མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༡༤ ཉིན་ངྷ་ས་མེག་གྷན་ Clup ཚོགས་ཁང་དུ་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་འདུ་འཛོམས་ཤིག་འཚོགས་པ་དང་། བགྲོ་གླེང་དེ་ད་ལྟའི་གཞོན་སྐྱེས་རྣམས་ཀྱིས་འབྱུང་འགྱུར་གྱི་འོས་བསྡུ་ཆེན་མོའི་ཁྲོད། འོས་ལྡུག་པ་དང་བཀའ་སྤྱིར་དང་བླངས་ཐོག་ཕེབས་ཐུབ་པའི་སྙིང་སྟོབས་བསྐྱེད་ཆེད་ཡིན་ཟེར།
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པར་ངྷ་ས་མེག་གྷན་ Clup ཚོགས་ཁང་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག དུས་རབས་ལ་ཕྱོགས་ནས་མི་རབས་གསར་བའི་སྤྱི་འཐུས་དང་བཀའ་བློན་ཁྲི་པ་འདེམས་དགོས་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་སྟེང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས། རང་དབང་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་བཅས་ཀྱིས་གཏམ་བཤད་གནང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས། འདི་ལྟ་བུའི་བགྲོ་གླེང་ཞིག་གོ་སྒྲིག་བྱེད་དོན་ད་ལྟའི་གཞོན་སྐྱེས་རྣམས་ཀྱིས་འབྱུང་འགྱུར་གྱི་འོས་བསྡུ་ཆེན་མོའི་ཁྲོད། འོས་ལྡུག་པ་དང་བཀའ་སྤྱིར་དང་བླངས་ཐོག་ཕེབས་ཐུབ་པའི་སྙིང་སྟོབས་བསྐྱེད་ཆེད་ཡིན་ཞེས་གསུངས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། བཀའ་སྤྱིའི་ཞབས་སྟེགས་སྟེང་མི་རབས་གསར་བའི་དཔུང་ཁག་ཅིག་བསླེབ་རྒྱུ་ནི། དུས་རབས་ཀྱི་འགན་དང་ལོ་རྒྱུས་ཀྱི་དགོས་མཁོ་ཆགས་ཡོད་ནའང་། བཀའ་སྤྱིའི་ཞབས་སྟེགས་སྟེང་མི་སུ་འདྲ་ཞིག་བསླེབ་རུང་བོད་མི་ས་ཡ་དྲུག་གི་མདུན་ལམ་དང་ལོ་རྒྱུས་ལ་འགན་ལེན་ཐུབ་མཁན་ཞིག་དགོས། མ་མཐར་ལོ་རྒྱུས་ཀྱི་བདག་དབང་རྩོད་ལེན་བྱེད་མི་ཐུབ་ནའང་། ལོ་རྒྱུས་ལ་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་ངེས་པར་དུ་བསླེབ་དགོས་ཞེས་གསུངས།
རང་དབང་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། མི་རབས་གསར་བའི་ན་གཞོན་ཟེར་བ་ནི་སེམས་ཁམས་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཟང་ཟིང་གིས་སླད་མ་ཤུགས་པ་ཞིག་དང་། རང་བཞིན་ལྷན་སྐྱེས་སུ་སྙིང་སྟོབས་ཡོད་པ་ཞིག་ཡིན། ད་ལྟ་ཧ་ཅང་གི་ཛ་དྲག་ཅིག་ཏུ་སླེབས་ཡོད་པ་ནི། ༧གོང་ས་མཆོག་འབྱུང་འགྱུར་གྱི་ལོ་ལྔའི་ནང་དུ་དགུང་ལོ་ ༨༠ ཕེབས་རྒྱུ་ཡིན་པ་དང་། བཀའ་བློན་ཁྲི་ཟུར་རྣམས་ཀྱང་རྫོགས་འགྲོ་གི་ཡོད་སྟབས། ན་གཞོན་རྣམས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་བས་ཀྱང་འགན་ལེན་བྱེད་དགོས་ལ། ཉམས་མྱོང་ཉམས་མྱོང་ལབ་དུས་མི་ལོ་ ༥༠ འགྲོ་ལྡོག་བྱ་རྒྱུ་མིན་པར་མི་ལོ་ ༥༠ མདུན་དུ་བསྐྱོད་རྒྱུ་དེ་ཡིན་པས། མི་རབས་གསར་བ་རྣམས་ལངས་དགོས་ཀྱི་འདུག ལྷག་པར་དུ་རང་འཁྲིའི་ལས་འགན་ཁུར་ཏེ་ལངས་ཡོང་མཁན་གྱི་མི་རབས་གསར་བའི་གཞོན་སྐྱེས་རྣམས་ལ། རྒན་པ་རྣམས་ཀྱིས་གོ་སྐབས་སྤྲོ་དགོས་ཞེས་གསུངས།
ཁོང་གིས་ད་དུང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་དང་། དེ་ལས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་སུ་ལངས་རྒྱུར་བཀག་སྟབས་ད་ལྟའི་སྤྱི་འཐུས་ཀྱི་སྤུས་ཀ་ལེགས་པོ་མེད་པའི་རྒྱུ་རྐྱེན་དེར་ཐུག་ཡོད། རྒྱ་བལ་འབྲུག་གསུམ་གཅིག་པུའི་ནང་དུ་ང་ཚོར་སྤྱི་འཐུས་སྤུས་ལེགས་པོ་དེ་འདྲ་མང་བོ་རེག་གི་མེད་ཅེས་གསུངས།
བོད་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟ་མི་ཚང་མར་འོས་ལྡུག་རྒྱུའི་བསམ་བློ་འཁོར་གིན་ཡོད་ནའང་། དུས་རྒྱུན་རང་ཉིད་ཀྱིས་ངོས་ནས་སྤྱི་ཚོགས་ནང་རྒྱུས་ལོན་ཡག་པོ་བྱུང་མེད་ཚེ། རང་ཉིད་མི་གཞན་པའི་བཀོལ་སྤྱོད་འོག་ཏུ་འགྲོ་ཉེན་ཡོད། ལྷག་པར་དུ་བཙན་བྱོལ་གྱི་དགོན་པ་རེ་ཟུང་དང་གཞིས་ཆགས་རེ་ཟུང་ནང་དཔོན་པོ་དང་བླ་སྤྲུལ་གཅིག་གཉིས་ཤིག་གིས་གང་གསུངས་པ་ལྟར། རྗེས་འབྲང་མང་ཚོགས་ཀྱང་དེའི་བཀོལ་སྤྱོད་འོག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པས་དེ་ལ་གཟབ་དགོས་ཞེས་དང་། ད་ལྟ་བོད་མིང་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཅིག་པུས་ངས་བཀའ་བློན་ཁྲི་པ་བྱེད་ཐུབ་ཀྱི་ཡོད། ང་ལ་ལས་འཆར་འདི་ལྟ་བུ་ཞིག་ཡོད་ཟེར་བ་ལས། དེ་མིན་གྱི་བཀའ་བློན་ཁྲི་པའི་འོས་མི་ཚོ་ནི་བརྒྱུད་ལམ་ལ་བརྟེན་པ་དང་། ཡང་ན་རང་ཉིད་དངོས་སུ་ཁྲོམ་ལ་ཐོན་ནས་དྲིལ་བསྒྲགས་བྱེད་ཀྱིན་མེད་པར། མི་གཞན་ཞིག་བརྒྱུད་ནས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་སྟབས། ང་ལྟ་བུར་མཚོན་ན་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ལས་བཀའ་བློན་ཁྲི་པའི་འོས་མིག་ཏུ་རྙེད་མ་སོང་། ངས་རེ་བ་ནི་བཀའ་བློན་ཁྲི་པའི་འོས་མིར་ལངས་མཁན་ཚོ་ཚང་མས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས། རང་གི་ལས་འཆར་སོགས་མང་ཚོགས་ལ་ངོ་སྤྲོད་པ་དང་། རང་ཉིད་དངོས་སུ་བཀའ་ཁྲིའི་འོས་མིར་ལངས་ནས་མི་མང་ལ་གསལ་སྟོན་བྱ་རྒྱུ་དེ་ཡིན་ཞེས་གསུངས།
དེ་ལྟར་ཉིན་དེའི་བགྲོ་གླེང་ཐོག བགྲོ་གླེང་བ་གསུམ་གྱིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་ལ་རང་རང་གི་ལྟ་ཚུལ་གསུངས་པ་དང་། མཇུག་མཐར་ཚོགས་ཞུགས་པ་རྣམས་ཀྱིས་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཡང་ཚོགས་བཅར་བ་ཁག་ཅིག་ནས་མི་རབས་གསར་རྙིང་གི་སྐད་ཆ་བཤད་པར་ཡག་པོ་མེད་པ་དང་། དེས་རང་བཞིན་གྱིས་རྒན་པ་རྣམས་ལ་ཕོག་ཐུག་འགྲོ་གི་ཡོད་ཚུལ་ཡང་གསུངས་ཡོད།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 10

  1. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    བོད་པ་ལགས། སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་ཡིན་པ་ངས་ཀྱང་ལོས་ཤེས། ཡིན་ནའང་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཀྱི་གྲྭ་མང་ཚབ་མཚོན་ཐུབ་ཀྱི་མི་སྙམ། ཁོང་ཚོས་གྲ་ཚང་གི་དཀའ་ངལ་ལམ་གྲྭ་མང་གང་ཡང་སེལ་ཐབས་བྱེད་མྱོང་མེད། ཁོང་ཚོ་སྤྱི་འཐུས་ཀྱི་འོས་འདེམས་སྔོན་དེ་མ་ཐག་ལ་གྲྭ་སར་ཡོང་ནས་གཏོང་སྒོ་རེ་རེ་གཏོང་གི་ཡོད་ཁྱེད་ཀྱི་ཤེས་སོང་ངམ།
    ཁྱེད་ཀྱི་གཏམ་དེ། མགོ་ག་རི་བྱས་སོང་ངམ་ཞེས་པའི་ལན་དུ་རྐུབ་ལུག་གིས་བརྡུང་བྱུང་ཞེས་པའི་དཔེ་ལྟར་སོང་མི་འདུག་གམ་གམ་གམ།ཧ་ཧ་ཧ་ཧ་ཧ།

    Reply
  2. བོད་པ་ says:
    ལོ་ 16 སྔོན།

    ལྷ་སྲས་ལགས། ཆོས་དོན་ལས་ཁུངས་ནི་གཞུང་འབྲེལ་གྱི་ལས་ཁུངས་ཞིག་རེད་ལ།
    སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་རེད། དེ་གཉིས་ཁ་ཁ་། ལོགས་པ་རེད། དེ་གཉིས་ཀྱི་ཁྱད་པར་ཙམ་ཡང་མི་ཤེས་ན་ཤེས་མདོགས་མ་བྱེད་ལོ། ཆོས་བརྒྱུད་སྤྱི་འཐུས་རེ་ཟུང་མ་འགྲིག་ན་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བ་ནི་མགོ་ལ་རྨ་ཞིག་ཡོད་ན་རྨ་དེ་ཨེ་དྲག་གི་མི་བལྟ་པར་མགོ་བཅད་པ་དང་གཅིག་པ་རེད། མ་གཞི་ཆོས་བརྒྱུད་སྤྱི་འཐུས་ཡག་མི་ཡག་སྤྱི་འཐུས་འདེམས་མཁན་ཚོས་ཡག་པོ་བྱས་ནས་འོས་འདེམས་བྱས་ཡོད་མེད་ལ་རགས་ལས་པ་ཞིག་རེད།
    ཡང་སེར་མོ་བས་བརྒྱ་ཆའི་ཉུང་ཉུང་ཡིན་་ནའང། ནམ་རྒྱུན་མང་ཆེ་བ་ནི་འོས་ཤོག་འཕེན་མང་ཤོས་དང། ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྤེལ་ནའང་གཙོ་བོ་ཡིན་པ་ནི་སུས་མཁྱེན་མེད་པ་འདྲ།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    བོད་པ་ལགས། བོད་གཞུང་ཆོས་དོན་ལྷན་ཁང་ཡོད་བཞིན་དུ་དམིགས་བསལ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ཟུར་དུ་དགོས་གལ་ཅི་ཡང་མི་འདུག་སྙམ། གལ་ཏེ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་ཐུབ་པ་དང་། དེ་མེད་ན་དེ་ལྟར་གནས་མི་ཐུབ་ཨེ་ཡིན། ཡང་ན་ཆོས་དོན་ལྷན་ནས་ཚང་མར་སྟངས་འཛིན་མི་བྱེད་ཐུབ་པ་རེད་དམ། ན་ནིང་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམ་པར་ལྟོས་དང། ཆོས་འདྲིས་ཆོས་ཀྱི་མ་ཐུལ། མར་ལྐོག་མར་གྱི་མ་ཐུལ་ཞེས་པའི་དཔེ་ལྟར་ཆོས་ལུགས་ཀྱི་ཞབས་སྟེགས་སྟེང་ལ་བཞུགས་པའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམ་པས་ངུར་སྨྲིག་གོས་བཟང་གི་འོག་ནས་ཉོན་མོངས་དུག་གསུམ་གྱི་ཀུན་ནས་བསླངས་ཏེ་ཆགས་སྟངས་རགས་པའི་གཞན་དབང་དུ་སོང་ནས་སྒོ་གསུམ་གྱི་སྤྱོད་པ་ཁྱིམ་པ་ལས་ཆེས་ཞན་པ་སྟོན་མཁན་གྱི་སྤྱི་འཐུས་དེ་ཚོས་ཆོས་ལུགས་རྨ་འབྱིན་པ་མ་ཟད་གྲྭ་མང་གི་མཚན་སྙན་ལའང་སྤྱི་ཚོགས་སྟེང་མཐོང་སྣང་ངན་པ་ཞིག་བཟོ་ཡི་ཡོད་པས། དེ་ཚོ་ཡོད་པ་ལས་མེད་ན་དགའ་སྙམ་སྙམ་སྙམ།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གྲོགས་བསྟན་ཚེ་ལགས་ཀྱིས་ལམ་སྟོན་གནང་བ་ཡག་བྱུང་། ཐུགས་རྗེ་ཆེ། གཞན་སུས་ལམ་སྟོན་གནང་ན་དེ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  5. མི་ཉག་བཙན་པོ says:
    ལོ་ 16 སྔོན།

    ད་རྙོགས་འཛིང་གི་ཁྲོད་དུ་ལྷུངས་བ་ཞིག་བསྐྱར་དུ་འོས་མིར་སྟོན་པ་ནི་ཕྱོགས་རིས་་ནད་ཀྱིས་ཟིན་པའི་མི་སྣ་རེ་ཟུང་གིས་ཚོགས་པ་ཁག་གི་མིང་པེད་སྤྱོད་བྱས་ནས་མི་དམངས་ཀྱིས་མངོན་འདོད་ཡིན་ཁུལ་བྱས་ཁོ་ན་རེ་ཨང་།

    གསུངས་བཤད་གནངས་མཁན་ཚོར་ཐུགས་རྗེ་ཆེ་ལགས།
    མ་འོང་པའི་བཀའ་ཁྲི་ནི་ངེས་པར་དུ་གཞོན་ཞིག་སླེབས་དགོས་པ་ནི་བོད་ཀྱི་རྩ་དོན་ཆགས་ཡོད། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་སློབ་སྟོན་པ་རྣམས་འཚོ་བཞུགས་སྐབས་ངེས་པར་དུ་གཞོན་སྐྱེས་རྣམས་ཀྱིས་འགན་ཁུར་ལེན་དགོས་པ་ཡིན། གོང་ས་མཆོག་གི་དགོངས་དོན་ཡང་དེ་བཞིན་ཡིན་པ་ནི་བཀའ་སློབ་ལས་ཤེས་ཐུབ།
    རྒྱ་མི་ངོས་ནས་བཤད་བཞིན་པ་དང་རེ་བ་ནི་གོང་ས་མཆོག་གཙོ་པའི་བོད་མི་རྒན་པརྣམས་ཀྱི་རྗེས་སུ་མི་རབས་གསར་པ་རྣམས་ཀྱིས་བོད་དོན་འགན་ཁུར་མི་ཐུབ་པ་རརྩིས་རྒྱག་བཞིན་ཡོད་རྒྱུ་མཚན་དེས་ན་ད་ལྟ་ནས་གཞོན་སྐྱེས་རྣམས་ལ་གོ་སྐབས་གནངས་དགོན་པ་ནི་བོད་ཀྱི་རྩ་དོ་ཡིན།

    Reply
  6. བོད་པ་ says:
    ལོ་ 16 སྔོན།

    གྲ་བཙུན་ཚོས་འོས་ཤོག་ཐོབ་ཐང་གཉིས་རེ་བླངས་ནས་ཁྲིམས་འགལ་བྱེད་ཀིན་ཡོད་པ་འདྲ་བོ་ཐིངས་མང་པོ་ལ་བཤད་སོང་། མ་ཤེས་བ་ཡིན་ནམ། བསམ་བཞིན་ཏུ་ནག་ཉེས་གཡོགས་གིན་ཡོད། མང་གཙོའི་རྒྱལ་པོ་ཨ་རིའི་ནང་ཡང་གྲོས་འཚོགས་གོང་མ་ས་ཁུངས་ཀྱི་འོས་མི་་དང་གྲོས་འཚོགས་འོག་མ་མི་གྲངས་ཀྱི་འོས་མི་བཅེས་འོས་ཐོབ་གཉིས་ཡོད་པ་རེད། ང་ཚོས་ཡང་ཆོལ་ཁ་འམ་ས་ཁོངས་ཀྱི་འོས་མི་དང་ཆོས་བརྒྱུད་དམ་ཆོས་ཁོངས་ཀྱི་འོས་མིའི་ཐོབ་ཐང་ལེན་བཞིན་ཡོད་པ་རེད། ང་ཚོས་འོས་འཕེན་སྐབས་སྐྱ་བོ་མང་པོ་མ་ཕེབས་པ་རེད་མ་གཏོགས་གྲ་བཙུན་ཚོས་འཕེན་མ་བཅུགས་བ་མ་རེད། སྐྱ་བོའི་ཆོས་བརྒྱུད་སྤྱི་འཐུས་ཐིངས་མང་པོ་ཐོན་ཡོད་པའི་གསལ་བཤད་བྱས་ཡོད་པ་རེད། རྒྱུ་མཚན་མེད་པར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་མང་ཆེ་བ་ཆོས་ལ་མི་དགའ་བ་དང་དགོན་པ་ནས་ཕྱི་ཕུད་བཏང་བ་ཚོ་རེད།
    སྐྱ་སེར་དབྱེར་མེད་ཀྱིས་ཆོས་བརྒྱུད་ཁག་གི་མི་གྲངས་ལྟར་ཆོས་བརྒྱུད་སྤྱི་འཐུས་ཡོང་ཐུབ་ན་ང་ཚོར་ཡང་ཨ་རི་ནང་བཞིན་གྲོས་འཚོགས་གོང་འོག་གཉིས་ཆགས་ཐུབ་པ་རེད།

    Reply
  7. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    གཞོན་སྐྱེས་ལ་གཞོན་སྐྱེས་ཀྱི་བསམ་བློ་དང་སེམས་ཁམས་ལོགས་སུ་ཡོད་དགོས་པ་དེ་གཅིག་རེད། གཉིས་ཐད་ནས། གཞོན་སྐྱེས་ཚོར་གཞོན་སྐྱེས་ཚོའི་ཚོར་སྣང་ཞིག་ཡོད་དགོས་པ་དེའི་སྟེང་ནས་བལྟས་པ་ཡིན་ན། གཟོད་ང་ཚོས་གོམ་སྟབས་ཤིག་དང་། གོམ་སྒྲ་ཞིག་གི་སྣེ་མཐོང་གི་རེད། ཡིན་ནའང་། ད་ལྟའི་ང་ཚོར་མཚོན་ན། དེ་ནི་ཐག་རིང་ཞིག་ཏུ་ཡོད་སྣང་འཆར། གང་གིས་ན། བཤད་པའི་སྐབས་ན་ཐག་ཉེ་ཐག་ཉེ་ཞིག་ནས་གླེང་གིན་གླེང་གིན་ལ། དོན་དངོས་ཀྱི་ཆ་ནས་བཤད་པ་དང་དོན་དངོས་གཉིས་དེ་ཐག་རིང་ཐག་རིང་ཞིག་ཆགས་འགྲོ་བ་འདི་བཅོས་དགོས་པའི་ནད་ཅིག་རེད་སྙམ་དུ་འདོད།

    ཞར་ལ་ཞུ་རྒྱུ་གཅིག་ཡོད། ད་ལྟའི་གསར་འགྱུར་འདི་འགོད་པ་པོས། བསྟན་འཛིན་བརྩོན་(འགྲུས་)ལ་(འགྲོས)་ཞེས་དང་། ཆོས་(བརྒྱུད)་སྤྱི་འཐུས་ལ་ཆོས་(རྒྱལ)་སྤྱི་འཐུས་ཞེས་ཨ་ནན་ཨུ་ཚུགས་ཀྱིས་བྲིས་ཡོང་སྟངས་འདི་ལྟ་བུ་ནི་བཅོས་དགོས་སུ་མཐོང་། མ་གཞི་བྱས་ན། དུས་བབ་ཀྱི་ཡིག་ནོར་ལ་འབོད་སྐུལ་གྱི་རེ་ཐག་ཆད་ནས་ཡོད་དེ། ད་ནི་མིང་གི་དག་ཆ་ཚུན་ནས་ནོར་ནས་བྲིས་ཡོང་སྐབས་སུ། ཞུ་སྐུལ་ཞིག་ཐལ་ལོ།། དགོངས་སུ་གསོལ་ལོ།།

    Reply
  8. ཨ་འཇིགས། says:
    ལོ་ 16 སྔོན།

    གུས་པར་འོས་པའི་གསར་འགོད་པ་མཆོག་ལ་ཞུ་རྒྱུར། གསར་འགྱུར་འདིའི་ནང་དུ་ཆད་ལྷག་དང་ནོར་སྐྱོན་མང་པོ་ཞིག་འདུག་པས་རྗེས་མ་ཐུགས་སྣང་ལེགས་པོ་གནང་རོགས། གལ་སྲིད་བཅོས་ཐུབ་ན་བཅོས་རོགས། བོད་ཀྱི་དུས་བབ་ནི་བོད་མི་ཡོངས་ཀྱིས་དགའ་མོས་ཧ་ཅང་ཆེ་བའི་ཚགས་ཤོག་ཤིག་ཡིན་སྟབས་བལྟ་ཀློག་དང་སེམས་འཁུར་བྱེད་མཁན་ཡང་མང་པོ་ཡོད།

    Reply
  9. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    བོན་རྒྱལ་དང་བསྟན་འཛིན་བརྩོན་འགྲུས་གཉིས་ཀྱིས་རང་འཚམས་སྟོན་གྱི་འདུག་ཁོང་རང་གཉིས་ཆབ་སྲིད་རྒྱུས་ལོན་ཞེ་པོ་ཡོད་མདོག་སྟོན་ཡང་དོན་ངོ་མ་ཐོག་ནས་ཁོང་རང་གཉིས་རྒྱལ་སྒྲོན་གྱི་གཏམ་སྙན་གྱི་གཡོ་སྒྱུར་འོག་བསླུས་ཚ་མི་འདུག་གམ། བོན་རྒྱལ་ཁོང་རང་མི་ཆེན་ཞིག་གིས་ཁ་ལོ་བསྒྱུར་ནས་ཁྱེད་ཀྱི་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ལབ་ཐུབ་ན་དགེ་མཚན་ཡོད་ལུགས་ཀྱི་ཁོང་ལ་ཡང་བསླུ་ཚིགས་ཤིག་རག་ཡོད་ངེས་དེ་ནས་ཁོང་འགྲོག་མགོ་རྩམས་སོང་།

    Reply
  10. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བོན་རྒྱ་སྟན་རབ་ཀྱིས་གསུང་དེ་ཤིན་ཏུ་ནས་ལེགས་སོ། ཆོལ་ཁའི་སྤྱི་འཐུས་རྒྱ་བལ་འབྲུག་ནས་་་་འཁོར་ཡུག་ཆུང་ཐོག ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་རྣམས་ལ་སྤྱི་འཐུས་འདེམ་རྒྱུའི་དབང་ཆ་མེད་པ་དེས། འདེམ་པ་བོའི་རྒྱ་ཡང་ཧ་ཅང་གིས་ཆུང་དུ་བཏངས་སོ།
    ཆོས་རྒྱུད་སྤྱི་འཐུས་གཏན་ནས་མི་དགོས་མོད། རྒྱ་ལ་དགོས་ཚེ།རེ་རེ་ལས་མི་དགོས་ཤིང་། དེ་ཡང་བོད་མི་མང་གིས་གདམས་དགོས་པ་ལས་བཙུན་པ་ཕོ་མོ་ཁོ་ནས་མི་ཆོག་གོ།
    རྗེས་མའི་གྲོས་ཙོགས་སྐབས་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་རེ་བ་ཞུ་རྒྱུ། ཚང་མའི་སེམས་ལ་འཛིན་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese