མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp
སོ་སོའི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ཆགས་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོས་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་ཐུབ་ན། བོད་པའི་རྣམ་པ་ཚང་གི་ཡོད་ཅེས་༸གོང་ས་མཆོག་གིས་པ་ཏི་ཀུལ་བོད་ཁྱིམ་དུ་བཀའ་སློབ་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅན་མངའ་སྡེའི་མུ་ན་ལི་དང་ཇིལ་སི་པི་ས་གནས་སུ་ཆིབས་བསྒྱུར་གནང་ཡོད་ལ། ཕེབས་ལམ་དུ་ཀུ་ལུའུ་ས་གནས་སུ་ཡོད་པའི་དྭགས་པོ་བཤད་སྒྲུབ་གླིང་གི་དྭགས་པོ་དགོན་པར་ཞབས་སོར་བཀོད་པ་དང་། དགོན་པའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་ལ་རིགས་ལམ་རྩོད་སྒྲུབ་ཀྱི་ཐོག་ནས་དམ་བཅའ་དང་རྟགས་གསལ་སྤྱན་འབུལ་ཞུས་ཤིང་། ༸གོང་ས་མཆོག་གིས་དེར་ཡོད་ཕྱི་གླིང་བ་དང་རྒྱ་རིགས། རང་རིགས་སེར་སྐྱ་མང་ཚོགས་ ༣༠༠༠ བརྒལ་བར་སྔོན་འགྲོའི་གསུང་ཆོས་དང་བྱང་སེམས་ཀྱི་སྡོམ་པ་བསྩལ་བར་མ་ཟད། དྭགས་པོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད། ཉིན་རྒྱབ་༸གོང་ས་མཆོག་མུ་ན་ལི་ནས་པ་ཏི་ཀུལ་བོད་ཁྱིམ་ལས་རིགས་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་ཏེ། དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས། ད་ལྟའི་དུས་འདིར་ང་ཚོ་བོད་མི་རྣམས་ས་ཆ་གང་སར་ཁ་འཐོར་དུ་གནས་ཡོད་པ་རེད། ཡིན་ནའང་། ང་ཚོ་བོད་པ་ཡིན་པ་དེ་མ་ཤི་བར་དུ་འགྱུར་བ་འགྲོ་རྒྱུ་ཁྱོན་ནས་ཡོད་པ་མ་རེད། སོ་སོའི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ཆགས་བསྡད་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོའི་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་ཐུབ་པ་ཡིན་ན། བོད་པའི་རྣམ་པ་ཚང་གི་ཡོད། སོ་སོའི་ཤ་ཁྲག་རུས་གསུམ་བོད་པ་ཡིན་ཡང་བོད་སྐད་དང་བོད་ཡིག་མི་ཤེས་པར་མ་ཟད། རང་གི་རིག་གཞུང་ལ་དོ་སྣང་མེད་པའི་ངང་བསྡད་ན། བོད་པ་ཕྱེད་ཀ་ལྟ་བུ་ཞིག་རེད་ཅེས་བཀའ་སློབ་གནང་བ་དང་འབྲེལ། དེར་ཡོད་ལས་བྱེད་ཟུར་པ་བགྲས་སོང་ཁག་ཅིག་ལ་ཐུགས་བརྩེ་བ་ཆེན་པོས་འཚོ་གནས་ཀྱི་དུས་སྐབས་འདི་དོན་ལྡན་གྱིས་བསྐྱལ་དགོས་པ་དང་། མི་ཚེ་མཐའ་མའི་དུས་སྐབས་འདིར་དགེ་བ་སྒྲུབ་པ་དང་མཉམ་དུ་རང་ཉིད་ཀྱི་སྨན་བཅོས་འཕྲོད་བསྟེན་ལ་བདག་པོ་ཡག་པོ་རྒྱག་དགོས་པའི་བཀའ་སློབ་གནང་ཡོད་ལ། དེར་ཡོད་སྐྱེ་རྒུ་མདོའི་ས་ཡོམ་བྱུང་ཡུལ་གྱི་སློབ་མ་ཁག་ཅིག་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།

དེ་རིང་སྔ་དྲོར་ཐེངས་འདིའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་དང་པ་ཏི་ཀུལ་བོད་ཁྱིམ་ལས་རིགས་སློབ་གྲྭ མུ་ན་ལིར་བཅས་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་ཏེ་རོ་ཐང་ལར་བསང་གསོལ་གྱི་མཛད་སྒོ་ཞིག་གནང་ཡོད་ལ། ཉིན་རྒྱབ་སི་པ་ཁུལ་ཏུ་ཆིབས་བསྒྱུར་གནང་ཡོད། 

 
གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 9

  1. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    སློབ་གསོ་ཁོ་ན་བཏང་བ་ཙམ་གྱིས་སློབ་གསོ་འཕེལ་རྒྱས་སུ་གཏོང་མི་ཐུབ།
    གོང་ས་མཆོག་གིས་ཀྱང་གསུང་ནས་འདུག་རྒྱུ་ལས་དམིགས་ཡུལ་ཡོད་པའི་སློབ་གསོའི་འཆར་གཞི་ཞིག་དང་སྲིད་ཇུས་ཅིག་གཏན་འབེལ་བྱས་ནས་ཤེས་རྒྱག་དགོས་པར་འདོད། གསུང་ནས་བསྡད་པ་ཁོ་ནས་གོང་ས་མཆོག་གིས་མི་ལོ་བཞི་བཅུ་ལྷག་གི་སྔོན་ནས་དགེ་འདུན་པའི་སྡེ་ཡིས་ཚན་རིག་ལ་འབད་པ་བྱོས་ཞེས་ཡང་ནས་བསྐྱར་དུ་གསུངས་ཀྱང་། ན་ནིང་ཚན་རིག་འཛིན་གྲྭ་ཐོག་མ་ཙམ་ལས་ཐོན་མ་ཐུབ་ལ། ཁོ་ཚོ་ཡང་ལོ་རེར་གཟའ་འཁོར་འགའ་མ་གཏོགས་ཚན་རིག་སློབ་སྦྱོང་དང་ཉམས་ལེན་གྱི་གོ་སྐབས་མེད་པ་རེད། འདི་ལྟར་གསུངས་ནས་བསྡད་ན་མ་འོངས་པའི་མི་ལོ་སུམ་ཅུ་འགོར་ཚེ་ཡང་བསྐྱར་ང་ཚོས་སློབ་གསོ་འཐུས་ཤོར་རུ་བཏང་སོང་ཞེས་འགྱོད་པ་སྐྱེས་དུས་ཚར་སོང་བ་རེད།

    Reply
  2. འཇམ་དབྱངས། says:
    ལོ་ 16 སྔོན།

    ང་ཚོས་༧གོང་ས་མཆོག་སངས་རྒྱས་སམ་ཆེ་གེ་མོ་ཞིག་གི་སྤྲུལ་བ་ཡིན་པའི་ངོས་ནས་བལྟ་བ་དང་། བོད་དོན་ཆེ་ཕྲ་ཐམས་ཅད་ཁོང་གཅིག་པུས་བྱེད་ཐུབ་པར་འདོད་པའི་སྒྱིད་ལུག་གི་བསམ་བློ་དེས་ང་ཚོ་རང་ཉིད་ནུས་མེད་དུ་གཏོང་གི་ཡོད། ང་ཚོས་ཁོང་ཡང་འགྲོ་བ་མི་ཞིག་ཡིན་པ་དང་ཐང་ཆད་རྒྱུ་དང་ན་རྒྱུ། ཚ་རྒྱུ། སྐོམ་རྒྱུ། ལྟོགས་རྒྱུ་སོགས་ཡོད་པ་ང་རང་ཚོ་དང་གཅིག་མཚུངས་སུ་བལྟས་ནས། ང་ཚོ་དང་འདྲ་མཚུངས་ཀྱི་མི་གཅིག་གིས་རླབས་ཆེན་གྱི་ལས་དོན་ཞིག་སྒྲུབ་པར་བལྟས་ན་དྲིན་ཆེན་དུ་ཚོར་ཤུགས་ཆེ་བར་མཐོང་།

    Reply
  3. འཇམ་མགོན། says:
    ལོ་ 16 སྔོན།

    ཤིན་ཏུ་ལེགས།

    Reply
  4. འཇམ་དབྱངས། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་མི་རིགས་ཀྱི་ངོ་བོ་མཚོན་པའི་མི་སྣ་གྲགས་ཅན་ཞིག་ཡིན་པ་བདེན་ན་ཡང་། ད་ལྟའི་ཁོང་ནི་ལོ་ན་བདུན་བཅུ་དོན་ལྔ་ལ་སླེབས་པའི་མི་རྒན་ཞིག་ཡིན་པས་ངལ་གསོ་དང་ལྷོད་སྡོད་དགོས་པ་སྨྲོས་མེད་རེད། གསོན་ཤུགས་དང་མི་རིགས་ཀྱི་ལར་ཞེན་མེད་པའི་སྐྱབས་བཅོལ་ནང་གི་སློབ་ཕྲུག་ཚོ་དང་མི་མང་ཚོར་བཀའ་སློབ་གནང་རྒྱུ་མང་མེད་ཀྱང་ཉུང་མེད་པ་གཏན་འཁེལ་རེད། བླ་སྤྲུལ་དང་མི་ཆེན་ག་གེ་མོ་ཁ་ཤས་ཀྱིས་༧གོང་ས་མཆོག་རྒྱུ་དངོས་འཚོལ་སྒྲུབ་དང་རང་གི་མཚན་སྙན་གོང་མཐོར་འགྲོ་བྱེད་ཀྱི་ལག་ཆ་འབའ་ཞིག་ཏུ་བེད་སྤྱོད་གཏོང་བཞིན་པ་འདིར་བློ་རེ་ཕམ། གཞིས་ལུས་བོད་རིགས་རྣམས་ངོ་མ་སྙིང་རེ་རྗེ།

    Reply
  5. ཤིས་རི། says:
    ལོ་ 16 སྔོན།

    བོད་པ་ཞིག་གིས་བོད་སྐད་མ་ཤེས་ན་དེ་ནི་བ་ལང་ཞིག་གིས་རྩྭ་ཟ་མི་ཤེས་པ་དངའདྲ། བོད་པ་ཞིག་བོད་ཀྱི་རིགས་གཞུང་ལ་དུང་པ་མེད་ན་དེ་ནི་བ་ལང་ཞིག་རྩྭ་ལ་དུང་པ་མེད་པ་དངའདྲ། བོད་པ་ཞིག་གིས་གཞན་སྐད་ཁོ་ན་སྤྱོད་ན་དེ་ནི་བ་ལང་ཞིག་གིས་རྟ་སྐད་སྒྲོགས་པ་དང་གཉིས་སུ་མ་མཆིས་སོ།།

    Reply
  6. དབྱངས་བུ། says:
    ལོ་ 16 སྔོན།

    དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ལ་གསུང་ཆོས་ལ་བཅར་སྐབས་ཀྱི་བློ་ཕམ་གྱི་མཐོང་ཐོས།

    དང་པོ། དེ་རིང་གུས་རང་ཀུ་ལུ་དང་མ་ན་ལི་ཁུལ་ལ་སླེབས་སྐབས་༸གོང་ས་མཆོག་གི་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང། ནམ་རྒྱུན་ང་རང་དྷ་སར་གསུང་ཆོས་ཞུ་བར་བཅར་སྐབས་ལག་ཐོག་ཁ་པར་དང་། དཔར་ཆས་སོགས་འཁྱེར་མི་ཆོག་པ་དེ་ཤེས་ཀྱི་ཡོད་པས། ངས་གསུང་ཆོས་ལ་འགྲོ་མཁན་ངོ་ཤེས་རྣམས་ལ་ལག་ཐོག་ཁ་པར་དང་དཔར་ཆས་རིགས་འཁྱེར་ན་མི་འགྲིག་ཚུལ་བརྗོད་པ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་གསུང་ཆོས་ར་བའི་ནང་ལག་ཐོག་ཁ་པར་འཁྱེར་བཅུག་གི་འདུག་ལ། ལུས་བཤེར་ཡང་དེ་ཙམ་དོ་གཟབ་ཀྱིས་བྱེད་ཀྱི་མི་འདུག འོ་ན་ས་ཁུལ་དེར་གསུང་ཆོས་ཞུ་མི་ཚང་མ་མི་བཟང་བ་ཤ་སྟག་དང། དྷ་སར་གསུང་ཆོས་ཞུ་མཁན་ཁོངས་སུ་དོགས་གནད་ཅན་ཡོད་པ་རེད་དམ།

    གཉིས་པ། རྩ་བའི་དྭགས་པོ་གྲྭ་ཚང་གི་ངོས་ནས་བཀའ་ཆོས་ཞུ་སར་ཇ་གཡབ་སོགས་གོ་སྒྲིག་གང་ལེགས་གནང་འདུག་ཀྱང། བར་སྐབས་ཤིག་ལ་གློག་མེད་པར་བསྒྱུར་སྐབས། སྐམ་གློག་བེད་སྤྱོད་གནང་སོང། སྐབས་དེ་དུས་སྐམ་གློག་ལས་དུ་བ་ནག་པོ་ཧ་ཅང་མང་པོ་ཐོན་ནས་ཉེ་འཁྲིས་མི་མང་་པོ་ཞེད་ནས་བྲོས་གྲབས་བྱེད་དགོས་པའི་གནས་སྟངས་ཆགས་སོང། སྐབས་དེ་དུས་ངའི་སེམས་ཁྲལ་གཙོ་བོ་ནི་མི་མང་དེ་ཚོ་མ་ཡིན་པར་ཁོང་ཚོས་ཟང་ཟིང་བྱེད་བཞིན་པའི་རྣམ་པ་དེ་རེད། སྐབས་དེ་དུས་སྐུ་སྲུང་བ་རྣམས་ཀྱིས་ཟང་ཟིང་དུ་ལོང་བྱེད་རྒྱུ་མཚམས་འཇོག་བྱེད་ན་སྙམ་བྱུང།

    གསུམ་པ། གསུང་ཆོས་ཉན་མཁན་མང་པོ་ཞིག་ས་གནས་འདིར་གནས་སྡོད་བྱེད་མི་ཧི་མ་ལ་ཡ་ཁུལ་གྱི་མི་རིགས་རྣམས་རེད་འདུག ཁོང་ཚོས་གསུང་ཆོས་ཉན་རྒྱུ་གཙོར་འདོན་མི་བྱེད་པར། ༸གོང་ས་མཆོག་གིས་བཀའ་ཆོས་གནང་བཞིན་པའི་སྐབས་སུ་རང་ཉིད་ཀྱི་ཕྲུ་གུ་དང་། ཉེ་འཁྲིས་མི་རྣམས་ལ་སྐད་ཤུགས་ཆེན་པོས་གླེང་མོལ་བྱས་ནས་ཆོས་ཉན་མཁན་རྣམས་ལའང་བར་ཆད་བྱེད་བཞིན་འདུག

    མདོར་ན། ད་ལྟ་༸གོང་ས་མཆོག་ཇི་ས་པ་དང། མ་ན་ལི་ཁུལ་མཛད་འཕྲིན་སྐྱོང་བཞིན་པར་སོང། སྐུ་ཕྱཱའི་ཐད་འབྲེལ་ཡོད་ཚང་མས་ཐུགས་སྣང་ཡོང་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།།

    Reply
  7. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 16 སྔོན།

    བོད་ཀྱི་ངོ་བོ་བ་མ་བརླག་པ་དང་བོད་པའི་རྣམ་པ་མ་ཡལ་བའི་སླད་བོད་ཡིག་དང་བོད་སྐད་ཤེས་དགོས་པ་དང། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་བདག་གཅེས་གནང་དགོས་པས།
    བོད་མི་ཚང་མས་བོད་ཡིག་སྦྱང་དགོས་པ་དང་བོད་སྐད་རྒྱག་དགོས་པ་བོད་ཀྱི་རིག་གཞུང་ལ་བདག་གཅེས་བྱེད་དགོས་པ་ནི་བོད་ཀྱི་ངོ་བོ་དང་རྣམ་པ་མ་ཡལ་བ་དང་མ་བརླག་མ་ཉམས་པར་བྱེད་པའི་ཐབས་དང་དེ་རྒྱུན་འཛིན་དར་སྤེལ་དང་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཐབས་བླ་མེད་དེ་ཡིན་པ་སྨོས་མེད་རེད།་

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    གསང་གསོལ། བསང་གསོལ།
    ཆིབས་བསྒྱུར། ཆིབས་སྒྱུར།

    Reply
  9. ནད་པ says:
    ལོ་ 16 སྔོན།

    ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སེམས་ཅན་སྡུག་བསྔལ་མཐར་བགྱི་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་བསྟན་མཛད་ཅིང་བཞུགས་གྱུར་ཅིག །

    གངས་ཅན་བསྟན་འགྲོའི་ཆེད་དུ་འཕགས་མཆོག་ཕྱག་ན་པདྨོ་༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཞབས་ཡུན་རིང་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese