མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་བཤེར་འབྲས་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ཀྱི་ཁྲིམས་གཏུགས་ལ་བསྐྱར་དུ་ཁྲིམས་བཤེར་ཐག་གཅོད་གྲུབ་སྟེ་ཟླ་གཅིག་ཙམ་འགོར་ཟིན་པའི་རྗེས་སུ། ད་གཟོད་ཁོའི་ནང་མི་དང་ཁྲིམས་རྩོད་པར་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ཡོད་འདུག

ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན། ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླ་སྒྲོལ་དཀར་དང་ཁོང་གི་ཁྲིམས་རྩོད་པ་ཕུའུ་ཀྲི་མེན་གཉིས་ཀྱིས་སྒེར་གྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༧ པའི་ཚེས་ ༧  ཉིན་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་མ་བསམ་འགྲུབ་ལགས་ཀྱི་ཁྲིམས་གཏུགས་ལ་ཁྲིམས་ཁང་གིས་སྔར་མུས་ཁྲིམས་བཅད་ལྟར་ལོ་ ༡༥ ཁྲིམས་ཐག་གཞིར་བཟུང་བྱ་རྒྱུ་ཐག་གཅོད་བྱས་ཟིན་ཡོད་ནའང་། དོ་བདག་གི་ནང་མི་དང་ཁྲིམས་རྩོད་པར་གནས་ཚུལ་དེ་གསང་རྒྱ་བྱས་ཏེ་ཟླ་གཅིག་ཙམ་འགོར་བའི་རྗེས་སུ་མ་གཏོགས་ཕྱིར་བསྒྲགས་བྱས་མི་འདུག 

ཁྲིམས་རྩོད་པ་ཕུའུ་ཀྲི་མེན་གྱིས་རང་གི་ཟིན་བྲིས་སུ་དེའི་སྐོར་གྱི་གནས་ཚུལ་བཀོད་དོན། ཡན་ཆི་ཁྲིམས་ཁང་གིས་ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན། གྱོད་དོན་གྱི་ཐོག་མའི་ཁྲིམས་བཅད་ཁྱབ་བསྒྲགས་(༡)བྱས་ཡོད་པ་དང་། སྐབས་དེར་ཞལ་ལྕེ་པ་ཆེན་མོ་(༢)ཀའོ་ཐེན་ཀྲི་ཡིས “ཁྲིམས་ར་གྲོལ་རྗེས་བཅད་ཁྲ་(༣)བོད་བསྒྱུར་གྱིས་ཁྲིམས་གཏུགས་པར་འབུལ་རྒྱུ་ཡིན” ཞེས་བརྗོད་སོང་། ང་ཚོས་སྐབས་ཐོག་དེ་ཉིད་དུ་བསྐྱར་དུ་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་གསལ་བོར་བརྗོད་ཡོད། ཁྲིམས་གཏུགས་དུས་བཀག་ནི་ཉིན་ ༡༠ ཡིན་ལ། ཕྱི་ཟླ་ ༧ ཚེས་ ༤ ཉིན་ནི་མཐའ་མའི་དུས་བཀག་གི་ཉིན་ལ་ཁེལ་ཡོད།  ང་དང་ལིས་ཧའེ་ཆིན་གཉིས་ཀྱིས་ཚེས་ ༤ ཉིན་བར་ཁྲིམས་གཏུགས་ཡིག་ཆ་ཁག་དང་ཁྲིམས་རྩོད་པའི་འགྲོ་ལུགས་ཡོང་རྫོགས་སྒྲུབ་ཟིན་པ་ཡིན། ཚེས་ ༧ ཉིན་ཡན་ཆི་ཁྲིམས་ཁང་གི་ལས་དྲུང་གིས་ཡིག་ཆ་ཁག་མཆན་འགོད་དང་ལེན་བྱས་བྱུང་། ལིས་ཧའེ་ཆིན་གྱིས་དེ་མ་ཐག་ཁྲིམས་དཔོན་མཱ་ཙིན་ཧྭ་ལ་ཁ་པར་བཏང་སྐབས། ཁོས་འགྲོ་ལུགས་དག་གྲུབ་རྗེས་གྱོད་དོན་ཡིག་ཆ་ཁག་པཱ་ཀྲིག་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་བརྒྱུད་སྤྲོད་བྱས་ཏེ་དོ་བདག་ཀྱང་ཁུལ་ཐོག་ཏུ་གནས་སྤོར་གྱིས་བཀག་བསྐྱིལ་བྱ་རྒྱུ་ཡིན་པ་དང་། ཁྲིམས་གཏུགས་ཡིག་ཆ་དང་ཁྲིམས་རྩོད་པའི་འགྲོ་ལུགས་སོགས་ཀྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་སྤྲོད་རྒྱུ་ཡིན་པས།  ཁྱེད་ཚོས་ཐད་ཀར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལུའུ་ལ་འབྲེལ་བ་བྱེད་དགོས་ཞེས་འབྲེལ་བ་བྱ་ཡུལ་གྱི་ཁ་པར་ཨང་གྲངས་ཤིག་ཀྱང་སྤྲད་བྱུང་། ཁོ་ཚོས་བརྗོད་པ་ནང་བཞིན་ང་ཚོའི་ངོས་ནས་སྒྲུབ་དགོས་པ་མཐའ་དག་བསྒྲུབ་ཟིན་པ་ཡིན། ཡིན་ནའང་། ཁ་པར་ཨང་གྲངས་དེ་ནི་ཁྱིམ་སྤྱོད་ཁ་པར་ཨང་གྲངས་ཤིག་རེད་ལ། ཅི་བྱས་ཀྱང་ཁ་པར་དེ་བརྒྱུད་ནས་ཁྲིམས་དཔོན་ལ་འབྲེལ་བ་བྱ་ཐབས་མི་འདུག  དེ་ལྟར་དུས་ཡུན་ཡང་གང་འཚམ་འདས་སོང་།   ལིས་ཧའེ་ཆིན་གྱིས་དུས་བཀག་ལས་ཡོལ་བར་བློ་འཚབ་ཀྱིས་ཉིན་རྒྱུན་ཐབས་ཤེས་གང་ཡོང་བྱས་ནའང་། འབྲེལ་ཡོད་མི་སྣའི་གཟིགས་དང་གྲུབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན་གཞི་ནས་ཁྲིམས་དཔོན་གྱིས་ཚུར་ང་ཚོ་ལ་ཁ་པར་བཏང་ཡོང་ནས། ཕྱི་ཟླ་ ༧ པའི་ཚེས་ ༧ ཉིན་ཁྲིམས་གཏུགས་རྩིས་མེད་ཕྱིར་སློག་གིས་སྔར་མུས་ཁྲིམས་བཅད་རང་འཇགས་ཐག་གཅོད་བྱས་ཟིན་པའི་སྐོར་བརྗོད་བྱུང་། ཁྲིམས་བཤེར་ཐག་གཅོད་བྱས་ནས་ཧ་ལམ་ཟླ་གཅིག་ཙམ་འགོར་ལ་ཉེ་བའི་སྐབས་སུ་ད་གཟོད་ང་ཚོར་ཕྱིར་བསྒྲགས་བྱས་པ་རེད། ཁྲིམས་དཔོན་གྱིས་ད་དུང་ “ ཁྲིམས་གཏུགས་གནས་ཚུལ་དང་འགྲོ་ལུགས་ཡོད་ཚད་ངོས་ལེན་བྱས་པ་ཡིན། ཡིན་ནའང་། བསྐྱར་ཞིབ་ཀྱི་དགོས་པ་ཅང་མི་འདུག ” ཟེར། ཅི་འདྲའི་དོན་དག་གློ་བུར་བ་ཞིག་རེད་ཨང་། ཞེས་ཁོའི་ཟིན་བྲིས་སུ་བཀོད་འདུག 

ཀརྨ་བསམ་འགྲུབ་ལགས་ཀྱི་བཟའ་ཟླ་སྒྲོལ་དཀར་ལགས་ཀྱིས་ཀྱང་ཟིན་བྲིས་སུ་དེའི་སྐོར་གྱི་གནས་ཚུལ་བཀོད་དོན།   ཕྱི་ཟླ་ ༧ པའི་ཟླ་མགོར་ང་རང་ཕྱིར་ཁྲིན་ཏུའུ་རུ་ལོག་རྗེས། ཡན་ཆི་ཁྲིམས་ཁང་གི་ཁྲིམས་དཔོན་མཱ་ལ་ཁ་པར་བཏང་བ་ཡིན། ཁྲིམས་དཔོན་གྱིས་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་གྱི་ཕྱི་དྲོ་ཕྱིར་ང་ལ་འཕྲིན་ཐུང་(༤)ཞིག་བཏང་ཡོང་སྟེ “གྱོད་དོན་ཁྲིམས་གཏུགས་བྱས་ཟིན། ཡིན་ནའང་། དོ་བདག་ལ་ཐུག་འཕྲད་བྱས་མི་ཆོག” ཟེར། ངས་ཁྲིམས་རྩོད་པར་དེའི་སྐོར་འདྲི་རྨེད་(༥)བྱས་པར། ཁྲིམས་ཀྱི་སྒྲིག་གཞི་ལྟར་སྐབས་ཐོག་དེར་ཐུག་མི་ཆོག་པ་དངོས་བདེན་ཡིན་འདུག  དེར་བརྟེན་ངས་མུ་མཐུད་ཁྲིམས་གཏུགས་སྐོར་གྱི་གནས་ཚུལ་ལ་བསྒུག་ནས་སྡོད་པ་ལས་ཐབས་གཞན་མི་འདུག 

སྐབས་དེ་དག་ཏུ་ངས་ཁྲིམས་བཤེར་ཐེངས་གཉིས་པ་དེ་ཅི་འདྲ་ཞིག་འབྱུང་མིན་དང་། སྤྱི་བསྒྲགས་ཡོང་མིན། བསྐྱར་དུ་བཟའ་ཟླར་ཐུག་འཕྲད་བྱེད་ཐུབ་མིན་སོགས་སེམས་ཁྲལ་ཁྲོད་ཉི་མ་བསྐྱེལ་དགོས་བྱུང་། ཡིན་ནའང་། ངའི་སེམས་སུ་འཇིག་རྟེན་འདིར་བདེན་པར་རྒྱལ་ཁ་ཐོབ་པའི་ཉི་མ་ཞིག་འཆར་སྲིད་པའི་རེ་བ་དེ་ཡལ་མ་མྱོང་།

དེ་རིང་ཉིན་གུང་ཁྲིམས་རྩོད་པར་ཕྱི་ཟླ་ ༧ པའི་ཚེས་ ༧ ཡིན་ཁྲིམས་བཤེར་གྲུབ་སྟེ་ཁྲིམས་བཅད་སྔར་མུས་ལྟར་ཐག་གཅོད་བྱས་ཟིན་པའི་གནས་ཚུལ་འབྱོར་འདུག ངས་ཟླ་ངོ་གཅིག་གི་རིང་ལ་སེམས་ཁྲལ་དང་དཀའ་སྡུག་ཁྲོད་གནས་ཚུལ་ལ་སྒུག་ནས་བསྡད་པ་ཡིན། འོན་ཀྱང་། བསྐྱར་ཞིབ་ཁྲིམས་བཅད་ཟིན་ནས་ཟླ་གཅིག་ཙམ་འགོར་བའི་རྗེས་སུ། ད་གཟོད་ཁྲིམས་རྩོད་པ་དང་ང་ཚོས་ཁྲིམས་ཁང་གིས་སྔར་མུས་ཁྲིམས་བཅད་ལྟར་བསྐྱར་དུ་ཐག་གཅོད་བྱས་ཟིན་པ་ཤེས་རྟོགས་བྱུང་བ་རེད།  དེར་མ་ཟད། དེ་སྔོན་ཁོ་ཚོས་གསང་བའི་ཁྲིམས་བཅད་བྱེད་བཞིན་པའི་ཉིན་དེ་ག་རང་ལ། ང་ལ་ “ཁྱོད་ཚོའི་ཁྲིམས་གཏུགས་ཀྱི་དུས་བཅད་ཏག་ཏག་ལ་ཁྲིམས་གཏུག་བྱས་ཟིན”  ཞེས་ ཁྲིམས་གཏུགས་ངོས་ལེན་གྱི་བརྡ་ལན་བཏང་ཡོད།   

ད་ལྟ་གློ་བུར་བའི་གནས་ཚུལ་འདི་འདྲ་ཞིག་བརྗོད་སྐབས་ངས་དངོས་གནས་ངོས་ལེན་བྱ་ཐབས་མི་འདུག  ངས་སྐབས་ཐོག་དེར་བྲེལ་འཚབ་ངང་ཁྲིམས་དཔོན་ཁུའུ་ཨར་ལིས་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་སྐབས། ཁོས་ “ཁོ་རང་ཉིད་ཀྱིས་ཀྱང་དོ་བདག་གང་ན་ཡོད་མེད་མི་ཤེས། གཅིག་བྱས་ན་ཡན་ཆི་ལྟ་སྲུང་ཁང་ན་ཡོད་རྒྱུ་རེད། ༡༤༤ ལ་ཁ་པར་བཏང་ནས་བརྩད་གཅོད་བྱོས” ཟེར། ངས་བསྐྱར་དུ “འོ་ན། ཁྱོད་ཚོས་ཁོ་ལ་ཁྲིམས་བཤེར་བྱས་མེད་དམ” ཞེས་དྲིས་བར། ཁོས “ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཁྲིམས་བཤེར་བྱས་ཟིན། སྐབས་དེར་ཡན་ཆི་ལྟ་སྲུང་ཁང་ན་འདུག” ཅེས་བརྗོད་བྱུང་།   ང་དངོས་གནས་བློ་ཕམ་བྱུང་། ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནི་ཕྱོགས་གཅིག་གི་སྐད་ཆ་ལྟར་ན་ཁྲིམས་གཏུགས་ཀྱི་དུས་བཀག་ཡིན་པས་དོ་བདག་ལ་ཐུག་མི་ཆོག་ཟེར། ཡང་ཕྱོགས་གཅིག་གི་སྐད་ཆ་ལྟར་ན་དངོས་སུ་ཁྲིམས་བཤེར་བྱེད་བཞིན་པའི་སྒང་ཡིན་ཟེར། ཕྱི་ཟླ་ ༧ པའི་ཚེས་ ༧ ཉིན་ཕྱོགས་གཅིག་གི་སྐད་ཆ་ལྟར་ན་ཁྲིམས་རྩོད་པའི་ཁྲིམས་གཏུགས་ལ་མཆན་འགོད་དང་ལེན་བྱས་པ་ཡིན་ཟེར། ཡང་ཕྱོགས་གཅིག་གི་སྐད་ཆ་ལྟར་ན་ཁྲིམས་བཅད་ཐག་གཅོད་བྱས་ཟིན་པ་ཡིན་ཟེར།  ཅི་འདྲའི་གློ་བུར་བ་ཞིག་རེད་ཨང་། ངས་ད་ལྟ་ད་དུང་ཡང་གོ་བ་གསལ་བོ་ཞིག་ལེན་ཐུབ་ཀྱི་མི་འདུག  ༠༩༩༦-༡༡༤ ལ་ཁ་པར་བཏང་སྟེ་འདྲི་སྐབས། ཡན་ཆི་ལྟ་སྲུང་ཁང་གིས་ཀྱང་དོ་བདག་གང་དུ་ཡོད་མེད་མི་ཤེས་ཞེས་བརྗོད་བྱུང་།

ད་ལྟའི་ཅི་བྱ་གཏོལ་བྲལ་གྱི་གནས་སྐབས་འདིར་འབྲེལ་ཡོད་མི་སྣ་སུ་གང་གིས་ཀྱང་ཁ་པར་ལེན་གྱི་མི་འདུག  ང་གང་ཞིག་ལ་སོང་ནས་རང་ཉིད་ཀྱི་བཟའ་ཟླ་གར་ཡོད་བརྩད་གཅོད་བྱས་ན་ལེགས་སམ། སུ་ཞིག་གིས་ང་ལ་བརྗོད་སྲིད་དམ། ཞེས་རང་ཉིད་ཀྱི་ཟིན་བྲིས་སྟེང་བཀོད་འདུག

༡ ཁྲིམས་བཅད་ཁྱབ་བསྒྲགས།( pronounce sentence 宣判)ཁྲིམས་ཁང་གིས་གྱོད་དོན་ཞིབ་དཔྱད་བྱས་ཚར་རྗེས་ཉེས་ཅན་ལ་ཁྲིམས་ཐག་བཅད་པའི་མཇུག་དོན་ཁྱབ་བསྒྲགས་བྱེད་པའི་ཁྲིམས་ལུགས་ཀྱི་བྱ་སྤྱོད་ཅིག་གོ།
ཞལ་ལྕེ་པ་ཆེན་མོ། (审判长 Presiding judge) ཁྲིམས་ལྟར་ལྷན་གྲོས་བྱེད་པ་དང་ཁྲིམས་སའི་བྱ་བ་ལ་གཙོ་འགན་འཁུར་བའི་ཁྲིམས་གཅོད་མི་སྣའོ།
བཅད་ཁྲ། (判决书Court verdict; written judgment) ཁྲིམས་ཁང་གིས་གྱོད་གཞི་ཐག་བཅད་པའི་མཇུག་འབྲས་ཀྱི་ཡི་གེ་སྤེལ་བའོ།
འཕྲིན་ཐུང་། (短信Short Message Service(SMS))ལག་འཕྲིན་གཅིག་ནས་ལག་འཕྲིན་གཞན་ཞིག་ཏུ་གཏོང་བའི་འཕྲིན་ཐུང་ངུའོ།
འདྲི་རྨེད།(咨询Consult) དོན་ནམ་བསམ་འཆར་འདྲི་ལེན་བྱེད་པའོ།
<<བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད>> ཀྱི་བརྡ་ཆད་ལྟར་བཀོད་པ་ཡིན།

ཚེ་རིང་རྒྱལ་གྱིས།

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མིའི་བདེ་སྡུག་འབྲེལ་བ་ཡིན་ན་འབྲས་བུ་མེད་པས་ཁྱབ་བམ་ཏང་མི་ཚོ།

    Reply
  2. མཐུ་སྟོབས། says:
    ལོ་ 16 སྔོན།

    ཀ་རྨ་བསམ་གྲུབ་ལགས་དྲང་བདེན་མ་ཡིན་པའི་ཁྲིམས་བཤེར་བྱས་པ་དེར་ཏན་ཏན་འགྱུར་བ་བཏང་མདོག་ཁ་པོ་མ་རེད། ཡིན་ནའང་བདེན་པའི་ཨུ་ཚུགས་བྱ་དགོས་རྒྱུ་གལ་ཆེན་པོ་རེད། བོད་མི་ཞིག་ལ་ཁྲིམས་ཆད་བཏང་ཚར་ཉེས་པ་ཡང་དུ་བཏང་རྒྱུ་དེ་རྒྱལ་སྤྱིའི་ཚོགས་པ་ཞིག་གིས་སྐད་བརྒྱབ་ན་མ་གཏོགས་ཤུགས་ཐེབས་རྒྱུ་ཧ་ཅང་ཁག་པོ་འདུག ད་དུང་བཙན་བྱོལ་སྤྱི་ཚོགས་ནང་ནས་ཁོང་དང་ཁོང་འདྲ་བར་ལོ་ཚད་མ་བཟོས་གོང་སྐད་བརྒྱབ་སྟེ་གཅིག་བྱ་རྒྱུ་ཡོད་མདོག་བྱས་ཏེ་གཅིག་རེད། གཅིག་མ་རེད་ཅེས་མང་པོ་ཞིག་ཤོད་པ་དང༌། མི་དེར་ལོ་ཚད་མཐོ་པོ་ཞིག་བཟོས་ཚར་རྗེས་ཁུ་སིམ་མེར་སྡོད་ཡས་འདི་ཡག་པོ་མི་འདུག དེ་བས་ཀྱང་ཁོང་ཚོ་འཇུས་མ་ཐག་བོད་དུ་འབྲེལ་བ་ཐད་ཀར་ཡོད་མདོག་ཁག་ཅིག་གིས་གནས་ཚུལ་ཤེས་མདོག་གིས་ང་ལ་ཁཁ་དཔར་འབྱོར་བྱུང༌། གནས་ཚུལ་དེ་འདྲ་རེད། སྔོན་མ་དེ་འདྲ་རེད་ཅེས་ཆ་ཚང་འགྲེལ་བཤད་བྱེད་ཡས་དེ་དངོས་གནས་ཡག་པོ་མི་འདུག གཟབ་དགོས་འདུག་ག གང་ལྟར་ཁོང་རྣམས་ལ་སྨོན་ལམ་འདེབས་རྒྱུ་ཡིན། ཐུགས་སེམས་མ་སྐྱོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese