མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་པ་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

མི་སུ་ཡིན་ནའང་༧གོང་ས་མཆོག་གི་ཞབས་ཞུ་ཚད་ལྡན་ཞིག་བྱེད་ཐུབ་པ་ཁག་པོ་རེད། ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་རྒྱུ་རེད་ཅེས་ཞུ་མི་ནུས། ོན་ཀྱང་རང་གི་གང་ནུས་ཀྱིས་འབད་དགོས་པ་དེ་གཡོལ་ཏུ་མེད་པ་ཞིག་རེད་ཟེར།

ཟླ་འདིའི་ཚེས་བརྒྱད་དེ་གཟའ་ཉི་མའི་ཉིན། ཨ་རིའི་བྱང་ཁ་ལས་ཧྥོ་ནས་ཡིའི་ Stanford for Tibet ཟེར་བའི་དང་བླང་བོད་མི་གཞོན་སྐྱེས་ཚོགས་པ་ཞིག་གི་གོ་སྒྲིག་འོག་ཚོགས་ཁང་ཆུང་ཆུང་ཞིག་ཏུ་མ་འོངས་པའི་བཀའ་ཁྲིའི་སྐོར་ལ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གདན་ཞུས་ཀྱིས་གསུང་བཤད་དང་འདྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་སོང་ལ། སྐབས་དེར་ཉེ་འཁོར་གྱི་བོད་མི་དོན་གཉེར་ཅན་མི་༡༠༠མ་ཟིན་ཙམ་ཕེབས་འདུག

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་ཁྲིའི་འོས་མིར་ལངས་པའི་སྐོར་གསུང་དོན།ལོ་ངོ་དུ་མའི་རིང་བོད་གཞུང་དང་ཚོགས་པ་འདྲ་མིན་ནང་ལས་ཀ་བྱས་པ་ཡིན་ལ།གང་ནུས་ཀྱིས་འབད་བརྩོན་ཞུས་ཡོད།བཀའ་ཁྲི་ལ་འདུག་དགོས་པའི་བོད་མི་དམངས་ཀྱིས་ཐུགས་འདོད་ཆེན་པོ་གནང་བ་ཡིན་ན་གུས་བཀུར་ཞུ་ངེས་ཡིན།དེ་བཞིན་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྟ་བུར་ང་འགྲོ་བཞིན་ཡོད།དེ་ནི་མི་དམངས་ལ་དམངས་གཙོའི་སྐོར་གོ་རྟོགས་ཡག་ཏུ་འགྲོ་བ་དང་བཀའ་ཁྲི་གལ་ཆེ་ཡིན་པའི་ངོས་འཛིན་ཐོབ་པར་ཕན་གྱི་རེད་བསམ་ཡོད་ཟེར།

ཁོང་གིས་ཕྱག་ལས་གནང་སྟངས་སྐོར་གསུང་དོན།མི་སུ་འདྲ་ཞིག་ཡིན་རུང་༧གོང་ས་མཆོག་ལ་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་པ་ཁག་པོ་རེད་བསམ།ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་ཅེས་ཞུ་མི་ནུས།འོན་ཀྱང་རང་གི་གང་ནུས་ཀྱིས་འབད་དགོས་པ་དེ་གཡོལ་ཏུ་མེད་པ་ཞིག་རེད།མི་སུ་ཞིག་བཀའ་ཁྲི་ལ་ཕེབས་ཀྱང་༧གོང་ས་མཆོག་གི་ལམ་སྟོན་དང་གྲོས་ཚོགས་ཀྱིས་ཐག་གཅོད་ལ་གུས་བཀུར་ཞུ་དགོས་པ་རེད། ད་ལྟའི་དབུ་མའི་ལམ་གྱི་སྲིད་ཇུས་རང་ལ་གྲོས་ཚོགས་ནས་བགྲོ་གླེང་གནང་སྐབས་གྲོས་ཚོགས་ནས་ཐག་མ་ཆོད་པར་༧གོང་ས་མཆོག་གིས་གང་བཀའ་གནང་བ་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་སྙན་ཞུ་ཕུལ་བ་ཞིག་རེད་ལ།ངས་བསམས་?་རྩ་བའི་བོད་དོན་འདི་ཐ་མའི་ཐག་གཅོད་གནང་མཁན་བོད་མི་དམངས་རང་ཡིན་དགོས་པ་རེད་བསམ་ཡོད་ཟེར།

ཁོང་གིས་དེ་སྔོན་བཀའ་བློན་གནང་སྐབས་ཀྱི་རྩིས་ཀྱི་སྐོར་གསུང་དོན། ངས་དཔལ་འབྱོར་བཀའ་བློན་གནང་སྐབས་སྔོན་རྩིས་དང་འགྲོ་སོང་གཉིས་ཏག་ཏག་མ་བསྡད་པར་འགྲོ་སོང་མང་བ་བྱུང་བ་རེད། སྐབས་དེར་དམངས་གཙོའི་ཚགས་པར་ཟེར་བ་ཡོད་པ་རེད། དེའི་སྟེང་དུ་ངས་འབུམ་མང་པོ་ཟོས་འདུག་ཅེས་གནས་ཚུལ་སྤེལ་བ་རེད། དེ་ནི་གནས་ཚུལ་ཡག་པོ་མ་ཤེས་པར་སྤེལ་བ་ཞིག་ཡིན་མིན་མི་ཤེས། གནས་ཚུལ་སྤེལ་མཁན་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་། པད་མ་འབུམ་སོགས་རེད། ཁོང་ཚོ་ད་ལྟ་བསྡད་ཡོད་པ་རེད་ལ་སྐད་ཆའང་འདྲི་ཆོག་གི་རེད། སྐབས་དེར་སྤྱི་འཐུས་ཀྱིས་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པའི་གནད་དོན་ལས་?ར་ནས་ཟོས་སོང་བ་ཞིག་མ་རེད་ཅེས་གསལ་བཤད་ཀྱང་གནང་སོང་ཟེར།

ཁོང་གིས་རྣམ་འགྱུར་སྟོན་ཐེངས་ལ་བལྟས་ན། ཁོང་བཀའ་ཁྲི་ལ་བཞུགས་རྒྱུར་དང་འདོད་དེ་ཙམ་མེད་པ་འདྲ་། ཁོང་ལ་འོས་ཐོབ་ཆེད་ཁོང་དང་ཁོང་གི་གཉེན་ཉེ་དུ་དང་འབྲེལ་ཡོད་མི་སྣ་སོགས་བསྐུལ་སློང་བྱེད་རྩིས་མེད་པ་འདྲ། ཁོ ང་ཁུ་སིམ་པོར་བསྡད་དེ་འོས་ཐོབ་སོང་ན་ནི་མི་དམངས་ཀྱི་ཐུགས་འདོད་ལྟར་བཀའ་ཁྲི་ལ་བཞུགས་རྒྱུའི་ཐག་གཅོད་ཅིག་གནང་འདུག་སྙམ།

ཟླ་བ་ཆོས་འཛོམས་ཀྱིས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 11

  1. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    བཀྲས་མཐོང་དང་རྒྱ་སྒྲོལ་སོགས་ཡང་བསྐྱར་སྤྱི་ཚོགས་ནང་ལ་འོང་བ་ཡིན་སྤྱི་ཚོགས་ལ་འདར་བསིགས་ཆེན་པོ་ཞིག་གཏོང་ངེས་ཡིན། བོད་མི་ཚོས་བསམ་གཞིགས་གཏོང་རྒྱུ་གལ་ཆེ།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པ་ཟེར་བ་དེའི་ལས་ཀ་ག་དུས་ཡིན་ནའང་དེ་འདྲ་རེད།

    Reply
  3. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    དགོད་རྒྱུ་ཡོང་ནས་མི་བབས་གི
    བཀའ་ཁྲི་ཟེར་བ་དེ་དོན་ངོ་མར་གོང་ས་མཆོག་ལ་ཞབས་ཞུ་གནང་མཁན་ཡིན་ནམ། མི་དམངས་ལ་ཞབས་ཞུ་སྒྲུབ་མཁན་ཡིན།
    བཀའ་ཁྲི་ལ་འདུག་འདོད་མེད་པ་ཞིག་ལ་རེ་བ་བྱེད་དགོས་དོན་མི་འདུག་སྙམ།

    Reply
  4. རྐང་གསུམ། says:
    ལོ་ 15 སྔོན།

    ཡ་དེ་རིང་ད་རྡ་ས་ན་ཡོད་པའི་བོད་དོན་པ་དང་ཆབ་སྲིད་པ་ཡང་ན་བོད་ཀྱི་དུས་བབ་ཁང་དང་བང་ཆེན་སོགས་བཙན་བྱོལ་བོད་ཀྱི་གསར་འགོད་པ་དང་གསར་ཤོག་ལས་བཟོ་བ་རྣམ་པ་ཕེབས་ཡ། འབུམ་དགུ་བ་ལ་ཕྱག་འཚལ་ལོ་ཞེས་པའི་སྒྲོལ་མའི་བསྟོད་པ་འདི་བདེན་མིན་ཆབ་སྲིད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་ཡང་ན་པད་མ་འབུམ་སོགས་ལ་འདྲི་རུ་འགྲོ་དགོས་ངེས་རེད།བཀྲས་མཐོང་པ་ཁོས་བཤད་པ་དེ་བདེན་པ་ཡིན་ན་སྐབས་དེའི་གནས་ཚུལ་སྤེལ་མཁན་དང་སྒྲོལ་མའི་བསྟོད་པ་སྐྱོར་མཁན་མི་མང་ཚང་མས་ཁོང་ལ་དགོངས་དག་ཞུ་དགོས་ངེས་རེད་ད། དེ་མིན་སྒྲོལ་མའི་བསྟོད་པ་ཁོང་ལ་དག་དག་ཁེལ་ཡོད་ན་མ་འོངས་པའི་གནས་ཚུལ་ལ་ང་ཚོས་ཁ་ཕྱོགས་ཅི་ཞིག་འཛིན་དགོས་མིན་ཁྱེད་ཚོས་མཁྱེན་དགོས་ངེས་རེད།

    Reply
  5. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་གསུང་ལ་གཞིག་ན་ཚོར་སྣང་གསར་པ་ཞིག་དང་དོགས་འཆར་གསར་པ་ཞིག་ཡོང་བ་ནི་ཕྲན་ཙམ་ག་ལ་ཡིན།
    ཁོང་གིས་གོང་ས་མཆོག་གི་ཞབས་ཞུ་ཚད་ལྡན་ཞིག་བྱེད་ཐུབ་ཁག་པོ་རེད་ཅེས་དང་ཡང་ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་རྒྱུ་རེད་ཞུ་མི་ནུས་གསུངས་པ་ལ་བརྟེན་ནས་ཚོར་སྣང་སྐྱུར་མོ་ཞིག་དབང་མེད་དུ་བྱུང་།
    གོང་ས་མཆོག་གི་ཞབས་ཞུ་ཚད་ལྡན་བྱེད་ཐུབ་ཁག་པོ་ཡིན་པའི་རྒྱུ་མཚན་གང་ཡིན།གོང་ས་མཆོག་གི་ཞབས་ཞུ་ཚད་ལྡན་ཞུ་མཁན་རང་གི་མི་རིགས་དང་ཕྱིའི་མི་རིགས་སོགས་བརྗོད་མི་ལངས་པ་ཡོད་པ་
    ནི་ཀུན་གྱིས་མཁྱེན་གསལ་རེད་ཁོང་གིས་དེ་འདྲ་ཞིག་གསུངས་དོན་གང་ཡིན།ཁོང་རང་གི་ཤེས་ཡོན་དང་འཇོན་ཐང་བཀའ་ཁྲི་བྱས་པའི་མྱོང་བས་ཐོག་བཤད་པ་ཡིན་ནམ། ཡང་ན་གོང་ས་མཆོག་གི་གནང་སྟང་དང་གོང་ས་མཆོག་གི་ལངས་ཕྱོགས་གོང་ས་མཆོག་གི་དགོངས་ཞིག་དང་མཐུན་པ་ཞིག་བྱ་ཐབས་མེད་པ་ཞིག་མཐོང་གི་ཡོད་པ་ཡིན་ནམ་གང་ཡིན། ཡང་ཁོང་གིས་བརྗོད་དོན་ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་རྒྱུ་རེད་ཅེས་མི་ནུས་ཅེས་གསུངས་ན་བཀའ་ཁྲིའི་འོས་མིར་ཕེབས་མཁན་ཞིག་གིས་སེམས་ཤུགས་མེད་པའི་རྣམ་འགྱུར་དེ་འདྲ་ཞིག་བོད་མི་དམངས་ལ་གསལ་བཤད་བྱས་དགོས་དོན་གང་ཡིན། གལ་སྲིད་འོས་ཐོབ་ན་བཀའ་ཁྲི་གནང་འདོད་ཡོད་ཚེ་གོང་ས་མཆོག་གི་ཞབསཞུ་ཚ་ལྡན་ཞིག་ཞུ་ཐུབ་པའི་སྤོབས་པ་དང་སེམས་ཤུགས་ཡོད་པ་དེ་བོད་མི་དམངས་ཀྱི་རེ་བ་དང་མངོན་འདོད་ཡིན་ལ་བོད་ཀྱི་རྩ་དོན་ཡང་ཆགས་ཡོད།

    Reply
  6. འཇམ་དབྱངས། says:
    ལོ་ 15 སྔོན།

    རྒྱ་སྒྲོལ་དང་བཀྲིས་མཐོང་བ་སོགས་ཁ་གཅིག་གྲགས་ཀྱིས་༧གོང་ས་མཆོག་གི་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་དཀའ་ཚུལ་བཤད། བོད་མི་རྣམས་ཀྱིས་བཀའ་ཁྲི་འཚོལ་བ་ནི་བོད་ཀྱི་གནས་བབ་ཀྱི་འགན་ལེན་མཁན་ཞིག་འཚོལ་བཞིན་པ་ལས་༧གོང་ས་མཆོག་གི་ཞབས་ཞུ་ཙམ་གྱི་ཆེད་དུ་མ་རེད། བཀྲིས་མཐོང་བ་ལ་མཚོན་ན་དམངས་གཙོའི་ཚགས་པར་སྟེང་བཀོད་པའི་གནས་ཚུལ་དེས་མི་མང་ལ་དྭོགས་འདྲོགས་ངེས་ཅན་ཞིག་བསླངས་ཡོད་ཀྱང་། ལྕགས་ལ་ཟད་རྒྱུ་དང་མི་ལ་འགྱུར་རྒྱུ་ཡོད་པའི་ཡིད་ཆེས་ཡོད།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པ་དེ་འདྲ་ཕྱོགས་མང་པོར་ཡོང་གི་ཡོད། གཙོ་བོ་མི་སྒེར་སོ་སོའི་སྐབས་དེ་དུས་ཀྱི་བྱས་རྗེས་དང་ལྷག་བསམ། འབྱུང་འགྱུར་གྱི་འཆར་གཞི། གསར་གཏོད་དང་བཅོས་སྒྱུར་གྱི་ནུས་པ་གང་འདྲ་ཡོད་མེད་དེ་གཙོ་བོ་རེད། ཁོང་གི་འབུམ་དགུའི་སྐོར་དེ་རྩོད་མེད་ཡོངས་གྲགས་ཀྱིས་གཙང་མ་ཆགས་ཡོད་པ་རེད། ཕལ་ཆེར་དེའི་སྐོར་གླེང་མཁན་ཚོ། རྒྱུན་གཏན་ནས་རང་རེའི་སྤྱི་ཚོགས་དང་གསར་འགྱུར་སོགས་ལ་དོན་སྣང་མེད་པའི་སྐྱོན་ཡིན་པར་ངེས།

    Reply
  8. ཀླུ། says:
    ལོ་ 15 སྔོན།

    བཀའ་ཁྲི་ལ་འདུག་རྒྱུ་བོད་མི་དམངས་ཀྱིས་ཐུགས་འདོད་ཆེན་པོ་གནང་བ་ཡིན་ན་གུས་བཀུར་ཞུ་ངེས་ཡིན་ཟེར་བ་དང་༸་གོང་ས་མཆོག་ལ་ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་རྒྱུ་རེད་ཅེས་ཞུ་མི་ནུས་ཟེར་ཚུལ་ལ་བལྟས་བཀྲས་མཐོང་ཁོ་ད་ལྟའི་བོད་མི་ཚོའི་སེམས་ནང་གི་བཀའ་ཁྲི་དེ་ཡོང་རྒྱུ་མིན་ཁོ་ཐག་རེད། དེ་ལས་བློ་བཟང་སེང་གེ་ལ་བཏོན་པའི་དྲི་བ་བཅུ་ཟེར་བ་དེར་དྲོ་བ་དང་རེ་བ་འདུག།

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བྱས་ནས་བཀྲས་མཐོང་ཁྱེད་རང་དང་ཐོག་འཇམ་དབྱངས་ནོར་བུ་དང་ལྷག་བཟང་ཚེ་རིང་སོགས་ཀྱི་མཉམ་དུ་བགྲོ་གླེང་ཞིག་གནང་དགོས་དེ་ནས་རིམ་པ་མི་མང་གི་མདུན་ལ་མཐོན་ན་ཡག་པོ་འདུག
    དམངས་གཙོ་ཚོགས་པས་དེའི་སྐོར་གསལ་བཤད་ཅིག་ཀྱང་གནང་མ་སོང་དངོས་ཉིད་བློ་ཕམ་ཡོད།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཆོས་འཛོམས་ལགས་ཀྱིས་བཀྲས་མཐོང་ལགས་ཀྱི་གདོངས་ཚུལ་རྡོག་བསྒྲིལ་ཡག་པོ་གནང་བྱས་འདུག་པས་བཀའ་དྲིན་ཆེ་ཞུ། བཀྲས་མཐོང་ཚང་ལ་བཀའ་ཁྲིར་བཞེང་རྒྱུ་དགོངས་པ་ཡོད་ཚེ་མི་དམངས་ཀྱིས་ཀྱང་དོ་སྣང་སྤྲད་དང་སྤྲོད་བཞིན་འདུག་གཱ ཡག་པོ་འདུག

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཆོས་འཛོམས་ལགས་ཀྱིས་བཀྲས་མཐོང་ལགས་ཀྱི་གདོངས་ཚུལ་རྡོག་བསྒྲིལ་ཡག་པོ་གནང་བྱས་འདུག་པས་བཀའ་དྲིན་ཆེ་ཞུ། བཀྲས་མཐོང་ཚང་ལ་བཀའ་ཁྲིར་བཞེང་རྒྱུ་དགོངས་པ་ཡོད་ཚེ་མི་དམངས་ཀྱིས་ཀྱང་དོ་སྣང་སྤྲད་དང་སྤྲོད་བཞིན་འདུག་གཱ ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese