མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་དབུ་ཁྲིད་འདེམས་ཕྱོགས་དང་ལོ་རྒྱུས་ཀྱི་འཕོ་འགྱུར་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

འཇིགས་བྲལ་བསྟན་འཛིན། ལྷོ་ཕྱོགས།

བཙན་བྱོལ་བོད་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་སུ་རྒྱ་ནག་གི་ཁྲིམས་ལུགས་འོག་གི་མི་རིགས་ས་གནས་རང་སྐྱོང་ཞིག་རྩོད་གནང་གི་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་བརྡ་ལན་བཟང་པོ་མ་བྱས་པའི་གནས་བབ་འོག་བོད་ཀྱི་གནད་དོན་དེ་མི་རབས་བརྒྱུད་སྤྲོད་ཀྱི་དུས་རིམ་ཞིག་ཏུ་བསྐྱོད་དགོས་བྱུང་ཡོད་ལ། འཕེལ་རིམ་གསར་པ་འདིས་རྒྱ་དཀར་ནག་དང་བོད་བཅས་ཀྱི་འཐབ་རྩོད་ཐད་རྒྱལ་སྤྱིའི་དཀྱིལ་འཁོར་ནང་དྲི་བ་གང་ཞིག་བསླངས་ཡོད།

དེ་ཡང་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་བོད་དབར་ཐད་ཀའི་འབྲེལ་ལམ་ཞིག་བྱུང་ཡོད་ན་ཡང་།   རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེ་ལ་ངང་སྒུག་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད་པའི་སྲིད་བྱུས་འོག་ཕྱི་ལོ་ ༡༩༩༠ གོ་གྲངས་ནང་སླེབས་དུས་འབྲེལ་ལམ་ཡོངས་སུ་ཆད་པ་དང་། རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ནི་ཕུགས་རྒྱང་མེད་པའི་སྲིད་བྱུས་ཤིག་ཡིན་ཚུལ་བཤད་པ་དང་། བོད་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རིང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་ཕྱི་ལོ་ ༢༠༠༠ ལོ་སྟེ་དུས་རབས་ཉེར་གཅིག་པའི་དུས་འགོར་སླེབས་སྐབས། ཕྱོགས་གཅིག་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་། མུ་མཐུད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་སྟབས། བཙན་བྱོལ་བོད་གཞུང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནད་དོན་འདི་མི་རབས་བརྒྱུད་སྤྲོད་ཀྱི་དགོངས་བཞེས་ཀྱི་ལམ་དུ་ཕེབས་ཏེ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་གོམས་སྟབས་གསར་པ་ཞིག་མི་སྤོ་ཐབས་མེད་བྱུང་། གནས་ཚུལ་འདིས་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོར་སླར་ཡང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསམ་བློ་མི་གཏོང་ཐབས་མེད་ཆགས་ཏེ། ཕྱི་ལོ་ ༢༠༠༢ ལོ་ནས་ད་བར་སླར་ཡང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱས་པ་དང་། འབྲེལ་མོལ་གྱི་འཕེལ་རིམ་འདིའི་ནང་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་དབུ་ཁྲིད་པའི་བོད་རྒྱ་ཞི་མོལ་ཚོགས་ཆུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུས་པ་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་། བོད་རིགས་ཀྱི་ངོ་བོ་བཅས་སྲུང་སྐྱོབ་ཡོང་ཆེད་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ཁྲིམས་ལུགས་ཀྱི་འབྲུ་དོན་འོག་ཐག་གཅོད་ཡོང་བའི་དགོས་འདུན་ཡིག་ཐོག་ནས་གསལ་སྟོན་བྱས་ཡོད་ལ། དགོས་འདུན་འདིས་རྒྱ་ནག་གི་ཁྲིམས་ལུགས་ལ་དོགས་སློང་ཆེན་པོ་ཞིག་བྱས་ཡོད་པ་དང་།  རྒྱ་ནག་གཞུང་འབྲེལ་གྱིས་མུ་མཐུད་དེ་ཏཱ་ལའི་བླ་མ་ཕྱོགས་ནས་བཏོན་པའི་དགོས་འདུན་དེ་དག་ནི་ཡོངས་སུ་ཁྲིམས་འགལ་ཡིན་པ་དང་། ཏཱ་ལའི་བླ་མས་ཁ་བྲལ་རྩོད་ཀྱི་འདུག་ཅེས་བརྗོད་པ་དང་མཉམ་དུ་རྒྱུན་འཁྱོངས་གསུམ་གྱི་ལྟ་ཚུལ་ཁས་ལེན་བྱས་མེད་པའི་སྐྱོན་བརྗོད་བྱས་སྟབས།  བཙན་བྱོལ་བོད་གཞུང་གི་ངོས་ནས་སླར་ཡང་དེ་སྔོན་ཕུལ་བའི་ཡིག་ཆར་འགྲེལ་བརྗོད་ཡིག་ཆ་ཞིག་འབྲེལ་ཡོད་རྒྱ་ནག་གཞུང་ལ་སྤྲད་པ་དང་། ཡིག་ཆ་དེར་རྒྱ་ནག་གི་ཁྲིམས་ལུགས་བཞིན་རྒྱུན་འཁྱོངས་གསུམ་གྱི་གནད་དོན་ཁས་ལེན་གྱི་ཡོད་པར་བརྗོད་ཡོད་ལ། བཙན་བྱོལ་བོད་གཞུང་གིས་ཡིག་ཆ་སྔ་ཕྱི་དེ་གཉིས་རིམ་བཞིན་ཡོངས་བསྒྲགས་བྱས། ཡིན་ནའང་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་གཞུང་གཉིས་ཀྱི་དབར་དོན་ཕན་ལྡན་པའི་མདུན་བསྐྱོད་གང་ཡང་བྱུང་མེད། ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ཚོས་བཀའ་ཟུར་ལྷན་ཚོགས་བསྐྱངས་ཏེ་བཀའ་ཟུར་བཅུ་གསུམ་གྱི་མཚན་འཁོད་སྙན་ཞུ་ཞིག་༸གོང་ས་མཆོག་དང་བཀའ་ཤག་ལ་ཕུལ་ཏེ་མི་རིགས་ས་ཁོངས་རང་སྐྱོང་གི་དགོས་འདུན་འདོན་རྒྱུར་མི་འདོད་པའི་རྣམ་འགྱུར་བསྟན་པ་འདི་འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཐད་ཀྱི་མཐོ་རིམ་མི་སྣའི་ནང་ཁུལ་གྱི་འགལ་བའི་ཡང་རྩེ་ཡིན་པར་བརྗོད་ཆོག་ལ། བཀའ་ཟུར་ཚོ་གཙོ་བོར་གྱུར་པའི་མི་རིགས་ས་ཁོངས་རང་སྐྱོང་ལ་འདོད་མོས་མེད་མཁན་དག་གི་བསམ་ཚུལ་གང་འཚམས་ཤིག་བཀའ་ཟུར་འཇུ་ཆེན་གྱིས་སྤྱི་ཚོགས་སུ་ཡོངས་བསྒྲགས་གནང་སྟབས་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་བསྐྱོད་པ་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་ཡིན་པའི་འགྲེལ་བརྗོད་འོག་ཉན་ཞིབ་གནས་སྐབས་ཐག་གཅོད་བྱུང་བ་ལྟ་བུར་ཡོད་མོད།   ཡིན་ནའང་འཆར་ལོའི་ནང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་འཕོ་འགྱུར་འགྲོ་གི་ཡོད་པའི་དུས་སྐབས་འདི་དང་བསྟུན་ནས། ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་འཕེལ་རིམ་ནང་སྔར་བྱུང་མ་མྱོང་བའི་འོས་བསྡུའི་འགྲན་རྩོད་ཅིག་སླེབས་བཞིན་ཡོད་ཅིང་། འགྲན་རྩོད་འདིའི་ནང་བཀའ་ཟུར་ཤོག་ཁག་དང་།   མི་རབས་གསར་པའི་རུ་ཁག་བཅས་ནས་སླེབས་པའི་མི་སྣ་ཚང་མ་ནུབ་ཕྱོགས་མང་གཙོའི་སྲིད་ལུགས་དང་། དེང་རབས་ཀྱི་སློབ་སྦྱོང་ཐོན་པ་ཞེ་གཅིག་ཆགས་ཡོད་པ་དང་། ད་ལྟ་བཙན་བྱོལ་བོད་མི་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་དེ་མི་རབས་བརྒྱུད་སྤྲོད་ཀྱིས་གཞོན་སྐྱེས་ཤིག་སླེབས་དགོས་པའི་རེ་བ་འདོན་གྱི་ཡོད་པ་དང་། ཡང་མང་པོ་ཞིག་གིས་བཀའ་ཟུར་ཞིག་སླེབས་པ་ཡིན་ན་མ་མཐར་མི་རིགས་ས་ཁོངས་རང་སྐྱོང་གི་དགོས་འདུན་འདོན་བཞིན་པ་དེ་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ལྷག་པར་བཙན་བྱོལ་བོད་མི་ཚོས་འོངས་རྒྱུའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དེ་དགེ་འདུན་པ་ཞིག་མིན་པར་མི་སྐྱ་ཞིག་ཡོང་དགོས་པའི་གླེང་སློང་བྱེད་བཞིན་ཡོད་ལ། ཐ་ན་ད་བར་བཙན་བྱོལ་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་ནས་བཀའ་ཁྲིའི་འོས་མིའི་ས་བོན་བཏོན་ཟིན་པ་དག་གི་ཁྲོད་དུ་དགེ་འདུན་པ་ཕལ་ཆེར་སླེབས་མེད་པ་རེད། དེའི་རྒྱུ་མཚན་ནི་བོད་ཀྱི་འཐབ་རྩོད་བྱེད་པའི་ལངས་ཕྱོགས་འཛིན་ཕྱོགས་དང་འབྲེལ་བ་དམ་ཟབ་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཆགས་བསྡད་ཡོད་ལ།   བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པ་འདི་ནི་བོད་ཀྱི་ཆབ་སྲིད་དབུ་ཁྲིད་འདེམས་ཕྱོགས་ཀྱི་དོ་སྣང་བྱེད་རིན་ཡོད་པའི་གནས་ཚུལ་གསར་པ་ཞིག་ཡིན།  བཙན་བྱོལ་བོད་གཞུང་མང་གི་ཉེ་བའི་གནས་ཚུལ་འདི་དག་ནས་བལྟས་ཡོང་དུས་རྒྱ་བོད་གཉིས་ཀྱི་འཐབ་རྩོད་འདི་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་འདིའི་ནང་རྒྱ་ནག་གིས་ཆ་ཤས་ག་རེ་ལེན་གྱི་རེད།  དོན་དངོས་སུ་རྒྱ་ནག་གཞུང་གིས་ད་ལྟ་བཙན་བྱོལ་བོད་གཞུང་གིས་དགོས་འདུན་འདོན་བཞིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་ལ་བདག་པོ་རྒྱག་རྒྱུའི་ལོ་གཅིག་ལྷག་གི་གོ་སྐབས་འདི་འཛིན་སྲིད་དམ། ཡང་ན་མུ་མཐུད་དེ་བོད་ཀྱི་མི་རབས་གསར་པ་དག་དང་ལྷན་དུ་འཐབ་རྩོད་བྱེད་པའི་ལམ་དུ་བསྐྱོད་ཀྱི་རེད། གཞན་ཡང་མིག་སྔར་འོངས་རྒྱུའི་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་གིས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་གང་འདྲ་ཞིག་ཏུ་བསྐྱོད་ཀྱི་རེད། དེ་ཡང་ད་ལྟ་འཛིན་བཞིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་ཐོག་ཤར་བསྐྱོད་དང་། ཡང་ན་མི་རིགས་ས་ཁོངས་རང་སྐྱོང་གི་ཐོག་བསྐྱོད་ཀྱི་ཡོད་མདོག་བྱེད་བཞིན་མུ་མཐུད་ནར་ལུས་སུ་བཞག་སྟེ་ནུས་མེད་དུ་གཏོང་ཐབས་གང་བྱེད་ཀྱི་རེད། ཡང་ན་བོད་ཀྱི་གནད་དོན་དེ་མི་རིགས་ས་ཁོངས་རང་སྐྱོང་གི་དར་ཆ་འཕྱར་བཞིན་རྒྱལ་སྤྱིའི་ལྡིང་ཆའི་ཐོག་འཁྱེར་གྱི་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་འཕེལ་རིམ་འདིས་མི་ལོ་སྟོང་ཕྲག་རིང་བོད་མི་དང་རིག་གཞུང་གི་འབྲེལ་བ་ཟབ་པའི་རྒྱ་གར་ལ་ཆབ་སྲིད་ཀྱི་རེ་བ་དང་ཤུགས་རྐྱེན་ག་རེ་སླེབས་ཀྱི་རེད། གཞན་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ལས་འགན་མཚམས་བཞག་རྗེས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་ཀྱི་བར་གྱི་འཁོན་རྩོད་དེ་སུས་འདུམ་གྱི་རེད།

མཆན། 7

  1. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ལ་ཞུ་དོན་ནི།
    བོད་མི་དམངས་ཀྱི་མངོན་འདོད་དང་གོང་ས་མཆོག་དང་བོད་ཀྱི་བྱས་རྗེས་ཆེ་བའི་
    ་ལས་ཟུར་རྣམ་པས་ཆེས་དགོངས་ལོ་བགྲེས་ཚུལ་བསྟན་པའི་སྐབས་ལ་སླེབས་ཡོད་
    ་པར་བརྟེན་མ་འོང་བཀའ་སློན་ཁྲི་པ་ནི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཞིག་
    འོས་འཚམས་ཤོས་ཆགས་ཡོད་།
    བཀའ་ཟུར་རྣམས་ཀྱིས་འབྱུང་འགྱུར་བཀའ་ཁྲི་ལང་རྒྱུའི་ཐུགས་རེ་ཡོད་ན་བོད་མི་དམངས་ནས་ནམ་ཡང་ཁས་ལེན་བྱ་ཐབས་མེད།བཀའ་ཟུར་རྣམས་ལ་བོད་མི་དམངས་ནས་བཀའ་དྲིན་རྗེས་དྲན་ཡོད་ལ་ཐུགས་རྗེ་ཆེ་ཞུ་ཆོག་མོད་མ་འོང་པའི་བཀའ་ཁྲི་ལ་ཐུགས་རེ་ཡོད་ན་དགོང་དག་ཞུ་རྒྱུ་ཡིན།
    གོང་ས་མཆོག་གི་བཀའ་སློབ་ལ་གཞིག་ན་དགོན་པོ་ཉིད་ཀྱི་དགོངས་པ་ལ་ཡང་
    ངེས་པར་དུ་གཞོན་སྐྱེས་ཞིག་དང་བྱུང་ན་བུད་མེད་ཞིག་བཀའ་ཁྲི་ལ་སླེབས་དགོས་པ་ནི་གསལ་པོ་ཆགས་ཡོད།
    སློབ་སྟོན་པ་བཀའ་དྲིན་ཅན་རྣམས་འཚོ་བཞུགས་ནུབ་ལ་ཉེ་བའི་སྐབས་འདིར་ངེས་པར་དུ་གཞོན་སྐྱེས་ཞིག་མ་ཡོང་བཀའ་ཁྲི་ལངས་ནས་སློབ་སྟོན་ཞུ་དགོས་པ་དང་ལེགས་ཆ་བླངས་དགོས་པ་ཡིན་སློབ་སྟོན་པ་ལས་ཟུར་རྣམས་ནས་ཀྱང་གཞོན་སྐྱེས་རྣམས་ལ་རྩིས་སྤྲོད་གནང་དགོས་པའི་དུས་ཚོད་སླེབས་ཟིན་ཡོད། བཀའ་ཟུར་དང་ལས་ཟུར་རྣམས་ཀྱིས་གཞོན་སྐྱེས་བཀའ་ཁྲི་དང་གཞོན་སྐྱེས་སྣེ་མོ་བ་རྣམས་མ་ལངས་ཕྱོགས་དང་ལམ་ཕྱོགས་མདུན་ལམ་མ་ནོར་བ་ཞིག་གནང་རྒྱུའི་དུས་ལ་སླེབས་ཡོད།

    Reply
  2. སྐལ་བཟང་རབ་རྒྱས says:
    ལོ་ 12 སྔོན།

    གནས་བབ་གྱི་བཀའ་བློན་ཁྲི་པ་ཞིག་དགོས་དེ་སྔོན་གྱི་བཀའ་ཟུར་རྣམས་ཀྱིས་ཕྱགས་ལས་གང་མང་ཞིག་གནང་ཡོད་པ་ཚངས་མའི་རྟོགས་ཐོབ་དེ་ལ་ངས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཡིན་ནའང་མ་འོངས་པའི་བཀའ་བློན་ཁྲི་པ་དེ་ཁྱེད་རྣམས་མ་ཕེབས་རོགས་གང་ཡིན་ཟེར་ན་བོད་མི་མང་ནང་ལ་ད་ལྟ་ན་གཞོན་སློབ་ཐོན་བ་མི་ཉུང་བ་ཞིག་ཡོད་ཁོང་རྣམས་ཀྱི་རིག་པས་རྩལ་སྟོན་བ་སྔ་བ་མི་འདུག་དུས་ལ་བབ་ཡོད་པ་འདྲ།།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 12 སྔོན།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས། རྩོམ་ཡིག་འདིར་གུས་པ་ལམ་དབུ་མ་ཡིན་མིན་གང་ཡང་བརྗོད་མེད་ལ། དེ་བཞིན་ལམ་དབུ་མ་དང་མ་འབྲེལ་བའི་ལངས་ཕྱོགས་གང་ཡང་བཤད་མེད། དེ་བཞིན་རྩོམ་ཡིག་འདིས་སུ་གཅིག་ལམ་དབུ་མར་འགྲོ་གི་མི་འདུག་ཅེས་བཤད་མེད། ཡིན་ནའང་ལམ་དབུ་མ་ཁས་ལེན་མཁན་གྱི་སྡེ་ཁག་འདི་གཉིས་ཀྱི་འཐབ་རྩོད་འདིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་ཤུགས་རྐྱེན་ག་རེ་ཐེབས་རྒྱུ་ཡིན་མིན་དང་། དེ་བཞིན་ང་ཚོ་མི་མང་ལ་དགོས་པའི་བཀའ་བློན་ཁྲི་པ་ལམ་དབུ་མའི་སྡེ་ཁག་འདི་གཉིས་ཀྱི་གང་གི་ནང་དུ་ཡོད་ཅེས་བཤད་པ་ཡིན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལམ་དབུ་མ་ལ་མ་བཞུགས་ན་མོས་མཐུན་མེད། དགོངས་དག

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 12 སྔོན།

    ལོ་རྒྱུས་ཀྱི་གནད་འགག་འདིའི་རྒྱབ་ན་ཡོད་པའི་བཀའ་ཟུར་ཚོ་མུ་མཐུད་ཁུ་སིམ་མེར་འདུག་ཐབས་མེད་པ་ཞིག་རེད་བསམ་གྱི་ཡོད་ལ། རྡ་ས་ཁུལ་གྱི་བཀའ་ཟུར་ཁག་ཅིག་གིས་གནད་དོན་འདི་ལ་བརྟེན་ནས་བཀའ་ཟུར་གཅིག་བཀའ་བློན་ཁྲི་པར་ཕེབས་ཐུབ་ཡག་གི་རེ་བ་ཤུགས་ཆེ་བྱེད་ཀྱི་ཡོད་པ་དངོས་ཡོད་ཆགས་ཡོད་ལ།

    རྡ་ས་ཁུལ་གྱི་སྤྱི་འཐུས་ཁག་ཅིག་གིས་གཙོས་བོད་མི་མང་པོ་ཞིག་གིས་ན་གཞོན་ཞིག་སླེབས་རྒྱུའི་རེ་བ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

    བཙན་བྱོལ་བོད་གཞུང་ལ་དགོས་པའི་བཀའ་བློན་ཁྲི་པ་དེ་ཕྱོགས་གང་གི་མི་ཡིན་ནམ།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ཚོས་བཀའ་ཟུར་ལྷན་ཚོགས་བསྐྱངས་ཏེ་བཀའ་ཟུར་བཅུ་གསུམ་གྱི་མཚན་འཁོད་སྙན་ཞུ་ཞིག་༸གོང་ས་མཆོག་དང་བཀའ་ཤག་ལ་ཕུལ་ཏེ་མི་རིགས་ས་ཁོངས་རང་སྐྱོང་གི་དགོས་འདུན་འདོན་རྒྱུར་མི་འདོད་པའི་རྣམ་འགྱུར་བསྟན་པ་འདི་འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཐད་ཀྱི་མཐོ་རིམ་མི་སྣའི་ནང་ཁུལ་གྱི་འགལ་བའི་ཡང་རྩེ་ཡིན་པར་བརྗོད་ཆོག ཅེས་གསལ་བའི་སྐབས་ཀྱི་བཀའ་ཟུར་ཚོའི་མཚན་གཞུང་གཤམ་གསལ།
    བཀའ་ཟུར་དང་ཁྲིམས་ཞིབ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས།
    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
    བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་འགྲུབ།
    བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས།
    བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ།
    བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ།
    བཀའ་ཟུར་རྗེ་བཙུན་པདྨ།
    བཀའ་ཟུར་ཀི་རྟི་རིན་པོ་ཆེ།
    བཀའ་ཟུར་རིན་ཆེན་མཁའ་འགྲོ།
    བཀའ་ཟུར་མདོ་སྔགས་བསྟན་འཛིན།
    བཀའ་ཟུར་པདྨ་ཆོས་འབྱོར།
    བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ།

    Reply
  7. བསེ་རུ། says:
    ལོ་ 12 སྔོན།

    རྒྱ་བོད་གཉིས་ཀྱི་རྩོད་རྙོག་འདི་འདི་ཞི་བདེ་དང་འཚེ་བ་མེད་པའི་ཐོག་ནས་བྱེད་དགོས་པ་ནི་བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་དང་། རྒྱལ་སྤྱིའི་གནས་བབ་གང་དུ་བསམས་ན་ཡང་། དེ་ལྟར་ཞི་བདེ་དང་འཚེ་བ་མེད་པའི་གཞུང་ལམ་དེ་མཆོག་ཏུ་གྱུར་པ་ཡིན་ན་ཡང་།
    དེང་སྐབས་ཀྱི་བོད་ནང་དུ་ལག་བསྟར་བྱེད་པའི་སྲིད་བྱུས་དང་། མངོན་ལྐོག་གང་རུང་གི་བོད་མི་ཚོར་སུན་གཙེར། མནར་གཅོད། རྡུང་རྡེག དམར་གསོད་གཏོང་ལུགས་འདི་དག་བལྟས་ན། སླར་ཡང་ཞི་རྒོལ་ཆེན་མོ་ཞིག་འབྱུང་ཉེན་ཆེ་བར་སྣང་ལ། བོད་མི་ཚོར་ཇི་ཙམ་གྱི་མནར་གཅོད་དང་ཁྲིམས་གཅོད་བཏང་ན་དེ་ཙམ་གྱིས་བོད་མིའི་སེམས་ཁོང་གི་རྨ་ཁ་དེ་མི་རབས་ནས་མི་རབས་བར་ཡལ་མི་སྲིད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist