བོད་ཀྱི་འདས་པའི་ལོ་༥༠ལ་བལྟས་ཡོང་དུས། མང་ཆེ་བ་ནི་སེམས་པ་སྐྱོ་བའི་གནས་རེད། དགའ་བ་དང་སྤོབས་པ་སྐྱེད་གཞི་གཅིག་ཡོད་པ་ནི་༧གོང་ས་མཆོག་རང་རེད། ༧གོང་ས་མཆོག་ཆུང་ས་ནས་བཤད་ན་བཙན་བྱོལ་བོད་མི་ཚོར་དམིགས་བསལ་བཀའ་དྲིན་ཆེན་པོ་རེད། ཁོང་གི་མཛད་འཕྲིན་དང་ཁོང་གི་ནུས་པ་ལ་བརྟེན་ནས་བཙན་བྱོལ་བོད་མི་ཚོར་སྡོད་སའི་གནས་ཞིག་རྙེད་ཅིང་། ཤེས་ཡོན་སྦྱང་བའི་གོ་སྐབས་ཞིག་ཐོབ་སྟེ། རང་གིས་ནུས་ན་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲོ་ཐུབ་པའི་སྐལ་བ་སྦྱིན། གོ་སྐབས་དེ་ནི་ཁོང་གི་འཇོན་ནུས་ཁོ་ན་ལས་བྱུང་།
རྒྱ་དམར་གྱིས་བོད་ས་ཡོངས་བཙན་བཟུང་བྱས་རྗེས་བོད་མི་ཁྲི་སྐོར་འགའ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། དེ་ནས་ད་བར་དུ་ནང་ཁུལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་འཐེན་སོགས་མི་འོས་པའི་དོན་ཏག་མང་པོ་བྱུང་ཡོད་ཀྱང་༧གོང་ས་མཆོག་ཡོད་པའི་རྐྱེན་གྱིས་མངོན་གསལ་དུ་བོད་མི་ཚོ་ཁ་འཐོར་བྱུང་མེད།
༧གོང་མ་མཆོག་དང་བོད་གཞུང་དམངས་ཀྱིས་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་དེ་ཞི་བའི་གྲོས་མོལ་གྱིས་བོད་དོན་ཐག་གཅོད་ཡོང་བར་འབད་བཞིན་ཡོད། དེ་ནི་དུས་དང་མཐུན་པའི་བོད་དོན་ཐད་ལམ་ཁ་བཙལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བར་རེ་བ་ཆེ་ཤོས་དེ་ཡིན་པ་ཡོངས་གྲགས་རེད།
དེ་ལྟར་ཀྱང་བཙན་བྱོལ་ཁྲོད་ཀྱི་གཞོན་ནུ་ཚོགས་པ་གཙོས་ཚོགས་པ་རེ་གཉིས་དང་མི་སྒེར་བ་སྤྱི་ཚོགས་ཁྲོད་མངོན་མཁན་ལས་འགུལ་བ་འབོད་པ། སྐུ་དྲག་གི་མི་རྒྱུད་གཙོ་བོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་མཁན་སྐོར་ཞིག་གིས་ཕྱི་རྒྱལ་གྱི་ཚགས་དེབ་རྙིང་པ་འགའ་ན་བོད་རང་བཙན་ཆེད་ཅིག་བྲིས་འདུག་ཟེར་ནས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་ཐག་རིང་གི་སྐད་ཆ་བཤད། འོན་ཀྱང་ཁོང་ཚོའི་མདུན་ན་འགུལ་བཞིན་པའི་བོད་མིའི་དཀའ་ངལ་ཏེ་ས་གནས་དང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར། རང་གི་ཁ་རྒྱབ་ཆེད་དུ་དགྲ་ཕྱོགས་ནས་དངུལ་ཟ་བ། ཕྱི་ཚུལ་ལ་བདེན་བདེན་འདྲ་བའི་དཀྲོགས་གཏམ་ཆེད་བཟོས་ཀྱིས། ༧གོང་ས་མཆོག་དང་བོ་གཞུང་དམངས་ཀྱི་བོད་དོན་ཐག་གཅོད་ཀྱི་དགོངས་གཞིར་འགལ་རྐྱེན་བཟོས་ཏེ།ང་ཚོའི་འཕྲལ་ཕུགས་ཀྱི་ལས་དོན་བསྒྲུབ་པར་འགོག་རྐྱེན་དང་གཅིག་སྒྲིལ་ལ་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་ཀྱང་། གནད་དོན་དེ་དག་སྣང་མེད་དུ་བཞག་སྟེ་ད་དུང་མི་ཚང་གཉིས་ཀྱི་གནད་དོན་རེད་ཟེར་ནས་ཆུང་ཆུང་བཟོ། འདིས་སྟོན་བཞིན་པ་ནི་མི་དེའི་རིགས་ལ་དཀའ་ངལ་ཆེ་ས་དང་གནད་འགག་ཡོད་སར་ཁ་གཏད་གཅོག་པའི་ནུས་འཇོན་མེད་པ་དེ་སྟོན། དེ་ལས་བོད་རང་བཙན་གླེང་བསྡད་ན་རང་ཕྱོགས་ནས་ཉེན་ཁ་ཅི་ཡང་མེད་ཅིང་། རང་ཉིད་སྤྱི་ཚོགས་ཁྲོད་མངོན་ཡང་བདེ་ལ་མཐོང་ཡང་ཡོད་པ་ཞིག་རེད།
དངོས་གནས་བོད་དང་བོད་མིར་ཕན་པའི་ལས་ཀ་བྱེད་འདོད་ན། གཞན་བསྟུན་མི་དགོས་པར་ང་ཚོའི་བྱེད་ཐུབ་པའི་ལས་ཀ་མང་སྟེ། བཙན་བྱོལ་ཁྲོད་དུ་བོད་མིའི་ངོ་བོ་རྒྱུན་གནས་ཐུབ་ཐབས་སུ་སྐད་ཡིག་དང་གོམས་གཤིས་བཟང་བོའི་རིགས་ཉམས་པ་ལས་སྐྱོབ་པ། གཞི་རྩའི་རང་དབང་འཐབ་རྩོད་པ་ཞིག་ལ་ཚང་དགོས་པའི་ནང་བསམ་བློའི་འཛུགས་སྐྲུན་བརྟན་པོ་ཞིག་ཤུན་ཏུ་ནས་གལ་ཆེ་མོད།དེ་འདྲའི་རིགས་ལ་ཅི་ཡང་མི་བྱེད་པར་སྒྲ་ཙམ་གྱི་བོད་རང་བཙན་གླེང་། འདིས་༧་གོང་ས་མཆོག་དང་བོད་གཞུང་གི་དགོངས་གཞི་བཞིན་བོད་དོན་ཆེད་དུ་རྒྱ་གཞུང་དང་སྐད་ཆ་བཤད་སྐབས་ལག་པ་འཇུ་ས་ཞིག་དང་དོགས་པ་ཟ་ས་ཞིག་ཡོང་གིན་ཡོད།
མི་ཚང་མ་བསམ་ཚུལ་གཅིག་པ་མིན་ལ་བསམ་ཚུལ་མང་པོ་ཡོད་པ་དེ་དམངས་གཙོའི་ཁྱད་ཆོས་ཤིག་ཏུ་ཡིན་རབས་གླེང་སྟེ། འགན་ཁུལ་མེད་པ། དོན་དངོས་དང་མི་མཐུན་པ་མང་པོ་ཞིག་སེམས་ཤུགས་ཆེ་མདོག་གིས་ས་སྒྲོག་གནམ་སྒྲོག་བྱེད་ཅིང་། དོན་དངོས་ང་ཚོ་ནི་བཙན་བྱོལ་བ་ཞིག་ཡིན་པ་དང་ང་ཚོའི་གནས་སྟངས་ལ་གཞིགས་ནས་གོམ་པ་རྒྱག་དགོས།རྒྱལ་ཁབ་དངོས་གནས་ཞིག་ཏུ་བསམ་ཚུལ་མ་འདྲ་ཡོད་པ་དེས་ཡར་རྒྱས་དང་ཐབས་ལམ་གསར་རྙེད་ལ་ཕན་ཀྱང་། ང་ཚོའི་སྤྱི་ཚོགས་ནི་བཙན་བྱོལ་སྤྱི་ཚོགས་ཤིག་ཡིན་ལ་དེ་ལ་དཔགས་པའི་ནུས་པ་ཞིག་ལས་མེད་དུས། ང་ཚོའི་བསམ་བློས་ང་ཚོ་གཅིག་གྱུར་བཟོ་མ་ཐུབ་ན་གཞན་ང་ཚོ་གཅིག་གྱུར་བཟོ་ཐས་ཅང་མེད། དེར་བརྟེན་ང་ཚོར་བསམ་བློ་གཅིག་ལ་བསྒྲིལ་རྒྱུ་ནི་ང་ཚོའི་ཁ་སྟབས་ཀྱིས་དགོས་མཁོ་ཞིག་ཀྱང་རེད།
དུས་རབས་འདི་ནི་བརྡ་འཕྲིན་དུས་རབས་རེད། ལས་དོན་ཆེ་ཕྲ་གང་ཡིན་ཡང་རྣམ་དཔྱོད་ཀྱིས་ཐག་གཅོད་པའི་སྐབས་རེད། མི་རེ་རེ་གློག་ཀླད་རེ་རེའི་མདུན་དུ་བསྡད་དེ་བོད་དོན་བསྒྲུབ་རྒྱུ་དང་རྩོད་རྒྱུ་ཡོད། ཡིན་ནའང་བྱེད་དགོས་པའི་ལས་ཀ་དེ་རིགས་བཞག་སྟེ། རྒྱ་ནག་གི་གཞུང་ཚབ་ཁག་ཏུ་བརྒྱུགས་ཏེ་ངར་ངར་བྱེད། དེས་ས་གནས་གཞུང་དང་ཉེན་རྟོག་པ་དག་སུན་པོ་བཟོ་བ་ཙམ་མ་ཟད།བོད་མིའི་ཐོག་ལྟ་སྟངས་ལའང་ཤུགས་རྐྱེན་ཡོང་གི་ཡོད་ཅིང་། ད་དུང་དེའི་ཁར་རྒྱ་ནག་གཞུང་གིས་གནོད་ཤུགས་དང་འབྲེལ་རྒྱ་བལ་གྱི་བོད་མིའི་གཞིས་ཆགས་བརྟན་གནས་དང་འགྲོ་འདུག་ལའང་ཉེན་ཁ་གསར་བ་ཞིག་ཡོང་གི་ཡོད།
བོད་རང་བཙན་སྒྲོག་མཁན་ཚོ་ཕྱོགས་གཞན་ཞིག་ནས་བཤད་ན། ཁོང་ཚོའི་གྲས་སུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་མཁན་ཧ་ཅང་ཧ་ཅང་གི་དཀོན། ཁོང་ཚོར་མཚོན་ན་བོད་ཡིག་མི་དགོས་ལ་ཕན་ཡང་མི་ཐོགས། དེས་མཐོང་དང་རིན་ཐང་མི་སྤྲོད། དེས་ཁ་རྒྱབ་ལ་ཕན་མི་ཐོགས་པའི་འདུ་ཤེས་ཞིག་བཟུང་ཡོད། རང་གི་ཚོགས་སྡེ་དང་རང་སྟེང་ནས་བོད་པའི་སྐད་ཡིག་དང་རིག་གནས་ལ་རང་བཙན་ཕལ་ཞོག་རང་སྐྱོང་ཙམ་ཡང་ཡོང་གི་མེད། རང་སྟེང་ན་བོད་པའི་སྐད་ཡིག་དང་རིག་གནས་ཀྱི་དྲི་མ་རྣལ་མ་ཞིག་དགོས་པ་ནི་རང་བཙན་རྩོད་མཁན་ཡིན་ད་ཡིན།རང་སྐྱོང་རྩོད་མཁན་ཞིག་ཡིན་ནའང་འཛོམས་དགོས་པའི་ཐོག་མའི་ཆ་རྐྱེན་དེརེད་འདོད། དེ་མེད་ན་རང་བཙན་དང་རང་སྐྱོང་རྩོད་པའི་རང་སྟེང་ནས་ཐོབ་ཐང་དེ་བརླགས་པ་རེད།
རྒྱ་ནག་གཞུང་གི་བོད་ཐོག་བཟུང་བའི་སྲིད་ཇུས་ག་འདྲ་རེད། བོད་དང་བོད་མིའི་གནས་སྟངས་ག་འདྲ་རེད། བོད་དུ་བོད་མི་ཚོར་ཅི་ཞིག་དགོས། ཉེན་ཁ་ཅི་ཞིག་བོད་ལ་འབྱུང་བཞིན་ཡོད། དེ་དག་གཞི་ལ་བཞག་སྟེ་ལས་འགུལ་སྤེལ་དགོས། འོན་ཀྱང་གཏམ་ཡན་ག་བ་རེ་ལིང་ལ་བཏོན་ནས་སྒྲོག་པ་སྟེ་བོད་མི་ཚོ་འགྲོ་མིའི་ཐོབ་ཐང་དགོས་ཟེར། འགྲོ་བ་མིའི་ཐོབ་ཐང་ནི་རྒྱ་ནག་རྒྱལ་ཡོངས་ལ་མེད་དུས་བོད་ལ་གང་ནས་ཡོང་། བོད་མིའི་དཀའ་ངལ་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་དེ་གཙོ་བོ་མ་རེད་ལ། བོད་དུ་རྒྱ་མི་མང་པོ་གནས་སྤོ་བྱེད་བཞིན་པའི་དཀའ་ངལ་དེ་སྡུག་ཤོས་རེད། གནས་སྟངས་དེའི་འོག་བོད་མིའི་ངོ་བོ་ནག་བསུབ་དང་རྩ་སྟོང་དུ་འགྲོ་བཞིན་ཡོད།
མཚམས་རེར་རང་བཙན་སྒྲོག་མཁན་ཚོས་རང་གི་དགོས་མཁོ་ཞིག་གི་ཆེད་དུ་གཞིས་སྡོད་བོད་མི་ཚོ་རང་གི་ཕྱོགས་སུ་འཐེན་སྟེ། ཁོང་ཚོའི་མངོན་འདོད་བོད་རང་བཙན་རེད་ལ་དེ་ང་ཚོས་བདག་རྒྱག་དགོས་པ་རེད་ཟེར་ནས་བསྒྲགས། སྐད་ཆ་འདི་དག་དྲང་གཏམ་མ་རེད། གཞིས་སྡོད་བོད་མི་ཡོངས་རྫོགས་༧གོང་ས་མཆོག་གི་གསུང་བརྩི་མཁན་རེད་ལ་བཀའ་དགོངས་བཞིན་འགྲོ་མཁན་ཡང་རེད། ཁོང་ཚོས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་འདུན་པ་ཤུགས་ཆེན་འདོན་བཞིན་པ་དག་ཚོད་ཚོད་ལ་སྣང་མེད་དུ་བཞག་ན་དྲང་མོ་མ་རེད།
རང་བཙན་སྒྲོག་མཁམ་ཚོའི་སྐད་ཆ་བཤད་སྟངས་སྙིང་རྗེ་བོ་ཡིན་སྟེ། ༧གོང་ས་མཆོག་གི་དགོངས་གཞི་བཞིན་སྒྲུབ་འདོན་མེད་པ་དེ། ཁོང་ཚོས་བཤད་ན་༧གོང་ས་མཆོག་བྱང་ཆུབ་སེམས་དཔའ་རེད། ཁོང་གི་དགོངས་གཞི་ལྟར་ང་ཚོ་མི་ཕལ་བ་ཚོ་འགྲོ་མི་ཐུབ་ཟེར། སྐད་ཆ་བཤད་སྟངས་དེ་ནི་གསུང་ཡང་བརྩི་མི་དགོས་ལ་བོད་པའི་སྤྱི་ཚོགས་ཁྲོད་ནས་༧གོང་ས་མཆོག་ལ་གུས་བརྩི་མེད་པའི་མིང་ངན་ཡང་རེག་མི་དགོས་བའི་གོ་གཉིས་ཆོད་ཅིག་རེད། ༧གོང་ས་མཆོག་གི་བོད་དོན་ཆེད་དུ་དགོངས་བ་བཞེས་སྟངས་ནི་བོད་རང་བཙན་སྒྲོག་མཁན་ཚོ་ལས་དགོངས་བ་རྒྱ་ཆེ་བ།གཏིང་ཟབ་པ།གཞིས་སྡོད་བོད་མིའི་བདེ་སྡུག་དང་དཀའ་ངལ་དངོས་དང་མཐུན་པ་ཡོངས་གྲགས་རེད།
ད་དུང་རང་བཙན་སྒྲོག་མཁན་ཚོས་བཤད་ན་ང་ཚོའི་འཇུ་ས་བརྟན་པོ་ཞིག་དང་རྒྱ་ཆེ་ས་ཞིག་ལ་བསམ་བློ་གཏོང་དགོས་ཟེར། འཇུ་ས་བརྟན་པོ་དང་རྒྱ་ཆེ་སར་བསམ་བློ་གཏོང་བར་ནས་བོད་དང་བོད་མི་རིགས་ཟེར་བ་དེ་ཡོངས་སུ་རྩ་བརླག་ཏུ་འགྲོ་བཞིན་ཡོད། ཡིན་ནའང་ད་དུང་འཕྲལ་དུ་ཉེན་ཁ་དེ་ལས་སྐྱོབ་ཐབས་མི་བྱེད་པར་དེ་ལས་ཐག་རིང་ཐག་རིང་གི་གནས་ལ་སྨོན། དེ་ནི་བོད་མི་ཚོའི་ད་བར་དུ་དགྲ་འདུལ་གཉེན་སྐྱོང་གི་འཚོ་སྡོད་ལ་དོ་སྣང་གི་ཚབ་ཏུ་དེ་ལས་ཐག་རིང་ཐག་རིང་ཞིག་ལ་དོན་གཉེར་བྱས་པའི་ཉེར་ལེན་ལས་བོད་རྒྱལ་ཁབ་བོར་བ་དང་འདྲ།
ད་ཡོད་ཀྱི་བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་ནི་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་མ་རེད།འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བྱུང་བ་རེད་ཅེས་རང་བཙན་སྒྲོག་མཁམ་ཚོས་བཤད། རྒྱལ་སྤྱིའི་རྒྱབ་སྐྱོར་དེ་ནི་དབུ་མའི་ལམ་དང་འཚེ་མེད་ཞི་ལམ་གཉིས་ཆར་བརྟེན་ནས་བྱུང་བ་ཞིག་རེད་ལ།དེ་གཉིས་ཀ་༧གོང་ས་མཆོག་གི་ཐུགས་དགོངས་དང་མཛད་འཕྲིན་གྱི་ཆ་ཤས་རེད། དོན་དངོས་ལ་བསྙོན་པའི་སྐད་ཆ་འདི་འདྲས་རྒྱུས་མངའ་ཉུང་བ་འགའ་ལ་བདེན་པ་འདྲ་བའི་སྣང་བ་རེ་ཡང་སྤྲོད་ཀྱིན་ཡོད།
རང་བཙན་སྒྲོག་མཁམ་ཚོའི་བྱ་སྤྱོད་འགར་རང་ཉིད་ཀྱིས་བསམ་ཚུལ་སྤེལ་ཏེ་དགེ་སྐྱོན་གླེང་བའི་ཁུལ་ཡིན། འདི་ལ་ལྟ་ཚུལ་འདྲ་མིན་ཡོད་པ་གཞི་བཞག་ཡིན་པས་དགོངས་ཚུལ་གསུངས་ན་དགའ་བསུ་ཞུ།
ཁོ་བོས་བློ་བརྟན་ལ་འབོད་པ་བཏང་ནས་ད་ནི་བདུན་ཕྲག་གཅིག་སོང་རུང་ད་དུང་མཇལ་རྒྱུ་མི་འདུག གཅིག་བྱས་ན་ང་འབོད་པ་པོ་ཆུང་དྲགས་པས་ཡིན། གཅིག་བྱས་ན་ཁོང་ལ་ཕྱག་ལས་གལ་ཆེན་རེ་བྱུང་བ་ཡིན་རྒྱུ་རེད། ཡང་གཅིག་བྱས་ན་ལན་མེད་པར་ས་འོག་ཏུ་ཡིབ་ནས་ཡོད་ས་རེད། ཨ་ལ་དེ་འདྲ་ཡིན་དོགས་མེད། ཁོང་ལ་རྒྱུ་མཚན་དང་དགོས་པ་མེད་ན་ཁོང་གིས་རྒྱལ་ཁབ་ཅིག་གི་སེམས་པ་གསོད་པའི་འཆལ་གཏམ་དེ་འདྲ་ཞིག་སྤེལ་ནས་གར་སོང་ཆ་མེད་དུ་འགྲོ་བ་ནི་རིག་པ་ཅན་ཞིག་གི་བྱེད་ཚུལ་མིན།
ཁོང་གི་སྐུ་ཚབ་ལ་ཀརྨ་ལགས་ཁོ་བོའི་ཟིན་བྲིས་འདིར་ཕེབས་མི་ཐུབ་ན་ཡང་ཟིན་བྲིས་དེའི་མཇུག་ཏུ་ཡང་ཡང་ཕེབས་ནས་རང་ཕྱོགས་འཛིན་གནང་གི་འདུག སྤྱིར་ཁོ་བ་དག་གིས་གཞན་གྱི་ལྟ་བ་ལ་དམའ་འབེབས་བྱས་པ་སོགས་ལ་ལན་འདེབས་རིན་མེད་མོད་དོན་གནད་རེ་ཟུང་ནི་ལན་འདེབས་ཞུ་དགོས་ངེས་རེད།
ཀརྨ་ལགས་ཀྱི་གསུང་སྔ་ཕྱི་དག་གི་ནང་དུ་ལན་འདེབས་དགོས་པ་ཕྱོགས་བསྡུས་བྱས་ནཿ
༡། འབྲུག་སོགས་ལ་དཔེ་བླངས་ན་རྒྱལ་ཁབ་ཆུང་ན་དཔལ་འབྱོར་ཡར་རྒྱས་མི་ཡོང་བའི་དགོངས་ཚུལ་གཅིག
༢། གཞོན་ནུའི་ལངས་ཕྱོགས་ཀྱིས་དབུ་མའི་ལམ་འགྲུབ་པར་ལ་གནོད་ཀྱི་ཡོད་པ།
༣། དབུ་མའི་ལམ་འདི་ལོ་ཤས་ནང་ཡོང་རྒྱུ་ཡིན་པ་ བཅས་གསུམ་འདུག
དང་པོ་ལཿ གུས་པ་ནི་དཔལ་འབྱོར་རིག་པ་སྦྱང་མྱོང་མཁན་ཞིག་མིན་པས་འདིའི་ཐད་དུ་ཚོད་དཔགས་བྱེད་རྒྱུ་ཙམ་ལས་མེད་པར་དགོངས་དག་ཞུ། ཚོད་དཔགས་དེ་གང་ཡིན་ཞེ་ནཿ འཛམ་གླིང་གི་ཕྱུགས་ཤོས་སུ་བརྩི་བའི་རྒྱལ་ཁབ་ནོར་ཝེ། སཝེ་ཌན། སུ་སི་སོགས་ལ་ས་ཁྱོན་བོད་ལས་བཅུ་འགྱུར་གྱིས་ཆུང་བ་དང་མི་འབོར་སུམ་ཆ་གཅིག་གིས་ཉུང་བ་ཡོད། ཨེ་ཤི་ཡ་ཡི་ནང་ལ་མཚོན་ན་སིང་ག་པུར་ལ་ས་ཁྱོན་ཀི་ལོ་མིར་ཏར་གྲུ་བཞི་མ་༧༠༠་ཙམ་དང་མི་འབོར་ས་ཡ་༥་ལས་མེད་པ་དང་ལྷོ་ཀོ་རི་ཡ། ཐའེ་ལནཌ་འཇའ་པན་སོགས་དྲགས་རིགས་དྲགས་ཚད་ལ་ས་ཁྱོན་བོད་ལས་ཆུང་ན་ཡང་དཔལ་འབྱོར་འཛམ་གླིང་གི་རྩེ་མོ་ན་འགྲོ་བཞིན་འདུག མདོར་ན་རྒྱལ་ཁབ་ཆུང་ན་དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་སྤྱི་འགྲོས་དེ་དཔལ་འབྱོར་རིག་པའི་ཐོག་ནས་གསུང་རོགས་ཞུ། ཞོར་ལ་མིའི་ཚོགས་སྡེ་ཞིག་ལ་མཚོན་ན་འཚོ་གནས་ཀྱི་འཕྲོར་རང་བཙན་ལས་གལ་ཆེ་བ་ཞིག་མེད་ཅེས་ཞུ་རྒྱུ་ཡིན། རྒྱལ་ཁབ་ཅིག་ལ་མཚོན་ན་འཚོ་གནས་ནི་རང་བཙན་རེད།
མདོར་ན་བོད་ལ་རང་བཙན་རག་དུས་དཔལ་འབྱོར་ཉམས་འགྲོ་བ་དང་། ལྷག་པར་དུ་དཔལ་འབྱོར་ཐོག་སུ་ལ་ཡང་འབྲེལ་བ་བྱེད་ཆོག
གཉིས་པ་ལཿ སྤྱིར་ན་ཀརྨ་ལགས་ཀྱི་རྩོམ་གཤིས་སུ་བལྟས་སྐབས་རང་ཉིད་ཀྱི་རྣམ་རྟོག་གི་མཚོན་མང་ཙམ་བཀུས་ཡོད་པའི་སྣང་བ་ཞིག་བདག་གི་ཁྱི་ཁོག་ཏུ་འཆར་གྱི་འདུག དེ་ནི་ནོར་འཁྲུལ་ཡིན་སྲིད་ན་ཡང་གཞོན་ནུའི་ལངས་ཕྱོགས་ཀྱིས་དབུ་མའི་ལམ་གྱི་འབྲས་བུ་སྨིན་པར་གནོད་གསུང་བ་བརྒྱ་ཆའི་0.01ཙམ་གྱི་གནོད་པ་ཡོད་སྲིད། འོན་ཀྱང་གནོད་པ་བརྒྱ་ཆའི་99.99་ནི་རྒྱ་གཞུང་རང་ཉིད་ཡིན། གལ་སྲིད་རྒྱ་གཞུང་ལ་གྲོས་མོལ་དུ་ཞུགས་པའི་འདུན་པ་ཡོད་ནས་གཞོན་ནུའི་ལངས་ཕྱོགས་དེས་བྱེད་མི་བདེ་བ་ཞིག་ཡོད་ན་རྒྱ་གཞུང་གིས་ཁ་གསང་གི་རེད། སྔོན་མ་སྲིད་བློན་ཀླུ་ཁང་བ་ཁོ་བོ་ཅག་ལ་གནོད་ཀྱི་འདུག་པས་དགོངས་པ་ཞུ་བཅུག་དགོས་ཞེས་༧གོང་ས་མཆོག་ལ་ཞུས་ནས་ཁོང་གིས་དེ་ལྟར་གནང་ཡོད། དེ་འདྲ་བ་ཞིག་ད་ལྟའི་སྐབས་སུ་ཡང་ཡོང་ཆོག མདོར་ན་རང་ཅག་བསམ་བློ་འཁྱེར་ཕྱོགས་མི་འདྲ་བ་འདི་ཡ་མཚན་ཞིག་རེད། ངའི་སྣང་ངོ་ལ་ནི་ “གལ་སྲིད་ཏཱ་ལའི་བླ་མས་ཐེ་ཝན་རྒྱ་ཁུངས་ཡིན་པ་ཁས་བླངས་ན་དང་བོད་འདི་ལོ་རྒྱུས་ཐོག་རྒྱ་ཁོངས་ཡིན་པར་ཁས་བླངས་ན་གྲོས་མོལ་གྱི་སྒོ་ཕྱེས་ཡོད་དོ།”་རྒྱ་མིའི་ཚིག་དུམ་བུ་འདིས་འོག་ནས་ “ཏཱ་ལའི་བླ་མ་དང་ལྷན་དུ་སྐད་ཆ་ནམ་ཡང་ནམ་ཡང་བཤད་འདོད་རྩ་བ་ནས་མེད་དོ།”་ཞེས་པ་ཞིག་དངོས་སུ་བསྟན་པ་ལས་གསལ་བ་ཞིག་གོ་གི་འདུག་ན་ཡང་ཁྱེད་ཅག་གིས་དེ་ལྟར་མི་གོ་བ་འདི་ཡ་མཚན། དེ་ལྟར་ད་ལྟ་བར་དུ་གྲུབ་འབྲས་མ་སོན་པ་དེ་གཞོན་ནུ་སོགས་མིན་པར་རྒྱ་གཞུང་ཁོ་རང་ལ་ལན་པར་མཐོང་།
མདོར་ན་གཞོན་ནུ་དང་༧གོང་ས་མཆོག་གཉིས་དབུ་མའི་ལམ་གྱི་ཐོག་འབྲེལ་བ་རྩ་བ་ནས་མེད། དེ་ཁོ་ཚོས་ཧ་ཡང་གོ་གི་ཡོད། གལ་སྲིད་འབྲེལ་བ་ཡོད་ཟེར་ན་༧གོང་ས་མཆོག་ཁ་ཞེ་མི་མཚུངས་བར་སྒྲུབ་པ་ཡིན།
གསུམ་པ་ལཿ ཁྱེད་ཀྱིས་“ང་ཚོ་དབུ་མའི་ལམ་ལ་བརྟེན་ནས་ལོ་ཤས་ནང་ལ་གྲུབ་འབྲས་ཐོན་པ་ཡིན་ན།་་་”ཞེས་ཧ་ཅང་བསམ་བློ་སྟབས་བདེ་ཞིག་བཏང་འདུག་པ་འདི་མཐོང་སྐབས་ངས་གོང་གི་ལན་གཞན་དག་འདེབས་པའི་ངལ་བ་འབྲས་མེད་མིན་ནམ་སྙམ་པ་ཞིག་བྱུང་། བཤད་སྟངས་འདི་རིགས་ཀྱིས་དབུ་མའི་ལམ་འདི་ཇི་འདྲའི་ཁ་ཡོད་ལག་ཡོད་མིན་པ་མཐོང་བ་ལྟ་བུ་ཞིག་འདུག གལ་སྲིད་ངོ་མ་དབུ་མའི་ལམ་འདི་ལོ་ཤས་ནང་གྲུབ་འབྲས་སོན་རྒྱུ་ཞིག་ཡིན་པའི་རྟགས་དང་རྒྱུ་མཚན་ཡང་དག་གསུང་རྒྱུ་ཡོད་ན་ངས་དེ་རིང་ནས་རང་བཙན་གྱི་ལྟ་བ་སྐྱུར་ངེས་ཡིན།
མདོར་ན་གལ་སྲིད་ལོ་ཤས་ནང་གྲུབ་འབྲས་སོན་པ་ཡིན་ན་ངོ་མ་ཁྱེད་ཀྱིས་གསུང་རྣམས་འོང་ཐུབ་སྲིད། འོན་ཀྱང་དབུ་མའི་ལམ་ནང་དུ་དེ་དག་གསལ་ཡོད་དམ། མེད་པའ།
གསུང་ལན་ལྷུག་པོ་ཡོང་ཆེད་ཁོ་བོའི་ཟིན་བྲིས་ནང་དུ་ཕེབས་པར་ཞུ།
https://tibettimes.net/wordpress/blogs.php?id=343&post_id=11002
དབུ་མའི་ལམ་ཆེན་མཐར་བསླེབས་ན། །
ཆབ་སྲིད་བཙོན་གྲོལ་མི་ཐོབ་སམ། །
ཆབ་སྲིད་བཙོན་གྲོལ་བྱུང་ནས་བཟུང་། །
བོད་རིགས་སྙིང་སྟོབས་མི་འཕེལ་ལམ། །
བོད་ལ་རང་བཙན་མེད་ན་ཡང་རང་བཙན་ཡོད་པ་ལས་ལྷག་ཙམ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་ལམ་ཁ་མེད་པ་མ་རེད། གསུང་བ་འདིའི་གནད་དོན་ཁོ་བོས་ཡེ་ནས་མི་རྟོགས། འདི་ཐམས་ཅད་དེར་ཕེབས་ནས་གསུང་རོགས་ཞུ།
གསུངས་པ་འདི་ལ་རོབ་ཙམ་ཞུ་ན། ༡༽ང་ཚོ་དབུ་མའི་ལམ་ལ་བརྟེན་ནས་ལོ་ཤས་ནང་ལ་གྲུབ་འབྲས་ཐོན་པ་ཡིན་ན། ང་ཚོའི་འདས་པའི་དཀའ་ངལ་འགའ་ཞིག་ལམ་སེང་བརྗེད་མི་ཐུབ་ན་ཡང་།
༢༽གཉིས་མོས་བྱུང་བའི་ཉིན་འདི་ནས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློད་གྲོལ་ཐོབ་བགྱི་རེད། དེས་ང་ཚོའི་སྙིང་གི་ན་ཚ་གཉིས་པ་དེ་ཡང་བསང་སོང་ང་།
༣༽ཡང་དེ་ནས་པཎ་ཆེན་ཡང་སྲིད་སོགས། ང་ཚོའི་རྒྱའི་ཆབ་སྲིད་ལ་ད་ཕན་འདོགས་མི་འདུག་ཟེར་ནས། དེ་ཡང་ང་ཚོར་ཆོས་དད་རང་དབང་ཐོབ་བགྱི་རེད།
༤༽དེ་ནས་བོད་རིགས་མིན་པའི་ཕྱི་སྡོད་མི་རིགས་གནད་དོན་དེ་ཡང་རིམ་པས་སེལ་ངེས་པ་མ་རེད་པེ། ཐུགས་སེམས་ཡག་པོ་བཞེས་རོགས་གནང་དང་། འདི་ཚོ་ངའི་སྨིན་ལམ་རེད། ང་མ་ཤི་གོང་དུ་འདི་འདི་ཐམས་ཅད་མཐོང་འདོད་ཡོད་མཁན་ཅིག་ཡིན། འོན་ཀྱང་རང་བཙན་ནི། ངས་མི་ཤེས། འདི་ལ་སླར་ཡང་དགོངས་འགལ་མེད་པ་ཞུ་རྒྱུ་ལས་མ་འདས། དགོངས་དག
དངོས་གནས་གཡག་རིན་པོ་ཆེས་གསུངས་པ་བཞིན་དུས་བབ་ནས་འཐེན་འཁྱེར་ཆེན་པོ་བྱེད་ཀྱི་འདུག གུས་པས་ཀྱང་གནས་ཚུལ་འགའ་བྲིས་པ་ཡིན། དེ་དག་རྩ་བ་ནས་འདོན་སྤེལ་གནང་མ་སོང་། ངས་དྲ་རྒྱ་འདིའི་སྐོར་མི་མང་པོ་ཞིག་ལ་བསྔགས་བརྗོད་བྱས་པ་ཡིན། ད་ཆ་སྐྱོན་བརྗོད་ཞུ་ས་ཞིག་ཆགས་ཉེན་འདུག་ན། འདིའི་ནང་བསམ་ཚུལ་ལེགས་ཉེས་ཇི་འདྲ་ཞིག་ཡིན་རུང་མི་འགའ་ཤས་ཀྱིས་བྲིས་པ་དེ་དག་གཅིག་རྗེས་གཉིས་མཐུད་ཐོན་ཡོང་གི་འདུག འོན་ཀྱང་ང་ཚོས་བྲིས་པ་ཐེངས་དང་པོ་དེ་ཐོན་པ་ལས་དེའི་འཇུག་ཏུ་གནས་ཚུལ་གང་བྲིས་ཀྱང་བདག་པོ་གནང་གི་མི་འདུག་པར་བློ་ཕམ་ཡོད། གནས་ཚུལ་འདི་འདོན་སྤེལ་གནང་མདོག་ཁ་པོ་མ་རེད། ཡིན་ནའང་ཕྲན་ནས་གནས་ཚུལ་འདི་གཙོ་བོ་དུས་བབ་ཚང་ལ་ཞུ་ཡི་ཡོད།
དུས་བབས་ཚང་ལ།
དྲ་ཐོག་འདིར་དགོས་ངེས་བྱུང་ན་ཁ་པར་ཨང་གྲངས་འཇོག་གི་ཡིན་ཟེར་མཁན་དེ་དག་གི་བསམ་འཆར་འདིར་བཀོད་འདུག་ཀྱང་ངས་གནས་ལུགས་བརྗོད་པའི་བསམ་ཚུལ་ཁ་ཤས་བྲིས་ཡོད་ཀྱང་དེ་དག་འདོན་སྤེལ་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། འདི་ཡང་འཐེན་འཁྱེར་དང་འབྲེལ་བའི་རྒྱུ་མཚན་ཡོད་པ་མ་རེད་དམ། དགོངས་དག
༧༧༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༥ གི་ཆུ་ཚོད་ ༡ སྐར་མ་ ༢༡
བོད་ས་རྒྱ་ས་ཐ་དད་སོ་སོ་རེད། །
བོད་ནང་རྒྱ་མང་རྒྱ་ནང་བོད་རིགས་ཡོད། །
མཉམ་གནས་དབང་གིས་བསྡུས་ནུས་རྒྱ་ལ་ཡོད། །
ཞི་འཇམ་བདེ་འཇགས་གཏོང་ནུས་གངས་བོད་ཙམ། །
རྒྱ་འོག་སྡོད་འདོད་མེད་མཁན་ང་ཡང་ཡིན། །
རྒྱ་མཉམ་འདྲ་མཉམ་བྱུང་མིན་ང་ཡང་འཇིགས། །
འོན་ཀྱང་རྒྱ་ཡི་སྡུག་རྩུབ་གཉེན་ཕྲང་དང་། །
འཛམ་གླིང་འགྱུར་འགྲོས་མྱུར་བའི་ཁེ་ཕན་སོམས། །
སྔར་གྱི་དུས་སུ་བོད་རྒྱ་ཐ་དད་རེད། །
བར་གྱི་དུས་སུ་རྒྱ་བོད་ཅུང་ཟད་འདྲེས། །
བོད་ས་བྲལ་དྭོགས་རྒྱ་ཡི་སྡུག་བསྔལ་དང་། །
རྒྱ་ཡུལ་ཕན་ཐབས་བོད་ཀྱི་རེ་གདུང་ལ། །
སྨན་པ་༧ཏྰ་ལའི་བླ་མར་བསྟེན་གཏུགས་དགོས། །
སྨན་དངོས་དབུ་མའི་ལམ་ལ་ཉམས་ལེན་མཛོད། །
སྨན་གཡོག་ཁྱིམ་མཚེས་རྒྱལ་ཁབ་མིག་དཔེར་ལོངས། །
རྒྱ་བོད་སྐྱབས་གསུམ་གཉིས་པར་སྐྱབས་འགྲོ་གྱིས། །
ཀརྨ་ལགས་སོགས་ཁྱེད་ཅག་ད་གླེང་འདོད་མེད་ན་མ་གཏོགས། ང་ཚོའི་བསམ་ཚུལ་ཐད་བརྗེ་རེས་བྱེད་བདེ་ཆེད་དུ་འདིའི་སྐོར་ལ་བདག་གི་ཟིན་བྲིས་ནང་དུ་དྲ་ངོས་ཞིག་བཟོས་ཡོད། གནད་དོན་མང་པོ་གླེང་རྒྱུ་ཡོད། ཁ་ཞེ་གཉིས་མེད་ཡིན། དེར་ཕེབས་པར་ཞུ། ཁ་བྱང་ནི་འདི་ཡིན། https://tibettimes.net/wordpress/blogs.php?id=343&post_id=11002
དེར་ཁོ་བོས་ཁྱེད་ཅག་ལ་དྲི་བ་ཁ་ཤས་ཤིག་དྲིས་ཡོད། ལན་དུས་ཐོག་ཏུ་མ་ཐེབས་ན་ཁྱེད་ཅག་གིས་གསུང་བཞིན་པ་ཁ་ཁོག་མི་མཚུངས་བའམ་སྐྱོན་གཞན་ཞིག་ཡོད་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་གཅིག་ཡིན།
ཁྱེད་ཀྱིས་རྒྱ་གཞུང་རྡུག་ཅག་རེད། རང་བཙན་བརྩད་ན་བེད་མེད་རེད། གསུང་བ་ལ་དབུ་མའི་ལམ་བརྩད་ན་རྒྱ་གཞུང་ཡག་པོ་ཆགས་འགྲོ་བ་ཡིན་ནམ་གསལ་བཤད་ཅིག་གནང་ཐུབ་ཚེ་བཟང་།
བོད་ལ་རང་བཙན་མེད་ན་ཡང་རང་བཙན་ཡོད་པ་ལས་ལྷག་ཙམ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་ལམ་ཁ་མེད་པ་མ་རེད། གསུང་བ་འདིའི་གནད་དོན་ཁོ་བོས་ཡེ་ནས་མི་རྟོགས། འདི་ཐམས་ཅད་དེར་ཕེབས་ནས་གསུང་རོགས་ཞུ།
རང་བཙན་གྱི་ལྟ་ཕྱོགས་བཟུང་བ་ཙམ་གྱིས་གཉིས་སྨན་དབུ་མའི་འབྲས་བུ་དུས་སུ་སྨིན་པར་གནོད་པ་དང་གཅིག རང་བཙན་དུས་ཐོག་ཏུ་མ་རྩོད་ན་མི་མང་གི་ཚེ་སྲོག་འགྲོ་ཆེ་བས་གནོད།
མཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་འབྲུག སོག་པོ་སོགས་འཛམ་གླིང་ནང་རྒྱལ་ཁབ་ཆུང་ཆུང་འགའ་ཤས་རང་བཙན་ཡོད་རྐྱེན་གྱིས་དཔལ་འབྱོར་འཕེལ་རྒྱས་མི་ཐུབ་པ་ལའང་སོམས་དགོས་འདུག
ངས་ད་ལྟའི་རྒྱ་གཞུང་ཡག་པོ་རེད། རང་བཙན་རྩོད་མཁན་སྡུག་ཅག་རེད་ཟེར་བགྱིད་མེད། དེ་ལས་སྡོག་སྟེ་ད་ལྟའི་རྒྱ་གཞུང་སྡུག་ཅག་རེད། རང་བཙན་རྩོད་ནས་བེད་མེད་རེད་ཅེས་ཤོད་བགྱིད་ཡོད།
བོད་ལ་རང་བཙན་མེད་ན་ཡང་རང་བཙན་ཡོད་པ་ལས་ལྷག་ཙམ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་ལམ་ཁ་མེད་པ་མ་རེད་སྙམ་མཁན་ཅིག་ཡིན། ང་ཁྱེད་རང་ལ་ཡང་བསྐྱར་རྩོད་འདོད་མེད་ལ། ངས་བསམ་ཚུལ་གྱིས་ཁྱེད་ལ་་ཕོག་ཐུག་ཤོར་ཡོད་ན། དགོངས་དག་ཞུ་རྒྱུ་ཙམ་མ་གཏོགས་ལྷག་མི་འདུག
རང་བཙན་རྩོད་མཁན་ཚོ་སྡུག་ཆག་ཡིན་རྒྱུ་མ་རེད། རང་བཙན་ཁ་ལ་ཁྱེར་ནས་རང་དོན་རྩོད་མཁན་ཚོ་སྡུག་ཆག་རེད།
ཀརྨ་ལགས། ཁྱེད་ཅག་གིས་སྐབས་རེ་དབུ་མའི་ལམ་དེ་དུས་ཚོད་ཐུང་ཐུང་གི་ནང་འགྲུབ་པའི་མིག་རྒྱང་ཐུང་ཐུང་གི་ལམ་ཞིག་ཏུ་སྒྲོག སྐབས་རེ་མིག་རྒྱངས་རིང་པོ་ཞིག་ཞིག་ཏུ་འཇོག་པའི་ནང་འགལ་འདི་སེལ་རོགས།
གཞོན་ནུའི་ལངས་ཕྱོགས་དེ་བོད་གཞིས་བྱེས་གཉིས་ལ་གནོད་ཚུལ་ཁ་ཡོད་ལག་ཡོད་མིན་པའི་རྒྱུ་མཚན་དྲོངས།
ལན་གསུམ་ཡོད་པ་ནི།
གཞོན་ལྷན་གྱིས་དབུ་མའི་སྲིད་ཇུས་ལ་ཤར་བསྐྱོད་མ་ཐུབ་པ་ནི་མིག་རྒྱངས་ཐུང་བས་ལན།
གཞོན་ལྷན་གྱི་ལངས་ཕྱོགས་དེ་བོད་གཞིས་བྱེས་གཉིས་ལ་ཕན་ལས་གནོད་ཆེ།
གཞོན་ལྷན་གྱི་རང་བཙན་དེ་ཁ་ཡོད་ལག་ཡོད་ཅིག་མིན་པ་ཕྱི་གསལ་ནང་གསལ་རེད།
དྲུ་བ་དང་པོའི་ལན་དུ་མ་ཡིག་དེ་ཆད་འདུག དགོངས་དག
དབུ་མའི་ལམ་དེ་སྲིད་ཇུས་ཡང་དག་ཅིག་ཏུ་མ་མཐོང་བས་དབང་གིས་ཡིན་ངེས། ཞེས་པར་ཀློག་རོགས།
དྲི་བ་དང་པོར་།
དབུ་མའི་ལམ་དེ་སྲིད་ཇུས་ཡང་དག་ཅིག་ཏུ་མཐོང་བས་དབང་གིས་ཡིན་ངེས།
དྲི་བ་གཉིས་པར་།
ཕན།
དྲི་བ་གསུམ་པར་།
དབུ་མའི་ལམ་དེ་ཇི་ཙམ་ཁ་ཡོད་ལག་ཡོད་ཡིན་པ་དེ་ཙམ་རང་བཙན་གྱི་བལྟ་བ་ཡང་ཡིན། ཁྱད་པར་ནི་རང་བཙན་དེ་ད་ལྟ་མ་འོངས་བའི་བོད་རིགས་ཀྱི་མངོན་འདོད་རེད། དབུ་མའི་ལམ་ནི་ད་ལྟའི་མི་ཐོག་འདིའི་འགྲོ་ལམ་རྙེད་ཙམ་ཞིག་རེད། ཡང་གཅིག་བཤད་རྒྱུར་འབྱུང་འགྱུར་བོད་རིགས་ཀྱི་མདུན་ལམ་ལ་ཐེལ་ཙེ་རྒྱག་པའི་དབང་ཆ་སུ་ལ་ཡང་མེད།
ཞོར་དུ་ཁ་སྔོན་ངས་དབུ་མའི་ལམ་དང་རང་བཙན་གཉིས་ཐག་ཉེ་རིང་ཡོད་པའི་སྒྲུབ་བྱེད་འགོད་རོགས་ཞུས་ཡོད་མོད་དུང་མཐོང་མ་བྱུང་། དེ་གནད་འགག་ཆེན་པོ་ཡིན། རྒྱུ་མཚན་ཚད་ལྡན་ཡོད་ན་ང་རང་ཡང་རང་བཙན་འདོར་བའི་གྲ་སྒྲིག་ཡོད། བློ་གྲོས་རབ་བརྟན་སོགས་ཁྱེད་རྣམས་གྲོས་བྱ་དགོས་བྱས་ནས་ཁོ་བོའི་དྲི་བ་དེར་ལན་འདེབས་རོགས། གལ་སྲིད་མེད་ན་འདི་བོད་ཀྱི་རྩ་དོན་ཡིན་པས་སྤྱི་ཚོགས་ཀྱི་གླེང་སྟེགས་སུ་ཐོན་ནས་གང་བྱུང་མ་གསུང་རོགས།
དྲི་བ་གསུམ་ཡོད་པ་ནི།
གཞོན་ལྷན་གྱིས་དབུ་མའི་སྲིད་ཇུས་ལ་ཤར་བསྐྱོད་མ་ཐུབ་པ་དེ་ཅིས་ལན།
གཞོན་ལྷན་གྱི་ལངས་ཕྱོགས་དེ་བོད་གཞིས་བྱེས་གཉིས་ལ་ཕན་ནམ་གནོད།
གཞོན་ལྷན་གྱི་རང་བཙན་དེ་ཁ་ཡོད་ལག་ཡོད་ཅིག་ཡིན་ནམ་མིན།
ངས་འདིར་མཁས་དབང་དགེ་ཆོས་ཀྱིས་ཆེད་དུ་བཞག་པའི་ཞལ་ཆེམས་འདི་བཀོད་དགོས་པའི་དམིགས་ཡུལ་གཙོ་བོ་དེ་བོད་རིགས་སུ་ཞིག་ཡིན་ཀྱང་སོ་སོའི་འཇོན་ཐང་ལ་དཔག་ནས་རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་རྣམས་ལ་གང་ཐུབ་ཀྱིས་སྲི་ཞུ་སྒྲུབ་རྒྱུ་དེ་གལ་ཆེ་ཡིན་སྐོར་བརྗོད་ཀྱིན་ཡོད།
དེ་མིན་ང་ཚོད་དབུ་མའི་ལམ་དང་། བོད་རང་བཙན། རང་ཐག་རང་གཅོད། བདེན་པའི་དབུ་ཚུགས་སོགས་ཆབ་སྲིད་ཀྱི་འགྲོ་ལམ་གང་ཞིག་བདམས་ཀྱང་དགག་བྱ་བྱེད་ཀྱི་མེད།
འོན་བཏང་ཆབ་སྲིད་ཀྱི་ཐབས་ཇུས་དེ་མ་ནོར་བ་ཞིག་བྱེད་དགོས་ལ་ལྷག་བོད་མི་རྒྱལ་གཅེས་རིང་ལུགས་པ་ཡག་པོ་གཅིག་ཡིན་ཕྱིན་ང་ཚོས་དགྲ་དགའ་གཉེན་སྡུག་གི་ལས་ཀའི་རིགས་བྱེད་རྒྱུ་མེད་ལ་དགྲ་འདུལ་གཉེན་སྐྱོང་གི་ཆེས་རླབས་ཆེན་གྱི་བོད་རིགས་ལ་རྒྱ་ཡོད་མཁན་ཞིག་ཅི་ནས་ཀྱང་བྱེད་དགོས་ཞེས་ཞུ་བཞིན་ཡོད།
རྩོམ་འདི་འདྲ་མ་བྲིས་ན་བཟང་། ལམ་ཕྱོགས་མ་འདྲ་ནའང་། ཐམས་ཅད་བོད་མི་རིགས་ལ་ཤ་ཚ་མཁན་རེད། ཕན་ཚུན་ལ་གུས་བརྩི་ཞུས་ན་རྡོག་རྡོག་ཆགས་ཐུབ།
བློ་གྲོས་རབ་བརྟན་སོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བར་དགག་བྱ་ག་ལ་ཡོད་དེ། དེ་ནི་རང་དབང་ཡིན་པས་སོ། འོན་ཀྱང་ཁོ་ཅག་གིས་རང་གི་ལྟ་བ་དང་མི་མཐུན་པའི་བསམ་ཚུལ་ལ་ལྟ་སྟངས་དེ་ཧ་ཅང་ཐ་ཤལ་རེ་འདུག ལྷག་པར་དུ་རང་བཙན་རྩོད་མཁན་དག་གི་བསམ་ཚུལ་སྒེར་དོན་ཡིན་པ་སོགས་གསུང་པ་དེ་ཧ་ཅང་མི་འོས། གལ་སྲིད་ཡིན་ན་ཡང་ད་དེ་ལྟར་མི་མདུན་དུ་སྒྲོག་མི་འོས། དོན་གནད་འགའ་རེ་ཆབ་སྲིད་ཀྱིས་དབང་གིས་སྐུམ་དགོས་པ་ཡོད་པ་ཤེས་ཀྱི་ཡོད་ཚོད།
བོད་ནང་གི་མི་མང་པོ་ཞིག་གིས་༧སྐྱབ་མགོན་རིན་པོ་ཆེས་གང་གསུང་པར་ཤར་སྐྱོད་བྱེད་ངེས་ཡིན་པ་ཁས་ལེན་གྱི་ཡོད། འོན་ཀྱང་ཁོང་ཚོས་༧སྐྱབ་མགོན་རིན་པོ་ཆེ་གལ་སྲིད་ཕེབས་ཐུབ་ན་བོད་མི་རིགས་འདི་རྒྱ་ནག་པོ་འདིའི་ལག་འོག་ནས་གང་མགྱོགས་ཐར་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་ཡོད། འདི་ངས་ཤེས།
མདོར་ན་ཁོང་ཚོས་༧སྐྱབ་མགོན་རིན་པོ་ཆེ་རང་ཡུལ་ལ་ལོགས་པར་ཤུགས་གཙོ་བོ་བྱེད་པ་ནི་་་་་་་་་་་་་འོ་ཆབ་སྲིད་སྐད་ཆ་དང་ལས་ཀ་མང་པོ་ཞིག་ཁྲོམ་སྒྲག་བྱེད་མི་འོས་པ་ཁྱེད་ཅག་གིས་ཤེས་ཀྱི་ཡོད་ཚད།
མདོར་ན་ཁོང་ཚོས་༧སྐྱབ་མགོན་རིན་པོ་ཆེ་རང་ཡུལ་ལ་ལོགས་པར་ཤུགས་གཙོ་བོ་བྱེད་པ་འདིས་ཁོང་ཚོ་ལ་རང་བཙན་མི་དགོས་པ་ནམ་ཡང་སྒྲུབ་མི་ཐུབ།
དགེ་འདུན་ཆོས་འཕེལ་གྱིས་གསུང་ཐོལ་བུ་ཞིག་ལུང་དྲངས་ནས་ཁྱེད་ཅག་གིས་གནང་བ་དེ་ཡང་དག་ཏུ་སྒྲུབ་དགོས་བསམ་ཡོད་ལས་ཆེ་ཡང་དེ་ནམ་ཡང་མི་ཐུབ། གལ་སྲིད་དེ་ལ་རེ་བ་རྒྱག་ན་ང་ལ་དྲི་བ་ཞིག་ཡོད་པ་དེ་ལ་ལན་རྒྱག་རོགས།
དྲི་བ་ནི་ཁྱེད་ཅག་གིས་དབུ་མའི་ལམ་དེ་རང་བཙན་ལས་ཐག་ཉེ་བ་ཡོད་པའི་རྒྱུ་མཚན་ཁུངས་ལུང་ལྡན་པ་རེ་རེ་བཞིན་དྲངས་འདྲེན་གནང་རོགས་ཞུ་རྒྱུ་ཡིན།
སྤྱི་མཐུན་རྒྱལ་ཁབ་འོག་གི་སྤྱི་དམངས་དེ་བྱེད་རྒྱུར ། །
སྤྱི་བོ་གནམ་བསྟན་བོད་མིའི་སྤྱི་མོས་རང་མེད་མོད ། །
སྤྱི་ཡི་ལས་དབང་དེ་འདྲའི་སྐྱོ་པོ་ཞིག་ཡིན་ཕྱིན ། །
སྤྱི་ནོར་མཆོག་ལ་དེ་ལས་ཐབས་གཞན་ཞིག་གང་ན ། །
རང་དབང་མི་དགོས་ཟེར་མཁན་རང་རིགས་ལ་དཀོན་མོད ། །
རང་བཙན་གཙང་མ་རག་་པར་རིང་པོ་ཞིག་འགྱང་ན ། །
རང་ཅག་རི་བ་རོང་བ་རིམ་བཞིན་དུ་འགྱུར་ནས ། །
རང་དགྲ་རུ་ཤོག་དམར་པོའི་རིང་ལུགས་དང་འདྲེས་འགྲོ ། །
དུས་རབས་ཉེར་གཅིག་པའི་བོད་རིགས་མི་དམངས་ལ་མཚོན་ན་མཁས་པའི་དབང་པོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞེས་བྱ་བས་ཁ་ཆེམས་རྩ་ཆེ་ཞིག་འཇོག་གནང་མཛད་ཡོད་པ་སྟེ།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་སུ་གནས་པ་དེ། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གིས་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབས། །
ཞེས་ཁོང་སྐུ་མ་གཤེགས་པའི་གོང་ནས་རང་གི་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་དེ་ལྷད་མེད་བློ་དཀར་གྱི་འོད་མདངས་དེ་རང་བྱུང་སྐྱེས་བུ་སོ་སོའི་སྙིང་ཁམས་སུ་བཞག་སྟེ།
རང་ཡུལ་ཁ་བ་ཅན་གྱི་རྗེ་བོའི་འགན་འཁུར་ལྕི་མོ་དེ་སྐྱེ་བོ་སུ་ཞིག་གིས་ཕྲག་པར་འཁུར་གྱི་ཡོད་ནའང་རང་གི་རྗེ་བོའི་བཀའ་ལ་གུས་བརྩི་དང་ལེན་བྱས་ཏེ། རང་རིགས་བོད་འབངས་དག་གི་དོན་དུ་ཁ་ཞེ་གཉིས་མེད་ཀྱིས་སྒོ་ནས་རང་རང་སོ་སོའི་ཤེས་ཡོན་འཇོན་ནུས་ལ་གཞིགས་ནས་རང་གིས་ནུས་པས་སྲི་ཞུ་ཅུང་ཟད་གཅིག་ལས་བསྒྲུབས་མ་ཐུབ་ཀྱང་ངེས་པར་སྒྲུབས་ཞེས་ཞལ་ཆེམས་འདི་བཞག་ཡོད།
བོད་རང་བཙན་ལ་རྒྱབ་སྐྱོར་ཡོད།
འདིཡང་དཀྲོགས་གཏམ་ཡིན་ནམ། ???????????????
་་་་། མཇུག་དེར་༧གོང་ས་མཆོག་གིས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལ་དངོས་ཡོད་དང་སྦྲགས་ནས་དྲི་བ་འདི་ལྟར་གནང་འདུག ང་ལ་མཚོན་ན་རང་བཙན་རྩོད་ཀྱི་མེད་ལ་རང་བཙན་ལེན་ཐུབ་པའི་ནུས་པ་ཕྱོགས་གང་ནས་བལྟས་ཀྱང་འདང་གི་མི་འདུག དེ་མཚུངས་སུ་རྒྱ་མི་ཡོངས་རྫོགས་བོད་ནས་ཕར་ཕུད་རྒྱུ་ལྟ་ཅི་མི་བྱེ་བྲག་པ་གཅིག་ཀྱང་ཕར་ཕུད་རྒྱུའི་ནུས་པ་མེད་པ་ཕྱོགས་གང་ནས་བལྟས་ཀྱང་དངོས་ཡོད་རེད། དེས་ན་ཁྱེད་ཀྱིས་རྒྱ་མི་ཕར་ཕུད་ཐུབ་པར་འདུག་གམ། རང་བཙན་ལེན་ཐུབ་བམ། ཞེས་གསུངས་སྐབས། ཚེ་དབང་རིག་འཛིན་གྱིས་རང་བཙན་ངས་ལེན་དགོ། རྒྱ་མི་ངས་ཕར་ཕུད་ཐུབ་ཅེས་ཞུས་ཡོང་དུས། ༧གོང་ས་མཆོག་གིས་སྐུ་ཁོང་འཛུམ་དང་བཅས་ཁྱེད་ཀྱིས་གང་འདྲ་བྱས་ནས་རང་བཙན་ལེན་ག ག་འདྲ་བྱས་ནས་རྒྱ་མི་ཕར་ཕུད་ཐུབ ཅེས་དངོས་ཡོད་དང་འབྲེལ་ནས་བཀའ་གནང་འདུག།་ད་དུང་ཞེད་སྣང་མེད་ནའང་འཚེར་སྣང་ཙམ་ཡང་མེད་པར། ཧམ་པ་ཆེན་པོས་རྒྱ་མི་ངོས་ཕུད་དགོ། རང་བཙན་ངས་ལེན་དགོ་ ངས་ལེན་ཐུབ་ཅེས་མགོ་མཇུག་དང་བཟང་སྤྱོད་ཀྱི་རྣམ་འགྱུར་གང་ཡང་མེད་པར་ཞལ་ལན་ཧམ་པ་ཆེན་པོས་སློག་ཡོད་འདུག དེ་བཞིན་ཕུར་བུ་ཟེར་བ་ཞིག་གིས་ཀྱང་འཇོན་མདོག་ཁ་པོས་མགོ་མཇུག་གོ་རིམ་གྱི་གུས་ཞབས་གང་ཡང་མེད་པར་ཧམ་བཤད་ཀྱིས་༧གོང་ས་མཆོག་ལ་དྲི་བ་འདྲ་ཞུས་འདུག དེར་བརྟེན་རྒྱུ་རྐྱེན་དེ་འདྲ་མང་པོ་ཞིག་གིས་མཐར་༧གོང་ས་མཆོག་སྐུ་རླུང་བཞེངས་ནས་ཁྱེད་ཚོ་ཚང་མ་ད་ལྟ་རང་ལོག་རྒྱུག་ང་ཡང་འདི་རུ་འདུག་འདོད་མེད་པས་ལོག་ཕེབས་གནང་གི་ཡིན་ཞེས་བཀའ་ནན་པོ་གསུངས་འདུག དེ་མིན་འཇུག་མཐར་ང་རྒྱལ་བ་རིན་པོ་ཆེས་བོད་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བྱས་པ་ཡིན་ཀྱང་ད་དེ་ཚོ་ཕན་གྱི་མེད་པ་འདྲ།་ད་མ་ཕན་ན་བསྡད་ནས་ཅི་བྱེད། དེ་ལས་ཤི་ན་ཡག་གི་རེད།ཅེས་ཐུགས་ཕམ་པའི་བཀའ་སློབ་མང་པོ་གསུང་འདུག ་་་
དེར་བརྟེན་༧གོང་ས་མཆོག་ལ་འཛམ་གླིང་སྤྱི་ཡོངས་ཀྱི་འགན་ཁུར་དེ་མང་བ་ཡོད་པའི་གནས་སྟངས་ཤིག་རེད། བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། (ང་ཚོ་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན། ང་ཚོ་མང་ཆེ་བ་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད།) སྤྱི་ཡོངས་ཀྱི་གནས་སྟངས་ཆ་ནས་མི་ཐ་མལ་པ་ཞིག་རེད། ལོ་དྲུག་ཅུའི་རིང་མི་རིགས་དང་ཆབ་སྲིད། རྒྱལ་ཁབ་ཀྱིི་གནས་སྟངས་ལ་བལྟས་ན་བོད་མི་དཀྱུས་མ་ཚོས་བཀའ་སློབ་ལམ་སྟོན་ཉམས་ལེན་བྱེད་པའི་སྐབས་སུ་དམིགས་ས་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་མཐའ་མ་དེ་ལ་དམིགས་དགོས་ཀྱི་རེད་ཅེས་སོགས་གསུངས་སོང།”ཞེས་འཁོད་འདུག ་་་་་ཅེས་ཟེར་བ་འདི་གཉིས་སུ་བདེན་པ་རེད།
ཁོ་རས་བློ་གྲོས་བརྟན་པར་ཁྱོད་ཀྱི་དགྱ་དམར་གྱི་སྐར་ལྔ་དར་མ་ལ་ཚར་ལོངས་བྱུ་ང་པའི་རྒྱལ་གཅེས་དཔའ་བོ་དག་མངོན་འདོད་ཧ་གིན་མི་འདུག་
ཁོང་ཚོས་རང་སྲོག་བློས་བཏང་སྟེ་བོད་བཙན་ཡིན་དགྱ་དམར་བོད་ན་ས་ཕྱིར་ལོག་ཟེར་དོན་གང་ཡིན་
ནད་པ་དང་། མི་ཆུང་། ཨོ་རྒྱལ་རང་ཤར་སོགས་ཀྱིས་གསུང་སྟངས་ལ་གཅིག་བལྟས་ན་ཁོང་ཚོས་བོད་རང་བཙན་རྩོད་མཁན་དག་ལས་ལྡབ་འགའ་ཞིག་གིས་མཐོ་ས་ཞིག་ནས་གསུང་གི་ཡོད་པ་ལྟར་གནང་གི་འདུག་མོད་ཁྱེད་ཅག་གི་གཏམ་གྱི་ནང་གཞན་གྱི་བསམ་ཚུལ་ལ་ཁྱད་གསོད་དང་སྒྲོ་འདོགས་སྐུལ་འདེབས་གསུམ་ཀ་བྱེད་སྟངས་འདི་ལ་བལྟས་ན་ཁྱེད་ཅག་དེ་ཙམ་མཐོན་པོ་ཞིག་ལ་སླེབས་ཡོད་མདོག་མ་མཐོང་།
ལྷག་པར་དུ་བོད་རང་བཙན་རྩོད་མཁན་རྣམས་ཀྱིས་རང་གི་འཚོ་བའི་དོན་དུ་ཡིན་པ་ལས་བོད་ཀྱི་དོན་དུ་མིན་གསུངས་བ་དེ་ཚོ་ཧ་ཅང་ཐལ་ཆེ་བ་དང་ཐ་ཤལ་བའི་བཀའ་མོལ་རེད། ཆབ་སྲིད་པ་ཞིག་གི་བཀའ་མོལ་ནི་དེ་བས་ཀྱང་ག་ལ་ཡིན། ངས་ནི་ཁྱེད་ཅག་མང་དག་ཅིག་གིས་གང་གསུང་པ་དེ་དག་རང་བློ་ཟོར་མེད་ཀྱིས་འཆར་ཚུལ་གསུང་གི་ཡོད་པར་ཆ་འཇོག་གི་ཡོད། བོད་མི་རིགས་འདི་ལྟར་དུམ་བར་གཏོང་མཁན་ཡང་དབུ་མའི་ལམ་འདི་རེད་དེ། དེའི་སྔོན་དུ་བོད་རིགས་ཐམས་ཅད་”ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ”་ལ་རྡོག་རྩ་གཅིག་སྒྲིལ་ཡིན་པ་ངས་གསལ་བོ་དྲན་གྱི་འདུག
ཁྱེད་ཅག་རྣམས་ལ་ཞུ་རྒྱུརཿ ངས་འཛམ་གླིང་གི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་ཙམ་མི་ཤེས་ན་ཡང་ང་རང་གི་འཆར་སྒོ་ལ་ད་ལྟའི་གནས་སྟངས་འདིའི་འོག་ཏུ་དབུ་མའི་ལམ་དང་རང་བཙན་གཉིས་ལ་ཐག་ཉེ་རིང་ཞིག་ཡེ་ནས་མི་མཐོང་། གནད་འགག་གཙོ་བོ་འདི་རེད། དགོངས་པ་ཆེ་ས་ནས་གཅིག་བཞེས་དང་། འདི་ལ་རྒྱུ་མཚན་མང་པོ་ཡོད། འགའ་ཞིག་ཁྱེད་ཅག་གིས་གོ་ཡང་དཀའ་བར་སྙམ། མདོར་ན་གལ་སྲིད་ཉེ་རིང་ཞིག་མཐོང་རྒྱུ་ཡོད་ན་ཉེ་བ་དེ་མི་འདེམས་ན་སྨྱོ་བའམ་འཁྱོག་པ་ཡིན། འདི་ནི་རང་གི་འཆར་སྒོ་ཙམ་ཡིན། ཁྱེད་ཅག་དང་རང་ཅག་ཚང་མས་རང་རང་གི་འཆར་སྒོ་ཙམ་རྗོད་པ་ཡིན་ནི་ལོས་དྲན།
ཁྱེད་ཅག་གིས་ཀྱང་གནད་དོན་མང་པོ་ཞིག་རང་ཕྱོགས་སུ་འཐེན་གྱི་ཡོད། དཔེར་ན་བོད་ནང་གི་མི་ཚོར་༧སྐྱབ་མགོན་རིན་པོ་ཆེ་ལས་རང་བཙན་མི་དགོས་ཟེར་བ་ལྟ་བུ་རེད།
འདིར་དྲི་བ་ཞིག་ལ་ བོད་ནང་གི་བོད་མི་ཚོ་༧སྐྱབ་མགོན་རིན་པོ་ཆེ་ཕེབས་རྒྱུ་དེ་རེ་བ་གཙོ་བོ་ཡིན་ན་དེའི་རྒྱུ་མཚན་གང་རེད། ༧སྐྱབ་མགོན་རིན་པོ་ཆེ་བོད་ལ་ཕེབས་ནང་གང་གནང་དགོས་པ་རེད། ཁོང་ཚོའི་རེ་བ་ནི་༧སྐྱབ་མགོན་རིན་པོ་ཆེ་གལ་སྲིད་ཕེབས་ཐུབ་ན་བོད་མི་རིགས་འདི་རྒྱ་ནག་པོ་འདིའི་ལག་འོག་ནས་གང་མགྱོགས་ཐར་ཐུབ་པ་ཞིག་ཡོང་གི་རེད་སྙམ་པ་ཡིན་ནམ། ཁྱེད་རང་བོད་ནང་འཚར་མ་མྱོང་བ་དང་ཡང་ན་བོད་ནང་ཕེབས་མ་མྱོང་ན་ཁག་མེད་མ་གཏོགས་གཞན་རང་ཅག་གི་བསམ་བློ་འཁྱེར་སོ་ག་འདྲ་ཡོད་རང་ཅག་ལ་རྒྱུས་ལོས་ཡོད། དགོངས་པ་བཞེས་དང་།
དྲྭ་གྲོགས་རྣམས་ཐུགས་རྗེ་ཆེ་ཞུ། སྙིང་ནད་སངས་བ་ཞིག་གསུངས་འདུག ༸རྒྱལ་བ་ཐམས་ཅད་མཁྱེན་པའི་ཆེད་དུ་རང་སྲོག་དོར་དགོས་བྱུང་ཡང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད། དགོས་ངེས་བྱུང་ཚེ་ཕྲན་གྱི་ཁ་པར་ཨང་གྲངས་འདིར་འཇོག་ཆོག
ཕ་བཟང་བུ།
བློ་གྲོས་བསྟན་པ་ལག་ལ་ཞུ་རྒྱུར།
བོད་རང་བཙན་འབོད་དུས་ཁྱེད་ཀྱི་སྙིང་ལ་ན་ཚ་གཏང་གི་ཡོད་པ་འདྲ།
དངོས་གནས་ད་དུང་ཁྱོད་རང་བོད་པ་ཡིན་བསམ་པའི་སྤོབ་པ་དེ་ཡོད་དམ།
དྲ་གྲོགས་ནད་པ་དང་དེའི་རིགས་མཐུན་པ་དག་ལ་ཞུ་རྒྱུ།
བོད་རང་བཙན་པ་ཚོ་ལ་མི་དམངས་ཀྱིས་རྡོ་དང་དབྱུག་པའི་རྡུང་ཡ་བཟོ་འདོད་ཡོད་ན་་་དང་པོ་ཁྱོད་རང་གི་དངོས་མིང་དང་རང་ཉིད་ངོ་སྤྲད་གནང་རོགས།
ཁྱོད་ཚོས་༧གོང་ས་མཆོག་ཁ་ལ་ཁྱེར་ནས་བོད་པའི་སྤྱི་ཚོགས་ནང་དུ་བོད་མི་དཀར་པོ་ལ་ཞྭ་མོ་ནག་པོ་སྐོན་པ་ཉུང་ཉུང་མ་རེད། ངས་ཤེས་ཀྱིས་ཡོད།
མ་ཟད་སྤྱི་ཚོགས་ནང་དུ་བོད་མི་ཉམ་ཆུང་ཚོའི་མངོན་འདོད་བཤད་ས་མེད་པ་དང་རང་བཙན་གླེང་ས་མེད་པ་བཟོས་མཁན་ཡང་ཁྱོད་ཚོ་རེད།
ད་དུང་གསོད་ཀྱི་ཡིན་དང་རྡུང་གི་ཡིན་ཟེར་བ་འདི་སེམས་ལ་བཟོད་དཀའ་སྡུག་ངལ་གཅིག་རེད། ཡིན་ནའང་སྡུག་ངལ་འདི་ལ་ཐར་ཐབས་ཡོད་པ་མ་རེད་སྙམ།
དེར་བརྟེན་རྡོ་དང་དབྱིག་པའི་བཅའ་རྡུང་ལ་གྲལ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད། ག་དུས་ཕེབས་ན་དངས་ལེན་ཞུ་གི་ཡིན། ཡིན་ནའང་དྲན་དགོས་པ་ཞིག་ལ་ང་ཚོ་བོད་རང་བཙན་པ་ཚོའི་ཚེ་སྲོག་ཡང་འགྲོ་བ་མི་ཞིག་གི་ཚེ་སྲོག་ཡིན་པར་དྲན་པ་མཛོད་རོགས། སྔ་ནས་ད་ལྟ་བར་དུ་བོད་རང་བཙན་པ་ཚོའི་ཚེ་སྲོག་ལ་འགྲོ་བ་མིའི་ཚེ་སྲོག་ཞིག་ལ་ངོས་འཛིན་མེད་པར་ཧ་གོ་གི་ཡོད།
ཅོ་རི་ཁྱི་ཕྲུག་ཞིག་གི་ཚེ་སྲོག་ཁྱོད་ཚོ་ལ་འབུལ་ཆོག ངས་ལྷ་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་་་་་་ཁ་བཤད་མིན་དངོས་གནས་ཡིན་་་་་་་ ལེན་འདོད་ཡོད་ན་ཕེབས་ཤོག
ངོ་མ་ད་ཡིན་ན་ཡིད་ཐང་ཆད་སོང་།་་་་
གཞིས་སུ་ཡོད་པའི་བོད་རིགས་མི་དམངས་ས་ཡ་དྲུག་གི་ད་བར་ལུས་སྲོག་བློས་བཏོང་བྱས་དང་བྱེད་བཞིན་ཡོད་པ་འདིའི་སྙིང་སྟོབས་ངོ་མ་དེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུའི་སྐུ་ཡི་གཟི་བྱིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན།
ད་ལྟའི་ཆར་ཡང་གཞི་ལུས་བོད་རིགས་མང་པོའི་ཚེ་སྲོག་གཏོང་བཞིན་ཡོད་པ་དེ་དག་ཀྱང་མགོན་པོ་གང་ཉིད་མགྱོགས་མྱུར་རང་ཡུལ་བོད་ལྗོངས་སུ་བཀའ་དྲིན་ཆིབས་བསྒྱུར་ཐུབ་པའི་ཆེད་དུ་ཡིན།
༸ གོང་ས་མཆོག་དགོངས་པ་ཞི་དབྱིངས་སུ་འཐིམ་པའི་ཚུལ་བསྟན་གེགས་ཀྱི་མཚན་མ་བྱུང་ན་གཞི་ལུས་བོད་རིགས་མི་དམངས་ཀྱི་ཚེ་སྲོག་བློས་བཏོང་བྱེད་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་རྒྱུ་ཡིན་པ་དེ་སྨོས་མེད་རེད།
གང་ཡིན་ཟེར་ན་ཁ་ནས་བོད་རང་བཙན་རྩོད་མཁན་ཁྱེད་ཚོར་གཞིགས་ན་གཞི་ལུས་བོད་རིགས་མི་མང་་ས་ཡ་དྲུག་པོ་དག་ར་ལུག་ལྟ་བུའི་ལྐུག་པ་དང་ཁོང་ཚོའི་ལུས་སྲོག་ལ་འཕམ་སེམས་ཅི་ཡང་མེད་པ་དེ་འདྲ་ཞིག་གཏན་ནས་མ་རེད།
བཀའ་དྲིན་མཚུངས་མེད་བོད་་རིགས་མི་དམངས་ས་ཡ་དྲུག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་༸ གོང་ས་ཡིད་བཞིན་ནོར་བུའི་མཁྱེན་རླབས་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་ལ་ཁོང་ནི་བོད་རིགས་མི་དམངས་ཡོངས་ཀྱི་བླ་སྲོག་ཉག་གཅིག་དེ་ཡིན་སྟབས་ཁོང་གི་བདམས་པའི་གཉིས་ཕན་དབུ་མའི་ལམ་དེར་གཞི་ལུས་དང་བཙན་བྱོལ་བོད་རིགས་དམངས་ཀྱིས་ལམ་དེ་གར་ཤར་བསྐྱོད་བྱེད་བཞིན་ཡོད།
༸གོང་ས་མཆོག་གི་ཆོས་སྲིད་འགྲོ་ལམ་གང་འདྲ་བདམས་ཀྱང་དེ་ལ་ཕྱི་ནང་བོད་རིགས་ཡོངས་ཀྱིས་མང་མོས་རྒྱབ་སྐྱོར་ཐོབ་ངེས་ཡིན། དེ་ནི་བོད་དང་ཏྭ་ལའི་བླ་མ། ཏྭ་ལའི་བླ་མ་དང་། བོད་རིགས་མི་དམངས་བཅས་ཀྱི་བར་ལ་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་། གོམས་སྲོལ། བག་ཆགས། དད་པ། དམ་ཚིག་སོགས་ཕྱོགས་གང་ཐད་ནས་ནམ་ཡང་ཁ་བྲལ་དུ་མེད་པའི་ངོ་བོ་ཉིད་དུ་གནས་ཡོད།
དེ་འདྲ་ཡིན་དུས་ཁ་ནས་རང་བཙན་རྩོད་མཁན་དེ་དག་དུས་ཀྱི་སྔ་ཕྱི་མ་གཏོགས་ཁོང་ཚོ་གཞི་ལུས་བོད་རིགས་མི་དམངས་ཀྱིས་ཐད་ཀར་ཕམ་ཉེས་གཏོང་རྒྱུ་ཡིན་པ་བཤད་མི་དགོས། ད་དུང་དེ་ཚོའི་ནང་ཆེད་དུ་༸ གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་རིགས་དེ་ཚོ་དེ་བས་ཕྱི་ནང་བོད་རིགས་ཡོངས་ཀྱི་སེམས་ནས་མི་དགའ་བའི་བྱེད་སའི་མི་ཞིག་ཏུ་འགྱུར་རྒྱུརཡང་ཐེ་ཚོམ་ཅི་ཡང་མེད།
དེ་འདྲ་སོང་ཙང་ཁྱེད་ཚོ་ཁ་ནས་བོད་རང་བཙན་རྩོད་ཀྱང་འགྲིག འོན་ཀྱང་ཁྱེད་ཚོས་གཟབ་དགོས་པ་དེ་༸ གོང་ས་མཆོག་ལ་མཚན་སྨད་དང་བཀུར་འདེབས་བྱེད་རྒྱུ་མང་དྲགས་ན་ཉིན་གཅིག་མི་དམངས་ཀྱིས་ལག་ནས་རྡོ་ཁྱེར་ནས་ཞུ་དགོས་པ་དེ་འདྲ་ཆགས་ན་དེ་དུས་ཁྱེད་ཚོ་མི་འགའ་ཤས་ཤིག་གཞི་ལུས་བོད་རིགས་མི་དམངས་ཀྱི་སེམས་ནང་ནག་ཅན་ཞིག་ཏུ་གྱུར་པའང་ཡོང་མི་སྲིད་པ་མིན།
དེ་ངས་ཆུ་མ་བྱུང་གོང་གི་ཆུ་རག་དང་ནད་མ་བྱུང་སྔོན་གྱི་རིམ་འགྲོ་ཡིན། གང་ཡིན་ཟེར་ན་ཉེ་དུས་ཀྱི་མཇལ་འཕྲད་སྐབས་སུ་༸ རྒྱལབའི་ཐུགས་དགོངས་དཀྲུགས་པའི་གནས་ཚུལ་ཐོན་བཞིན་འདུག་སྟབས་ངས་དེ་རིང་ཆེད་དུ་ཁྱེད་ཚོར་གཟབ་དགོས་སྔོན་བརྡ་གཏོང་བཞིན་ཡོད།
ཁྱེད་ཚོ་ཡག་པོ་བྱས་ནས་སོམ་དང་། གཞི་ལུས་བོད་རིགས་མི་དམངས་ཀྱིས་༸ རྒྱ་གུང་ཁྲན་གིས་ཆེད་དུ་༸ གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་ད་དུང་བོད་རིགས་མི་དམངས་ཀྱིས་༸ རྒྱལ་བའི་སྐུ་པར་དང་གཅིག་གི་ཆེད་དུ་ཐ་ན་ཁོང་ཚོ་བཙོན་ཁང་དུ་ཡུན་རིང་མནར་གཅོད་དང་སྡུག་སྦྱོང་མྱོང་གི་ཡོད་པ་མ་ཟད་ཚེ་སྲོག་བློས་གཏོང་བྱེད་བཞིན་ཡོད།
ཁྱེད་ཚོས་འདི་ནས་མང་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་༸ གོང་ས་མཆོག་ལ་མཚན་སྨད་དང་གུས་བརྩི་མེད་པའི་མ་རབས་ཐ་ཤལ་གྱི་སྐད་ཆ་བཤད་རྒྱུ་དེ་དག་ངས་བྱས་ན་ད་ཚོད་ཟིན་ཐུབ་ན་ཡག་གི་དྲན།
་་་་གཏམ་བཤད་སྐབས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་གྱིས་༸གོང་ས་མཆོག་ནི་ “བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཆ་ནས་མི་ཐ་མལ་པ་ཞིག་རེད།” ཅེས་བརྗོད་་་་་།བདེན་པ་ཡིན་ན། བོད་ཀྱི་རིགས་གཞུང་མེད་པའི་བོད་པའི་སྤྲང་ཕྲུག་ཚོགས་པ་བོད་ཀྱི་གཞོན་ལྷན་གྱི་ཚོགས་པའི་ཙིག་ཟུར་དུ་བོད་ཅེས་བརྒྱབས་ཡ་ཐོབ་ཐང་མེད་པ་རེད། ང་ཡང་སྔར་གཞོན་ལྷན་ཚོགས་མི་ཅིག་ཡིན་ནའང་། ད་གཞོན་ལྷན་ལ་རེ་བ་བརླགས་སོང་ངོ་། །
༸གོང་ས་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་གྱིས་༸གོང་ས་མཆོག་ནི་ “བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཆ་ནས་མི་ཐ་མལ་པ་ཞིག་རེད།” ཅེས་བརྗོད་འདུག མཁྱེན་ལྡན་དྲྭ་གྲོགས་ཚོས་ལན་རེ་གནང་རོགས་ཞུ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ 291 དྷ་རམ་ས་ལ།
བློ་གྲོས་རབ་བརྟན་ལགས། ཁྱེད་ཀྱིས་དངོས་གནས་བསམ་ཚུལ་དྲང་པོ་ཙམ་དུ་མ་ཟད་བོད་རྒྱལ་ཁབ་ཐོག་ཏུ་ལ་རྒྱ་དང་། ཐུགས་འཁུར། ཐུགས་འཕྲེལ་ལ་སོགས་པ་མདོར་ན་མ་ཡི་བུ་ལ་བལྟ་བ་བཞིན་དུ་གསུངས་འདུག་པས་ཕྲན་ནས་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཁྱོད་ཀྱི་དགོངས་ཚུལ་ལ་སྐྱོན་བརྗོད་ཞུ་མཁན་མང་པོ་ཡོད་བ་ངེས། གང་ཡིན་ཞེ་ན། དེང་སང་བོད་པའི་བཙན་བྱོལ་སྤྱི་ཚོགས་ནང་མ་ཤེས་ཤེས་མདོག མ་གོ་གོ་མདོག མ་འཇོན་འཇོན་མདོག བྱེད་མཁན་གང་མང་ཞིག་ཡོང་གི་འདུག་ལ། ཡོང་བ་བཞིན་དུ་དེ་ལྟ་བུའི་མི་ལ་དགའ་པོ་བྱེད་མཁན་ཡང་གང་མང་ཐོན་གྱི་འདུག ཐོན་འབྲས་ནི་ང་ཚོས་དྲ་རྒྱའི་ནང་གཟིགས་ན་ཤེས་ཐུབ། གང་ལྟར་གཙོ་བོ་ང་ཚོས་བོད་ནང་སྡོད་མཁན་གྱི་བོད་མི་ཚོའི་སྙིང་སྟོབས་ལ་གཟིགས་ན་དངོས་གནས་ཧ་ལས་དགོས་པ་ཞིག་ཡིན། རང་གི་སྲོག་འབེན་ལ་བཙུག་ནས་བོད་དོན་ཐོག་ལུས་ངག་ཡིད་གསུམ་གྱིས་ལས་འགུལ་བརྩོམ་གྱི་ཡོད་པ་རེད། ༸གོང་ས་མཆོག་གིས་གང་གསུངས་པ་ལུས་སྲོག་བློས་བཏང་ནས་ལག་བསྟར་བྱེད་ཀྱི་ཡོད་པ་ང་ཚོའི་མཐོང་ཐོས་ལ་ཡོད་པ་ཞིག་ཡིན། ད་དུང་མི་འགས་ཁྱེད་ཀྱི་དགོངས་ཚུལ་འདི་ལྟ་བུ་ལ་མི་དགའ་བ་བྱེད་མཁན་ཡོད་པ་ངེས། དེར་བརྟེན་ཁྱེད་ཀྱིས་དགོངས་ཚུལ་ལ་སྐྱོན་བརྗོད་ཞུ་མཁན་ལ་རྩ་བ་ནས་ཐུགས་ཕམ་མ་གནང་རོགས་ཞུ། བལ་ཡུལ་ལ་བཞུགས་མཁན་ཨ་ནེ་ཆོས་ཉིད་སྒྲོལ་མས་བལ་སྐད་ཐོག་གསུང་གཞས་ཤིག་བཏང་གནང་ཡོད་པ་དེའི་ནང་། མེ་ཏོག་གི་མིག་ལ། འཛམ་གླིང་ཡོངས་རྫོགས་མེ་ཏོག ཚེར་མའི་མིག་ལ། འཛམ་གླིང་ཡོངས་རྫོགས་ཚེར་མ་རེད། ཟེར་བ་བཞིན་མི་བློ་གཟུ་བོར་གནས་པ་ཞིག་ལ་ཁྱེད་ཀྱིས་དགོངས་ཚུལ་འདི་བདེན་པ་དང་། དེ་ལ་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་རེད། ཐུགས་རྗེ་ཤེན་ཏུ་ཆེ།
ཚིག་ལ་མ་གཏོད་དོན་ལ་གཏོད། ཅེས་བརྗོད་པ་ལྟར། ཚིག་སྦྱོར་གྱི་ཆ་ནས་ཅུང་མ་བདེ་ཡང་། ནང་དོན་ཕལ་ཆེར་འཐད་པར་སྣང་། ལྟ་སྟངས་ཤིག་ལ། དེང་རང་བཙན་རྩོད་པ་པོ་རྣམས་ཀྱིས་ཁ་ཙམ་མ་གཏོགས་དོན་གྱི་རང་བཙན་རྩོད་ཀྱི་མེད་པ་མ་ཟད། ཁོང་ཚོར་རང་བཙན་རྩོད་པའི་ནུས་པ་ཡང་མེད་སྙམ། གནས་སྟངས་འདི་ནི་ཕྱི་གསལ་ནང་གསལ་ཡིན་པར་བརྟེན། སྤོབས་ཉམས་ཤོར་དགོས་དོན་གང་ཡང་མེད།
གལ་སྲིད་ནུས་པ་ཞིག་ཡོད་བདེན་ན། བོད་ཀྱི་གཞོན་ནུ་ཚོགས་པར་ཡོད་དགོས་ངེས་ཀྱང་། ང་ཚོས་བརྟག་ཞིབ་བྱེད་རྒྱུ་སྟེ། གཞོན་ནུ་ཚོགས་པའི་ཚོགས་མི་རེ་རེའི་ཤེས་ཡོན་དང་ལྷག་བསམ་གྱི་རྒྱབ་ལྗོངས། ས་གནས་ཁག་གི་ཡན་ལག་ཚོགས་པའི་ནུས་པ་དང་གནས་སྟངས། ཚོགས་མིའི་གྲངས་འབོར་ཉུང་འཕྲི་དང་ཇེ་འཕེལ་གང་དུ་འགྲོ་གིན་ཡོད་མེད། དབུས་ཀྱི་སྒྲིག་འཛུགས་ནང་ཞི་མཐུན་དང་འཆར་གཞི། དཔལ་འབྱོར་གྱི་གནས་སྟངས། འབྱུང་འགྱུར་གྱི་དམིགས་ཚད། རེ་རེར་བརྟགས་དུས་རྒྱལ་ཁབ་ཅིག་རང་བཙན་རྩོད་སྒྲུབ་ཀྱིས་རྒྱལ་ཁ་ལོན་ཐུབ་པའི་གདེང་ཚོད་ཅི་ཡང་མེད།
གཞན་མི་སྣ་བྱེ་བྲག་པ་འཇམ་དབྱངས་ནོར་བུ། ལྷག་བསམ་ཚེ་རིང་སོགས་ནི་མི་བྱེ་བྲག་པ་རང་ཡིན་དུས། མཚམས་ལ་རེ་མ་གཏོགས་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་བྱ་གཞག་ལ་ཐིམ་གྱིན་ཡོད།
རྡོག་རྡོག་བཤད་ན། ད་ལྟའི་སྐབས་བོད་མི་དམངས་རྨོངས་གཉིད་ལས་སད་ཡོད་དམ་རུང་མེད་ཀྱང་རུང་། ཁོང་ཚོའི་བློ་གཅིག་སེམས་གཅིག་གི་གློ་སྙིང་བྲང་གསུམ་གཏོད་ས་དང་། རེ་བ་དང་ཡིད་སྨོན་ཤོར་ས། རེ་སྒུག་དང་རྨི་ལམ་རྨི་ས་གོང་ས་མཆོག་གཅིག་པུ་ཡིན་དུས། ཁོང་གིས་ལམ་སྟོན་དང་ཁོང་གི་བཀའ་ཅི་ཡིན་གཞིས་ལུས་མི་དམངས་ཀྱི་མངོན་འདོད་ཡིན་པར་སུས་ཀྱང་སྨྲ་མི་དགོས་པ་ཞིག་རེད།
འོན་ཀྱང་བཙན་བྱོལ་ནང་དེ་ཙམ་མིན། དེ་ནི་སྒེར་སོ་སོའི་དཔལ་འབྱོར་དང་འཆར་གཞི་སོགས་ལ་ཐུག་ཡོད། འོན་ཀྱང་མཐར་གཏུག་ན་ད་ེནི་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་མ་ཡིན།
ང་ཚོ་བསྟན་དགྲ་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཞེས་འདོན་དུས་ཤིག་ན།
ཕྱི་རྒྱལ་དུ་ཡུལ་གྱར་བའི་བོད་རིགས་སྤུན་ཟླ་ཟེར་བ་ཞིག་ཐོས་མྱོང་།
ང་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁ་གཡང་ཤིག་སྒྲོགས་པས།
ཁ་བྲལ་རིང་ལུགས་པའི་ཆོ་ལོ་ཞིག་སྩལ་བྱུང།
ཀྲུང་དབྱངས་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བློ་གཏད་རེ་བཅོལ་ཀྱང་།
ཏཱ་ལིའི་རུ་ཚོགས་བཞེས་རྒྱུགས་པ་ལེབ་རྡུང་རེ་བཏང་བྱུང་།
ཕར་ཇི་ཙམ་སྟུན་ཀྱང་མཐུ་རུ་མཐུ་རུ་རེད།
གྱོང་པོ་ཇི་ཙམ་བྱས་ཀྱང་བྱམས་དུ་བྱམས་དུ་གཏོང་ངེས
་་་། རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱེད་སྟངས་དེར་འགལ་རྐྱེན་བཟོས་པ་རེད་ཅེས་སྡིག་ན་འགྲིག་གི་རེད། དེ་དངོས་ཡོད་རེད། ་་།ཅེས་པ་འདི་བདེན་ན། གཞོན་ནུའི་ལྷན་ཚོགས་ཀྱི་རང་བཙན་གནད་དོན་དེ་དོར་མི་དགོས་སམ། དེ་དོར་ནས་དབུ་མའི་ལམ་ལ་ཕྱིན་ན་གཞོན་ལྷན་ལ་ཕམ་ཁ་ཡོད་དམ། ལེགས་པར་སོམས་ཤིག
བདེན་བརྫུན་གང་ཡིན་ཡང་བསམ་ཚུ་དེ་ལྟར་སྤེལ་བར་ཐུགས་ཆེ།
དམར་ཕྱོགས་རིང་ལུགས་པའི་རྗེས་འཇུག་བློ་གྲོས་རབ་བརྟན་མཆོག་གི་ཞབས་དྲུང་དུ། དུས་བབ་ཟིན་བྲིས་པ་སྒོམ་སྡེ་ལྷ་རམས་པའི་སྙན་ངག་ཞིག་ཕུལ་ཆོག་པ་ཞིག
སྙན་ངག་འདིས་ཕ གསོད་དགྲ་བོ་ངོ་ཤེས་ཐུབ་ཡོང་རེ་ཡིན།
རང་གི་ཕ་རྒན་གསོད་པའི་ལག་དམར་དང་། །རང་གི་མ་རྒན་བགྲོད་པའི་དགྲ་བོ་ལ། །
ངོ་དགའ་སྤྲེལ་ལད་བྱེད་པའི་བུ་ངན་དེ། ། ཡོད་པ་ལས་ཀྱང་མེད་ན་ཅིས་མི་དགའ། །
ཁྲག་གིས་བྱུགས་འདྲའི་རྒྱ་མིའི་ཤོག་ཆག་དང་། །མནོག་ཆུང་ཕྲལ་གྱི་ཁེ་ཕན་ཆུང་ངུའི་སླད་། །
རང་ཡུལ་བཙོང་ལ་བྲེལ་བའི་ཟོག་པོ་དག། མཐོང་ཚེ་རང་གིས་རང་ལ་ཡིད་སྨོན་འཆོར། །
དོན་དང་མཐུན་པ་ཞིག་བྲིས་འདུག་དེར་རྒྱབ་སྐྱོར་ཡོད། དམིགས་བསལ་ཁྱེད་རང་གིས་སྟོན་པའི་དྲི་བ་དེ་དག་༼རྒྱ་ནག་གཞུང་གི་བོད་ཐོག་བཟུང་བའི་སྲིད་ཇུས་ག་འདྲ་རེད། བོད་དང་བོད་མིའི་གནས་སྟངས་ག་འདྲ་རེད། བོད་དུ་བོད་མི་ཚོར་ཅི་ཞིག་དགོས། ཉེན་ཁ་ཅི་ཞིག་བོད་ལ་འབྱུང་བཞིན་ཡོད༽ཧ་ཅང་གལ་གནད་དང་དུས་ལ་བབས་པའི་དྲིག་རྟགས་ཤིག་རེད། དེས་ན་ཡུལ་དུས་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས་བོད་ཀྱི་རྩ་དོན་བསྒྲུབ་དགོས།
ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་དབང་གིས་ཡིན་ན་མི་ཤེས། དེ་མ་གཏོགས་ཁྱེད་ཀྱི་རྩོམ་ཡིག་དེ་དག་ལ་འདི་ལྟར་ལྟ་འདོད་ཡོད།
ཚན་པ་དང་པོ། རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་བཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་། ཁོང་གི་ནུས་པ་དེ་ནི་བོད་མི་རིགས་ཀྱི་ལྷད་མེད་པའི་སེམས་པ་དེ་ནས་བྱུང་བ་རེད། ལྷག་དོན་དུ། རྒྱལ་བ་རིན་པོ་ཆེ་སྐུ་ན་གཞོན་དུས་དང་། འཛམ་གླིང་ལ་དེ་ཙམ་གྱི་སྙན་གྲགས་མ་ཆགས་པའི་གོང་ནས་བཟུང་འདི་ལྟ་བུའི་ནུས་པ་ཞིག་ཡོད་པ་ནི། གཙོ་བོ་བོད་མི་རིགས་ལ་ཐུག་ཡོད། བོད་མི་རིགས་ཀྱི་སེམས་ན་ཁོང་གི་གནས་བབ་གང་འདྲ་ཞིག་ཡོད་པ་དེ་ཤེས་ནས། རྒྱ་གར་གཞུང་གིས་ཀྱང་ཁོང་ལ་ངོས་འཛིན་དང་སྣེ་ལེན་ཞུས་པ་རེད། འདིའི་སྐོར་ལོ་རྒྱུས་མང་ཙམ་བཀླགས་ན་གསལ་བོ་ཆགས་ཐུབ་ལ། ཀླད་པ་ཅུང་གུ་ཡངས་པོ་བྱས་ན་དོན་དེ་ཚོ་རྟེན་འབྱུང་གི་རང་བཞིན་དེ་ཚོ་ལྷག་པར་གསལ་བོ་ཆགས་ངེས།
ཚན་པ་གཉིས་པ། བོད་མི་ཚོ་ཁ་འཐོར་དུ་མ་ཕྱིན་པ་དེ་རྒྱལ་བ་རིན་པོ་ཆེ་ལ་ཧ་ལས་པའི་འབྲེལ་བ་ཡོད། དེ་བཞིན་དུ་སྒྲིག་འཛུགས་འདི་མི་འཐོར་རྒྱུ་ནི་བོད་ཙམ་དུ་མ་ཟད། ཨ་རི་དང་རྒྱ་གར་གཞུང་། ཡུ་རོབ་སོགས་ནས་ཀྱང་རེ་བ་བྱས་ཡོད་ལ། མཐུན་འགྱུར་ཡང་གནང་ཡོད།
ཚན་པ་གསུམ་པ། དེ་ནི་དུས་དང་མཐུན་པ་ཞེས་པ་དེར་ངོས་ལེན་མེད། དོན་དངོས་བཤད་ན། འདི་ནི་གདམ་ཀ་མཐའ་མ་དེ་རེད། གདམ་ཀ་གཞན་པ་ཡོད་ན་ང་ཚོས་གདམ་ཀ་དེ་ཚོ་ལེན་སྲིད། ཡིད་མི་ཆེས་ན། བོད་རིགས་མཐོ་དམའ་ཚང་མར་སྐད་ན་དྲིས་དང་ལན་ཏག་ཏག་རག་གི་རེད།
ཚན་པ་བཞི་བ་འདིའི་ནང་དུ་ཁྱོད་ཀྱི་མིག་དང་སེམས་གཉིས་ཀ་འཁྲིག་འདུག དང་པོ། གཞོན་ནུ་ཚོགས་པ་ཇི་ལྟར་ཚུགས་མིན་དེ་ཤེས་དགོས་པ་རེད། དེ་ཤེས་སོང་ན་གཞི་ནས་མཛུབ་མོ་འཛུགས་ས་ཞིག་ཀྱང་རག་སྲིད། མི་སྒེར་བ་དེ་དག་ནི། ལྷ་བཟང་ཚེ་རིང་དང་ཀརྨ་ཆོས་འཕེལ། བསྟན་འཛིན་བརྩོན་འགྲུས་དང་ཨ་ཚོགས་ཀླུ་མཁར་བྱམས་སོགས་ཡིན་སྲིད་ལ། སྐུ་དྲག་མི་དྲག་ཟེར་བཞིན་པ་ནི་བཀྲས་མཐོང་ལྷ་སྒྲོན་དང་བཀྲས་མཐོང་དབང་པོ། ཞྭ་སྒབ་པ་དབང་ཕྱུག་སོགས་ཡིན་རྒྱུ་རེད། ཁོང་ཚོས་འགལ་རྐྱེན་བཟོས་ཞེས་པ་དེ་ནི། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཞེས་མ་ལབ་རོགས། རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱེད་སྟངས་དེར་འགལ་རྐྱེན་བཟོས་པ་རེད་ཅེས་སྡིག་ན་འགྲིག་གི་རེད། དེ་དངོས་ཡོད་རེད། ཁྱོད་ཀྱི་སྐད་ཆ་དེ་ཚོར་རང་ངོས་ངོ་མས་གཟབ་དགོས་པ་ཞིག་འདུག ད་དུང་བཤད་རྒྱུ་ཞིག་ལ། བོད་རང་བཙན་རྩོད་མཁན་ཚོ་རྒྱ་ནག་གཞུང་གི་རེ་བ་ལྟར། དེང་སྐབས་བློ་གྲོས་རབ་བརྟན་ལ་སོགས་པའི་བོད་རིགས་མང་པོ་དང་། རག་སྡིས་ལ་སོགས་པའི་བོད་རིགས་མང་པོ་ཞིག་གི་མིག་ནང་གི་འདྲེ་རུ་གྱུར་ཡོད་པ་རེད།
དུམ་མཚམས་གཞན་པ་དག་ལ་སྐབས་རྗེས་མར་ལན་རྒྱག་རྒྱུ་ཡིན།