མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་ལ་ཙག་ཤད་རྒྱག་དུས་ནུས་པ་ཐོན་ཡོད། གཉའ་འབྲོང་ཐུ་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp
 
གཉའ་འབྲོང་ཐུ་བུའི་ཟིན་བྲིས་ལས་བཤུས།

བཀུར་བར་འོས་པའི་བཀའ་ཁྲི་དང་། བོད་མི་མང་གི་འཐུས་ཚབ་ཉན་པའི་འཐུས་མི་འདེམ་བསྐོའི་བྱ་འགུལ་བསླེབ་ལ་ཉེ་བའི་སྐབས་འདིར། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་བོད་མི་སུ་ཡིན་ཡང་ཁ་ཞིག་གྲག་ན་དོན་ཞིག་གོ་རྒྱུ་ཡོད། བདག་ལྟ་བུ་ལ་མཚོན་ན། ད་རེབ་ལས་ཀ་དེའི་སྔ་གཞུག་ཚང་མ་ཚགས་ཚུད་པོ། མི་མང་གི་འདོད་བློ་དང་འཚམ་པ། རྗེས་མར་འགྱོད་མི་དགོས་པ་ཞིག་ཡོང་ན་བསམ་པའི་རེ་བ་ཙམ་ལས་དེ་ལ་ནུས་པ་འདོན་ཐུབ་པའི་དབང་ཚད། ཆབ་སྲིད་ཀྱི་ཀླད་པ་མྱུར་མོ་དེ་འདྲ་གང་ཡང་མེད། ཡིན་ནའང་། རང་ཉིད་བོད་མིའི་ངོ་བོར་གྲུབ་ཚར་བ་དང་། སྐྱབས་བཅོལ་བའི་གྲས་ལ་འཚང་ཡོད་པ། ༧ གོང་ས་མཆོག་གི་དགུང་ནའི་བབ། ད་ལྟའི་བོད་མི་རིགས་ཀྱི་འཇིག་ཉེན་སོགས་ཕྱོགས་ཡར་མར་ལ་བསམ་བློ་བཏང་ན། སེམས་ན་ནད་མེད་ཀྱང་གཏིང་ཞིག་ནས་ན་ཟུག་ལང་གི་འདུག
འདས་པའི་ལོ་རྒྱུས་དང་། རྒྱ་ནག་གི་ཆབ་སྲིད། ད་ལྟའི་བོད་ཀྱི་གནས་བབ་དང་། ཆོས་དང་ཆབ་སྲིད་ཀྱི་གནད་དོན། མི་མང་གི་རྣ་ལམ་གྱི་གྲྭ་བའི་གཡོ་འགུག་རང་བཞིན་གྱི་སྐད་ཆ། སྲིད་དོན་ཁ་ལ་འཁྱེར་བའི་གྲྭ་བའི་གྲངས་འབོར་སོགས་སྔ་འདང་ཕྱི་འདང་མང་པོ་བརྒྱབ་ན། ད་རེབ་འདམ་ག་མ་ནོར་བ་བྱེད་རྒྱུ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་བོད་རྒྱ་ཆེས་མི་མང་གི་ཕྲག་ཏུ་བབ་འདུག

མ་གཞི་ནས་ང་ཚོས་ཅི་ཞིག་རྩོད་ཀྱིན་ཡོད། ཅི་ཞིག་མ་ལོན་པར་ཡོད། ཆོས་རྩོད་ཀྱིན་ཡོད་དམ། སྲིད་རྩོད་ཀྱིན་ཡོད། ཆོས་མ་ལོན་པར་ཡོང་ངམ། སྲིད་མ་བརྟན་པར་ཡོང་། དེ་ལ་མི་མང་གིས་བསམ་བློ་གཏོང་དགོས་བསམ། ཆོས་མ་ལོན་པར་ཚོས་རྩོད་ཀྱིན་ཡོད་ན་བཀའ་ཁྲི་དང་སྤྱི་འཐུས་ལ་བླ་མ་གྲྭ་བ་འོས་བླུགས་རོགས་གནོངས་དང་། བོད་ཀྱི་གྲྭ་བས་མི་ཚེ་གང་ལ་ཆོས་བརྩད་པས་ཆོས་རྩོད་རྒྱག་ཤེས་ཀྱི་རེད་ལ། ཆོས་ལེན་ཡང་ཤེས་ཀྱི་རེད་སྙམ། སྔོན་ཆད་ཀྱང་ཆོས་མང་པོ་བླངས་མྱོང་ཞིང་དར་ཡང་མྱོང་། སྲིད་རྩོད་ཀྱིན་ཡོད་ན་གྲྭ་བས་ནམ་ཡང་སྲིད་རྩོད་མི་ཤེས་ལ། སྲིད་རྩོད་ཁུལ་ཙམ་བྱེད་པ་དེར་ཡང་དམིགས་ཡུལ་གཞན་ཞིག་ཡོད་ངེས་ཡིན།

བསམ་བློ་ཞིག་ཐོངས་དང་། ཕྱིང་བ་འདྲ་ས་ན་སྡེར་མོ་ཅན་ལ་ལས་ཀ་མེད་པའི་གནས་ལུགས་འདི་ཙམ་བོད་མི་མང་གིས་ཤེས་དགོས་པ་ཞིག་མ་རེད་དམ། ༧ གོང་ས་མཆོག་གིས་ང་ཚོར་སྲིད་རྐམ་པོ་ཞིག་ཡིན་ན་འབད་བརྩོན་དེ་འདྲ་གནང་མི་འདོད་པའི་གོ་བརྡ་བརྒྱབ་མེད་དམ། མི་མང་ལ་གོ་རྟོགས་སྐྱོ་དྲགས་པ་ཡིན་ནམ། ང་ལ་ཚོར་རྟོག་རྣོ་དྲགས་པ་གང་ཡིན་མི་ཤེས་ཀྱང་གསུང་སྐད་འདི་བསྐྱར་ཟློས་ཤིག་བྱེད་དགོས་ཆགས་སོང་། བོད་མི་མང་མགོ་རྨོངས་སོང་བ་དང་། གྲྭ་རྒན་ཚོ་སྐབས་འཚོལ་ལ་མཁས་སོང་བས་བོད་མི་མང་གིས་གནའ་ནས་བཟུང་གྱོང་ཞིག་རེག་སོང་སྙམ་པའི་བློ་ཕམ་དང་ཡིད་འགྱོད་སྐྱེ་མྱོང་བ་ནི་གཅིག་བྱས་ན་ང་རང་གི་སྡུག་གྱོང་ཡིན་ཡང་སྲིད།

ཆོས་ཀྱི་བསླབ་བྱས་སྲིད་སྤོང་ཐབས་དང་། དགྲ་གཉེན་ཀུན་ལ་མའི་འདུ་ཤེས་འཛིན་སྟངས་ཀྱི་བག་ཆགས་དེས་མ་བསླད་པའི་གྲྭ་བ་ཞིག བཀའ་ཁྲི་དང་སྤྱི་འཐུས་ལ་བསླེབ་མི་ཐུབ། དེ་ནི་ཤེས་ཡོན་འདེམ་སྟངས་ལས་གྲྭ་བ་ཆོས་ཕྱོགས་ལ་མཁས་པ་ཞིག་ལས་མི་མང་གིས་འདེམ་རྒྱུ་མེད་པས་རྒྱུ་མཚན་ལ་ཐུག་ཡོད། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་མའི་འདུ་ཤེས་དང་། སྲིད་སྤང་བྱར་ལྟ་བའི་གྲྭ་བ་སུ་འདྲ་ཞིག་བཀའ་ཁྲི་དང་སྤྱི་འཐུས་ལ་བསླེབ་ནའང་སངས་རྒྱས་ཨ་མའི་རོ་ཐོག་ལ། དགེ་འདུན་ཨ་མའི་རོ་ཡིན་པ་སྨོས་ཅི་དགོས།

མི་རིགས་བྱེ་བྲག་པ་ལ་རིགས་ཞེན་གྱི་འདུ་ཤེས་མེད་པ་དང་། རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཉག་ཕྲ་བའི་གྲྭ་བ་དེ་དག་གིས་མི་རིགས་བྱེ་བྲག་པའི་རང་དབང་ལ་དེ་ཙམ་མཐོང་ཆེན་བྱེད་སྲིད་དམ། དེ་ཙམ་ནུས་པ་འདོན་ཐུབ་བམ། དེ་ལའང་ཁོང་ཚོར་རྒྱུ་རྐྱེན་མེད་པ་ག་ལ་ཡིན་ཏེ། དེ་ནི་ཁོང་ཚོའི་ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གལ་ཆེ་ཚུལ་དང་། ཕུགས་རྒྱང་རིང་ཚུལ་གྱི་ལྐོག་གྱུར་གླེང་བའི་གཞུང་ལུགས་ལས། རྒྱ་ཆེ་བ་དང་ གྲངས་མང་བའི་སྲོག་ལྡན་ཀུན་པོས་ད་ལྟའི་མ་བཞིན་བྱམས་པས་བསྐྱངས་ཚུལ་གྱི་བག་ཆགས་དེས་ཡོངས་སུ་ཟིན་ཡོད་པས་ཡིན། ཆོས་པ་ཞིག་གི་ངོས་ནས་གླེང་ན་དེ་ནི་ངེས་པར་ཡོད་དགོས་པའང་ཡིན་མོད། འུ་ཆག་གི་འཚོ་གནས་ཙམ་པོ་བ་འདི་བསྐྱར་འཛུགས་བྱེད་པ་ལ་ཁ་གཏད་ངོ་མ་དེ་ཆགས་ཡོད།
བོད་མི་མང་གིས་བསམ་བློ་ཞིག་ཐོངས་དང་། ཕྱོགས་ངོས་གཞན་ཏེ། ལས་རིགས་ཀྱི་ཆ་ནས་ང་ཚོས་བསྒོ་བྱ་ཞིག་བརྒྱབ་ན་སྲིད་ཀྱི་ལས་རིགས་འདི་གྲྭ་བའི་གཉེར་བྱ་ཞིག་ཡིན་ནམ་ཁྱིམ་པའི་གཉེར་བྱ་ཞིག་ཡིན། བདག་གིས་ད་བར་དུ་ནང་ཆོས་ལ་སློབ་སྦྱོང་ཅུང་ཟད་བྱས་པའི་འབྲས་རྟགས་སུ་ཆོས་དང་སྲིད་གཉིས་ནི་ལམ་དང་ལུགས་སྲོལ་ཁ་ཁ་ཡིན་པའི་འདུ་ཤེས་རྙེད་སོང་ལ། གྲྭ་བས་སྲིད་ལ་ཐེ་གཏོགས་བྱེད་པ་ནི་གཞན་གྱི་ངོ་བསྲུང་དང་། རང་གི་མཚན་སྙན། ཐོབ་ཆོག་ཆོག་གི་ཁེ་སྤོག་སོགས་ཀྱི་ཆེད་ཡིན་པའང་རྟོགས་སོང་། ངས་ནམ་རྒྱུན་གྲྭ་བས་ཆོས་རྩོད་སྒྲུབ་བྱེད་སྟངས་དང་། སྲིད་རྩོད་སྒྲུབ་བྱེད་སྟངས་ལ་དོ་སྣང་བྱེད་མྱོང་། ཁོང་ཚོས་སྲིད་རྩོད་སྒྲུབ་བྱེད་དུས་སྒྱིད་ལུགས་དང་སྣང་ཆུང་འབའ་ཞིག་བྱེད་ལ། དེ་ནི་ལས་ཞོར་ཙམ་ལ་བརྩིས་ཤིང་འཐུས་ཤོར་ལ་སོང་ནའང་བློ་འགྱོད་གཏན་ནས་མི་བྱེད། དེ་ནི་གྲྭ་བ་ལ་སྲིད་རྩོད་སྒྲུབ་ཀྱི་སེམས་ཁམས་མེད་པས་ཡིན། ཆོས་རྩོད་སྒྲུབ་བྱེད་དུས་རྣམ་རིག་གསལ་ཞིང་ཧ་ཅང་གྲུང་ལ་འུ་ཅག་གི་འཚོ་གནས་གླེང་མྱོང་བའི་མི་བུ་གང་མང་ཞིག་ལ་མི་འབབ་པའི་སྐད་ཆ་མང་དག་བཤད་ཡོད་ལ་ཕོག་ཐུག་ཀྱང་བཏང་ཡོད། དེ་ཙམ་མ་ཟད་ཆོས་རའི་ནང་དུ་ཁས་ལེན་ཙམ་དཀྱོག་ནའང་ཁོ་མཁས་ང་མཁས་མང་པོས་གཟན་སྐེད་ལ་དཀྲིས་ཏེ་གཅིག་ཤོར་གཉིས་ཤོར་བྱེད་ཀི། འདི་ནི་བོད་ཀྱི་གྲྭ་བས་གནའ་ནས་ད་བར་ཆོས་སྲིད་གཉིས་ལ་གལ་ཆེ་ཆུང་དང་། དམན་མཆོག་བཀར་བའི་བག་ཆགས་འཇོག་སྟངས་ཤིག་གོ། །
བོད་ཀྱི་སྲིད་དོན་ལ་དཀའ་ལས་རྒྱག་མཁན་དང་སེམས་ཤུགས་ཅན། ལྷག་བསམ་ཆེ་བའི་བླ་གྲྭ་རེ་ཟུང་འདུག་མོད་དེ་ཙམ་གྱིས་བོད་ཀྱི་གྲྭ་བ་སྤྱིའི་ཚབ་མཚོན་བྱེད་མི་ཐུབ། ངས་བཀའ་ཁྲིར་འདི་དང་གན་འོས། སྤྱི་འཐུས་ལ་དེ་དང་ཁོ་འཚམ་ཞེས་མ་བཤད་ཀྱང་བོད་ཀྱི་སྲིད་དོན་སྡེ་ཁག་ལ་གྲྭ་རྒན་ཚོ་ལག་འཐེན་བྱས་ན་ཁབ་རྩེ་གཉིས་ཀྱིས་བཟོ་མི་ཡོང་བ་དང་། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པའི་དཔེ་ལྟར་དེ་ཚོས་ཆོས་སྲིད་གཉིས་ཀའི་གནད་དོན་གླེང་མི་ཕོད་པར་ཆོས་སྲིད་ཟུང་འབྲེལ་གྱི་རྨུ་ཐག་རབ་རིབ་པོ་འཐེན་ཏེ་ང་ཚོ་ད་དུང་གྱི་ནར་ལྷག་རྒྱུ་ཡིན་པ་གདོན་མི་ཟའོ། །

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 59

  1. ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་འབུར་ཐོ་ལགས། ༧གོང་ས་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཅེས་པའི་ཚིག་འདི་་གཞུང་འབྲེལ་ཡིག་ཆ་ཁག་ཏུ་གསལ་བོར་ཡོད་པར་མ་ཟད་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་དང་སྤྱི་འཐུས་་་་་་་་གྲོས་ཚོགས་རིམ་པའི་སྐབས་སུའང་༧གོང་ས་མཆོག་ལ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་ལན་མང་བྱས་འདུག ཡིག་ཆ་འདི་ཚང་མ་མེར་སྲེག་ཐོངས་དང་་་་་་གཞི་ནས་ཁྱེད་རང་གི་༧གོང་ས་མཆོག་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མ་ཡིན་པར་སྒྲུབ་ཐུབ་ཧཧཧཧཧཧཧཧཧཧ་་ད་དུང་བསམ་བློའི་སྐོར་བཤད་ཡོང་་ཧཧཧཧཧཧ

    Reply
  2. འབུར་ཐོ། says:
    ལོ་ 16 སྔོན།

    ཉི་མ་ལགས་ཀྱིས་དགོངས་ཚུལ་འབྱོར་བ་དགའ་བོ་བྱུང་། ༼ཁ་ཚུམས་ཤིག་ཅེས་ཞེན་སྐུལ་གནང་བར་ངོས་ལེན་ཐབས་མེད། ༽འདི་དངོས་གནས་བདེན་པ་རེད། ཁ་ཚུམས་ཞེས་བཙན་ཤུགས་ཀྱིས་བཀག་པའི་དུས་ལས་འདའ་ཡོད་ཉམས་མ་བསྟན་ན་ང་ཚོས་སྤྱི་ཚོགས་ཀྱི་རྗེས་ཟིན་པ་ཕར་བཞག་རྗེས་ཤུལ་ཙམ་ཡང་མ་མཐོང་བ་ཆག་གི་རེད། དེ་ན་ཁྱོད་ཀྱི་དགོངས་ཚུལ་ག་རེད་ཡོད་ན་ང་ལ་གསུང་ཆོག་མོད། དེ་ལ་ལན་འདེབས་དང་བདེན་ཁ་སྤྲོད་མིན་ང་རང་གི་ལག་པ་རེད། ༼༧གོང་ས་མཆོག་དང་ཟམ་དོང་རིན་པོ་ཆེ་སོགས་ལ་བལྟོས་དང་ཤེས་ཀྱི་རེད། གྲྭ་བས་ཆབ་སྲིད་ལ་འགན་ཁུར་ལེན་སྐབས་དཀའ་ངལ་མང་པོ་ཡོང་སྲིད་པ་རེད། དེ་ལ་གདོང་ལེན་བྱེད་དགོས་པ་མ་གཏོགས་དཀའ་ངལ་འཕྲད་ཀྱི་རེད་ཅེས་འཁུམ་སྡད་ན་ཆོས་དང་ཆབ་
    ་སྲིད་གང་ཡང་བྱེད་ཐུབ་ཀྱི་རེད། བོད་བརྒྱུད་བསྟན་པ་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་དཀར་ཞུགས་པ་ལ་ཆོས་དོར་དགོས་ན་ང་ཚོའི་བླ་ན་མེད་པའི་དབུ་འཁྲིད་ཀྱིས་ཀྱང་ཆོས་དོར་ཚར་ཡོད་ཀྱི་རེད། ཡང་ན་ང་ཚོའི་དབུ་འཁྲིད་ཀྱིས་ཆབ་སྲིད་ཀྱི་ལས་དོན་གང་བྱས་མེད་པ་རེད་ཅེས་བརྗོད་ཐུབ་བབ།༽འདི་ནི་ཁྱོད་རང་གི་ལྟ་ཚུལ་དངོས་དེ་ཡིན་པ་འདྲ། དེའི་ཕྱིར་ངས་འདི་ལ་ལན་འདེབས་ཚ་བོ་ཞིག་བྱེད་ངེས་ཡིན། ༧གོང་ས་མཆོག་ང་ཚོའི་ཆོས་ཀྱི་དབུ་ཁྲིད་ཡིན་པ་ལས་སྲིད་ཀྱི་དབུ་།ཁྲིད་གཏན་ནས་མ་རེད། རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་འཁྲབ་ཀྱིན་འདུག་ཟེར་བ་དེ་ངས་ནམ་ཡང་ངོས་ལེན་བྱེད་ཀི་མ་རེད། གལ་ཏེ། རྒྱལ་བ་རིན་པོ་ཆེས་བོད་མི་རེ་རེ་ལ་འགན་ཡོད་པ་རེད་གསུངས་པ་དེས་ང་ཚོ་ཚང་མར་ལེན་འགན་རེ་སྤྲད་ཚར་བ་རེད། འོན་ཀྱང་། འུ་ཅག་གིས་བླ་མས་རང་སྲིད་རང་སྐྱོང་བླང་ཡོང་བར་བསྙམས་ནས་ལྷིང་ལ་འཇགས་ཡོད་པ་རེད། ད་དུང་ནང་ཁུར་ལ་མཁས་མདོག་དང་འཇོན་མདོག་ཁོ་ནར་བྱེད་ཀྱིན་ཡོད་རེད། འདི་ནི་འུ་ཅག་གཉིད་མ་སད་པའི་རྟགས་མཚན་ཡག་ཤོས་ཤིག་རེད། སྲིད་རྩོད་རྒྱུར་རྒྱལ་བ་རིན་པོ་ཆེ་ལ་རེ་སྒུག་བྱེད་དགོས་པ་གང་ཡང་ཡོད་མ་རེད། སོ་སོས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་འཐབ་རྩོད་བྱེད་དགོས་པ་རེད། ཁྱོད་ཀྱིས་རྒྱལ་ཁབ་གཞན་གྱི་འཐབ་རྩོད་བྱེད་སྟངས་ལ་ཞིབ་འཇུག་ཅིག་བྱས་རྗེས་ང་ཚོས་འཐབ་བྱེད་སྟངས་དང་སེར་སྐྱ་མི་མང་གཡུང་ཚུལ་ལ་ཞིག་གཟིགས་དང་། ཆབ་སྲིད་མ་འཁྲབ་པར་རྒྱལ་ཁ་ནམ་ཡང་ཐོབ་རྒྱུ་ཡོད་མ་རེད། འཛམ་གླིང་ཞི་བདེར་གྱུར་ཚུལ་མང་པོ་ཞིག་ཁྱེད་ཀྱིས་བཤད་འདུག དེ་ཚོ་ནི་ང་ཚོས་རང་གིས་རང་སྐྱིད་པོ་བཤད་པ་ཙམ་ལས་ཡོང་རྒྱུ་མེད་པ་ཞིག་རེད། དཔར་ན། ཁྱོད་ཀྱིས་མ་མཐའ་ཡང་རྒྱ་ནག་གིས་བོད་ཀྱི་ས་ཐོག་ལ་མེ་ཤུགས་འཕུར་མདའི་གཏི་གནས་ག་ཚོད་ཡོད་རེད། འདི་ཚོ་མ་འོངས་པར་ཅི་ཞིག་ལ་དམིགས་ཀྱིན་ཡོད་རེད། ཐེ་ཝན་ལ་རྒྱ་ནག་གིས་ཐད་ཀར་བཙན་འཛུལ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་ག་རེ་རེད། གོ་མཚོན་ལ་སྐྲག་གི་ཡོད་རེད། ང་ཚོས་ཞི་བདེ་ཡིན་ཚུལ་དང་བོད་པ་སྤྱོད་པ་ཡག་རབས་བཤད་ཀི་ཡོད་རེད་དེ། མི་ཚོས་ཞི་བདེ་མ་ཡིན་རང་ཡིན་རེད་བསམ་གི་ཡོད་རེ་ལ་དངོས་ཡོད་གནས་ཚུལ་རེད། གལ་ཏེ། བོད་པ་ལ་དམག་དོན་དང་ལག་ཆ་ལག་རྩལ་ཚན་རིག་གི་འགྲན་ཟླ་བྲལ་བ་ཞིག་ཡོད་ན།མི་ཚང་མས་དགའ་བོ་བྱེད་ཀི་རེད། དེ་ནི་ཁོང་ཚོས་དོག་གཟོན་བྱེད་ཀི་ཡོད་རེད། ཁྱོད་ཀྱི་བསམ་ཚུལ་གསུངས་པ་ཡག་པོ་རེད། ཡིན་ནའང་། རྩོམ་ཡིག་འབྲི་ཤེས་པ་ཙམ་གྱིས་ད་དུང་བསམ་བ་ཆག་རྒྱུར་ཐག་རང་པོ་ཡོད་རབས་འདུག ད་དུང་ཆབ་སྲིད་སྐོར་ལ་དོ་སྣང་བྱོས་ལོ། ང་སྤྱིར་བཏང་དམངས་ཁྲོད་པ་ཅང་མི་ཤེས་མཁན་ཞིག་ཡིན། འོན་ཀྱང་། ད་ལྟ་གང་ཐུབ་ཐུབ་ཀྱིས་དོ་སྣང་བྱེད་ཀི་ཡོད། ཁྱོད་ལ་བློ་ྦསྐྱེད་སྤྲོད་ཐུབ་མཁན་ཞིག་མིན། དྲ་ཁང་ནས་ཐོལ་བྱུང་དུ་སྤེལ་བ་ཡིན་ཡིག་ནོར་ཡོད་ན་དགོངས་སེལ་ཞུ། ཞུ་དག་བྱས་མེད།

    Reply
  3. ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་འབུར་ཐོ་དང་ཧོར་བུ་ཡེ་ཤེས་ལགས་གཉིས་ལ། བླ་མ་དང་གྲྭ་བས་སྲིད་གང་འདྲ་བྱས་ནས་སྐྱོང་དགོས་པ་དང་བསྐྱངས་ཡོད་པ་༧གོང་ས་མཆོག་དང་ཟམ་དོང་རིན་པོ་ཆེ་སོགས་ལ་བལྟོས་དང་ཤེས་ཀྱི་རེད། གྲྭ་བས་ཆབ་སྲིད་ལ་འགན་ཁུར་ལེན་སྐབས་དཀའ་ངལ་མང་པོ་ཡོང་སྲིད་པ་རེད། དེ་ལ་གདོང་ལེན་བྱེད་དགོས་པ་མ་གཏོགས་དཀའ་ངལ་འཕྲད་ཀྱི་རེད་ཅེས་འཁུམ་སྡད་ན་ཆོས་དང་ཆབ་
    ་སྲིད་གང་ཡང་བྱེད་ཐུབ་ཀྱི་རེད། བོད་བརྒྱུད་བསྟན་པ་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་དཀར་ཞུགས་པ་ལ་ཆོས་དོར་དགོས་ན་ང་ཚོའི་བླ་ན་མེད་པའི་དབུ་འཁྲིད་ཀྱིས་ཀྱང་ཆོས་དོར་ཚར་ཡོད་ཀྱི་རེད། ཡང་ན་ང་ཚོའི་དབུ་འཁྲིད་ཀྱིས་ཆབ་སྲིད་ཀྱི་ལས་དོན་གང་བྱས་མེད་པ་རེད་ཅེས་བརྗོད་ཐུབ་བབ། ཁ་ཚུམས་ཤིག་ཅེས་ཞེན་སྐུལ་གནང་བར་ངོས་ལེན་ཐབས་མེད། མང་གཙོའི་སྤྱི་ཚོགས་ནང་ངའི་ལྟ་ཚུལ་དང་མི་མཐུན་པས་ཁ་ཚུམས་ཞེས་པའི་ཚིག་དེ་མེད་པ་རེད། དེ་ནི་ཆེས་གོ་རྟོགས་དམའ་བའི་མགོ་མཁྲེགས་ཚོའི་བརྗོད་སྟངས་ཤིག་རེད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཉི་མ་ལགས་བླ་་གྲགས་ཚོས་རྒྱལ་ཁབ་སྲུང་སྐྱབས་ལ་ཕན་ཐོག་ཅི་འདྲ་ཡོད་ཅིག་གསུང་དང་།ངས་ནི་འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་སྲུང་སྐྱབས་བྱེད་མཁན་ཚང་མ་སྐྱ་བོ་ཞིག་མ་གཏོགས་རྩ་ནས་མཐོང་གི་མི་འདུག།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲིད་དོར་ནས་རབ་ཏུ་བྱུང་།ང་ཚོའི་གྲྭ་བས་ཆོས་དོར་ནས་སྲིད་འཛིན་པ་དེ་ངོ་མ་དུས་རབས་ཉེར་གཅིག་པའི་ཆོས་པ་ལོས་ཡིན།ད་དུང་དགོན་པ་གྲྭ་ཚང་སྐྱོང་སྟངས་དང་སྲིད་སྐྱོང་སྟངས་གཅིག་པ་མཐོང་མཁན་ཡང་འདུག།ངོ་མ་དགོད་མོ་ཤོར་ཡག་རང་རེད།
    ངས་དྲང་པོ་ཞིག་ཞུ།ང་ཚོའི་དབུ་ཁྲིད་ཆོས་པ་ཡིན་ཙང་དགྲ་བོ་ཧམ་པ་ཆེ་རེ་འགྲོ་ཡི་ཡོད་པ་རེད།ཁོང་ཚོས་མ་འོངས་པར་སྐྱ་བོ་ཞིག་སླེབས་སོང་ན་ཡག་པོ་ཞིག་ཡོང་གི་མ་རེད་དྲན་ཏེ་ད་ལྟ་ནས་དྲག་སྤྱོད་པ་ཞེས་མི་དེ་འཁྱེར་ཡོང་གི་ཡོད་པ་རེད།དེ་ནི་ང་ཚོས་ཆོས་བློས་མི་གཏང་བའི་ཐབས་ཤེས་ཤིག་རེད།ཆོས་བློས་མ་གཏང་ན་གཞན་གཅེར་འཛིན་བྱེད་དགོས་པ་རེད།གཞན་གཅེར་འཛིན་མ་བྱེད་ན་ཆོས་པའི་མིང་དོན་མི་མཚུངས།གཞན་གཅེར་འཛིན་བྱེད་ན་དགྲ་བོའི་ཅི་བསམ་བྱེད་ཆོག་པ་རེ།ཡིད་མ་ཆེས་ན་འདས་པའི་ལོ་ལྔ་བཅུ་ནང་ཕྱི་བལྟས་ཤིག་བྱོས་དང་གསལ་པོ་མཁྱེན་སྲིད།།
    གང་བྱུང་བཤད་སྡད་མཁན་ཚོས་ཐུགས་བསམ་ལེགས་པོ་ཞིག་བཞེས་དང་སྲིད་ནི་རང་གཅེར་འཛིན་དང་ཆོས་ནི་གཞན་གཅེར་འཛིན་མ་རེད་དམ།

    Reply
  6. འབུར་ཐོ། says:
    ལོ་ 16 སྔོན།

    ཉི་མ་ལགས་ཀྱིས་ད་དུང་བསམ་བློ་ཏོག་ཙམ་ཆུང་མེད་དམ་སྙམ། གྲྭ་བ་སྲིད་སྟེགས་སྟེང་བུད་ན་དྲང་མོ་དྲང་རྐྱང་འགྲོ་དགོས་པ་ནི་སྲིད་ཀྱི་གནད་འགག་མ་རེད། གྲྭ་བ་རང་གི་ལངས་ཕྱོགས་རེད། རྒྱལ་ཁབ་ཀྱི་ཆེད་དུ་གྲྭ་བས་ཆབ་སྲིད་འཁྲབ་ཆོག་གི་རེད་ལབ་པ་དེ་ནི་ངས་གཏན་ནས་ཁས་ལེན་ཐུབ་ཀི་མི་འདུག ང་རང་ཡང་གྲྭ་བ་ཐེབ་ཆག་ཅིག་བྱས་ནས་འཚར་ལོངས་བྱུང་བ་ཡིན། སྲིད་དོན་ནང་གི་ལས་དཀའ་གནད་འགག་ཅན་ལས་རྒྱུར་དཀའ་ངལ་ཡོད་རེད། དེ་ཁྱེད་རང་གིས་ཕལ་ཆེར་ཉམས་མྱོང་བསགས་མེད་ན་ཐང་། གྲྭ་བ་ཆབ་སྲིད་ལ་ཞུགས་ཡོང་དུས་གྲྭ་བའི་མང་དེ་ཡང་ཁུར་དགོས་པ་རེད། དཔེ་ཆུང་ཆུང་ཞིག་བཞག་ན་། མི་སྐྱ་ཞིག་ངོ་རྒོལ་ལ་འགྲོ་སྐབས་རང་ཉིད་ཀྱི་སྡུག་བསྔལ་ཡོད་ཚད་ངར་ཤུགས་དང་ངུ་ངག་གི་ལམ་ནས་ཕ་རོལ་བོ་ལ་འགྲ་མཉམ་ཐོག་ནས་བཤད་ཆོག་གི་རེད། གྲྭ་བ་ཞིག་ཡིན་ན་རང་ཉིད་ཞི་བདེ་བག་ཡོད་ཅིག་མིན་ནའང་ཚུལ་ཆོས་མི་བྱེད་ཐབས་མེད་རེད། དེ་ལ་སོགས་པ་མང་པོ་ཡོད་རེད། འོན་ཀྱང་། སྐུ་ཉིད་ཀྱིས་དགོངས་ཚུལ་གསུངས་སྟངས་ལ་བལྟས་ན་ད་དུང་ཁྱེད་ཀྱི་ཆབ་སྲིད་གོ་རྟོགས་ལ་ཏག་ཏག་འཚམ་པོ་མེད་པས་གནས་སྐབས་མ་སྤྲོས།

    Reply
  7. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཉི་མ་ལགས་ལ་གུ་ཡངས་ཀྱི་བསམ་བློ་དེ་འདྲ་ཞིག་ཡོད་ན་ངས་དགོངས་དག་ཞུ་ག་ལ་དགོས། ཁྱེད་ཀྱི་ལྟ་ཚུལ་འདོན་རྒྱུའི་ཐོབ་ཐང་ལ་ངས་རྒྱབ་སྐྱོར་ཞུ་དང་ཞུ། ད་རེས་ལྷོད་ལྷོད་བྱས་ནས་༼བཏགས་པ༽ཡིན་ནམ་གཏགས་པ་ཡིན། ཀུ་རེ་ཡིན། ད་ང་ལ་ཡང་དམིགས་བསལ་ཞུ་རྒྱུ་མི་འདུག བསམ་ཚུལ་རེ་ཡོད་ན་གོང་གི་༼བོད་ནི་མི་རིགས་གཡུང་མ་ཞིག་རེད།༽ཅེས་པའི་ནང་སྤེལ་རོགས།

    Reply
  8. ཉི་མ། says:
    ལོ་ 16 སྔོན།

    བདེན་པ་རེད། རྒྱལ་ཁབ་ཅིག་ལ་གྲ་སྒྲིག་དགོས་དང་དགོས། ཆོས་པ་ལ་འཚོ་གནས་དགོས་པས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་འགན་ཁུར་དོར་ན་མི་འགྲིགས། འཚོ་གནས་བསམ་བློ་དང་ཆོས་པའི་བསམ་བློ་གཉིས་ལ་ཧེ་བག་ཡོད་པ་ཁས་ལེན་དང་ལེན། ངའི་བཤད་རྒྱུ་ནི་མདོར་བསྡུས་ན་སྲིད་ཀྱི་སྟེགས་བུ་མཁོ་བའི་བླ་གྲྭ་ཚོར་གོ་སྐབས་ཐོབ་ན་ང་ཚོའི་རྒྱལ་ཁབ་སྲུང་སྐྱོབ་ལ་ཕན་ཐོགས་འདུག་ཟེར་བ་ཡིན། དགོངས་དག་རྩ་ནས་ཞུ་མི་དགོས། གུ་དོག་གི་བསམ་བློ་དེ་འདྲ་ཞིག་ཁུར་ནས་འདིར་འཚང་ཡོང་གི་མ་རེད། ད་རེས་ལྷོད་ལྷོད་བྱས་ནས་བཏགས་པ་ཡིན།

    Reply
  9. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཉི་མ་ལགས་ཡང་བསྐྱར་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བོ་བྱུང་། རྒྱལ་ཁབ་ཅིག་ལ་གྲ་སྒྲིག་ཅིག་ངེས་པར་དགོས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་མི་འགྲུབ་དུ་མ་སྲིད་པས་ན་ཆོས་པའི་བསམ་བློ་དང་། འཚོ་གནས་སྨྲ་བའི་ལྟ་ཚུལ་ཁ་ཁ་ཡིན་པའི་ཧེ་བག་ཁས་ལེན་དགོས་སྙམ། དེ་གཉིས་ནི་ནམ་ཡང་གཞི་གཅིག་ཏུ་བསྡུ་མི་ཐུབ་པས་ཡ་མཚན་དང་དགོད་བྲོ་ཡང་བསྒྱུར་ཐབས་མེད་པས་དགོངས་འགལ་མེད་པ་ཞུ། རིག་གཞུང་སྲུང་སྐྱོབ་ལ་དམིགས་བསལ་གཏོང་ས་མེད་ན་མཆན་གཉིས་པ་ཡང་ཅུང་ཟད་མགྱོགས་སོང་བ་མིན་ནམ། ཞིབ་ཏུ་བལྟ་རོགས།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese