མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་ལས་འགན་དང་པོ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

བལྟས་ཚོད་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་པར་མངོན་ལྐོག་གང་རུང་ན་ལངས་ཡོང་མཁན་གྱི་འོས་མི་གང་འཚམ་འདུག་ལ། སྐབས་སྔོན་མ་དག་དང་བསྡུར་ན་མང་ཚོགས་ཀྱང་གང་འཚམ་གྱིས་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་ཁྲོད་ཞུགས་རྒྱུར་ལྟ་གོན་ཟིན་འདུག ཡིན་ནའང་། སྐབས་འདིར་སླེབས་སྐབས་འོས་མི་རྣམས་ཀྱི་བསྒྲགས་གཏམ་དུ་གོ་མི་ཐུབ་པ་དང་མང་ཚོགས་ཀྱི་རེ་བའི་ནང་ནས་ཀྱང་བརླག་འདུག་པའི་གནད་དོན་གཅིག་རང་འདུག་སྟེ། དེ་ནི་འབྱུང་འགྱུར་གྱི་ལོ་ལྔའི་ནང་དུ་༧གོང་ས་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ཡིན་པ་དེ་རེད།

སྐབས་རྗེས་མའི་བཀའ་ཁྲིར་མི་སུ་ཞིག་ཕེབས་རུང་ཁོང་བཀའ་ཁྲིར་བཞུགས་རྒྱུན་རིང་གི་མཇུག་མཐའི་ལོ་དེར། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་བསྡུ་དགོས་ལ། དེ་ནི་༧གོང་ས་མཆོག་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་ཁྲིར་འཁོད་པ་ལས་ཀྱང་། བོད་མི་གཙོས་འཛམ་གླིང་གི་ནང་པ་ཡོངས་དང་དྲང་བདེན་སྐྱོང་བའི་མི་རྣམས་ལ་གལ་འགངས་ཆེན་པོར་ཆགས་ཡོད། རྒྱ་ནག་གཞུང་གིས་ཀྱང་ཡག་སྡུག་གང་ཡིན་རུང་ཁོང་གི་གྱ་སྟོན་གྱི་ཉིན་མོ་འདིར་སྔོན་དཔག་སྣ་ཚོགས་ཤིག་བྱེད་ཀྱིན་ཡོད་སྲིད།

༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དེ་བཙན་བྱོལ་དུ་གནང་ཚེ་མི་ཚེ་ཧྲིལ་བོར་སྐྱབས་བཅོལ་དུ་བཞུགས་ཏེ། བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་བསྐྱོན་པའི་༧གོང་ས་མཆོག་གི་སྐུ་ཚེའི་ཐུགས་འདུན་ངོ་མ་དེ་འགྲུབ་མེད་ལ། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱི་རེ་འདོད་ཀྱང་འགྲུབ་མེད།

ད་ལྟ་བཀའ་ཁྲིར་བཞེངས་མཁན་ཚང་མས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་བོ་རིལ་རིལ་རྡོག་རྡོག་ཅིག་བཟོ་འཆར་ཡོད་སྐོར་བརྗོད་ཀྱིན་པ་ལས། རང་བཙན་གྱི་སྟེང་དུ་སྐད་ཆ་བཤད་ཀྱི་མི་འདུག་ལ། རང་སྲིད་རང་སྐྱོང་ཡང་གླེང་ཕོད་ཀྱི་མེད་པ་འདྲ། བཀའ་བློན་ཁྲི་པའི་སྲིད་སྟེགས་སུ་མི་སུ་འདྲ་ཞིག་ཕེབས་མིན་དེ་གཙོ་བོ་མ་རེད། གལ་ཆེ་ཤོས་གསར་དུ་ཕེབས་རྒྱུའི་བཀའ་བློན་ཁྲི་པ་དེས་འབྱུང་འགྱུར་གྱི་ལོ་ལྔའི་ནང་དུ་བོད་མི་སྐྱབས་བཅོལ་བ་རྣམས་ཕྱིར་རང་ཡུལ་དུ་ལོག་ཐུབ་པ་བྱ་རྒྱུ་དང་། ༧གོང་ས་མཆོག་གི་གྱ་སྟོན་ཡང་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལར་གནང་ཐུབ་པ་བྱ་རྒྱུ་དེ་རེད།

འདི་ལྟར་བཀའ་ཁྲིར་བཞེངས་མཁན་ཚོས་མ་མཐར་ཡང་གནད་དོན་འདིའི་ཐད་དུ་སྐྱ་ཐིག་ཅིག་འཐེན་དགོས་པར་འདོད། མང་ཚོགས་ཀྱིས་ཀྱང་བཀའ་བློན་ཁྲི་པར་བཞེངས་མཁན་ཚོར་འབྱུང་འགྱུར་གྱི་ལོ་ལྔའི་ནང་གི་སྔོན་རྩིས་དང་པོ་བྱེས་འབྱོར་བོད་མི་རྣམས་ཕྱིར་རང་ཡུལ་དུ་ལོག་པར། མུ་མཐུད་དེ་རྒྱ་ནག་མཉམ་དུ་བོད་རྒྱ་འབྲེལ་མོལ་གནང་ངམ། རྣམ་པ་གཞན་ཞིག་ནས་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་ཐད་ཚ་འདྲི་ཡང་འདྲི་བྱ་དགོས་སྙམ།

བཤད་ཕྱོགས་བསྒྱུར་ནས་བཤད་ན། ད་ལྟའི་བཀའ་ཁྲིར་བཞེངས་མཁན་ཚོས་བོད་གཞིས་ཀྱི་བོད་མིའི་མངོན་འདོད་གླེང་གིན་ཡོད་མོད། བོད་གཞིས་ཀྱི་བོད་མིའི་མངོན་འདོད་གླེང་སྐབས་ཁོང་རྣམ་པ་ཚོའི་མངོན་འདོད་མཐར་ཐུག་པ་དེ། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བྱེས་གྱར་བོད་མི་རྣམས་མུ་མཐུད་དེ་བཙན་བྱོལ་དུ་བཞུགས་རྒྱུ་དེ་མིན་པར་ཕྱིར་རང་ས་རང་ཡུལ་དུ་ལོག་རྒྱུ་དང་། ལྷག་པར་དུ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་བོད་ཡུལ་དུ་ཞབས་ཀྱིས་བཅགས་ཏེ། གསུང་གི་ཆོས་སྒྲ་སྒྲོག་རྒྱུ་དེ་ཡིན་ལ། ཁོང་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ཡང་ཕོ་བྲང་པོ་ཏ་ལར་གནང་འདུན་ཡོད་པ་བརྗེད་མི་འོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 11

  1. སྐར་མདའ། says:
    ལོ་ 16 སྔོན།

    བཀྲ་ ས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས༎
    སྔོན་ཆེད་བོད་གཞུང་དཔལ་འབྱོར་ནས༎
    ཧུན་སྒོར་འབུམ་ཕྲག་གྲངས་མེད་ཅིག།
    ལྐོག་བཟའ་བྱས་ཏེ་བྲོས་བ་རེད༎

    ད་ཆ་ལོ་གཞོན་བཀའ་བློན་ལ༎
    ལངས་པའི་གོ་སྐབས་རྨད་བྱུང་སྟེ༎
    ཧམ་འཕྲོགས་བྱེད་པའི་འདུན་པ་བཟུང་༎
    སླར་ཡང་བཀའ་བློན་འོས་ལ་འཚང་༎

    ལོ་ངོ་དྲུག་ཅུ་རེ་གྲངས་པར༎
    སྐུ་དྲག་བཙན་པོའི་མིང་ངན་དེ༎
    འཁྱེར་ནས་དོན་ཕན་སྤུ་ཉག་ཙམ༎
    སྒྲུབ་མྱོང་མེད་པ་མི་ཤེས་བསམ༎

    ཁ་བདེ་ཁོག་པ་རུལ་བ་ཁྱེད༎
    ས་ཡ་དྲུག་གི་ཞབས་འདྲེན་ལས༎
    ཕན་པའི་ལས་ཞིག་སྒྲུབ་མྱོང་མེད༎
    དེ་བས་ཚེ་མཇུག་སྐྱིེད་པོ་བསྐྱལ༎

    གལ་སྲིད་ལྐོག་ཟ་རུལ་བསུངས་ཁྱེད༎
    བཀའ་བློན་ཁྲི་བའི་འོས་གཞི་དེ༎
    ཐོབ་ན་ཕྱོགས་རེས་ཁོ་ན་ལས༎
    དྲང་བདེན་འོས་ཤོག་མིན་པར་ངེས༎

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བཀའ་ཁྲིའི་ལེན་མཁན་དང་པོ་དེ་། ༧ཁོང་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ཡང་ཕོ་བྲང་པོ་ཏ་ལར་གནང་འདུན་ཡོད་པ་བརྗེད་མི་འོས་པར་འདོད་དོ།། ཞེས་པ་ལ་ཐུགས་སེམས་བཞེས་ནས་འོ་ཤོག་འཕེན་དགོས་འདུག

    Reply
  3. སྐར་མདའ། says:
    ལོ་ 16 སྔོན།

    བགྲེས་སོང་ཕར་ཆེར་སེམས་འཚབ་བྱས་ན་འང་༎
    དོན་གྱི་གདན་ཀ་འཛིན་པའི་ནུས་པ་མེད༎
    གཞོན་སྐྱེ་ཕར་ཆེར་སེམས་ཤུགས་ཆེ་ན་ཡང་༎
    ཡོ་རབ་ཨ་རིར་འགྲོ་བའི་ཐབས་ལ་འབུངས༎
    བུ་མེད་མང་ཤོས་རྒྱུ་ཆེན་རྐུབ་ལ་འཚང༌༎
    སྟོང་ལོར་བསྟན་ན་རིགས་རུས་དབྱེ་བ་མེད༎
    རིགས་རྒྱུད་བརླགས་ཀྱང་འགྱོད་མེད་འཇོན་དུ་སེམས༎
    རང་རིགས་རྒྱུད་པ་ཡ་མ་ཟུང་དུ་བརྫིས༎
    གྲྭ་བ་མང་བོས་ཆོས་ཁྲིམས་མི་སྲུང་པར༎
    བླ་མ་རྫུན་མ་བཟོས་ནས་ཕྱི་རྒྱལ་དུ༎
    ཆོས་ལོག་འགྲེལ་ལོག་རྒྱག་མཁན་ཧ་ཅང་༎
    དེ་ནི་གངས་ཅན་པ་ཡི་ཞབས་འདྲེན་ཡིན༎
    གྲྭ་ཡང་དག་སྒར་ན་ཆོས་ལ་འབད༎
    བུ་མེད་མཛངས་མས་རིགས་རྒྱུད་བརྟན་པོར་བཟུང༌༎
    མི་མཐུན་ལྡོག་ཕྱོགས་མང་པོས་ཞབས་འདྲེན་གྱིས༎
    ལས་ཀ་བྱས་པས་བཟང་བོ་འདམ་དུ་གཡུགས༎

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་བསེ་རུ་ལགས། སྟ་གོན་ལྟ་གོན་གཉིས་ནོར་འདུག བདེན་པ་རེད།

    གྱ་སྟོན་ཟེར་བ་མི་ཤེས་ཟེར་ན་ཡིད་ཆེས་མ་སོང་། བོད་མི་ཚོས་མི་རྒན་པ་ལོ་བརྒྱད་ཅུར་ལོན་ན་གྱ་སྟོན་བྱེད་སྲོལ་ཡོད། ཡིན་ནའང་། ཁྱོད་ཚོ་དེ་ལྟར་ཡིན་ས་མ་རེད། གང་ཡིན་ཟེར་ན་ངས་གཙང་གི་མི་ཞིག་ལ་ཁྱོད་ཚོས་གྱ་སྟོན་གཏོང་སྲོལ་ཡོད་མེད་དྲིས་པར། ཁོང་གིས་ཤེས་རྟོགས་མེད་ཟེར།

    དེར་བལྟས་ན་ཕལ་ཆེར་གྱ་སྟོན་ཟེར་བ་འདི་ཁྱོད་ལ་ཚིག་གསར་ཆགས་ཡོད་པ་འདྲ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དངོས་ནས་རྩོམ་སྒྲིག་པ། དུས་བབ་ཀྱི་མིང་དོན་མཚུངས་པའི་རྩོམ་སྒྲིག་པ་རེད་འདུག ཁ་ཡག་བཤད་དགོས་དོན་མེད་ལ། རང་ཉིད་ཀྱི་ལྟ་ཚུལ་གླེང་བ་ཡིན། ཉིན་འདི་དག་དུ་ངས་དྲ་ངོས་གང་ས་ནས་བཀའ་ཁྲི་དང་སྤྱི་འཐུས་སོགས་ཀྱི་སྐོར་ནས་རྩོམ་ཡིག་ཕལ་ཆེ་བ་མ་ཀློག་པ་མེད་ཀྱང་། མཆན་པུ་འདེབས་འདོད་མི་འདུག རྒྱུ་མཚན་ནི་ཚང་མས་རྩོམ་སྒྲིག་པའི་སྐད་ཆ་གསུངས་མ་ཐག་པ་བཞིན། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་དང་བྱེས་པ་བོད་ཡུལ་དུ་ལོག་ཐབས། གཞིས་ཀྱི་སྡུག་བསྔལ་སངས་ཐབས་་སྐོར་གླེང་མཁན་དངོས་ནས་དཀོན་པོ་འདུག་ལ། ལོ་ན་བགྲེས་པའི་ས་མཐའི་བླ་མ། གངས་ཅན་སྤྱི་བོའི་ནོར་བུ་མཆོག་གི་མི་ཚེ་སྨད་ཀྱི་ཐུགས་ཀྱི་བཞེད་པ་འགྲུབ་མིན་ལ་བསམ་བློ་གཏོང་གི་མེད་པ་ཡིན་དུས། ང་རང་གིས་ཀྱང་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་དམ་ཟེར་བའི་རྩོམ་ཡིག་དེ་ཡང་དེ་ལྟར་འབྲི་དགོས་ཐུག་སོང་།

    རྩོམ་ཡིག་དེ་ཀློག་འདོད་ཡོད་མཁན་ཚོ་བདག་གི་ཟིན་བྲིས་སུ་ཕེབས་རོགས་ཞུ། ཨོ་རེད། རྩོམ་སྒྲིག་པ་ལགས། ཁ་ཕྱོགས་འདི་ནས་སྐད་ཆ་འདི་ལྟར་རྣོ་བོ་དག་མུ་མཐུད་དུ་གསུང་རྒྱུར་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད་ལགས།

    Reply
  6. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    རྩོམ་སྒྲིབས་པས་སྐད་ཆ་དེ་དངོས་གནས་གོ་རྒྱུ་འདུག་དེ་རང་རེད། ཁོང་གིས་གསུང་པའི་སྐད་ཆ་དེ་བཀའ་ཁྲི་སུ་ལ་ཐོབ་ཀྱང་དེ་དོན་སྒྲུབ་རྒྱུ་དམ་བཅའ་དགོས། དངོས་གནས་རྩོམ་སྒྲིབས་པའི་གཏམ་ལ་བྲོ་བ་འདུག

    Reply
  7. རྐང་གསུམ། says:
    ལོ་ 16 སྔོན།

    དེ་རིང་སུ་གང་གིས་གླེང་མྱོང་མེད་པའི་གཏམ་ཞིག་དུས་བབ་རྩོམ་སྒྲིག་པས་བཤད་འདུག འདི་ནི་ངོ་མོ་དོན་ལྡན་གྱི་སྐད་ཆ་ཞིག་རེད། འདིའི་ཕྱོགས་ལ་ང་ཚོས་ད་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་སྒྲིག་པ་མཆོག་ལ།
    སྐུ་ཉིད་ཀྱི་དགོངས་ཚུལ་ཐད་འདི་བདེན་དེ་རྫུན་གྱི་བསམ་ཚུལ་ཤོད་འདོད་མེད་ཀྱང་། གོང་གི་ལྟ་གོན་ཟེར་བའི་ཚབ་ཏུ་སྟ་གོན་དང་། འོག་ཏུ་རིམ་པར་གྱ་སྟོན་ཞེས་པའི་ཚིག་གསར་མི་ཉུང་བ་ཞིག་བེད་སྤྱོད་གནང་འདུག་པས། ཁོ་བོ་ལྟ་བུའི་ཤེས་དམན་པ་ཚོར་སྐུ་ཉིད་ཀྱི་རྩོམ་ཡིག་དེ་གོ་བདེ་ཁ་གསལ་དུ་འགྲོ་ཆེད། གྱ་སྟོན་ཞེས་པའི་ཚིག་གསར་དེར་འགྲེལ་པ་ཞིག་བསྐྱོན་རོགས་ཞུ་རྒྱུ་ཡིན། །

    རིང་ནས་འདྲིས་ཤིང་འགྲོགས་པའི་དྲ་གྲོགས་བསེ་རུས།

    Reply
  9. སྐར་མདའ། says:
    ལོ་ 16 སྔོན།

    བློ་བཟང་སེང་གེ་བོད་ཀྱི་བཀའ་བློན་ལ༎
    འོས་པར་སེམས་པ་ཁྲོན་པའི་སྤལ་བ་ཉིད༎
    དབྱིན་ཡིག་ཤེས་པས་བཀའ་བློན་འོས་ཟེར་ན༎
    རྡ་སའི་ཁྲོམ་ན་དབྱིན་སྐད་ཤེས་མཁན་མང་༎
    རྒྱལ་རི་སྒྲོལ་མ་དེ་བས་མི་འོས་པ༎
    འདས་ཟིན་ལོ་རྒྱུས་དག་ལ་གསལ་གཟིགས་ན༎
    སྤང་གི་མེ་ཏོག་འདམ་གྱིས་དྲི་འགོས་བཞིན༎
    སྐྱར་སློག་བྱས་ན་ཆམ་ནད་ཕོགས་དངོས་སོ༎
    བཀྲ ས་མཐོང་བསྟན་འཛིན་ལོ་ན་ཡོལ་ཟིན་པས༎
    ཚོགས་ཐོག་ཕེབས་ན་སྐད་ཆ་འཆོལ་ཉེན་ཆེ༎
    ཚིག་གཅིག་འཆོལ་ན་ཁོ་ལ་སྐྱོན་མེད་ཀྱང་༎
    ས་ཡ་དྲུག་གི་ཚེ་སྲོག་བརླག་ཉེན་ཆེ༎
    དེ་བས་གངས་ཅན་པ་ཡི་ཚེ་སྲོག་ལ༎
    གཅེས་སྤྲོས་བྱེད་པའི་འདུན་པ་ཡོད་གྱུར་ན༎
    མཁོ་མེད་དངོས་པོའི་རིགས་ལ་མི་བལྟ་བར༎
    དོན་དམ་འབྲས་བུ་མངོན་གྱུར་བྱེད་མཁན་གཟིགས༎
    ༸རྒྱལ་པའི་དགུང་ལོ་མཐོ་ནས་མཐོ་རུ་ཕྱིན༎
    མི་སེར་སེམས་པ་དངངས་འཚབ་ཇེ་ཆེར་སོང་༎
    དམར་ནག་སྲིན་པོའི་ཧམ་ཤེད་རི་ལྟར་ཆེ༎
    ཉེན་ཁའི་གནད་དུ་ཁེལ་པའི་བཀའ་བློན་འཚོལ༎
    རྡོག་རྩ་གཅིག་སྒྲིལ་སྟོབས་ཤུགས་གསོན་པོ་ཡིན༎
    ཆོ་ག་ཆོས་ལུགས་མི་མཐུན་བཀག་རྡོ་ཡིན༎
    མི་ཚེའི་སྙིང་པོ་གཟི་འོད་འབར་པའི་ཐོག།
    བསྐྱལ་བ་ཡིན་ན་མི་རིགས་དཔའ་བོ་ཡིན༎
    དོན་ཆུང་རྩོད་པ་བརྒྱབ་པའི་བླུན་པོ་ཚོས༎
    དོན་མེད་རྙོག་ཟིང་ལངས་ན་དགྲ་བོ་དགའ༎
    དེ་བས་ཁོག་རྒྱ་བཀྱེད་ནས་རང་རིགས་ཀྱི༎
    རང་དབང་བརྩོན་ལེན་བགྱི་ནས་དཔའ་བོ་དངོས༎

    Reply
  10. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པའི་སྐད་ཆ་སེམས་གཏིང་ནས་རྒྱབ་སྐྱབ་སྐྱོར་ཞུ་རྒྱུ་ཡིན། སྲིད་དོན་སྐད་ཆ་ཚད་ལྡན་བཤད་མཁན་འདི་ལྟ་བུ་དག་ལ་མི་བུ་རྣམས་མིག་ཡོད་ན་རྒྱབ་སྐྱོ་བྱ་རན་འདུག

    Reply
  11. སྐར་མདའ། says:
    ལོ་ 16 སྔོན།

    དངོས་ནས་བདེན་པ་རེད།
    འོན་ཀྱང་དེའི་གནད་འགག་གི་གནས་ལུགས་གཙོ་བོ་དེ་བོད་མི་ཚང་མས་ཁ་གསལ་གཏིང་གསལ་གྱིས་ཤེས་ཀྱི་ཡོད་མོད། ཡིན་ནའང་མཐོ་གཞུང་ཞབས་ཡིན་ནའང་འདྲ། འོག་འབངས་མི་ཡིན་ནའང་འདྲ། དེ་དག་ཚང་མས་རང་དོན་ལ་ཐུག་དུས་གཞུང་དོན་དྲན་པ་བརྗེད་དེ་སྒེར་དོན་ཁོ་ནའི་ཆེད་དུ་འབད་བརྩོན་བྱ་རྒྱུ་ལས་གཞུང་དོན་བཤད་མཁན་ཧ་ཅང་ཉུང་ཉུང་རེད་འདུག ཚོགས་འདུ་ཞིག་ཚོགས་པ་ཡིན་ན། དེའི་ཚོགས་ཐོག་ནས་གཏམ་རྫིག་པོ་རི་འདྲ་འགའ་རེ་གཡུགས་ཏེ་མི་མང་མང་ཚོགས་ཀྱི་མགོ་སྐོར་གཏོང་བ་ལས་ཕན་འབྲས་ཐོན་པའི་བྱ་བ་སྣེ་གཅིག་ཀྱང་སྒྲུབ་མྱོང་མེད་ཟེར་ན་མང་པོ་ཞིག་བསྒྲུབས་ཡོད་ཅེས་རེ་ཟུང་ཞིག་གསར་བསྒྲགས་བྱེད་སྲིད་མོད། བྱ་བ་ཙག་ཙིག་སྒྲུབ་པ་ཙམ་གྱི་བོད་མི་ས་ཡ་གཅིག་གི་རེ་འདོད་འགྲུབ་པ་རེད་ཟེར་ན་ཧ་ཅང་ཐལ་པའི་གནས་མ་ཡིན་ནམ།
    འདི་དང་འདི་འདྲ་བའི་གནས་ལུགས་མང་པོ་ཞིག་བོད་མི་རྒན་གཞོན་ཚང་མས་དོ་སྣང་བྱེད་རྒྱུ་མི་འདུག
    ང་ཚོས་ད་ལྟ་ནས་རིག་པ་མ་སྒྲིམ་པ་ཡིན་ན་དུས་ཚོད་ཀྱི་ང་ཚོ་ལ་ཁོམ་པ་སྟེར་རམ།་ ཞེས་བློ་འཚབ་ཀྱིས་ཐོག་ནས་སྐད་ཆ་ཚིག་འགའ་འདི་ཤོད་དགོས་བྱུང༌།
    བཀའ་ཁྲིའི་ལས་འགན་དང་པོ་ཞེས་པའི་ནང་དོན་གཏིང་ཟབ་ལ་རྒྱ་ཆེ་བའི་གནས་ལུགས་འདིས་ངའི་ུཡིད་དབང་བཀུག་སོང་།
    ཧ་ཅང་གི་ཡག་པོ་བྲིས་འདུག
    རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese