མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་དང་མཐུན་པའི་སྒྱུ་རྩལ་འབུར་དུ་ཐོན་པ་ཞིག་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གི་འཁྲབ་སྟོན་གྱི་རྣམ་པ་ལས་སྒྱུ་རྩལ་གྱི་ཁ་ཕྱོགས་ལ་གསར་གཏོད་ཀྱི་རྣམ་པ་ལྡན་ཞིང་ཡར་རྒྱས་ཀྱི་ཚོར་སྣང་ཞིག་བྱུང་སོང་། མ་འོངས་པར་ཡང་གཙོ་བོ་བོད་ཀྱི་གནའ་རབས་ཀྱི་གླུ་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་དང་། དེ་དང་མཉམ་དུ་དེང་དུས་དང་མཐུན་པའི་ཟློས་གར་སྒྱུ་རྩལ་རིགས་འབུར་དུ་ཐོན་པ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད་ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་ཡོད།

བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ ༥༡ འཁོར་བའི་དུས་དྲན་དང་། ལྔ་བཅུའི་དུས་དྲན་མཇུག་བསྡོམས་ཀྱི་མཛད་སྒོ་དེ་ཁ་སང་ཕྱི་དྲོར་བོད་གཞུང་ཟློས་གར་ཚོགས་ཁང་ནས་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་ཕེབས་འདུག་ལ། བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཟློས་གར་ཚོགས་པའི་ཚོགས་མི་ཟུར་བ་དང་འབྲེལ་ཡོད་མི་སྣ་བཅས་མི་གྲངས་ ༡༥༠ ལྷག་འདུ་འཛོམས་བྱུང་ཡོད། མཛད་སྒོའི་ཐོག་མར་ཀརྨ་པ་མཆོག་གིས་ཟློས་གར་ཚོགས་པའི་མཆོད་ཁང་ལ་རབ་གནས་མཛད་ཅིང་། ཁམས་སྐྱེ་རྒུ་མདོའི་ས་ཡོམ་དང་། ཉེ་ཆར་ལ་དྭགས་དང་མདོ་སྨད་འབྲུག་ཆུ་བཅས་སུ་རང་བྱུང་ཁམས་ཀྱི་གོད་ཆགས་ཐེབས་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བསྔོ་བ་སྨོན་ལམ་གྱི་མར་མེ་སྒྲོན་འབུལ་ཞུས་ཡོད།

 

དེའི་རྗེས་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྦྲགས་འདས་པའི་ལོ་གཅིག་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་གྱི་མངའ་སྡེ་ཁག དེ་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་དང་སློབ་གྲྭ་ཁག་ཏུ་འཁྲབ་སྟོན་གནང་བ་ངོ་སྤྲོད་གནང་སོང་། རྒྱལ་བ་ཀརྨ་པ་མཆོག་གིས་༼ བོད་གཞུང་ཟློས་གར་ཚོགས་པའི་ལོ་རྒྱུན་ཀུན་བཟང་ཞིང་གི་མཆོད་སྤྲིན་མིག་ཡིད་རྣ་བའི་དགའ་སྟོན ༽ ཞེས་པའི་དཔེ་དེབ་དང་༼ སྐྱོར་མོང་ལུང་གི་འཁྲབ་གཞུང་དྭངས་ཤེལ་མེད་ལོང ༽ ཞེས་པའི་འཁྲབ་གཞུང་དེབ་གཟུགས་དང་བརྙན་འཁོར་མཉམ་སྦྱར་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་ཀྱིས་རྐང་གཞས་དང་འཁྲབ་གཞས། མཉམ་གཞས་སོགས་འགྲན་བསྡུར་བྱས་མཐར་རྒྱ་ལུ་རུ་ཁག་ལ་ཨང་དང་པོ་དང་། རྔོན་པ་རུ་ཁག་ལ་ཨང་གཉིས་པ་བཅས་ཐོབ་སྟེ་རུ་ཁག་དེ་གཉིས་དང་། མི་ལོ་ ༢༠ འཁོར་བའི་ཟློས་གར་ཚོགས་མི་དང་གཟུ་དཔང་པ་བཅས་ལ་བྱ་དགའི་གསོལ་རས་གནང་ཡོད།

 

རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། སྤྱིར་ང་རང་ཆོས་སྲིད་གང་གི་ཐད་ལ་ཤེས་རྒྱ་ཆུང་བ་དང་། ལྷག་པར་དུ་ཟློས་གར་རིག་གནས་ཐད་དམིགས་བསལ་ཞུ་ཐུབ་པ་གང་ཡང་མི་འདུག ཡིན་ནའང་། བོད་གཞུང་ཟློས་གར་ལ་མཚོན་ན། བོད་པའི་རིག་གནས་སྲུང་སྐྱོབ་བྱེད་སའི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་ལ། ལྷག་པར་དུ་དེང་སང་འཛམ་གླིང་སྟེང་བོད་ལ་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་ཀྱིན་ཡོད་པ་དང་། ཕུལ་ཏུ་བྱུང་བའི་དམངས་ཁྲོད་གླུ་གར་དུ་མ་ཞིག་བོད་གངས་ཅན་གྱི་ལྗོངས་སུ་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་ཡོད་སྟབས། འདི་དག་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཟློས་གར་ཚོགས་པའི་གཞི་རྐང་གི་ལས་འགན་གཙོ་བོ་ཆགས་ཡོད་ལ། ཚོགས་པ་འདིའི་སྔ་གཞུག་བར་གསུམ་གྱི་ཚོགས་མི་རེ་རེའི་ངོས་ནས་རང་ཉིད་ལ་ཡོད་པའི་འགན་འཁྲི་སེམས་ནས་མི་འདོར་བར་རྒྱལ་བའི་དགོངས་པ་བསྒྲུབས་ཤིང་། བོད་མིའི་ཆོས་སྲིད་ཀྱི་དོན་ལ་ལེགས་སྐྱེས་འཕར་མ་ཞིག་ཕུལ་ཐུབ་པ་བྱུང་བ་དེར་ང་རང་གི་ངོས་ནས་བཀའ་དྲིིན་རྗེས་དྲན་ཞུ་རྒྱུ་ཡིན་ལ། མ་འོངས་པར་ཡང་མུ་མཐུད་དེ་རྡོག་རྩ་གཅིག་སྒྲིལ་དང་ལྷག་བསམ་རྣམ་དག་གི་ཐོག་ནས་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ཁོང་གིས་མུ་མཐུད་དུ་གསུངས་དོན། དེ་རིང་ང་རང་དབྱར་སྐྱིད་སྟེང་ཕེབས་ཐེངས་དང་པོ་ཡིན། དེ་རིང་གི་འཁྲབ་སྟོན་གྱི་རྣམ་པ་ལས་སྒྱུ་རྩལ་གྱི་ཁ་ཕྱོགས་ལ་གསར་གཏོད་ཀྱི་རྣམ་པ་ལྡན་ཞིང་ཡར་རྒྱས་ཀྱི་ཚོར་སྣང་ཞིག་བྱུང་སོང་། མ་འོངས་པར་ཡང་གཙོ་བོ་བོད་ཀྱི་གནའ་རབས་ཀྱི་གླུ་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་དང་། དེ་དང་མཉམ་དུ་དེང་དུས་དང་མཐུན་པའི་ཟློས་གར་སྒྱུ་རྩལ་རིགས་འབུར་དུ་ཐོན་པ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཐེངས་འདིའི་ཟློས་གར་ཚོགས་པའི་འཁྲབ་སྟོན་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་སྙིང་སྟོབས་དང་། ནུས་པ་དེ་ད་ལྟའི་དུས་འདིར་ཡང་བོད་མིའི་སྤྱི་ཚོགས་ཁྲོད་ཉམས་མེད་པ་ཞིག་དང་། སྔར་ལས་དར་ཞིང་རྒྱས་པ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ་དང་དཔལ་ལྡན་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 5

  1. འཇམ་གྲགས says:
    ལོ་ 16 སྔོན།

    ཟློས་གར་ཚོགས་པའི་ནང་བོད་ནང་གི་གླུ་བ་གླུ་མ་ནང་བཞིན་ཡོང་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་དམངས་ཁྲོད་ནས་སྐད་དང་ལུས་ཀྱི་སྒྱུ་རྩལ་ཆ་ཅན་ཡོད་པ་ཚོ་བསྡུ་རུབ་མི་བྱེད་པས་རེད་འདོད། ཟློས་གར་དུ་ཚུད་དགོས་ན་འགོ་འདྲེན་ཡོད་དགོས་པ་ལས་མི་སྐྱོ་པོ་དང་གསར་འབྱོར་སོགས་ཚུད་ཐུབ་གྱི་མེད་པ་སྔ་ས་ནས་གོ་མྱོང་ཡོད།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གིས། ཁོང་གིས་༼ཟློས་གར་རིག་གནས་ཐད་དམིགས་བསལ་ཞུ་ཐུབ་པ་གང་ཡང་མི་འདུག༽ཅེས་གསུངས་པ་འདི་བོད་མི་ཚང་མར་དཔེ་སྟོན་ལེགས་པོ་ཞིག་རེད། བོད་མི་ཚང་མས་རང་ཉིད་ཀྱིས་ཤེས་དང་མི་ཤེས་ཀྱི་དབྱེ་མཚམས་གསལ་བོ་ཞིག་འབྱེད་རྒྱུ་གལ་ཆེ་གི། ད་ལྟའི་དུས་འདིར་བཙན་བྱོལ་གཞུང་གི་མི་སྐྱེས་ཚང་མ་མཁས་པའི་དབང་པོ་རེད། གཏམ་བཤད་བཤད་ཡོད་ཚད་ཐམས་ཅད་མཁྱེན་པ་རེད། ད་ལྟའི་བར་དུ་བཙན་བྱོལ་སྤྱི་ཚོགས་སུ་རིགས་གཅིག་རྐང་འཛིན་པའི་ཆེད་མཁས་པ་ཞིག་རི་བོང་གི་ར་རུ་གྱུར་ཡོད་པར་ཀྱང་ཁག་མི་འདུག འདི་འདྲའི་སྤྱི་ཚོགས་ཤིག་ཏུ་རིགས་གཅིག་རྐང་འཛིན་ཞིག་ཅི་ལྟར་འབྱུང་ངམ། གལ་སྲིད། རིགས་གཅིག་རྐང་འཛིན་བརྒྱ་ཕྲག་ཅིག་ཡོད་པའི་དབང་དུ་བཏང་ནའང་། སྤྱི་ཚོགས་འདི་འདྲ་ཞིག་གི་ནང་ནས་རང་གི་ནུས་འཇོན་དང་བསྟུན་པའི་ལས་ཀ་སྒྲུབ་ས་ཞིག་དང་ནུས་པ་འདོན་ས་ཞིག་རེག་ཁག་པོ་རེད། ཁྲིམས་ལུགས་ཆེད་སྦྱོང་བ་སྒྱུ་རྩལ་གྱི་ལས་སྒོར་མངགས་པའམ། དཔལ་འབྱོར་ཆེད་སྦྱོང་བ་འཕྲོད་བསྟེན་གྱི་ལས་སྒོར་མངགས་པ་ལྟ་བུའི་མགོ་མེད་མཇུག་མེད་ཀྱི་འགྲོ་སྟངས་འདི་དག་ཀྱང་། རྩ་བ་མཁས་པའི་དབང་པོར་རློམ་མཁན་དང་ཐམས་ཅད་མཁྱེན་པར་འཇུག་མཁན་དག་གིས་བསྐྱེད་པ་རེད།

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    ༼ བོད་གཞུང་ཟློས་གར་ཚོགས་པའི་ལོ་རྒྱུན་ཀུན་བཟང་ཞིང་གི་མཆོད་སྤྲིན་མིག་ཡིད་རྣ་བའི་དགའ་སྟོན ༽
    ༼ སྐྱོར་མོང་ལུང་གི་འཁྲབ་གཞུང་དྭངས་ཤེལ་མེད་ལོང ༽
    གོང་གི་གསར་འགྱུར་ལས་འདིར་ཐད་བཤུས་བྱས་པ་ཡིན།
    “བོད་གཞུང་ཟློས་གར་ཚོགས་པའི་ལོ་རྒྱུན་ཀུན་བཟང་ཞིང་གི་མཆོད་སྤྲིན་མིག་ཡིད་རྣ་བའི་དགའ་སྟོན།” ཞེས་པའི་ནང་གི་ལོ་རྒྱུན་ཞེས་པ་ལོ་རྒྱུས་ཡིན་མིན་ཁ་ཚོན་གཅོད་ཐབས་བྲལ། ད་དུང་ཞིབ་གཟིགས་གནང་དང་།
    “སྐྱོར་མོང་ལུང་གི་འཁྲབ་གཞུང་དྭངས་ཤེལ་མེད་ལོང་།”
    ཞེས་པའི་ནང་གི་སྐྱོར་མོང་ལུང་ཞེས་པ་སྟོད་ལུང་སྐྱོར་མོ་ལུང་ཡིན་ན་ནི། སྐྱོར་མོང་བྲིས་པ་དེ་ནོར་བ་འདྲ། དྭངས་ཤེལ་མེད་ལོང་། ཟེར་བ་ཡང་ནོར་བ་འདྲ། མེད་ལོང་དང་མེ་ལོང་གང་ཡིན་ཞིབ་དཔྱད་ཡོད་པ་ཞུ།།
    ཁྲིམས་དཔོན་བསེ་རུས།

    Reply
  4. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་དུང་ཡང་ཟློས་གར་ཚོགས་པའི་གླུ་བ་ཚོས་བོད་ནང་གི་གླུ་བ་ཚོས་ལངས་པའི་གླུ་ལྟ་བུ་ཡོང་མི་ཐུབ་པ་དེ་གཙོ་བོ་མི་མང་ཉུང་གི་ཁྱད་པར་ཤོར་བ་མིན་འགྲོ

    Reply
  5. རྐང་གསུམ། says:
    ལོ་ 16 སྔོན།

    ངོ་མ་དམ་པ་དེ་ཉིད་ཀྱི་མཁྱེད་སྟོབས་ལས་གནའ་བོའི་འུ་ཚུ་གི་གླུ་གར་སྒྱུ་རྩལ་གྱི་སྣང་བརྙན་རང་བཞིན་ངང་མིག་ལམ་དུ་འཆར་ཡོང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese