མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཀྱི་སྐྱབས་འཇུག་ནམ་ཡང་ཁྱེད་ལ་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཁྱེད་རང་གནས་དེ་ནས་ག་ལེར་མི་ཚེ་གསར་བ་ཞིག་གི་སྒོ་ཐེམ་ལ་འགྲིམ་དུས་སུ། ངས་ཁྱེད་ལ་རྒྱང་རིང་ཞིག་ནས་སེམས་བསམ་པའི་གཏིང་ནས་རེ་སྨོན་ཞིག་ཡོད། རེ་སྨོན་དེ་ནི་བདག་ནི་ཁྱེད་ཉིད་ཁོ་ན་ལ་དགའ་བའི་བདེན་དཔུང་དང་ནུས་པ་ཡིན་ཟེར་ན་འགྲིག་ལ། དེ་ནི་ངས་ཁྱེད་རང་ལ་དུས་རྟག་དུ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཐོབ་པར་འདས་མ་ད་གསུམ་ལ་རེ་བ་ཆེན་པོ་ཡོད་པས་ཡིན།

ཁྱེད་རང་གང་དུ་ཡོད་ཀྱང་འགྲིག ངས་ཁྱེད་རང་གི་ཆེད་དུ་སྐྱབས་མཇུག་ཞུ། ཁྱེད་རང་ལ་ཐོབ་དགོས་པའི་ལོང་སྤྱོད་དང་མཛེས་པ་ཡོད་ཚད་ཐོབ་རྒྱུར་བདག་གི་སེམས་གཏིང་ནས་སྨོན་ལམ་འདེབས། སྨོན་ལམ་འདི་ནི་མི་ཞིག་ཁྱེད་ཉིད་ལ་སེམས་གཏིང་ནས་བརྩེ་བ་ཡོད་པའི་སྨོན་ལམ་འདེབས་སྟངས་ཤིག་ཡིན་ལ། འགྱུར་མེད་ཀྱི་དགའ་ཕྱོགས་ཤིག་གི་སྨོན་འདུན་ཡིན། སྨོན་འདུན་འདི་ང་ཚེ་རབས་ཅི་ཙམ་བརྗེ་ཡང་འགྱུར་མི་སྲིད་ལ། ང་རང་ཁྱེད་ཉིད་ལ་དགའ་བའི་མི་དེར་གང་དུ་སྐྱེ་ཡང་ཡིན་པར་བྱེད་ན་འདོད་པའི་སྨོན་འདུན་ཡང་ཡིན།

ཁྱེད་རང་ནི་དུས་རྟག་དུ་ནམ་ཡང་ཞི་དུལ་བག་ཡོད་ཀྱི་བུད་མེད་དེ་བཞིན། ཁྱེད་ཀྱི་ཁོར་ཡུག་དང་ཉེ་འབྲེལ་ཡང་ཞི་དུལ་བག་ཡོད། ཁྱེད་ཀྱི་ལྷན་དུ་ཡོད་པའི་བཟའ་ཚང་དེ་ནི་ཁྲེལ་གཞུང་ལྡན་པ་ནས་ཁྱེད་རང་ལ་ཆེས་བརྩེ་བ་ཟབ་མོ་ཡོད་མཁན་གྱི་མི་དེར་འགྱུར་བར་ཤོག འགྱུར་མེད་རྟག་བརྟན་གྱི་ལང་ཚོ་ཞིག་མེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན་ཡང་། བརྩེ་བ་འགྱུར་མེད་ཅིག་གི་ནམ་ཡང་ཁྱེད་ཉིད་སྲུང་ནས་མི་ཚེ་ནི་མཛེས་སྡུག་ལྡན་པ་ནས་སྤྲོ་སྣང་ཡོད་པ་ཞིག་དུ་གྱུར་དེ། ཁྱེད་ཀྱི་ས་གཞི་དང་གནམ་མཁའ་ཡོད་ཚད་ན། དུས་རྟག་དུ་སྡུག་ཡས་དང་དྲན་གདུང་། མིག་ཆུ་དང་སུན་སྣང་མེད་པར་སྨོན།

ཁྱེད་རང་ལ་ཁྱེད་རང་གི་ཕུགས་འདུན་ཟབ་མོ་དེ་ལས་གང་ཡང་གལ་ཆེ་བ་མེད་སྟབས། ཁྱེད་རང་ལ་ཁྱེད་ཀྱི་ཕུགས་བསམ་དང་རེ་སྙེགས་ཡོད་ཚད་འགྲུབ་པར་སྙིང་སྟོབས་དང་ལས་ལ་བརྩོན་པའི་སྙིང་རུས་ཡོད་པ་བཞིན། མི་ཚེ་ཡི་ལམ་ཕྲན་དེ་ནས་ད་ནི་ཅི་དང་གང་ལ་ཐུག་ཀྱང་། ཕྱིར་ནུར་དང་འགྱོད་སེམས་མེད་པར་མདུན་བསྐྱོད་ཡོང་བར་དཀའ་ངལ་དང་བར་ཆད་མེད་པར་ཤོག དུས་ཚིགས་བཞི་ལ་འགྱུར་ལྡོག་ཇི་འདྲ་རྒོད་ཀྱང་། ཁྱེད་རང་གི་བཟའ་ཚང་གི་གཤིས་ཀ་ནི་དུས་ཚིགས་རེ་རེ་བཞིན་དུ་འགྱུར་ལྡོག་ཡོད་པ་ཞིག་མིན་པར་སྨོན། ཁྱེད་རང་གི་བཟའ་ཚང་ནི་ཁྱེད་རང་གི་འདོད་པ་མཐའ་དག་སྤྲོད་ཐུབ་མཁན་གྱི་སྐྱེ་བ་དེ་འདྲ་ཞིག་བྱུང་མ་ཐུབ་རང་། ཉིད་ཀྱི་རེ་སྙེགས་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྐྱེ་བོ་ཁོག་རྒྱ་ཅན་ཞིག་ཡིན་པར་སྨོན།

ངས་ཁྱེད་རང་ལ་སེམས་ཀྱི་བསྐྱེལ་མ་ཡོད། སྨོན་འདུན་ཡོད། སྐྱབས་འཇུག་ཞུ། གསོལ་འདེབས་ཞུ། དུས་རྟག་དུ་ཁྱེད་དང་ཁྱེད་ཀྱི་ཁོར་ཡུག་ན་སྡུག་བསྔལ་མེད་པ་དང་། མྱི་ཁ་དང་འཕྱ་དམོད། བརྙས་བཅོས་དང་ཟུར་ཟ་མེད་པར་ཤོག ཁྱེད་ལ་ཐོབ་དགོས་པའི་བྱ་དངོས་ཡོད་ཚད་དེ་ཐོབ་པར་ངས་རྒྱང་རིང་ནས་སེམས་ཀྱིས་གཏིང་དང་ཁོག་པའི་དཀྱིལ། རུས་པའི་གསེང་། ཚོར་བ་རྣོ་ས་ནས། ལམ་ལྷོང་ཡོང་བར་རེ་སྨོན་ཡོད། འདས་མ་ད་གསུམ་གྱི་ཕྱིར་དྲན་མི་ཉུང་བ་ཞིག་ངས་ཁྱེད་ཀྱི་མི་ཚེ་ནང་དུ་སྒེར་སེམས་ཀྱི་བཟོས་པ་དེར་ངས་འགྱོད་གཤེགས་བྱེད་ཀྱི་ཡོད། ཚེ་རབས་ནས་ཚེ་རབས་ལ་ང་རང་ནི་ཁྱེད་ལ་དགའ་བ་ནས་ཁྱེད་རང་གི་སྐྱིད་སྡུག་ལེགས་ཉེས་ཀུན་ལ་འཁོ་སྤྲོད་དང་བལྟ་རྟོགས་བྱེད་མཁན་གྱི་ཁྱེད་ལ་བརྩེ་དུང་ཁོ་ན་བཅིངས་མཁན་གྱི་མི་དེར་འགྱུར་བ་ནས། ཁྱེད་ལ་ནམ་ཡང་བར་ཆད་དང་སྡུག་ཡས། མྱ་ངན་དང་སུན་སྣང་སྤྲོད་མཁན་གྱི་མི་དེ་འདྲར་མི་འགྱུར་བར་གནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་གཉིས་བདེན་དུ་བཞག་ནས་སྐྱབས་ཞུ་ཡོད།

ཁྱེད་ཀྱིས་ང་མ་རིག་པའི་ནངས་མོ་འདིར། ཁྱེད་ཀྱིས་ང་མི་གོ་བའི་མཚན་མོ་ཞིག ཁྱེད་ཀྱིས་ང་མི་མཐོང་བའི་གླིང་ཕྲན་ཞིག་དུ། ཁྱེད་ཀྱིས་ང་རང་མ་འཕྲད་པར་མི་ལོ་དུ་མ་སོང་བའི་ཉིན་མོ། ཁྱེད་ཀྱི་གནས་ཚུལ་དག་ངས་མྱི་ཁ་ནས་མྱི་ཁ་བརྒྱུད་དེ་གསལ་བོ་གོ་བའི་ཟླ་ངོ་གཅིག་ལྷག་གི་རྗེས་སུ། ང་ལ་ཁྱེད་ཀྱི་ཁ་པར་ཨང་གྲངས་མ་རེག་པར་ལོ་ཟླ་མང་བོ་རྫོགས་པའི་དུས་ཚིགས་ཤིག་ལ། ངས་ཁྱེད་རང་བརྗེད་འདོད་ཀྱི་ཡི་ཀ་གཏན་ནས་ལོག་ཐབས་མེད་པའི་ཚོར་བ་ཞིག་གི་བཙོན་འོག་ནས། ངས་རང་གི་བུ་མོ་ཆུང་ཆུང་ཞིག་གི་གདོང་གི་འཛུམ་མདངས་དང་ཨ་པ་ཟེར་ནས་འབོད་བཞིན་པའི་སྐད་ལ་ཉན་ཞོར་དུ། ངས་རང་ཉིད་གཏན་ནས་དགའ་མྱོང་མེད་པའི་བུད་མེད་ཅིག་གི་རུམ་ནང་དུ་འཛུལ་དུས་ཀྱི་ལོ་ཟླའི་ཁྲོད་དུ། གང་ལྟར། ངས་ཁྱེད་རང་ལ་སེམས་ཁོང་རུས་པའི་གཏིང་ནས་སྐྱབས་འཇུག་ཞུ། ཁྱེད་རང་བདེ་སྐྱིད་ལྡན་པར་སྨོན། ཁྱེད་རང་བདེ་བོར་བསྡད་ཡོད་ན། ང་ཡིས་བློ་ཡིད་དེ་ནས་འཚིམ་པར་བྱེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 11

  1. sha tak ri sim says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལ་ངས་དྲ་ཐག་དེ་བརྒྱུད་དེ་ཡོང་ངེས་ཡིན།

    ཀརྨ་ལགས། ཉིད་ཀྱི་བསམ་ཚུལ་ལ་ཞིབ་དུ་བསམ་བློ་གཏོང་ངེས་ཡིན།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    ཨ་འཇིགས་ལགས་ཉིད་ནས་ལན་འདེབས་གསལ་བོ་དག་པོ་གནང་བ་དེར་བཀའ་དྲིན་ཆེ་ལགས། གཞན་པ་ཅུང་མེད། དེ་ལྟར་ཡིན། རྗེས་སུ་བསམ་ཚུལ་ལྷུག་པོར་གསུང་བར་ཕེབས་ཤོག ཀུ་ཡངས་པོའི་སྒོ་ནས།

    Reply
  3. Karmay says:
    ལོ་ 15 སྔོན།

    ད་ནི་ང་ཚོའི་བློ་བཟང་སེང་གེ་ངེས་པར་དུ་བཀའ་ཁྲིར་འདེམས་དགོས་འདུག ང་ཚོར་ལོ་ཆུང་ཆུང་ཞིག་དགོས་པར་བརྟེན་ཁོང་ཆུང་ཆུང་དང།་མཁས་པ་ཡང་རེད།

    ཁོང་གི་ལས་རོགས་བདེ་སྲུང་བཀའ་བློན་ལ་སྤྱི་འཐུས་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལགས་དགོས་ངེས་རེད།
    ཚོགས་ཟུར་མཆོག་ལ་བློ་ཁོག་ཡོད་པར་བརྟེན་རང་བཙན་གཙང་མ་བླང་ཡོང་གི་རེད།

    དཔལ་འབྱོར་བཀའ་བློན་ལ་སྤྱི་འཐུས་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་བཞག་ན་ཁོང་ཐེ་ཝན་བོད་སོག་ལས་ཁུངས་དང། རྒྱ་ནག་གཞུང་སོགས་ལ་འབྲེལ་བ་ཆེ་བས་ང་ཚོའི་དཔལ་འབྱོར་ཡར་རྒྱས་གཏང་ངེས་རེད།

    ནང་སྲིད་བཀའ་བློན་ལ་ཀླུ་མཁར་བྱམས་དགོས་ཀྱི་འདུག ཁོང་གིས་ཟམ་གདོང་གིས་མ་འགྲིགས་རབས་གང་མང་སྐྱོན་བརྗོད་བྱས་པས་ཁོང་གིས་བཀའ་ཁྲིས་གང་ཞིག་བྱེད་དགོས་མིན་དངོས་གནས་གསལ་པོ་ཤེས་ཡོད་པ་རེད།

    སྤྱི་འཐུས་བསྟན་འཛིན་མགོན་པོས་གྲོས་ཚོགས་ཀྱི་ཚོགས་འདུ་གཡུག་ནས་གསུང་ཆོས་ལ་འགྲོ་བཞིན་པའི་ཆོས་དད་ཅན་ཞིག་ཡིན་པས་ཁོང་ཆོས་དོན་བཀའ་བློན་ལ་བཞག་ན་ཁོང་གིས་དད་པས་སྟོབས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་མཐོར་འདེགས་ཐུབ་ངེས་རེད།

    བོད་ཀྱི་བང་ཆེན་ཚགས་པར་གྱི་རྩོམ་སྒྲིག་པ་སྤྱི་འཐུས་ཁམས་པ་དག་མ་གསེར་རྟ་ཚུལ་ཁྲིམས་ལགས་དྲིལ་བསྒྲགས་བཀའ་བློན་ལ་བཞག་ན་ཁོང་བོད་དབྱིན་རྒྱ་གསུམ་ལ་མཁས་པ་དང། ཁོང་ཡུན་རིང་པོར་བློ་སེང་གི་སློབ་སྟོན་འོག་བོད་ཀྱི་བང་ཆེན་ནང་ལས་ཀ་བྱ་པས་བློ་སེང་ལ་རྒྱས་མངའ་ཧ་ཅང་ཆེ་བས་བློ་སེང་གིས་འདོད་པ་ལྟར་ཁོང་གིས་བོད་དོན་དྲིལ་བསྒྲགས་ཡག་པོ་གནང་གི་རེད།

    ཕྱི་འབྲེལ་བཀའ་བློན་ལ་སྤྱི་འཐུས་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་བཞག་ན་ཁོང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་མིང་ཐོག་ནས་ད་ལྟ་ཕྱི་རྒྱལ་དུ་བཞུགས་པས་ཕྱི་རྒྱལ་ཡུལ་ཁག་ཏུ་ཁོང་ལ་མཚན་སྙན་ཧ་ཅང་ཆེ་བས་ཁོང་གིས་ཕྱི་འབྲེལ་ཡག་པོ་ཡོང་ངེས་རེད།

    འཕྲོད་བསྟེན་བཀའ་བློན་ལ་བླ་མ་ཤིང་ཟ་རིན་པོ་ཆེ་བཞག་ན་ཁོང་འཕྲོད་བསྟེན་ཡག་པོ་རྩེ་དྲ་འདུག་པས་མང་ཚོགས་ཀྱང་དེ་འདྲ་ཞིག་བཟོས་ཐུབ་ངེས་རེད།

    ད་ནི་ང་ཚོར་ཤེས་རིག་བཀའ་བློན་ཡག་པོ་ཞིག་དགོས་ཀྱི་འདུག དེ་ཡང་ང་ཚོའི་སློབ་གྲྭ་ཁག་གི་སློབ་སྦྱོང་ཡར་རྒྱས་གཏང་ཐུབ་མཁན་ཞིག་དགོས་པར་བརྟེན་སློབ་གྲྭ་ཁག་གི་སློབ་སྤྱིའི་གཙོས་དགེ་ལས་ཡོངས་རྫོགས་ཞེད་སྣང་སྐྱེ་ས་ཞིག་དགོས་པ་རེད། དེ་འདྲ་ཞིག་ལ་ད་ལྟ་ཐེ་ཝན་ན་ཡོད་པའི་སྨྲ་ཁམས་ཆོས་འཕེལ་ལས་ལྷག་ཅིག་ཡོད་པ་མ་རེད། ཁོང་གིས་དེ་སྔོན་སྦིར་སུ་ཇ་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བསྟན་འཛིན་ལ་ཟེར་བའི་བླ་རྒན་བགྲེས་སོང་ཞིག་གི་མགོ་ལ་རྡོས་གཞུས་མ་ཐག་བོད་སོག་ལས་ཁུངས་བརྒྱུད་ཐེ་ཝན་ལ་བྲོས་ཕྱིན་པར་བརྟེན་སློབ་སྤྱིས་གཙོས་དགེ་ལས་ཚང་མ་ཞེད་ས་ཞིག་ཏུ་ཁོང་ལས་ལྷག་སུ་གང་མེད་ངེས་རེད།
    ཁོང་ད་ལྟ་ཐེ་ཝན་རང་ལ་ཡོད་པར་མ་ཟད་ཉེ་སྔོན་རྡི་ལིའི་ཆུ་སྒང་གིས་མདོ་སྟོད་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དེ་རེད།

    ད་དེ་འདྲ་ཞིག་གིས་ང་ཚོར་ཕལ་ཆེར་འགྲིགས་འགྲོ་ས་རེད།

    Reply
  4. Jampel Tsultrim 2010 says:
    ལོ་ 15 སྔོན།

    དུས་ཚོད་བྱུང་ན་འདིར་https://tibettimes.net/wordpress/blogs.php?id=343&post_id=11002&&comment_mode=doneཕེབས་ནས་དགོངས་ཚུལ་གསུང་རོགས་ཞུ།

    Reply
  5. jigme says:
    ལོ་ 15 སྔོན།

    ཤ་ཁྲག་ལགས། ལྷ་ཆབ་ཁྱོད་གཉིས་ལ་ཅིག་བྱུང་གི་མེད་ཀ་ཟེར་བ་ནི་སྤྱིར་བཏང་གི་རྩེད་མཚར་དུ་བཤད་པ་ཞིག་ཡིན། དེ་ལ་མ་ཤེས་པ་ཞིག་གསར་དུ་ཤེས་འདོད་དང་ཤེས་པ་ཞིག་གསལ་དུ་གཏོང་འདོད་དེ་འདྲ་གང་ཡང་མེད། ཉིན་འདི་དག་གི་ནང་ལྷ་ཆབ་ཀྱིས་ཀྱང་སྣང་བ་རབ་རིབ་ཀྱི་དུས་ཚོད་ཅིག་ལ་ཞེས་ཚོར་བ་ཀློང་དུ་བརྡོལ་བའི་སྙན་ངག་ཅིག་བྲིས་འདུག་ལ། བརྗོད་དོན་གྱི་ཆ་ནས་འདྲ་སེ་བ་ཡང་འདུག་སྟབས་དེ་ལྟར་ཐལ་བ་ལགས། ད་དུང་འདྲ་ས་གཞན་ཞིག་ཡོད་པ་ནི་ཁྱེད་གཉིས་ཀ་ཨ་ཕ་ཡིན་པ་དེ་རེད།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    ཨ་འཇིགས་ལགས། ཉིད་ནས་ལྷ་ཆབ་ངེད་གཉིས་ལ་ཅིག་ཅིག་མུག་མུག་ཟེར་བའི་དོན་དེ་རྟོགས་མ་སོང་ལགས། གལ་སྲིད་དེ་ན་མ་ཤེས་པ་ཞིག་གསར་དུ་ཤེས་འདོད་དང་ཤེས་པ་ཞིག་གསལ་དུ་གཏོང་འདོད་འདྲ་ཡོད་ན་ང་རང་གི་གློག་འཕྲིན་སྟེང་དུ་ཡི་གེ་སྐུར་བ་དང་། ཡང་ན་གདོང་དེབ་ནང་དུ་འཕྲིན་ཡིག་སྐུར་ན་འགྲིག་གི་རེད། དགའ་བསུ་དང་བཅས་དེ་ལན་འདེབས་དག་པོ་བྱེད་ངེས་ཡིན།
    དེ་མིན་ཉིད་ནས་བདག་གི་ཤ་དང་རུས་པའི་གསེང་གི་སྐྱབས་འཇུག་ཞུས་པ་དེར་གསན་པ་དགའ་ཡོད།

    Reply
  7. jigme says:
    ལོ་ 15 སྔོན།

    སེམས་དང་བསམ་པའི་གཏིང་ནས། ཤ་དང་རུས་པའི་གསེང་ནས། ད་སྨོན་ལམ་བཏབ་ཡོད་ཀི་ ཨ་རོ་རྒད་པོ། ལྷ་ཆབ་ཁྱོད་གཉིས་ལ་ཅིག་བྱུང་གི་མེད་ཀ

    Reply
  8. sha tak ri sim says:
    ལོ་ 15 སྔོན།

    ཉི་ཟླའི་མགྲོན་བདག་ལགས། ཉིད་ནས་བདག་གི་སྐྱབས་འཇུག་དེར་ཡིད་སྨོན་བྱས་པ་བཀའ་དྲིན་ཆེ།

    གཅན་བཟོད་རྒྱམ་ལགས། ཉིད་ནས་བདག་གི་ཚིག་འགྲོས་དང་འགྲོགས་ནས་བདག་གི་བུ་མོ་ལ་ཁ་གཡང་བརྗོད་པ་དེར་བཀའ་དྲིན་ཆེ་ལགས།

    རྐང་གསུམ་ལགས། ཉིད་ནས་ཚིག་དོན་གཉིས་ཀྱི་ཤུགས་ལ་བརྟག་དུས་སྐུ་ཉིད་བདག་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་གྲངས་ཤིག་ཡིན་ས་རེད། དེ་ཡིན་དུས་ཉིད་ཀྱིས་ཀྱང་བདག་ལ་བརྡ་ཞིག་བརྒྱབས་པ་དེར་བཀའ་དྲིན་ཆེ་ལགས།

    Reply
  9. tenzin9 says:
    ལོ་ 15 སྔོན།

    ཁོ་མོ་སློབ་གྲྭ་ན་ཡོད་དུས
    ཁྱེད་ཉིད་རྡ་ས་ན་ཡོད་དུས
    ཚང་མས་ཁྱེད་གཉིས་གླེང་གི

    མཛའ་མོ་ཕུལ་ཡུལ་ན་ཕེབས་དུས
    སྐུ་ཉིད་ཕྱི་ན་རྒྱལ་ལ་འགྲོ་སོང
    མི་གཅིག་བགྲོད་ལམ་རེ་རེ་ན
    ཁྱེད་གཉིས་དུས་ཀུན་གླེང་གི

    ཁོ་མོས་མཛའ་བོ་འཚོལ་དུས
    ཁྱོད་ཀྱིས་མཛའ་མོ་བརྗེད་སོང
    མཛའ་བོས་མཛའ་མོ་འཚོལ་དུས
    མཛའ་མོས་མཛའ་བོ་བརྗེད་སོང་

    རང་གི་ཕ་ཡུལ་ཕྱོགས་ནས
    མཛའ་མོས་བུ་མོ་སྙོར་དུས
    ཕྱི་གླིང་བུ་མོའི་འགྲམ་ན
    ཁྱོད་ཀྱིས་ཕྲུ་གུ་སྐྱོང་ཡོད

    འདི་ལྟར་ལས་འབྲས་མེད་རུང
    ཁྱེད་ཀྱིས་ཁོ་མོ་བཤད་ཀི
    ཁྱེད་ལ་སྐྱེ་སྨན་ཡོད་རུང
    ཁྱེད་ཀྱིས་ཁོ་མོ་གླེང་གི

    ཁོ་མོ་མཛའ་བོ་ཡོད་རུང
    ཁྱོད་ཀྱིས་ཁོ་མོ་གླེང་གི
    ཁོ་མོ་ཕྲུ་གུ་ཡོད་རོང་
    ཁྱོད་ཀྱིས་ཁོ་མོ་གླེང་གི

    ཨ་་་་་བོད་ཤ་ཁྲག་རུས་གསུམ་་་་་་་ད་ཁྱོད་ཀྱིས་ཅི་ཞིག་བྱས་འདོད་ཀྱི་ཡོད།

    Reply
  10. chentsasopa says:
    ལོ་ 15 སྔོན།

    ངས་ཀྱང་ཁྱེད་བེད་སྤྱད་པའི་སྨོན་ཚིག་འདི་དག་བཀོལ་ནས་ཁྱེད་ཀྱི་བུ་མོ་ཆུང་ཆུང་དེར་སྨོན་ལམ་འདེབས་ཡ། ཚེ་རིང་རྒྱུ་མ། གནམ་གིས་སྲུང་རྒྱུ་མ། བྱས་བ་ལམ་འགྲོ་ཡོང་རྒྱུ་མ། ཕ་མར་ཁ་ལེན་ཚིག་བརྩི་བྱེད་བྱེད་མཁས་མ། རང་དོན་མི་འཕྱུགས་གཞན་དོན་སྒྲུབ་མཁས་མ།
    མ་ངུ། མ་ན། གནམ་གི་སྐར་མ་འཛིན་ན་སྟེར། ཙུ་གུའི་སྔ་མ་གཅོད་ལ་སྟེར། ཁབ་ལ་སྐུད་པ་བརྒྱུས་ལ་སྟེར། གོས་ལ་གོང་བ་འདོགས་ལ་སྟེར། ལྷམ་ལ་རྟིང་ག་བཏགས་ནས་སྟེར། སྟེར་སྟེར་སྟེར། འཇིག་རྟེན་འདིའི་ཡོད་རྒུ་ཚང་མ་ཁྱོད་ལ་སྟེར།

    Reply
  11. chok zyl says:
    ལོ་ 15 སྔོན།

    དྲ་གྲོགས་ལེགས་སེམས་གཏིང་ནས་སྐྱབས་འཇུག་ཞུས་འདུག།ཧ་ཅང་གི་ཡིད་སྨོན་ཤོར་དགོས་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese