མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པའི་འོས་གཞི།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་མ་སུ་རི་སློབ་ཟུར་དང་ལས་བྱེད་ཟུར་པ་ཁག་གཅིག་ཐུན་མོང་ནས་བཀའ་བློན་ཁྲི་པའི་འོས་གཞིར་སྐུ་སྒེར་དྲུང་ཆེ་ཟུར་བ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་རེ་བ་དང་བཅས་འོས་འཛུགས་ཞུ་གི་ཡོད། ང་ཚོ་སློབ་ཟུར་ཚོར་མཚོན་ན་ལོ་བཅུ་གྲངས་རིང་མཉམ་ཟ་མཉམ་གཤིབ་བྱས་པའི་རྒྱུས་ཡོད་ཡིན། ལས་བྱེད་ཟུར་པ་རྣམས་ལ་མཚོན་ན་ལོ་ཉི་ཤུ་རྩ་གྲངས་མཉམ་ལས་འདྲིས་གཤིབས་བྱས་པའི་ཉམས་མྱོང་བཅས་ང་ཚོས་གནས་ཚུལ་ཤེས་པའི་ཐོག་ནས་སྤོབས་པ་དང་གདེངས་ཚོད་བཅས་རྒྱབ་སྐྱོར་ཞུས་པ་ཞིག་ལས། ནག་ཁུང་ནང་མདའ་འཕེན་པ་ལྟར་རྒྱུས་མེད་འོད་ཚད་ཀྱིས་དམིགས་འཛུགས་ཞུས་པ་ཞིག་མིན། ཁོང་གི་ལོ་རྒྱུས་སྙིང་བསྡུས་སྐུར་ཡོད་ལ་གཟིགས་ཞིབ་བརྟག་དཔྱད་གནང་སྟེ་རྒྱབ་སྐྱོར་ཞུ་རིན་ཆོག་པ་ཞིག་དགོངས་ཀྱི་འདུག་ན། ཕན་ཚུན་ངོ་ཤེས་རྣམས་ལ་ངོ་སྤྲོད་ཐོག་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོའི་ཁོངས་ཆོས་ལུགས་ཆོལ་གསུམ་གྱི་མི་སྣ་འཛོམས་ཡོད།

ངོ་སྤྲོད།

༄༅། ། སྐུ་ངོ་བློ་བཟང་སྦྱིན་པ་ལགས་མ་སུ་རི་བོད་གཞུང་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང་། སློབ་གྲྭའི་སྐབས་འཛིན་གྲྭའི་འགན་བདག་དང་། སློབ་གྲྭའི་སྒྲིག་ཁྲིམས་འགོ་པ། དྭངས་བླངས་རུ་ཁག་གི་འགོ་འཛིན། ས་གནས་གཞོན་ནུའི་རྒྱུན་ལས་བཅས་གནང་མྱོང་བ་དང་། ལོ་ལྟར་ཀུན་སྤྱོད་ལེགས་ཤོས་ཀྱི་རྟགས་མ་བཞེས་ཏེ་མིག་དཔེ་ཡར་བལྟ་བྱ་ཡུལ་ཞིག་ཡིན།

སློབ་གྲྭ་ཐོན་རྗེས་སྐབས་དེའི་སློབ་སྤྱི་དང་ཤེས་རིག་བཀའ་བློན་གཅིག་ལྕོག་སྐུ་ངོ་ཕྲེང་རིང་མཆོག་ནས་ཐུགས་རྒྱུས་ཀྱིས་རང་ཉིད་ཀྱི་ལས་ཁུངས་སུ་ཤེས་རིག་ལས་བྱེད་ལ་ཐུགས་ཉར་གནང་བ་ལྟར་ལོ་གཉིས་ཙམ་རིང་ཤེས་རིག་ཁོངས་ཞབས་ཕྱི་ཞུས་པ་རེད། སྐུ་ངོ་ཕྲེང་རིང་མཆོག་ཤེས་རིག་བཀའ་བློན་འཁྱུར་རྗེས་ཅན་དི་སྒར་མཐོ་སློབ་ཏུ་བསྐྱོད། མཐོ་སློབ་ནང་སློབ་སྦྱོང་གནང་རིང་ས་གནས་གཞོན་ནུའི་དྲུང་ཆེ་དང་། གཞོན་ནུའི་གླེང་སྟེགས་ཀྱི་རྩོམ་བྲིས་པ་གནང་བ་རེད།

མཐོ་སློབ་ཐོན་རྗེས་གཞུགས་སྐར་བོད་ཀྱི་དཔེ་མཛོད་ཁང་དུ་དྲུང་ཆེའི་ལས་འཁུར་ཞུ་མུས་སུ་སྐུ་སྒེར་ཡིག་ཚང་ནས་ཞུ་མོས་གནང་བ་ལྟར་གནས་འཕོས་གནང་བ་རེད། བོད་ཀྱི་དཔེ་མཛོད་ཁང་དང་སྐུ་སྒེར་ཡིག་ཚང་གཉིས་ལ་ཞབས་ཕྱི་ཞུས་རིང་བཞུགས་རྡ་རམ་ས་ལའི་ས་གནས་གཞོན་ནུའི་ཚོགས་གཙོའི་ལས་འཁུར་གནང་རིང་ད་ལྟ་ཁྲོམ་གཞུང་དུ་བེད་སྤྱོད་བྱེད་བཞིན་པའི་གསང་སྤྱོད་ཁག་གཉིས་དང་། མཚན་ཉིད་གསུམ་མདོ་ནས་གངས་སྐྱིད་ཕྱོགས་སུ་རྒྱ་ལམ་གསུམ་མདོ་བར་ཕེབས་ལམ་ཆེད་མོ་ཌའི་ལམ་ཆེན་དང་། གླིང་བསྐོར་བསྐོར་ལམ་བཟོ་ཞུས་པ་རེད།

དེ་རྗེས་ཁོངས་ཀྱི་གཞོན་ནུའི་ཚོགས་ཆེན་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོར་སྔ་རྗེས་ཐེངས་གཉིས་བསྟུན་མར་སྤྱི་མོས་འོས་འདེམས་བྱུང་བ་ལྟར་ལས་འཁུར་གནང་རིང་བོད་དོན་དྲིལ་བསྒྲགས་དང་། དཔལ་འབྱོར་འདུ་འགོད། སྒྲིག་འཛུགས་ཡར་རྒྱས་དང་རྒྱ་བསྐྱེད། གཏན་འཇགས་ལས་ཁུངས་ཐོག་མར་གསར་འཛུགས་ཐུབ་པ་བྱུང་བ་དང་། དེ་སྐབས་འབྲུག་ནང་བོད་མིར་དཀའ་ངལ་འཕྲད་སྐབས་རྒྱ་གར་དུ་བཞེས་ཐབས་སྐོར་རྒྱ་གར་གཞུང་ལ་སྔ་རྗེས་ཞུ་གཏུགས་དང་། འབྲུག་གཞུང་ལ་བོད་མིར་བརྡབ་བསིགས་དཀའ་ངལ་མི་ཡོང་བའི་སྔ་རྗེས་ཞུ་བསྐུལ། དེ་བཞིན་གློ་སྒྲིག་འཛུགས་ཀྱི་འགོ་འཛིན་རྣམ་པ་བལ་གཞུང་ནས་འཛིན་བཟུང་བྱས་སྐབས་རྒྱལ་སྤྱི་དང། བལ་གཞུང་ལ་འཕྲལ་དུ་གློད་དཀྲོལ་དགོས་པའི་ཞུ་བསྐུལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་བར་བོད་གཞུང་དམངས་ནས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

ལྷག་དོན་ ༡༩༧༧ ལོར་ཟུང་སྦྲེལ་ཚོགས་ཆུང་ཟེར་བ་ཞིག་བྱུང་བ་རེད། ཚོགས་ཆུང་དེའི་ནང་གཞོན་ནུའི་རྒྱུན་ལས་འགའ་ཞིག་དང་། ས་གནས་ཡན་ལག་འགའ་ཞིག་ནས་མཉམ་བཞུགས་བྱས་པ་རེད། སྟབས་མ་ལེགས་པ་ཞིག་ལ་ཚོགས་ཆུང་དེའི་ཕྱག་ལས་གནང་ཕྱོགས་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་གཉིས་ཕྱོགས་ནས་གཟིགས་ཕྱོགས་བྱུང་བར་བརྟེན་བོད་པའི་སྤྱི་ཚོགས་ནང་ལབ་རྙོག་མཐོང་ཚུལ་བྱུང་བར་བརྟེན། གཞོན་ནུའི་སྒྲིག་འཛུགས་ནང་དུའང་བསམ་ཚུལ་རིང་ཐུང་ཆགས་རྐྱེན་གཞོན་ནུའི་རྒྱུན་ལས་ཁག་གཅིག་དགོངས་ཞུ་གནང་དགོས་བྱུང་བ་རེད།

ས་གནས་ཡན་ལག་ནང་ཁུལ་ལའང་བསམ་ཚུལ་མ་མཐུན་པ་བྱུང་སྟེ་ཁག་གཉིས་སུ་གྱུར་བའི་སྐབས་དེར་ཁོ་རང་གཞོན་ནུའི་ཚོགས་གཙོར་གསར་འདེམས་བྱུང་བ་རེད། ཁོང་ནས་འགྲིགས་འཇགས་ཡོང་ཐབས་ཀྱི་སྲིད་བྱུས་བཟུང་ནས་ཕན་ཚུན་ཕྱོགས་གཉིས་ཀར་འབྲེལ་བ་གནང་སྟེ་གཞོན་ནུའི་སྒྲིག་འཛུགས་ཁ་འཐོར་མ་བྱུང་བའི་བྱས་རྗེས་བཞག་ཡོད། དེ་བཞིན་དེ་སྐབས་མདོ་ཁམས་གཞོན་ནུ་ཚོགས་པ་ཞེས་པ་ཞིག་བྱུང་བ་དེ་ལ་ཡང་ཐབས་མཁས་ཀྱིས་འབྲེལ་བ་གནང་སྟེ་རིམ་གྱིས་ལབ་རྙོག་མེད་པ་རང་སར་ཞི་བ་རེད། གཞོན་ནུའི་ཚོགས་གཙོ་གནང་རིང་བོད་དུ་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཐེངས་གཉིས་པའི་ཁོངས་སུ་ཟླ་བ་གསུམ་ཙམ་རིང་ཆོལ་ཁ་གསུམ་གྱི་ས་ཁུལ་མང་པོར་འཚམས་གཟིགས་ལ་ཕེབས་ཡོད་པ་རེད།

དེ་རྗེས་བོད་གཞུང་བདེ་སྲུང་ལས་ཁུངས་སུ་དྲུང་གཞོན་དུ་བསྐོ་གཞག་དང་། ཡིད་ཆེས་འཕེར་བའི་ཕྱག་ལས་གྲུབ་འབྲས་ཡག་པོ་བྱུང་བར་བརྟེན་གོང་རིམ་བཀའ་ཤག་གིས་དྲུང་ཆེ་ཕྱག་རོགས་དང་། དྲུང་ཆེ་ལས་ཚབ་མཐར་དྲུང་ཆེ་བར་གནས་སྤར་གྱིས་ལོ་ ༨ རིང་བདེ་སྲུང་དུ་ཞབས་ཕྱི་ཞུས། བདེ་སྲུང་ལས་ཁུངས་ཀྱི་ངོ་བོའི་ཆ་ནས་ང་ཚོར་ཁོངས་གི་བྱས་རྗེས་འདི་དང་འདི་ཞེས་དམིགས་བསལ་ཞུ་རྒྱུ་མེད་ཀྱང་། ལོ་ ༨ ནང་གནས་རིམ་གསུམ་གནས་སྤར་གནང་སྟངས་ལ་གཞིགས་ན་བྱས་རྗེས་ཡག་པོ་བྱུང་ཡོད་པ་གསལ་པོ་མཐོང་ཐུབ། ད་ལྟ་ལྡི་ལི་སྣེ་ལེན་ཁང་གི་ས་ཆ་འདི་ཡང་ཁོང་གིས་ཐབས་ཤེས་གནང་སྟེ་བྱུང་བ་ཞིག་རེད་འདུག 

དེ་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག་གནང་བ་ལྟར་ལོ་གཉིས་སྐོར་གནང་རིང་། ད་ལྟ་བལ་ཡུལ་སྣེ་ལེན་ཁང་གི་ས་ཆ་སྤུས་གཟིགས་དང་རིན་འབབ་ཐབས་འཚོལ། དོན་གཅོད་ཁང་གི་ཐོག་བརྩེགས་སྤར་ཆ། རིག་གཞུང་རྨང་འཛུགས། གློ་སྒྲིག་འཛུགས་ཁོངས་འབའ་པ་རྒན་ཡེ་ཤེས་ཤོག་ཁག་དང་གཞུང་སའི་དབར་ལོ་མང་གོང་འགལ་ཟླའི་གནས་ཚུལ་ཡོད་པ་གཙང་སེལ་བཟོ་ཐུབ་པའི་བྱས་རྗེས་ཐོག  བལ་པོའི་ས་མཚམས་སྙེ་ཤང་ཁུལ་རང་རིགས་ ༣༠༠ སྐོར་ཡོད་པའི་གནས་སྟངས་རྟོགས་ཞིབ་སླད་ས་གནས་སུ་གཞུང་ཞབས་གཟིགས་བསྐོར་ལ་ཕེབས་མཁན་དང་པོ་དེ་ཡང་ཁོང་ཡིན་པ་རེད། གཞན་ཡང་ད་ལྟ་ཡོད་བཞིན་པའི་སྤོག་རར་ཚན་རིག་གི་སློབ་གྲྭ་ཟུར་འཛུགས་ཡོང་ཐབས་སུ་འབྲེལ་ཡོད་ SOS རོགས་ཚོགས་ལ་འབྲེལ་གཏུགས་ཞུ་སྐུལ་གནང་བ་སོགས་བྱས་རྗེས་གང་ལེགས་བྱུང་ཡོད་པ་ཀུན་གསལ་ཡིན།

བལ་ཡུལ་དོན་གཅོད་གནང་མུར་སྐུ་སྒེར་དྲུང་ཆེར་དྲག་འདེམས་བསྐོ་གཞག་གནང་བ་ལྟར་ལོ་ ༡༣ རིང་༸རྒྱལ་བའི་དབུ་འོག་དཔུང་འདེགས་ཞུ་སྒོ་ཁག་ལམ་སྟོན་བཀའ་མངགས་ཇི་གནང་འབད་འབུངས་ཞུས་རྗེས་རྩ་དགོངས་ཞུས་ཀྱང་དགོངས་འཁྲོལ་མ་བྱུང་བར་བརྟེན་ལས་དོན་འབྲེལ་ཆགས་རྒྱུས་མངའ་ལྟར་ནོར་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་༸རྒྱལ་བའི་མཛད་རྣམ་སྡེ་ཚན་ཁོངས་ལོ་ ༢ རིང་དམིགས་བསལ་ཞབས་གཡར་གནང་བ་རེད།

སྐུ་སྒེར་ཡིག་ཚང་དུ་ཞབས་ཕྱི་ཞུས་རིང་ལས་ཞོར་ཧི་མ་ལ་ཡའི་རི་རྒྱུད་ཆོས་ལུགས་རིས་མེད་ཀྱི་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་འཛུགས་བསྐྲུན་འཆར་འགོད་དང་རོགས་རམ་ཐབས་འཚོལ་ཞུས། བོད་བསྟན་པ་ཆབ་སྲིད་སྤྱིའི་བདེ་རྩར་དགོངས་ནས་སྤྲེལ་ལོ་དང་བསྟུན་ཁོང་དང་བློ་མཐུན་འགའ་ཤས་ཀྱིས་མཚོ་པད་མར་གསེར་ཟངས་ལས་གྲུབ་པའི་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་ཆེ་ཆུང་ཕི་ཌི་བརྒྱད་ཡོད་པ་ཞིག་གསར་བཞེངས་ཞུས་པ་དང་། དེ་བཞིན་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་དཔེ་བསླངས་ནས་མཆོད་རྟེན་གསར་བཞེངས་གནང་བ་རེད།

དེ་ལྟར་ལྷ་དར་ས་ལ་བདུད་དར་ཟེར་བ་བཞིན་བོད་ཀྱི་ལོ་རྒྱུས་སྔ་ཕྱི་རིམ་པའི་ནང་ཕན་ཚུན་ཕྱགས་གཏོགས་བེད་སྤྱོད་ཁོངས་སུ་མེད་པའི་ལྷག་བསམ་ཅན་གྱི་མི་སྣར་ཕྱི་ནང་ཁ་མཐུན་ནས་ཁུངས་ལུང་གཞི་རྩ་མེད་པ་མི་དཀར་ལ་ཞྭ་ནག་གཡོགས་ཐབས་ཀྱི་བྱས་ཉེས་བྱུང་ཡོད་པ་ལྟར། ཁོ་རང་ལ་ཡང་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་རིང་དངུལ་ཆད་བྱུང་བ་དང་། ༸གོང་ཆ་མཆོག་ནས་གཟིགས་ཚུལ་ཡོད་ལུགས་མིང་ཆ་བཟོ་ཐབས་ཀྱི་ངན་བྱུས་བརྩམས་ཏེ་སྤྱི་ཚོགས་ནང་གཏམ་འཚལ་སྤེལ་ཡོད་པ་དེ་སྐོར་ཉེ་ཆར་རྒྱ་གར་དང་ཕྱི་རྒྱལ་ཁུལ་ནས་བསམ་ཡོད་སྤྱི་སེམས་ཅན་གྱི་མི་སྣ་ཁག་བློས་མ་བཟོད་པར་སྐུ་སྒེར་ཡིག་ཙང་དུ་དེ་ལྟར་དངོས་འབྲེལ་ཡིན་མིན་དགོངས་བསྐོར་ཕྱག་བྲིས་སྔ་རྗེས་ཕུལ་བའི་བཀའ་ལན་དུ་སྐུ་སྒེར་ཡིག་ཚང་ནས་ ༢༠༡༠ ཟླ་ ༥ ཚེས་ ༥ འཁོད་པའི་ནང་ ༼སྤྱི་དངུལ་མ་ཚང་བ་དང་རྩིས་ཆད་ཐོན་པ་བྱུང་མེད། གཞུང་ཞབས་ཐེག་པ་རིམ་འཛིགས་ཀྱིས་ལོ་མང་ཞབས་ཞུས་ཤེས་འཇོན་གཉིས་ལྡན་ལྷག་བསམ་ཅན་ཞིག་ཡིན༽ཞེས་དང་། བཀའ་ལན་གཞན་དེ་ ༢༠༡༠ ཟླ་ ༥ ཚེས་ ༡༢ ཉིན་གནང་བའི་ནང་༼སྐུ་ངོ་བློ་བཟང་སྦྱིན་པ་གཞུང་ཞབས་ནས་རྒས་ཡོལ་སྔ་སྣུར་ཞུས་ཏེ་ཨ་རིར་མ་ཕེབས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཐོན་ཨ་རིར་མ་འོངས་ལས་གཞིའི་སྐོར་༸སྙན་གསེང་དང་རྒྱབ་གཉེར་བཀའ་ཡིག་ཀྱང་ཞུས་རྩལ་བྱུང་ཡོད༽ཅེས་འཁོད་ཡོད་པ་དེ་ནས་ངན་སེམས་བཅངས་པའི་དཀྲོག་གཏམ་གྱི་རྫུན་རྐུབ་བརྟོལ་བ་རེད། གོང་གསལ་སྐོར་དངོས་འབྲེལ་ཡིན་མིན་སྐུ་སྒེར་ཡིག་ཚང་ལ་དྭོགས་གཅོད་གནང་ཚེ་ཕྱི་གསལ་ནང་གསལ་མཁྱེན་རྟོགས་གསལ་པོ་ཡོང་རྒྱུ་ཡིན། དེ་ལྟར་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༧ ནང་བགྲེས་ཡོལ་ཞུས་ཏེ་ཨ་རིར་ཐོན་ཁར་༸གོང་ས་༸སྐྱབས་མགོན་ཆེན་པོས་གཟིམ་ཆུང་དུ་ཟུར་མཇལ་སྩལ་ཐོག་གནང་སྐྱེས་དད་རྟེན་གསོལ་སྩལ་དང་། སྐུ་དཔར་ལྷན་བཞེས། མ་འོངས་བྱེད་སྒོའི་ནང་མའི་བཀའ་སློབ་སྩལ་ཏེ་དཔོན་འབངས་བླ་སློབ་དགའ་དབྱེ་འཛུམ་བྲལ་བྱུང་ཡོད་པ་རེད།

ཁོང་གི་དམིགས་བསལ་ཁྱད་ཆོས་ནི། མི་རང་བཞིན་བརྟན་པོ་དང་། ཆོས་ལུགས་དང་ལུང་ཚན་ཐད་ཕྱོགས་ལྷུང་འཐེན་འཁྱེར་རྩ་བ་ནས་མི་གནང་མཁན། སྤྱི་དོན་ཐོག་དོ་སྣང་སེམས་འཁུར་ཆེ་ཞིང་། གཞན་གྱི་བེད་སྤྱོད་འོག་མི་འགྲོ་མཁན། དྲང་ཚུགས་ལྡན་པ། ཆེ་ཉམས་མེད་པ་འབྲེལ་བ་ཞུ་བདེ་པོ། རྒྱུན་གྱི་ཀུན་སྤྱོད་ཆོས་པ་ལྟ་བུ། ཉམ་ཐག་རིགས་ལ་གང་ཐུབ་བལྟ་སྐྱོང་རོགས་རམ་དང་། རྩག་རྩིག་གནས་དོན་ཆུང་རྩག་ཐོག་གུ་ཡང་ཁོག་རྒྱ་ཆེ་ཡང་། རྩ་དོན་དང་འབྲེལ་བའི་གནས་དོན་གལ་གནད་ཆེ་སར་གྱོང་ཐག་ཆོད་ཡོད་པ་ང་ཚོར་རྒྱུས་མངའ་ཡིན།

མདོར་ན་ཁྱོན་གཞུང་ཞབས་ལོ་ ༣༣ ལྷག་ཙམ་ཞབས་ཕྱི་ཞུས། ཤེས་རིག་དང་བདེ་སྲུང་། བལ་དོན་བཅས་གནང་བས་བོད་ཕྱི་ནང་གཉིས་ཀའི་བདེ་སྡུག་གནས་སྟངས་མཁྱེན་པ། བདེ་སྲུང་ཕྱག་ལས་གནང་བས་མི་ངོ་ཡག་ཉེས་ཐུགས་རྒྱུས་ཡོད་པ། སྐུ་སྒེར་ཡིག་ཚང་དུ་ཞབས་ཕྱི་ཞུས་རིང་མཇལ་བཅར་བས་མཚོན་ཡིག་ཚང་དུ་འབྲེལ་གཏུགས་ཞུ་མཁན་མི་སྣ་ཆེ་ཕྲར་འབྲེལ་བ་དང་། ལྷག་དོན་དུ་བོད་མིའི་གཞིས་ཆགས་ཁག་དང་། སློབ་གྲྭ། སྨན་ཁང་། དགོན་པ་གྲྭ་ཚང་ཁག་དང་བཅས་པར་ཡང་ཡང་༸རྒྱལ་བའི་ཆིབས་ཞབས་སུ་བཅར་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་གསལ་པོ་མཁྱེན་རྟོགས་ཡོད་པ། གཙོ་ཆེ་༸གོང་ས་ཆེན་པོའི་དགོངས་གཞི་དགོས་པ་གསལ་རྟོགས་ཡོད་པ་མ་ཚད་འཛིན་སྐྱོང་གི་ཉམས་མྱོང་ཆ་ཚང་ཡོད་པ་ཞིག་ཡིན།

དུས་རྒྱུན་རང་འཁྲིིའི་ཞུ་སྒོ་ཁག་གི་ཐོག  ༸གོང་ས་ཆེན་པོའི་ཡིད་ཆེས་མ་དངུལ་གྱི་ཐེབས་རྩའི་ཚོགས་མི་དང་། བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ཆོས་དོན་དང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཚོགས་མི་བཅས་དང་། དེའི་གོང་ལས་བྱེད་བདག་གཉེར་ཁང་དང་། འོས་བསྡུ་ལས་ཁུངས། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་། མདོ་སྟོད་འོས་བསྡུ་ཚོགས་ཆུང་བཅས་ཀྱི་ཚོགས་མི་གནང་ཡོད་པ་རེད།

ཕྱག་ལས་ཞོར་ལ། བོད་རང་བཙན་ཁུངས་བསྐྱེལ་བདེན་དོན་གསལ་བའི་སྒྲོན་མེ་དང་། བོད་ཀྱི་ཕྱི་སྲིད་དང་འབྲེལ་བའི་གཏམ། ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་བསྐྱར་ཞིབ་བྱས་པ། གྲོས་མཐུན་དོན་ཚན་ ༡༧ ཟེར་བར་དཔྱད་གཏམ། བསླབ་བྱ་ཡ་རབས་འཇུག་ངོགས། མཛད་རྣམ་སྙིང་བསྡུས། ཕ་ཡིས་བུ་མོར་གདམས་པའི་དེབ་ཕྲེང་སྔ་རྗེས་གསུམ། སྲོག་གཅོད་ཀྱི་ཉེས་མིག་དང་སྲོག་བླུའི་ཕན་ཡོན་བརྗོད་པ། ༸རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་སྙིང་བསྡུས། སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་དང་། འདོན་པའི་ཕན་ཡོན། སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་གི་འགྲེལ་པ། གར་ཞ་འཕགས་པའི་གནས་བཤད་སྙིང་བསྡུས་བཅས་ཕྱོགས་སྒྲིག་དཔར་སྐྲུན་གནང་ཡོད་པ་ཐུགས་སྣང་ཅན་ཚང་མས་མཁྱེན་གསལ་ཡིན།

དེས་ན་ལྷ་ཁང་རྙིང་པར་གནས་བཤད་གསར་པའི་དཔེ་ལྟར་དུས་རྒྱུན་ནས་བོད་སྤྱི་དོན་ལ་དོ་སྣང་སེམས་འཁུར་ཡོད་པ་རྣམས་ལ་ཁོང་གི་སྐོར་ཟུར་དུ་ངོ་སྤྲོད་དགོས་གལ་མེད་ཀྱང་། བྱས་རྗེས་བརྗེད་ངེས་ཅན་འགར་དྲན་གསོ་ཞུས་པ་དང་ཆབས་ཅིག་ཐུགས་རྒྱུས་མེད་མཁན་རྣམས་ནས་ང་ཚོས་གང་བཤད་ལ་ཆ་འཇོག་མ་གནང་བར་དངོས་འབྲེལ་བདེན་པ་ཡིན་མིན་བློ་གཟུ་བོར་གནས་པའི་མྱོང་རྒྱུས་ཡོད་པའི་མི་སྣར་འདྲི་བརྩད་གནང་ཚེ་གསལ་པོ་མཁྱེན་རྟོགས་ཡོང་བའི་རེ་བ་ཞུ་གི་ཡོད།

འབྲེལ་གཏུགས་ཁ་པར་ཨང་།
ནོར་བུ། 9882499269

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 10

  1. པད་མ་ལྷུན་གྲུབ། says:
    ལོ་ 15 སྔོན།

    སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པར་རྒྱབ་སྐྱོར་ཡོད། བདེ་སྲུང་བཀའ་བློན་གྱི་གསལ་བསྒྲགས་དེ་དྲྭ་སྟེང་དུ་མཐོང་རྒྱུ་མི་འདུག་པ་དེ་གང་ཡིན་ནམ། གླ་ཆ་ཆེ་ཆུང་གི་ཁྱད་པར་རེད་དམ། རྩོམ་སྒྲིག་པས་གསལ་བཤད་ཅིག་དགོས་ཀྱི་འདུག དྲང་པོ་གནང་རོགས།

    Reply
  2. ཟླ་བ་བཟང་པོ། says:
    ལོ་ 15 སྔོན།

    སྤྱིར་ང་ཚོའི་ཐེངས་འདིའི་བཀའ་ཁྲིའི་འོས་གཞིར་ལས་ཀའི་ཉམས་མྱོང་ཕུན་ཚོགས་ཡོད་པ་ཞིག་གལ་ཆེ་བརྩི་ལོས་དགོས། དེ་ལས་གལ་འགངས་ཆེ་བ་ནི་མི་དེའི་ལོ་རྒྱུས་ལ་ནག་ཉེས་མེད་པ་ནི་འཛམ་གླིང་སྤྱིའི་འོས་འཕེན་བྱེད་སྐབས་གྱི་ཆ་རྐྱེན་མེད་དུ་མི་རུང་བ་གཅིག་ཡིན་པས་དེའི་ཐད་ལ་ཐུགས་ཉམས་འཇོག་དགོས་བར་སེམས། སྐུ་སྒེར་དྲུང་ཟུར་བློ་བཟང་སྤྱིན་པ་ལ་མཚོན་ན་ད་བར་གཞུང་དམངས་ལ་ཕྱག་ལས་གནང་བའི་ལོ་རྒྱུས་ལ་བལྟས་ན་ངོ་མ་བཀའ་དྲིན་ཞུ་དགོས་པ་ཞིག་འདུག་མོད། འོན་ཀྱང་དམངས་ཁྲོད་ན་ད་དུང་རྣམ་རྟོག་རྙིང་པ་ཞིག་གི་མཇུག་སྐྱོང་མེད་པར་ལྷག་ཡོད་པས། བློ་བཟང་སྤྱིན་པ་ལགས་དོན་དངོས་ད་ཐེངས་ཀྱི་བཀའ་ཁྲིའི་འོས་གཞིར་ཞུགས་འདོད་ཡོད་ན་དང་པོ་སྔོན་སྐུ་སྒེར་བཞུགས་ཡུན་རིང་གི་རྩིས་ཁྲའི་རྙོག་དྲ་དེ་གསལ་པོ་བཟོ་དགོས་པ་དང་གཅིག གཉིས་ནས་ཁྱེད་ལ་དེ་འདྲིའི་གཞུང་དམངས་ལ་ལྷག་བསམ་ཡོད་ན་སྐུ་སྒེར་ནས་མུ་མཐུད་ཕྱག་ལས་མི་གནང་བར་ཨ་རིར་གནས་སྤོར་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཞིག་གསལ་བཤད་ཐུབ་ན་ད་གཟོད་མི་རྣམས་ཀྱི་རྣམ་རྟོག་སེལ་ཐུབ། དེ་དུས་གཞི་ནས་ཁྱེད་ལ་བཀའ་ཁྲིར་འོས་འདེབས་ཐུབ་རེ་བ་ཡོད། 

    Reply
  3. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    “༄༅། ། སྐུ་ངོ་བློ་བཟང་སྦྱིན་པ་ལགས་མ་སུ་རི་བོད་གཞུང་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་ཐོན” ཧ་ཧ། ངས་བསམས་དེ་ནོར་མི་འདུག་ག “ང་ཚོ་མ་སུ་རི་སློབ་ཟུར་དང་ལས་བྱེད་ཟུར་པ་ཁག་གཅིག་ཐུན་མོང་ནས་བཀའ་བློན་ཁྲི་པའི་འོས་གཞིར་སྐུ་སྒེར་དྲུང་ཆེ་ཟུར་བ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་རེ་བ་དང་བཅས་འོས་འཛུགས་ཞུ་གི་ཡོད།” ཅེསཔའི་ཚིག་དུམ་དེ་མཐོང་མ་ཐག་བདག་གི་ཡིད་དུ་སྐུ་ངོ་ཁོང་ནི་མ་སུ་རི་ནས་ཐོན་ཞིང་མ་སུ་རི་ལ་འབྲེལ་ཡོད་གཅིག་ཡིན་པ་ཡིད་ལ་ཝ་ལེར་འཁོར། ཚོགས་སྡེ་ཁག སྒེར་བ་སོགས་ཚང་མས་རང་ཕྱོགས་གཅིག་འབྱུང་འགྱུར་གྱི་བཀའ་ཁྲིར་བྱུང་ན་སྙམ་པ་ལས། སྤྱི་དོན་ཁུར་དུ་ཁྱེར་མཁན་ནི་ངོ་མ་ཧ་ཅང་དཀོན་གི་ཡ། ཨ་རོགས་ཚོ། ཁ་སང་གི་ནོར་འཁྲུལ་དེས་ད་དུང་ཡང་ཁྱོད་ལ་གོ་བ་སྟེར་མ་སོང་ངམ། སོང་ན་དེ་འདྲ་མ་གནང་རོགས།

    Reply
  4. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    སྤྱི་བཏང་བཀའ་བློན་ཁྲི་པ་ནི་དབྱིན་བོད་གཉིས་ཀྱི་སློབ་སྦྱོང་ཡོད་པ་ཙམ་གྱི་མ་ཡིན་པ་བོད་མི་མང་གི་ཆེད་དུ་བྱ་བ་ག་ཚེད་བྱེད་ཀྱང་ཕྱོགས་རིགས་མེད་པ་ཞིག་བྱ་ཐུག་མཁན་ཞིག་དང་དེ་དང་འབྲེལ་བའི་ཐོག་ནས་མི་དེ་ལ་ཡང་བཟི་བརྗིད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་སྐུ་ངོ་བློ་བཟང་སྦྱིན་པ་ནི་ཤེས་བྱ་ཡོན་ཏན་སོགས་ནི་ཡག་པོ་འདུག་དེང་བཟི་བརྗིད་དེ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧཧཧཧཧཧཧཧཧཧ

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    སྤྱིར་བཏང་སྐུ་ངོ་བློ་བཟང་སྦྱིན་པ་ཁོ་མི་གཞི་བཟང་ངན་མི་ཤེས་ ཡིན་ཡང་ཁོ་གིས་སྐུ་སྒེར་དྲུང་ཆེན་བྱེད་དུས་རྩིས་ཁྲ་མ་ཚང་བའི་ལོ་རྒྱུས་མང་པོ་གོ་རྒྱུ་འདུག

    Reply
  6. དབྱངས་བུ། says:
    ལོ་ 15 སྔོན།

    ངས་ད་བར་མཆན་མི་ཉུང་བ་ཞིག་བྲིས་ཡིན། དེ་དག་ཚང་མ་རྩོམ་ཡིག་དང་འབྲེལ་བ་ཤ་སྟག་དང། དངོས་ཡོད་གནས་སྟངས་ཡིན་མོད། དུས་བབ་ཟིན་བྲིས་ནང་བཅུག་གི་མི་འདུག

    Reply
  7. དབྱངས་བུ། says:
    ལོ་ 15 སྔོན།

    དེང་སྐབས་མི་སྣ་ངོ་སྤྲོད་བྱས་པ་ཙམ་ལས། མི་དེ་དང་འདི་བཀའ་ཁྲིའི་འོས་དམིགས་སུ་རན་དང་མ་རན། འོས་དང་མི་འོས་སོགས་གླེང་མཁན་ཧ་ཅང་དཀོན་པོར་གྱུར་འདུག ཀློག་གིན་ཀློག་གིན་ལ་མི་རྒན་རྣམས་ཁྱབ་བསྒྲགས་སམ། རྒྱ་གཞུང་གི་དྲིལ་བསྒྲགས་གསར་འགྱུར་ཀློག་བཞིན་པའི་འཚོ་བ་ངམ་ངམ་ཤུགས་ཀྱིས་སླེབས་ཀྱི་འདུག དེ་ལྟར་མི་འདུག་གམ་རྒྱ་ཆེའི་ཀློག་པ་པོ་རྣམ་པ།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱི་ཞལ་རས་དེ་མར་ནས་མར་ལྷུག་གེ་བ་ཞིག་འདུག་པར་བལྟས་ན་བཀའ་ཁྲི་འབེལའབེལ་ལྷུག་ལྷུག་ཤིག་འོང་ས་རེད། རེ་བ་འདུག

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གོང་གི་ལོ་རྒྱུས་དང་མཚུངས་པའི་བོད་མི་བྱས་རྗེས་ཅན་ཞིག་རེད།

    Reply
  10. ཁམས་ཕྲུག་འཇིགས་མེད། says:
    ལོ་ 15 སྔོན།

    གལ་སྲིད་ཁོང་བོད་རིགས་བྱས་རྗེས་ཅན་ཞིག་རེད་ཅེས་གསལ་སྒྲགས་བྱས་ཚེ་ངའི་འོས་གཅིག་པོ་འདི་ཕལ་ཆེར་ཁོང་ལ་ཐོབ་ཡང་སྲིད། དེ་ལྟར་མ་ཡིན་པར་ཁོང་མ་སུ་རི་ནས་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཤོད་ཀྱི་ཡོད་ན་དེ་ནི་ཉེན་དགའ་ཕྱོགས་ལྷུང་ཡིན་པས་ངའི་འོས་རྐང་གཅིག་པོ་འདི་ཆེད་དུ་ཁོང་ལ་བླུགས་ཀྱི་མིན། དགོངས་དགས་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese