མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཟུགས་མེད་གྲིབ་བཟོ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

          སྤྱི་ལོ་༢༠༡༡ ལོ་ནི་བཙན་བྱོལ་ནང་བོད་རྒྱ་ཆེའི་མི་དམངས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་ཡིན་ལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རང་འཁྲིའི་ལས་འགན་ཁུར་ཁྱེར་གྱིས་བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ས་བོན་སྔོན་ཚུད་ནས་བཏོན་ཡོད། ལྷག་དོན་བཀའ་ཁྲིའི་འོས་གཞི་འདི་གལ་འགངས་ཤིན་ཏུ་ཆེ་བར་ངོས་འཛིན་གྱིན་ཡོད། ྋགོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་ང་ཚོར་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་གང་ལ་གང་འཚམས་ཡོད་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན།
 
ལྷག་དོན་ཐེངས་འདིའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞི་ཁག་གཉིས་ཀར། ཚོགས་པའི་འགན་ཁུར་གྱིས་ཐོག་ནས་ཕེབས་དགོས་གཤིས། བཀའ་ཁྲིའི་འོས་གཞི་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་ཚུལ་ཐོག་ང་ཚོས་གང་ནུས་ཅི་འཇོན་གྱིས་གནས་ཚུལ་འཁོ་སྒྲུབ་བྱེད་ཀྱི་ཡོད། སྐབས་འདིར་དྲ་ཚིགས་ཁག་ཅིག་ནང་ང་ཚོར་དགོས་ངེས་ཅན་གྱི་ལྷག་བསམ་དང་ཤེས་འཇོན་མྱོང་གསུམ་ཡོད་པ། ཕུལ་བྱུང་གི་གཞོན་སྐྱེས་བཀའ་ཁྲིའི་འོས་གཞི། མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་སྐོར་དངོས་མིང་ཡིན་མིན་མི་ཤེས་པའི་མི་རེ་ཟུང་གིས། ཁོང་གི་ཧ་ཝར་ཊི་ནང་གི་ལས་གནས་དང་ཤེས་རིག་གི་སློབ་ཡོན་བཅས་ཀྱི་ཐོག་དོགས་འདྲོགས་གནང་གི་ཡོད། སྤྱིར་ན་མི་སུ་ཞིག་ཀྱང་དཀར་ནག་གཉིས་སུ་འབྱེད་པ་ནི་མི་འགྲིགས་ཀྱང༌། གནས་ཚུལ་འདིའི་ཐད་ང་ཚོས་གནས་ཡུལ་དངོས་ནས་འདྲི་རྩད་ཞིབ་ཚགས་བྱས་པ་བརྒྱུད།
 
ཁོང་ནི་ཨ་རིའི་ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྡེ་ཚན་ནང་ནས་སྤྱི་ལོ་༢༠༠༤ ལོར་ཆེས་མཐོའི་རབས་འབྱམས་པའི་གོ་མིང་བཞེས་ཐོག །ཧ་ཝ་ཌི་སློབ་གྲྭའི་བཀོད་ཁྱབ་འོག་ཧ་ཝ་ཌི་རང་དུ་གླ་ཡོད་ཞིབ་འཇུག་གི་ལས་གནས་དང་ཞར་དུ་ཧ་ཝ་ཌི་ནང་ཨེ་ཤ་ཡ་སྡེ་ཚན་སོགས་སུ་བཀའ་སློབ་དང་གསུང་བཤད་གནང་གི་་འདུག །དེ་མིན་ཁོང་གི་ས་གནས་ས་ཐོག་ཏུ་རྒྱ་བོད་འབྲེལ་ལམ་སོགས་གལ་ཆེའི་འགྲུབ་འབྲས་དེས་རང་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནས་སྤྱི་ལོ་༢༠༠༥ ལོར་སྔགས་བརྗོད་དང་བཀོད་མངགས་བཅས་དམིགས་བསལ་ཆོག་མཆན་གནང་ཡོད་པ་མ་ཟད། ཕུལ་བེ་རེཊི་Fullbrightནས་ཀྱང་ཁོང་གི་ཁྱད་ཡོན་ལ་བརྟེན་དམིགས་བསལ་གྱིས་ཆོག་མཆན་སྩལ་འདུག འབྲེལ་ཡོད་དཔང་འཕེར་ཡིག་ཆ་ཚད་ལྡན་རྣམས་ཐོབ་སོང༌། དེས་ན་གོང་གསལ་གྱི་གནས་ཚུལ་ཐོག་ངན་འདོགས་བྱེད་པ་ནི། གཟུགས་མེད་གྲིབ་བཟོ་དང་ཉེས་མེད་ཉེས་འདོགས་བྱས་པ་རང་ཡིན་དུས་རྒྱ་ཆེའི་མང་ཚོགས་དང་ཤེས་ལྡན་པའི་སྡེ་ཚོགས་ནས་ཡིད་གཟབ་མཛོད། གང་ལྟར་ང་ཚོར་དགོས་པ་ནི། ལྷག་བསམ་ཟོལ་མེད་དང་ཤེས་འཇོན་གཉིས་ལྡན། གསར་གཏོད་དང་མདུན་བསྐྱོད་ཀྱི་སྤོབས་པ་མཐོ་ཞིང༌། བློ་རྩེ་གཏན་ལ་བློ་རིག་གི་ནུས་རྩལ་ཡོད་པ་ཞིག་དགོས།།
 
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས།
སྤྱི་ལོ་༢༠༡༠ ཟླ་བ་༨ ཚེས་༦ ཉིན།

མཆན། 15

  1. རྒྱལ་བསྟན། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལ་དག་ཐེར་བྱས་པ་བཞིན་བཀྲས་མཐོང་ལ་ཡང་དག་ཐེར་བྱེད་དགོས་ངེས་རེད། དེ་ལྟར་མ་བྱས་ན་རྒྱབ་ལྗོངས་གཞན་པ་ཞིག་ཡོད་པའི་དོགས་པ་འདུག

    Reply
  2. kunsal says:
    ལོ་ 12 སྔོན།

    འོ་རེད། མི་འགའ་ཞིག་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ནག་ཉེས་འཛུགས་པ་དེར་རྒྱུ་མཚན་ཡོག་མ་རེད། འབུམ་དགུའི་སྐོར་དེ་བོད་གཞུང་ནས་རྒྱ་གར་བ་ཞིག་དང་ཚོང་འབྲེལ་བྱས་པ་ལམ་དུ་མ་རྒྱུགས་པའི་གནས་ཚུལ་ནས་འཕྲོས་པ་ལས་ཁོང་གིས་གཞུང་དངུལ་ལྐོག་ཟོས་བྱས་པའི་ལོ་རྒྱུས་ཡོད་པ་མ་རེད། དེ་བཞིན་ཁོང་བཀའ་ཁྲི་གནང་སྐབས་སྔོན་རྩིས་ལ་འབུམ་བདུན་བརྒྱ་མ་ལྡེང་པ་དེ་གཞུང་དངུལ་མ་ཚང་པ་རེད་ཟེར་ནས་དཀྲོག་གཏམ་མང་པོ་བཟོས་སོང་། ད་ལམ་རྒྱལ་ཡོངས་མང་གཙོ་ཚོགས་པས་ཁོང་བཀའ་ཁྲིའི་འོས་དམིགས་སུ་བཏོན་ཡོད་པས་བློ་བཟང་སངས་རྒྱས་ལགས་ལ་དག་སེལ་གནང་བ་ལྟར་བཀྲས་མཐོང་ལའང་གནང་རྒྱུ་ནི་འོས་འགན་ཞིག་ཏུ་མཐོང་བས་དེ་དོན་གནང་བའི་རེ་བ་ཡོད།

    Reply
  3. འདྲེ་རིག་ལྡན། says:
    ལོ་ 12 སྔོན།

    འབའ་ཐང་གི་བུ།་ཡིས་བཤད་པ་དེ་དག་ལ་བསམ་གཞིགས་བྱེད་རྒྱུ་ཧ་ཅང་མང་པོ་འདུག ངོ་མ་དེ་འདྲ་ཞིག་རེད། མ་ཟད། ངས་ནི་གོ་ཡང་མ་མྱོང་བའི་”ནག་ཉེས་”དེ་དག་སྐབས་འདིར་ཁོང་ཚོས་དང་བླང་གིས་གླེང་བ་འདི་ག་རེ་ཡིན་ན། མང་གཙོ་ཚོགས་པས་ལན་ཁ་གསལ་ཞིག་གནང་རོགས།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    རྒྱལ་ཡོངས་དམང་གཙོ་ཚོགས་པའི་ཚོགས་མི་ལ་ཞུ་རྒྱུ།
    གུས་པས་བཀྲས་མཐོང་གི་ནག་ཉེས་ཤག་སྟག་མ་གཏོགས་གོ་མ་མྱོང་བའི་དེ་བདེན་པ་ཡིན་མིན་ཁྱོད་རྣམ་པའི་བློ་སེང་དག་གསལ་བྱས་པ་་ལྟར་ཁོང་ཡང་ཉེས་མེད་ཅིག་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད།

    Reply
  5. རྐང་གསུམ། says:
    ལོ་ 12 སྔོན།

    ཁྱེད་ཚང་གིས་འདི་ལྟར་མི་དམངས་ལ་གསལ་བསྒྲགས་བྱས་ན་དགའ་བསུ་ཡོད། དྲ་གྲོགས་ཚོས་བཤད་པ་བཞིན་ང་ལ་ཡང་དྲི་བ་ཞིག་ཡོད། ཁྱེད་ཚང་གི་མ་འོངས་བོད་ཀྱི་བཀའ་ཁྲི་ལ་བཏོན་པའི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སྔོན་བཀའ་ཁྲི་ཡིན་པའི་སྐབས་བཙན་བྱོལ་བོད་མིས་འབུམ་དགུ་བ་ལ་ཕྱག་འཚལ་ལོ་ཞེས་སྒྲོལ་མའི་བསྟོད་པ་གསར་བ་ཞིག་བརྩམས་ནས་ང་ཚོའི་སྤྱི་ཚོགས་ལ་ཐོན་ཡོད་པ་རེད་ཟེར་གི་འདུག་དེ་དག་བདེན་པ་ཡིན་མིན་ཡང་ཁྱེད་ཚང་གིས་གསལ་བཤད་ཅིག་བྱེད་རོགས་ཞུ།

    Reply
  6. འདྲེ་རིག་ལྡན། says:
    ལོ་ 12 སྔོན།

    རེད རེད། གསལ་བཤད་གནང་བ་ཡག་པོ་རེད། མ་ཟད། གཟུགས་མེད་གྲིབ་གཟུགས་བཟོ་མཁན་ཚོ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དེ་དང་མཉམ་དུ། ཁྱེད་ཚོགས་པའི་ལས་ཀ་བྱེད་སྟངས་དེ་ཡང་ཡག་པོ་དང་ཚུལ་མཐུན་ཞིག་ཏུ་མཐོང་མ་སོང་། བཀའ་ཁྲིའི་ས་བོན་གྱི་འོས་མི་དང་སྤྱི་འཐུས་ཀྱི་འོས་མི་བདམས་སྟངས་དེ་ཚོ་ཁྱོན་ནས་ཡག་པོ་མ་རེད། བརྒྱ་ཁ་གཅིག་གཅོད་དང་མི་མང་ཆུ་སྣ་གར་འཁྲིད་བྱེད་བསམ་པ་འདི་རྩ་བའི་ཀུན་སློང་གི་ཐོག་ནས་ནོར་བསྡད་འདུག

    ངའི་་་་་ཚིག་བཀོལ་སྟངས་ཐད་ལ་ཐལ་ཆ་ཅུང་འདུག་མོད། སྐད་ཆ་འདི་ཚོ་སེམས་ཀྱི་སྐད་ཆ་ཡིན་པས་རྗེས་ཕྱོགས་འདིའི་རིགས་ལ་དོ་སྣང་གནང་རོགས་ཞུ། གཞན་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  7. migyur says:
    ལོ་ 12 སྔོན།

    ཁྱེད་ཀྱིས་གསུངས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ང་ཚོའི་མི་རིགས་དང་རྒྱལ་ཁབ་ལ། ཤེས་འཇོན་གཉིས་ལྡན་གཞོན་སྐྱེས་མཁས་དབང་བློ་བཟང་སེང་གེ་འདྲ་བོ་དགོས་ངེས་དང༌། དུས་ལ་བབས་པ་ཡིན།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་དུ་་་་་་་
    ༼ལྷག་དོན་ཐེངས་འདིའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞི་ཁག་གཉིས་ཀར། ཚོགས་པའི་འགན་ཁུར་གྱིས་ཐོག་ནས་ཕེབས་དགོས་གཤིས། བཀའ་ཁྲིའི་འོས་གཞི་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་ཚུལ་ཐོག་ང་ཚོས་གང་ནུས་ཅི་འཇོན་གྱིས་གནས་ཚུལ་འཁོ་སྒྲུབ་བྱེད་ཀྱི་ཡོད། ༽ག་སུངས་པ་བཞིན་བཀྲས་མཐོང་ལ་ཡང་དག་སེལ་ཞིག་བྱེད་རྒྱུ་ཡོད་ན་བྱེད་རན་རེད
    བློ་སང་ལས་བཀྲས་མཐོང་གི་སྐྱོན་ཐེར་འདོན་བྱེད་མཁན་མང་པ་དངོས་ཡོད་རེད
    །་འགའ་ཞིག་གི་བཤད་ན་ཉེས་མེད་ཉེས་འདོག་ཡིན་ཚུལ་ཡང་གསུངས་གི་ཡོད་པ་མ་ཟད་ཁོང་ལ་ཉེས་མེད་ཉེས་འགེལ་ཡིན་ཚུལ་གྱི་ཁ་བྱང་མེད་པའི་ཡིག་འཆམས་ཐང་འགའ་འདི་གར་འབྱོར་སོང་།་འོན་ཀྱང་ཡིག་འཆམས་དེའི་དོག་པ་སེལ་རྒྱུ་ཕར་ཞོག་དེ་ལས་ཟློག་ཏེ་རྣམ་རྟོག་ཆེར་སོང་བར་བརྟན་དེས་ཐོག་རྒྱལ་ཡོང་མང་གཙོ་ོགས་པ་ནས་དག་སེལ་རམ་ཡང་ན་དེ་དག་དངོས་ཡོད་བདེན་པ་ར་སྤྲོད་བྱེད་རྒྱུ་གལ

    Reply
  9. འབའ་ཐང་གི་བུ། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོ། རྒྱལ་ཡོངས་དམངས་གཙོ་ཚོགས་པས་མཁས་དབང་བློ་བཟང་སེང་གེ་ལ་ནག་ཉེས་ཡོད་མེད་དག་ཐེར་བྱེད་ཕོད་པ་དང༌། དག་ཐེར་བྱས་ཏེ་ནག་ཉེས་མེད་པ་ཕྱི་གསལ་ནང་གསལ་བྱེད་ནའང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ལ་ཁྱད་པར་མི་འགྲོ་བ་སྔོན་ཚུད་ནས་ཤེས་ཡོད་པ་རེད་སྙམ། འོན་ཀྱང༌། ཁོང་ཅག་གིས་བཀྲས་མཐོང་ལ་ནག་ཉེས་ཡོད་མེད་དག་ཐེར་བྱེད་ཕོད་དམ་མི་ཕོད། གལ་ཏེ་དག་ཐེར་བྱས་ཏེ་ནག་ཉེས་ཐོན་ཚེ་ནག་ཉེས་རྣམས་མང་ཚོགས་ལ་ཕྱིར་བསྒྲགས་བྱེད་སྲིད་དམ་མི་སྲིད། འདི་དག་ནི་དྲི་བ་ཡིན།

    Reply
  10. Lhamon says:
    ལོ་ 12 སྔོན།

    ངས་བལྟས་ན་མང་གཙོ་ཚོགས་པས་བཀྲས་མཐོང་ལ་སྐྱོན་བརྗོད་བྱས་པ་དེ་དག དག་སེལ་བྱེད་འདོད་མེད་པ་ཡིན་གྱི་མ་རེད། བཀྲས་མཐོང་པས་སྐུ་དྲག་གི་ལྟ་བ་དང་། དབུས་གཙང་གིས་རྒྱབ་སྐྱོར་ཡོད་པས་མང་གཙོ་ཚོགས་པ་འབྲེལ་བ་གནང་འདོད་མེད་པར་མེད་པར་གཡུགས་རྐྱང་བྱེད་ཀྱི་ཡོད་སྲིད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་བྱེད་སྟངས་དེ་འདྲ་ཞིག་མིན་ནམ་བསམ་པ་དྲན་གྱི་འདུག གནད་དོན་འདི་ངས་ཚོད་དཔག་བྱས་པ་ཡིན། ནོར་ཡོད་ན་དགོངས་དག

    Reply
  11. མི་ཆུང་། says:
    ལོ་ 12 སྔོན།

    རང་རིགས་པ་རྣམས་ཉེས་མེད་སྐྱོན་འཛུགས་བྱེད་རྒྱུར་དགའ་བས་རེད་མ་གཏོགས། བློ་བཟང་སེང་གེ་བཞིན་བཀྲས་མཐོང་ལ་ཡང་སྐྱོན་དམིགས་བསལ་བ་མེད། རྩིས་ཁྲ་ཐོ་མ་ཐུག་པ་དེ་ཡང་ལ་དགས་ཕྱོགས་ནས་རེད། དངུལ་རྩིས་སྐབས་དེ་རང་ལ་འབུམ་དགུ་ཙམ་ཏག་ཏག་མ་བསྡད་པའི་སྐད་ཆ་ཞིག་ཡོད། འོན་ཀྱང་དེ་རྗེས་རིམ་པས་དངུལ་རྩིས་སྐབས་གཙང་མ་གཙང་རྐྱང་ཆགས་ཟིན་པ་ཡོངས་གྲགས་རེད། ལོ་དུས་མ་རྫོགས་པར་དགོངས་ཞུ་གནང་བ་དེར་ཁོང་རང་ཉིད་ལ་རྒྱུ་མཚན་ཞིག་ཏན་ཏན་ཡོད་ངེས་རེད།

    Reply
  12. རྒྱལ་ཐང་ཡོན་ཏན says:
    ལོ་ 12 སྔོན།

    བཀྲས་མཐོང་ལགས་སུ་སྐྱོན་འཛུགས་གནང་བ་རྣམས་དག་རྒྱུ་མེད་པ་རང་དེ་ཨེ་ཡིན་ནམ

    Reply
  13. ཁམས་ཕྲུག་འཇིགས་མེད། says:
    ལོ་ 12 སྔོན།

    ང་ཚོས་ཤེས་དགོས་པ་ཞིག་ལ་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ཞན་ཆ་གཙོ་བོ་ཞིག་ནི་གཞན་གྱི་བྱས་རྗེས་ལ་མི་དགའ་བ་དང་། གཞན་ཡར་རྒྱས་འགྲོ་བར་ཡི་མ་རངས་པར་རྐང་ནས་མཐེན་གང་ཐུབ་བྱེད་ཀྱི་ཡོད། རྒྱུ་མཚན་འདི་གཞི་ལ་བཞག་ནས་ང་ཚོའི་སྤྱི་ཚོགས་ནང་ནས་འབུར་དུ་ཐོན་མཁན་གྱི་སྐྱེ་ཕོ་མོ་དག་ལ་རྒྱབ་སྐྱོར་ཞུ་དགོས།

    Reply
  14. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 12 སྔོན།

    བསེ་རུ་ར་ཡི་གསུང་པར་བདེན།སྤྱི་ཚོགས་ཐོག་དང་དྲ་ཚིགས་ཐོག་ནས་བཀྲས་མཐོང་སྐུ་ངོ་ལ་ནག་ཉེས་མང་པོ་ཡོད་རབས་སྒྲོག་གིན་འདུག་པས་དག་སེལ་གྱི་ཆེད་དུ་གཟུགས་ཅན་དང་གཟུགས་མེད་གང་རུང་གི་གྲིབ་ཟེར་པའི་བསྒྲགས་གཏམ་སྤེལ་རན་འདུག

    Reply
  15. བསེ་རུ་ར། says:
    ལོ་ 12 སྔོན།

    བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག འདི་ནས་གུས་པས་ཀྱང་དོགས་འདྲི་ཞིག་བྱེད། ཁྱེད་ཅག་གིས་བཏོན་པའི་བཀའ་ཁྲིའི་འོས་གཞི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྔོན་བཀའ་ཁྲི་ལས་ཐོག་སྐབས་རྩི་ཁྲ་ཐོ་མ་ཐུག་པའི་དོན་རྐྱེན་ཡོད་སྐོར་དང་། ཡང་ལས་དུས་མ་རྫོགས་པའི་སྔོན་ནས་ཨ་རིར་སོང་། དེ་ནས་ཚུར་ཁ་པར་གྱི་ལམ་ནས་དགོངས་ཞུ་བྱས་པ་ཡིན་སྐོར་ཞིག་དྲ་ལམ་ན་བཤད་ཀྱིན་འདུག ལྷན་རྒྱས་མཆོག་གིས་འདི་དག་ལ་ཞིབ་གཤེར་ཞིག་བྱས་ཏེ་གསལ་སྒྲག་ཞིག་བྱེད་ཐུབ་ན་ཕན་ཁེ་ཧ་ཅང་ཆེ་བར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist