མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་བརྩོན་ལེན་གྱི་འཐབ་བྱུས། ༼བཞི་པ།༽ བོད་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་དང་ལག་བསྟར།

རྡོ་རྗེ་དབང་རྒྱལ། ༼བོད་འབྱོར་རྩོམ་ཡིག༽

བཞི་བ། བཙན་བྱོལ་བོད་གཞུང་གི་ནུས་ཤུགས་གོང་མཐོར་གཏོང་བ།

ཀ གཞུང་ཞབམ་རྣམ་གྱི་ཐོབ་ཐང་ཡར་རྒྱས་གཏོང་བ།

བཙན་བྱོལ་བོད་གཞུང་ནི་བོད་བཙན་བྱོལ་སྤྱི་ཚོགས་མཉམ་གཅིག་ཏུ་སྦྲེལ་བྱེད་ཀྱི་ཁྲག་རྩ་ལྟ་བུ་དང་ཁྲག་རྩ་ནང་གི་ཁྲག་དེ་ཉིན་རེ་བཞིན་འཁོར་རྒྱུགས་བྱེད་དུ་འཇུག་མཁན་ནི་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྣམ་པ་རེད།དེ་བས་གཞུང་ཞབས་རྣམ་པའི་སྒེར་གྱི་འཚོ་ བའི་ཐད་བསྡོད་གནས་དང་བུ་ཕྲུག་སློབ་འཇུག་ནང་མིའི་འཕྲོད་བསྟེན།རྒན་ཡོལ་རྗེས་ཀྱི་འཚོ་བར་འགན་ལེན་གྱིས་རྒན་ཕོག་ལ་སོགས་ཀྱི་ཐད་སེམས་ཁྲལ་གནང་མི་དགོས་པར་ཕུན་ སུམ་ཚོགས་པའི་ཆ་རྐྱེན་བསྐྲུན་དགོས་པ་ནི།བཙན་བྱོལ་བོད་གཞུང་གི་གཡོལ་བཤོལ་མི་རུང་ བའི་འོས་འགན་རེད།དེ་ལྟར་ཡིན་པའི་དབང་གིས་བཙན་བྱོལ་བོད་གཞུང་གི་ངོས་ནས་གོམ་པ་དང་པོ་དེ་གཞུང་ཞབས་རྣམ་པའི་ཟླ་ཕོག་ཆེན་པོ་སྤར་དགོས།

ཁ།    ལས་བྱེད་སྦྱོང་བརྡར།

བཙན་བྱོལ་བོད་གཞུང་གི་གཞུང་ཞབས་དང་བཙན་བྱོལ་བོད་སྤྱ ི་ཚོགས་ཀྱ ི་ལས་བྱེད་ པ་རྣམ་པས་ཧུར་བརྩོན་གྱ ིས་ཞབས་ཞུ་ཞུས་པ་ལ་བརྟེན་ནས་བླ ་ན་མེད་པའི་གྲུ བ་ འབྲ ས་ཐོབ་ཡོད་པ་རེད།    རྒྱུ ན་ཤེས་ལྟར་ན་ལས་བྱེད་སོ་སོའི་ལས་ཀ་དང་འབྲེལ་ ཡོད་སྐོར་གྱི་ཆེད་ལས་ཐད་ཅི་ཙམ་གྱི་ཤེས་བྱ་ལག་རྩལ་ཡོད་ན་དེ་ཙམ་གྱིས་གྲུབ་འབྲས་ལེགས་པོ་བསྐྲུན་ཐུབ་ཀྱིན་ཡོད་པ་ལྟར།བོད་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་ཞབས་དང་ལས་ བྱེད་རྣམ་པར་ཡང་དུས་དང་རྣམ་པ་ཀུན་དུ་ཆེད་ལས་སྦྱོང་བརྡར་རྣམ་པ་འདྲ་མིན་དང་དུས་ ཡུན་འདྲ་མིན། ཐབས་ཤེས་འདྲ་མིན་གྱིས་སྤེལ་བ་ཡིན་ན།བོད་བཙན་བྱོལ་སྤྱི་ཚོགས་ཀྱི་ ལས་བྱེད་པའི་ཆེད་ལས་སྐོར་གྱི་ཤེས་བྱ་དང་ནུས་པ་སྔར་ལས་ལྷག་པར་གོང་འཕེལ་དུ་སོང་ ནས་དེ་བས་ཀྱང་བླ་ན་མེད་པའི་གྲུབ་འབྲས་བསྐྲུན་ཐུབ་གི་རེད།དེ་བས་ལས་བྱེད་སྦྱོང་བརྡར་ སྤྲོད་ཕྱོགས་ཀྱི་ཐབས་ལམ་ཐད་དཔེར་ན།

༡    ཟབ་སྦྱོང་སྤྲོད་མཁན་གྱི་ཆེད་ལས་མཁས་པ་རྡ་རམ་ས་ལར་གདན་ཞུས་ཀྱིས་ རིགས་འདྲའི་ལས་བྱེད་པ་ཕྱོགས་བསྡུས་ཀྱིས་འབྲེལ་ཡོད་ཆེད་ལས་ཟབ་སྦྱོང་སྤྲོད་པ།

༢    དགོས་མཁོ་དང་གནས་ཚུལ་ལ་བརྟེན་ནས་ལས་བྱེད་པ་འདེམས་ཏེ་རྒྱ་གར་གྱ ི་འབྲེལ་ ཡོད་སྡེ་ཚན་དང་སློབ་གྲྭ་ཁག་གི་ནང་འབྲེལ་ཡོད་ཆེད་ལས་ཐད་ཟབ་སྦྱོང་དུ་གཏོང་བ།

༣    དགོས་མཁོ་དང་གནས་ཚུལ་ལ་བརྟེན་ནས་ལས་བྱེད་པ་འདེམས་ཏེ་ཕྱི་རྒྱལ་ཡུལ་ གྲུ་ཁག་གི་འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭ་ཁག་གི་ནང་འབྲེལ་ཡོད་ཆེད་ལས་ཐད་ཟབ་སྦྱོང་ ཆེད་གཏོང་བ།འདིར་གལ་ནན་ཆེན་པོས་ཞུས་རྒྱུ་ཞིག་ནི་གོང་གསལ་གྱི་ཟབ་སྦྱོང་ལས་གཞི་དེ་རིགས་ངེས་པར་དུ་ཞིབ་ཕྲ་ཡིན་པ། (Specific)
གྲངས་ཚད་ལྡན་པ། (Measurable)
སྒྲུབ་ཐུབ་པ།  (Achievable)
དངོས་ཡོད་གནས་ཚུལ་དང་མཐུན་པ། (Realistic)
དུས་ཡུན་གྱི་ཚད་ཡོད་པའི་ (Timely) སྒོ་ནས་འཆར་འགོད་བྱས་ཏེ།
ཟབ་སྦྱོང་གྲུབ་ཟིན་དུས་ཟབ་སྦྱོང་ལ་ཞུགས་པའི་ལས་བྱེད་གང་ཟག་སྒེར་པ་མི་རེ་ངོ་རེའི་ ངོས་ནས་འབྲེལ་ཡོད་ལས་རིགས་ཀྱི་ཤེས་བྱ་དང་ལག་རྩལ་གཏིང་ཟབ་ཏུ་སོང་ཡོད་པ་མ་ཟད།
 ཉིན་རེའི་འབྲེལ་ཡོད་ལས་ཀའི་སྤུས་ཀ་དང་མགྱོགས་ཚད་གྲངས་ཚད་ཀྱི་སྟེང་ནས་སྟོན་ཐུབ་ པའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ལྡན་པར་བྱེད་དགོས།

ག    ཉམས་མྱོང་ཅན་གྱི་ལས་བྱེད་ནང་འདྲེན་ཞུས་རྒྱུ།

བཙན་བྱོལ་བོད་གཞུང་གི་ནུས་ཤུགས་གོང་མཐོར་སྤེལ་བའི་ཆེད་དུ་དེ་སྔའི་བཙན་བྱོལ་བོད་ གཞུང་གི་ལས་བྱེད་རྙིང་པ།ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་ད་ལྟ་གཞི་བསྡོད་ཆགས་ཟིན་ ཡོད་པ་ཚོ་ཕྱིར་གདན་འདྲེན་ཞུས་ཏེ་བོད་བཙན་བྱོལ་སྤྱི་ཚོགས་ལ་རོགས་རམ་ཞུ་རྒྱུ། དེ་ཡང་ཕྱི་རྒྱལ་དུ་གནས་བསྡོད་བྱས་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྙིང་པ་ ཚོས་ལོ་མང་པོའི་རིང་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་ཞུས་པའི་དབང་གིས།ཁོང་ཚོ་ བཙན་བྱོལ་བོད་སྤྱི་ཚོགས་ལ་རྒྱུས་མངའ་ཆེ་ཞིང་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་ ལྡན་པའི་སྟེང་།ལྷག་པར་དུ་ཁོང་ཚོར་བོད་གཞུང་དང་མི་དམངས་ལ་བརྩེ་སེམས་དང་ཤ་ཞེན་ གཏིང་ཟབ་ཡོད་པ་རེད།དེ་ཙམ་དུ་མ་ཟད་ཁོང་རྣམ་པ་ཕྱི་རྒྱལ་དུ་ཕེབས་ནས་རིག་གཞུང་ དང་སྤྱི་ཚོགས་མི་འདྲ་བའི་ཁོར་ཡུག་ཁྲོད་ཉམས་མྱོང་གསར་བ་དང་ཤེས་བྱ་གསར་བ་ལེགས་ གྲས་གང་མང་ཐོབ་ཡོད་པའི་སྟེང་།དེའི་ཁྲོད་ཀྱི་མི་སྣ་མང་པོ་ཞིག་ལ་ཆ་མཚོན་ན་ད་ལྟའི་ཆར་ དཔལ་འབྱོར་དང་འཚོ་བའི་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐད་མཐུན་རྐྱེན་ཕུན་སུམ་ ཚོགས་པ་ལྡན་ཡོད།ཁོ་ཚོའི་གྲས་ཀྱི་མི་སྣ་མང་པོ་ཞིག་ལ་བོད་གཞུང་དང་བོད་བཙན་བྱོལ་སྤྱི་ ཚོགས་ལ་རོགས་སྐྱོར་དང་ཞབས་འདེགས་ཞུས་འདོད་ཀྱི་ཕུགས་བསམ་དྲོན་མོ་ཡོད།དེ་བས་ བོད་གཞུང་བཀའ་ཤག་ནས་བཅོས་མིན་ལྷག་བསམ་གྱིས་ཁོང་རྣམ་པ་ཕྱིར་རྒྱ་གར་ལ་གདན་ འདྲེན་ཞུས་ཏེ།དང་བླངས་དང་ཕྱེད་དང་བླངས་ཀྱིས་བོད་གཞུང་ལ་དུས་ཡུན་རིང་ཐུང་འདྲ་ མིན་ཐོག་རོགས་རམ་ཞུས་སུ་བཅུག་པ་ཡིན་ན།ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་གི་ ནུས་ཤུགས་ཡར་འདེགས་བྱེད་ཐུབ་པ་དང་ཡང་ཕྱོགས་གཅིག་ནས་དང་བླངས་ལས་བྱེད་པ་དེ་ དག་གིས་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ལ་རོགས་རམ་བྱེད་འདོད་ཀྱི་རེ་བ་བཟང་པོ་ དེ་ཡང་བསྐོངས་ཐུབ་ཡོད་པ་རེད།

ཉམས་མྱོང་ཅན་གྱི་ལས་བྱེད་གདན་འདྲེན་ཞུས་པའི་ཆེད་དུ་བོད་གཞུང་བཀའ་ཤག་ནས་ དམིགས་གསལ་འབྲེལ་མཐུད་སྡེ་ཚན་ཞིག་བཙུགས་ཏེ། འབྲེལ་མཐུད་སྡེ་ཚན་དེས་ཕྱོགས་ གཅིག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་གནས་བསྡོད་བཙན་བྱོལ་བོད་མིའི་ལས་བྱེད་རྒན་པ་ཚོར་ འབྲེལ་གཏུགས་ཀྱིས་གནས་ཚུལ་རྒྱུས་ལོན་དང་ཤེས་རྟོགས་ཡོད་པར་བྱེད་པ།ཕྱོགས་གཞན་ ཞིག་ནས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་གཏུགས་ཀྱིས་བཙན་བྱོལ་བོད་ གཞུང་གི་ལྷན་ཁང་ཁག་གི་ནང་གསེས་ལས་ཁུངས་འདྲ ་ མིན་གྱ ི་ལས་རིགས་སྡེ་ཚན་ཁག་ ལ་མཁོ་པའི་རོགས་རམ་བརྩད་བཅད་དེ།ཕན་ཚུན་བར་གྱི་གནས་སྟངས་ཁག་ལ་རྒྱུས་ལོན་ གྱིས་དང་བླང་ལས་ཀ་བཀོད་སྒྲིག་བྱེད་རྒྱུ།ལས་གཞི་འདིའི་ཐད་བཙན་བྱོལ་བོད་གཞུང་ བཀའ་ཤག་གིས་བསྐྲུན་དགོས་པའི་མཐུན་འགྱུར་ཁག་ནི།

༡    བོད་གཞུང་བཀའ་ཤག་གིས་ཁོང་རྣམ་པར་གདན་ཞུས་ཡི་གེ་འབུལ་བ།

༢    བོད་གཞུང་བཀའ་ཤག་གིས་ཁོང་རྣམ་པར་ཉུང་མཐའ་ཡང་ཟླ་བ་གསུམ་གསཡི་ ཞིབ་ཕྲའི་ལས་ཀ་བཀོད་སྒྲིག་བྱེད་པ།

༣    བོད་གཞུང་བཀའ་ཤག་གིས་ཁོང་རྣམ་པར་བསྡོད་གནས་མཁོ་སྤྲོད་བྱེད་པ།

༤    གདན་ཞུས་དང་བླང་ལས་བྱེད་པའི་ཁྲོད་གྲུབ་འབྲས་ལེགས་པོ་བསྐྲུན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་དཔང་ཡིག་དང་ལེགས་སྐྱེས་འབུལ་རྒྱུ།

༼མུ་འགོད།༽

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༣ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 4

  1. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་འདྲ་མུ་མཐུད་དེ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་མཐོང་།

    Reply
  2. བསོད་ནམས། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གིས་མེད་མུག་ཁ་ལ་འཁྱེར་མ་བསྡད་པར་གཞུང་གི་ལས་བྱེད་རྣམ་པའི་གསོལ་ཕོགས་སོགས་མཐུན་རྐྱེན་ཁག་ཡག་ཏུ་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་འདུག དེ་ལྟར་བྱུང་བ་ཡིན་ན་མགོ་བཀའ་བློན་ནས་འོག་གད་པ་ཡན་ཆད་ཕྱི་རྒྱལ་ལ་རྔམས་བསྡད་པ་དེ་ཅུང་ཉུང་དུ་འགྲོ་ངེས་རེད། དེ་མ་ཟད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་རྣམས་ལ་གནས་སྐབས་འཚོ་བ་དང་། ཕྱིས་རྒས་ཁོག་ཆགས་དུས་ཐུགས་ཁྲལ་མེད་པའི་མཐུན་རྐྱེན་སོགས་བྱུང་བ་ཡིན་ན་སེམས་ཤུགས་དང་། བློས་བཏང་ཆེན་པོས་གཞུང་ལ་ཞབས་ཞུ་བསྒྲབ་ངེས་ཡིན། རྒྱུ་མཚན་ནི་མང་ཆེ་བ་མ་འོངས་པའི་འཚོ་བ་ལ་བསམ་བློ་གཏོང་མཁན་ཡིན་པས་དཀའ་ངལ་དེ་སེལ་ཐུབ་ན་བློ་རྩེ་གཅིག་བསྒྲིལ་གྱིས་ཕྱག་ལས་གནང་ངེས་རེད། དེ་ནི་ཁོ་བོའི་བསམ་ཚུལ་ཙམ་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ལྗགས་རྩོམ་འདི་ལྟ་བུ་ནི། ཕན་པ་འབའ་ཞིག་ཏུ་བྱུང་ངེས་པ་འདུག དགའ་བསུ་ཞུ།

    Reply
  4. རྐང་གསུམ། says:
    ལོ་ 16 སྔོན།

    འདི་འདྲའི་རྩོམ་ཡིག་མུ་འགོད་བྱེད་པ་ནི་དོན་ལྡན་ཞིག་རེད། རྡོ་རྗེ་དབང་ཕྱུག་ལ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese