མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་ཤག་གི་འཚམས་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པའི་ཐད་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ རེས་གཟའ་ཉི་མའི་ཉིན་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་དུ་ཆུ་ལོག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་འདུག་ལ། དེའི་ནང་འཁོད་དོན།  བོད་མདོ་སྨད་ཆོལ་ཁའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་འབྲུག་ཆུ་རྫོང་དུ་ཆུ་རུད་ཀྱི་འཇིག་པ་བྱུང་སྟེ་མི་གྲངས་ ༡༢༧ ཙམ་རྐྱེན་འདས་སུ་གྱུར་བ་དང། མི་གྲངས་སྟོང་ཙམ་གར་སོང་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བློ་ཕམ་ཞུ་བཞིན་པར་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང། ལུས་སེམས་དཀའ་ངལ་འོག་གནས་བཞིན་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་པ་དང་ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་གསོ་གང་མགྱོགས་ཡོང་ཆེད་སྨོན་ལམ་ཞུ་བཞིན་ཡོད་པ་མ་ཟད། གོད་ཆག་འོག་རྐྱེན་འདས་སོང་བ་རྣམས་ཀྱི་རྣམ་ཤེས་ཞི་བདེའི་ངང་གནས་པ་དང་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་ཆེད་ཕྱི་ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཀའ་ཤག་གི་གོ་སྒྲིག་འོག་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་རྣམས་ཚང་འཛོམས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་སྨོན་ལམ་འཚོགས་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

རྒྱ་ནག་ཞིན་ཧྭ་གསར་ཁང་གིས་དེ་རིང་འབྲུག་ཆུའི་ཆུ་ལོག་གི་གནས་ཚུལ་འདིའི་ཐད་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ཁྲོད་ཁྱོན་བསྡོམས་མི་ཁྲི་ ༤༌༧ ལ་གནོད་སྐྱོན་བྱུང་ཡོད་པའི་ཁྲོད། མི་ ༡༣༧ རྐྱེན་འདས་དང་མི་ ༡༣༤༨ གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད།  མི་ ༨༨ ལ་རྨས་སྐྱོན་དང་མི་ ༢༨ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག   ད་ལྟའི་ཆར་མི་ ༡༢༤༢ མྱུར་སྐྱོབ་བྱུང་ཡོད་ནའང་། ཁང་པ་ ༣༠༠ ལྷག་རྡིབ་ཡོད་པ་དང་ཁང་པ་ ༣༠༠༠ ལྷག་ཆུའི་ནང་འཐིམ་ཡོད་ཅིང་། གཞན་ཁང་པ་ ༧༠༠ ལྷག་རྡིབ་ཉེན་ཡོད་པའི་སྐོར་བཀོད་འདུག་ལ། ཡུལ་མི་ཁྲི་ ༢ ལྷག་གནས་སྤོར་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་སོགས་བཀོད་འདུག

གསར་འགོད་པ། དོན་གོ།
 

མཆན། 10

  1. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    འབྲུག་ཆུ་རྫོང་གི་ས་ཆའི་གསུམ་ཆ་གཉིས་བོད་རིགས་ཀྱིས་ཟིན་ཡོད་ཅེས་པའི་བར་དུ་བོད་ཅེས་པ་ཆད་ལྷག་ཤོར་འདུག་པས་དག་བཅོས་ཡོང་བ་ཞུ།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    འབྲུག་ཆུའི་ས་ཁུལ་ནི་ཐེ་བོ་སྨད་རྒྱུད་ཀྱི་ས་ཁུལ་ཡིན་ཞིང་། གཙོ་བོ་འབྲུག་དཀར་གཙང་པོའི་འགྲམ་ངོགས་སུ་ཆགས་ཡོད། འབྲུག་ཆུ་རྫོང་གི་སྤྱིའི་མི་འབོར་གཅིག་འབུམ་གསུམ་ཁྲི་ཡོད་པ་ལས་བདུན་ཁྲི་ལྷག་བོད་རིགས་ཡིན་ལ། འབྲུག་ཆུའི་རྫོང་གི་ས་ཆའི་གསུམ་ཆ་གཉིས་རིགས་ཀྱིས་ཟིན་ཡོད།

    Reply
  3. དགྲ་འདུལ། says:
    ལོ་ 13 སྔོན།

    བཀུར་འོས་བཀའ་ཤག་གི་འདས་གསོན་ཕོ་མོ་ཡོངས་ལ་དུས་ཐོག་ཐུགས་གསོའི་འཚམས་འདྲི་ཞུ་བར་ཐུགས་རྗེ་ཆེ་ཞུ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དང་ལ་དྭགས་ཁུལ་དུ་གློ་བུར་དུ་ཆུ་ལོག་ཚབས་ཆེན་བྱུང་བར་འདས་གསོན་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད། དྲ་གྲོགས་ཡོངས་ནས་མ་ཎི་རེའི་ཞབས་འདེབས་ཞུ་གནང་ཡོད་པར་ཞུ་ཞུ།
    ཨོཾ་མཎི་པདྨེ་ཧཱུཾ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཨོཾ་མཎི་པདྨེ་ཧཱུཾ།
    ༸གོང་ས་མཆོག་གི་གསུང་ལས།
    དབུལ་ཕོངས་ཉམ་ཐག་བཙན་གནོན་མནར་གཅོད་དང་། །
    སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས། །
    ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས། །
    ཐམས་ཅད་དགའ་བདེའི་དཔལ་ལ་རོལ་བར་ཤོག །

    Reply
  4. འབའ་ཐང་གི་བུ། says:
    ལོ་ 13 སྔོན།

    ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ཐད་ལ་གྱོང་གུན་ཚབས་ཆེན་ཕོག་པར་སྙིང་གཏིང་ནས་བློ་ཕམ་དང༌། རྗེས་ཤུལ་ནང་མི་འབྲེལ་གཏུགས་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
    སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌།།
    འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཀྱི།།
    ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
    རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    འབྱུང་བཞིའི་གནོད་པ་ཟློག་མེད་གཡང་གསར་ཆུ།།
    ལས་ཀྱི་གར་སྐྱེས་སྐྱེ་སྔོན་ལས་དང་འབྲེལ།།
    རིགས་དྲུག་གང་དུ་སྐྱེ་བའི་འདས་པོ་ཚོར།།
    ཕྱི་མར་ངན་སོང་མེད་པར་དཀོན་མཆོག་མཁྱེན།།

    Reply
  6. སེར་ཆེན་ says:
    ལོ་ 13 སྔོན།

    ཐུགས་གསོའི་མཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཡོད།་་་་ཨོཾ་མཎི་པདྨེ་ཧཱུཾ།ད་ལོའི་ལོ་འདིའི་ནང་བོད་ལ་རང་བྱུང་གི་གོད་ཆག་མང་པོ་འབྱུང་དགོས་ཅི་ཡིན་ནམ།གནམ་རྒན་མ།

    Reply
  7. རྒྱལ་བསྟན། says:
    ལོ་ 13 སྔོན།

    དཔལ་ལྡན་བོད་གཞུང་བཀའ་ཤག་མཆོག་ནས་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་གནང་བར་ཐུགས་རྗེ་ཆེ། འདས་པོ་རྣམས་གང་མགྱོགས་མཐོ་རིས་བདེ་འགྲོའི་རྟེན་བཟང་ཐོབ་པ་དང་། སོན་པོ་རྣམས་མྱུར་དུ་དཀའ་ངལས་བྲལ་བའི་སྨོན་ལམ་འདོན་བཞིན་ཡོད།

    Reply
  8. རྒྱལ་བསྟན། says:
    ལོ་ 13 སྔོན།

    བཀུར་འོས་དཔལ་ལྡན་བོད་གཞུང་བཀའ་ཤག་ནས་ཀན་ལྷོ་ཁུལ་ལ་རྐྱེན་ངན་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་གནང་བར་ཐུགས་རྗེ་ཆེ།

    Reply
  9. མཁའ་དབུགས་གསར་བ says:
    ལོ་ 13 སྔོན།

    ནམ་རྒྱུན་སྨོན་ལམ་ཞིག་བཏབ་ནས་བསྡད་ན་ག་ལ་འགྲིག
    བུན་ཅ་ཕོ་ས་གནས་སུ་ཐོན་རེག་བར་དུ་བཀའ་ཤག་གིས་མཚམས་འདྲི་གསལ་བསྒྲགས་ཅིག་ཀྱང་སྤེལ་མ་ཐུབ་འདི་ཅི་འདྲིའི་སྐྱོ་བ་ལ།
    རྡམ་སའི་བོད་གཞུང་དང་གསར་འགོད་པ་ཚོ་གཟའ་ཉི་མར་གཉིད་ནས་བསྡད་ཡོད་པ་འདི་ངོ་རེ་ཚ།

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    བཀུར་འོས་བོད་གཞུང་བཀའ་ཤག་ནས་ཀན་ལྷོ་ཁུལ་གྱི་རྐྱེན་ངན་དེས་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་བཏང་བར། གདུང་སེམས་མཉམ་སྐྱེད་ཀྱིས་སེམས་གསོ་གནང་བར་སྙིང་ནས་གུས་བརྩི་དང་། རྐྱེན་ཞན་ཁྲོད་ཀྱི་མི་བུ་རྣམས་ད་ལྟའི་སྡུག་བསྔལ་དང་མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་་་་་་་སྐྱེ་ཕོ་མོ་དེ་དག་འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་དུ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མི་འབྲལ་བར་གྱུར་ཅིག་་་་་་ཨོཾ་མཎི་པདྨེ་ཧཱུཾ་་་་་་་་མཎི་པདྨེ་ཧཱུཾ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist