡིན།ངར་བ་རེད་ཟེར་རྒྱུ་ཡིན།

    Reply
  50. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དགའ་བསུ་ཞུ།

    བོད་མི་རིགས་ཀྱིས་འཚོལ་མི་དགོས་པར། བོད་མི་རིགས་བཙལ་ནས་ཕེབས་པར་དགའ་ཡོད།

    ད་བར་བཤད་ཀྱིན་པའི་བཀའ་ཁྲིའི་འོས་གཞིའི་ནང་གི་ཆ་རྐྱེན་ཁ་ཤས།

    ༡། ལོ་གཞོན་ནི་རེད།
    ༢། བུད་མེད་ཀྱང་རེད།
    ༣། གངས་སྐྱིད་ནས་ལོ་ ༢༠ རྩ་གྲངས་ལ་བཞུགས་པ།
    ༤། དང་བླངས་ཀྱིས་ཕེབས་པ།

    ད་དུང་བརྩི་རྒྱུ་མང་པོ་ཡོད་ངེས།

    ཁོང་ཉིད་གང་འདྲ་འདུག དུས་བབ་དྲ་ཚིགས་ཀྱི་བསམ་ཤོག་ནང་དུ་ཐེངས་སྔོན་མར་རྩེ་བཏོག་རེད། ད་ཐེངས་ཀྱང་ཨང་རིམ་གཉིས་པ་ནས་ཡར་འཕར་བཞིན་འདུག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese