མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྭ་ཐེད་སྒང་ལ་པགས་ཐེད། གཞུང་པ་ཚེ་དབང་བསོད་ནམས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེང་ ༢༨༩ ཕྱི་ལོ་ ༢༠༡༠།༦།༣༠ འཁོད་པའི་ནང་དབུས་གཙང་གི་བཀའ་སྤྱིའི་འོས་མི་ཕྱིར་བསྒྲགས་ཅེས་པའི་གསལ་བསྒྲགས་དེ་ཀློག་སྐབས། རང་ཉིད་དབུས་གཙང་ཆོལ་ཁའི་ཁོངས་སུ་ཡོད་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཞུ་མཁན་གྱི་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཐུང་ཙམ་ཞིག་གླེང་འདོད་བྱུང་། གསལ་བསྒྲགས་དེའི་ནང་བཀའ་ཁྲིའི་འོས་མི་གཅིག་དང་སྤྱི་འཐུས་ཀྱི་འོས་མི་ཉི་ཤུ་བཏོན་འདུག་པ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞི་མ་བསྡུས་གོང་ལ། ཆོལ་ཁ་དང་ཚོགས་སྐྱིད་ཁག་ནས་འོས་མི་འདོན་རྒྱུའི་ཆ་རྐྱེན་བཅའ་སྒྲིག་གཉིས་ཀྱི་དོན་ཚན་གང་གི་འོག་ཏུ་འགན་འཁུར་བླངས་པ་ཡིན་གསལ་པོ་ཤེས་མ་སོང་ལ། ཀོ་ལི་གྷལ་གཞིས་ཆགས་འདིར་རང་ལོ་ ༡༨ ཡན་གྱི་དབུས་གཙང་མི་མང་ཙམ་ཡོད་པ་དེ་དག་གི་ངོ་ཚབ་སུའི་གནང་ན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་ ༡༥༠༠ བཏོན་པ་ཡིན་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང། གསལ་བསྒྲགས་དེའི་ནང་ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་གཅུག་ཡོད་ཟེར་བ་དེ་དག་དངོས་བདེན་ཡིན་ཚེ། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ནང་གོམ་གང་མདུན་སྤོས་བྱས་པ་མ་རེད་དམ། བཅའ་ཁྲིམས་དོན་ཚན་ ༡༡ པ་སྤྱི་འཐུས་ཀྱི་འོས་བསྡུ་དང་། འོས་གཞི་ཐོབ་ཐང་ཅེས་པའི་ནང་ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད་དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་ ༡༨ ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་བསྡུའི་ཐོབ་ཐང་དང་ཁྲིམས་ལུགས་ཁག་བཞིར་ཟུང་འོས་གཞིར་ཞུགས་རྒྱའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་ཉེར་ལྔ་ཧྲིལ་བོར་ལོན་པ་ཡན་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད་ཅེས་གསལ་བ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་དང་པོའི་ཀ་པའི་ནང་འོས་གཞིར་འཛུལ་ཞུགས་བྱེད་དུ་འཇུག་པ་དང་། བྱེད་དུ་མི་འཇུག་པ་ཅེས་གསལ་འདུག་ན་བཅའ་སྒྲིག་གི་དོན་ཚན་འདི་བདག་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐེ་ཚོམ་ནང་དུ་ལྷག་འདུག་ན། འོས་བསྡུ་ལས་ཁང་ནས་ཐུགས་ཞིབ་ཀྱིས་འགན་འཁུར་བཞེས་དགོས་པ་མཐོང། བཅའ་ཁྲིམས་དོན་ཚན་ ༣༨ དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༩ བཅས་ཀྱི་ནང་སྤྱི་འཐུས་ཀྱི་འོས་ཆོས་གསལ་ཡོད་ན་དེའི་མ་ལྡང་བ་ད་དུང་འོས་ཆོས་འཕར་མ་དགོས་ཀྱི་ཡོད་ན། ཁྲིམས་ལུགས་གཞིར་བཟུང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་ལམ་ནས་འོས་ཆོས་འཕར་བསྣོན་གཏན་འབེབས་གནང་དགོས་པ་ལས། ཆོལ་ཁ་བྱེ་བྲག་པ་ཞིག་གིས་སྤྱི་འཐུས་ཀྱི་འོས་ཆོས་ཟུར་དུ་བཏོན་པ་དེ་དག་ལྭ་ཐེད་སྒང་ལ་པགས་ཐེད་བརྒྱབ་པ་མ་རེད་དམ།
གསལ་བསྒྲགས་དེའི་ནང་ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་གཏན་འབེབས་སྲིད་ཇུས་གཉིས་སྨན་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཐོག་ཤར་བསྐྱོད་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ཅི་ཕེབས་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབ་ཐུབ་པ་ཅེས་པའི་ཐད་དབུ་མའི་ལམ་གྱི་སྲིད་ཇུས་ནི། ༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་གཏན་ལ་ཕབ་པའི་ཕྱི་འབྲེལ་ཕྱི་སྲིད་ཀྱི་སྲིད་ཇུས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་གཉིས་སྨན་དབུ་མའི་ལམ་དེ་ཡིན་པ་གཞིས་བྱེས་བོད་མི་སྤྱི་བོ་གནམ་སྟན་ཚང་མས་ཡིད་ཆེས་དང་ཁས་ལེན་ཞུ་བཞིན་པ་བཅའ་ཁྲིམས་དོན་ཚན་ ༡༣ ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པ་ལས། དབུས་གཙང་གི་སྤྱི་འཐུས་མི་གྲངས་ ༡༠ དབུ་མའི་ལམ་ལ་ཤར་བསྐྱོད་བྱས་པ་ཙམ་གྱི་བོད་དོན་བདེན་མཐའ་གསལ་རྒྱུ་ཡོད་པ་དེ་ཤེས་ཐུབ་མ་སོང།
གསལ་བསྒྲགས་དེའི་ནང་གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན་ཞེས་གསལ་བའི་ཐད་བཅའ་ཁྲིམས་དོན་ཚན་ ༣༧ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསལ་བ་བཞིན། མི་འགྲོའི་ཡོང་ཁུངས་ཟུར་དུ་གཏོད་ཡོད་ཀྱང་སྤྱི་འཐུས་སུ་ཕེབས་རྗེས་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་མི་ཚད་ལྡན་ཞིག་དགོས་པའི་བཀའ་སློབ་༸གོང་ས་མཆོག་ནས་སྤྱི་འཐུས་གྲོས་ཚོགས་རིམ་པའི་ནང་ཡང་ནས་ཡང་དུ་བཀའ་གསལ་པོ་ཕེབས་པ་དེ་དག་ད་ལྟའི་དབུས་གཙང་ཆོལ་ཁའི་རྒྱུན་ལས་རྣམས་ནས་མ་གསན་པ་མིན་ནམ། ཡང་ན་ཤེས་བཞིན་དུ་བརྩི་བཀུར་མ་ཞུས་པ་ཡིན་པ་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང་ན་རྒྱལ་གཅེས་ལྷག་བསམ་ཅན་གྱི་རྒྱ་ཆེ་དབུས་གཙང་མི་མང་ནས་དཔྱད་ཞིབ་ནན་པོ་གནང་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ལ་བཅའ་སྒྲིག་གི་འབྲུ་དོན་དང་མ་འགལ་བའི་ཐོག་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ་གྱི་རྗེས་སུ་མ་ཕེབས་པར་མང་གཙོ་དང་། དྲང་བདེན། ཁྲིམས་ཀྱི་དབང་བརྒྱུར་ལ་འགན་འཁུར་ནས་གཞི་རིམ་མང་གཙོའི་འདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ངེས་པར་དུ་བཞེས་དགོས་པའི་འབོད་བསྐུལ་ནན་པོ་ཞུས་པ་འདིའི་ཀྱང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ལ་བར་དུ་གཅོད་པའི་སྒེགས་རིགས་སེལ་བའི་བརྔོ་བ་མང་ཙམ་གྱིས་ཆོག
                                                            ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

སྐར་མ ༣༢ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 6

  1. kunsal says:
    ལོ་ 16 སྔོན།

    ལཱ་ཐེད་མ་རེད་ལ་ཐེལ་རེད་གྲོགས་པོ་ལགས།

    Reply
  2. kunsal says:
    ལོ་ 16 སྔོན།

    རྩ་བའི་ཤ་ཚ་དང་ཞེན་ཁོག་ཟེར་བའི་ཚིག་འདི་རང་ཕྱོགས་ལ་སྙིང་ཉེ་བའམ་དགའ་བ་བྱེད་བའི་ཚིག་ཡིན་རུང་། ཤ་ཚ་ཞེན་ཁོག་དགོས་ཞེས་པར་འགྲེལ་བརྗོད་རིང་པོ་ཞིག་བྱས་འདུག་པར་ཡང་བསམ་བློ་གཏོང་རྒྱུ་འདུག་སྙམ། སྐབས་དེར་དུས་བབ་དུ་དེའི་སྐོར་འདི་ལྟར་བཀོད་འདུག༼སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།

    གོང་གསལ་གྱི་དབུས་གཙང་ཆོལ་ཁོངས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱིས་ཆ་རྐྱེན་དེ་གཉིས་ཁས་ལེན་དང་མཚན་རྟགས་བསྐྱོན་ཡོད། ཡིན་ནའང་། དབུས་གཙང་ཆོལ་ཁར་ཤ་ཞེན་ཞེས་པ་སྤྱི་པའི་འཐུས་མིའི་ཡོང་ཁུངས་བཅའ་ཁྲིམས་རིན་པོ་ཆེའི་ནང་ཆོལ་ཁ་ཆོས་བརྒྱུད་ཅེས་གསལ་ཡོད་པ་དང་། ཆོལ་ཁའི་སྒྲིག་འཛུགས་འདི་བཞིན་ཚགས་ཚུད་སྲ་བརྟན་ཡོང་དང་མི་ཡོང་སྤྱིར་ཆོལ་ཁའི་སེར་སྐྱ་མི་མང་ཡོངས་དང་། སྒོས་སུ་ཆོལ་ཁའི་གནད་དོན་མི་སྣ་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱིས་ཆོལ་ཁའི་གོང་བུའི་ནུས་པ་དང་། བོད་སྤྱིར་རྣམ་དཔྱོད་འདོན་སྤེལ་གྱི་སྲི་ཞུ་སྒྲུབ་སའི་གླེང་སྟེགས་ཤིག་ཏུ་བསྐྲུན་ཐབས་མཐུན་འགྱུར་དགོས་པའི་གནད་དོན་ཁོ་ནའི་ཆེད་དུ་ཡིན་ཞེས་བརྗོད་ཡོད།༽

    Reply
  3. གདོང་རིའི་ཆོས་འཛིན། says:
    ལོ་ 16 སྔོན།

    འདི་ལྟར་གདོང་དམར་བོད་པ་ཚང་གི་བུ་རྒྱུད་ཞིག་གིས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཏེ་བསམ་ཚུལ་བརྗོད་པ་ཐུགས་རྗེ་ཆེ།ཡང་བསྐྱར་བསལ་ཚུལ་འདི་འདྲ་བཀོད་རོགས།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ང་རང་དབུས་གཙང་བ་ཞིག་ཡིན་པའི་ངོས་ནས་དྲ་གྲོགས་ཡོངས་ལ་ཞུ་རྒྱུ།
    དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཞེས་པ་དེ་དབུས་གཙང་རྤོ་ཏོ་རྨོ་ཏོ་འགའ་ཞིག་གིས་བསམ་ཚུལ་ཡིན་པ་ལས་མི་མང་བྱིངས་ཀྱི་བསམ་ཚུལ་དེ་ལྟར་མིན།

    ད་རེས་ངས་དབུས་གཙང་གི་རྒྱུན་ལས་མིང་འཛིན་པ་ཚོར་སེམས་ཚོར་དྲག་པོའི་སྒོ་ནས་དྲི་བ་འགའ་ཞིག་དྲིས་འདོད་བྱུང།

    ང་ཚོ་ད་ལྟ་དབུས་གཙང་གི་སྤྱི་འཐུས་འདེམས་ཀྱི་ཡོད་རེད་དམ་ཡང་ན་བོད་མང་གི་སྤྱི་འཐུས་འདེམས་ཀྱི་ཡོད། བོད་མང་གི་སྤྱི་འཐུས་འདེམས་ཀྱི་ཡོད་ན་༸གོང་ས་མཆོག་གིས་ང་ཚོ་རྐུབ་སྟེགས་དེའི་སྒང་ལ་བསྡད་ན་སྤྱི་མི་ཚད་ལྡན་ཞིག་བྱེད་དགོས་པ་ལས་ཆོལ་ཁ་ཆོས་ལུགས་ཀྱི་གཞན་དབང་དུ་མི་འགྲོ་བ་ཞིག་དགོས་ཀྱི་རེད་ཞེས་པའི་བཀའ་སློབ་ཁྱེད་ཚོ་མི་གོ་ཡིན་ནམ་ཡང་ན་བཀའ་ལ་ཁྱད་གསོད་བྱེད་པ་ཡིན།

    Reply
  5. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    གཞུང་པ་ཚེ་དབང་བསོད་ནམས་ཁག་ཅི་ཡོད། དབུས་གཙང་རྒྱུན་ལས་རྣམས་ཀྱིས་གང་ཟག་གཅིག་ལ་དམིགས་ནས་བཅག་བཅག་བྱས་པ་ཞིག་རེད། འོས་ཆོས་དེ་གཉིས་ཀྱིས་མདོར་ན་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་རྣམ་འགྱུར་བསྟན་ཁུལ་ཙམ་བྱས་པ་རེད། ཁྱེད་ཀྱིས་གསུངས་པ་བཞིན་དབུས་གཙང་རྒྱུན་ལས་དེ་ཚོས་ག་རེ་བྱེད་ཀྱི་ཡོད་མེད་མགོ་ཚོས་ཁག་པོ་རེད།

    Reply
  6. delekp says:
    ལོ་ 16 སྔོན།

    གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་གང་བྲིས་ཐ་དག་བདེན་ནོ། མ་འོངས་པར་སྤྱི་ཚོགས་ནང་འགན་བཞེས་མཁན་ཚོས་ཅོལ་ཆུང་དེ་རིགས་ནམ་ཡང་གནང་མི་རིགས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese