མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནི་མི་རིགས་གཡུང་མ་ཞིག་རེད། བྱ་འཇམ་དབྱངས་རྣམ་གྲོལ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

མི་ནི་ཆོས་ཉིད་ཀྱི་བདམས་གསེས་བྱས་པའི་མཐོ་རིམ་སྲོག་ཆགས་ཤིག་རེད། དེ་ནི་ཐོག་མ་ཉིད་ནས་གཡུང་མ་ཞིག་ཡིན་ནམ་སྙམ་ན་གཏན་ནས་མིན། འཛམ་བུ་གླིང་གི་རྒྱལ་ཁབ་གཞན་དང་ང་ཚོའི་མི་རིགས་ཀྱི་རྒོད་གཡུང་གཏན་ནས་མི་འདྲ། ང་ཚོ་ཇི་ལྟར་གཡུང་མར་གྱུར་བ་རེད། དེ་ལ་དགེ་མཚན་ཡོད་དམ་ཞེ་ན། དགེ་མཚན་གྱི་ཕྱོགས་ནས་ང་ཚོས་ད་བར་དུ་གླེང་བསྡད་པ་ཞིག་ཡིན་པས་ངས་གླེང་འདོད་མི་འདུག ངས་ང་ཚོའི་འཚོ་གནས་ཀྱི་གནད་དོན་ཐད་ནས་ཅུང་ཟད་གླེང་ན་མི་རིགས་གཡུང་མ་ནི་གཡུང་མ་རང་ཡིན་ལ། དེ་ལས་ཀྱང་ཚབ་ཆེ་བ་ནི་ཁྱེད་རང་རྒོད་པོ་མ་ཆགས་བར་དུ་གཞན་གྱི་བྲན་གཡོག་བྱེད་དགོས་པ་དེ་རེད། ང་ཚོ་འདི་ལྟར་གཡུང་མ་ཞིག་ཏུ་གྱུར་བ་ལ་བརྒྱུད་རིམ་ངེས་ཅན་ཞིག་ཡོད། བོད་བཙན་པོའི་སྐབས་ང་ཚོ་བཙན་པོ་ཡིན་ལ་བཙན་པོ་ཡིན་པ་ནི་རྒོད་པོ་ཡིན་ལ་རྒོད་པོ་ཡིན་ན་གཡུང་མ་མིན་པའི་གཏན་ཚིགས་འདི་ང་ཚོས་ཤེས་དགོས་མོད། དེའི་སྐོར་ནས་གླེང་ན་ལོ་རྒྱུས་གླེང་དགོས་པས་ཉོག་ཏུ་མི་འཇུག་པར་གནད་འགག་ཙམ་གླེང་འདོད་བྱུང་། ང་ཚོ་མི་རིགས་གཡུང་མར་གྱུར་བའི་གདོད་མ་རེ་ཞིག་བཞག་སྟེ། ཕ་མས་བསླབ་བྱ་བྱེད་སྟངས་ནས་བཟུང་ཅུང་ཟད་གླེང་ན། མི་ནི་ཕ་མས་བསླབ་བྱས་འཚར་ལོང་བྱུང་གི་ཡོད་པ་ཆོས་ཉིད་ཀྱི་ཐག་གཅོད་ལྟ་བུ་ཡིན། དེའི་ཕྱིར། ང་ཚོའི་མི་རིགས་འདི་དང་པོར་གཡུང་ལ་ཕབ་མཁན་སོ་སོའི་ཕ་མ་གཉིས་ཡིན་ལ། གཉིས་པ་ནི། ཆོས་ལུགས་ཀྱི་བསླབ་བྱ། གསུམ་པ་རང་ཉིད་ཀྱིས་རམ་འདེགས་བཅས་ལ་བརྟེན་ནས་ད་གཟོད་ང་ཚོ་མི་རིགས་གཡུང་མ་ཞིག་ཏུ་གྱུར་འདུག རྒྱལ་ཁབ་གཞན་གྱི་ཕ་མ་ཚོས་ཕྲུ་གུར་བསླབ་བྱ་བྱེད་སྟངས་གསལ་བོ་མི་ཤེས་ཀྱང་ཟ་ཟུར་ནས་མཐོང་བ་ནི་ཉི་ཟླ་སོགས་ཀྱི་སྟེང་ཡིན་ནའང་འགྲོ་ཐུབ་ཀྱི་རེད། འགྲོ་དགོས་པ་རེད། མི་ཞིག་ཡིན་ན་ཅི་ཞིག་བྱེད་དགོས་བྱུང་ཡང་འཇོན་གྱི་རེད། མི་འཇོན་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་གསུངས་ཏེ་དང་པོ་ནས་ཕྲུ་གུ་རྒོད་པོ་ཆགས་རྒྱུར་རེ་བའི་མིག་འབུར་གཏོད་པ་ལས། གན་བྱེད་མི་ཉན་དང་། འདི་བྱས་ན་ཅིག་དང་འགལ་འགྲོ། ཕོག་ཐུག་ཤོར་འགྲོ། ལྷས་མི་ཉན། ཀླུས་གནོད་འགྲོ་ཟེར་ནས་ཕྲུ་གུར་སྐྲག་སློང་མཁན་དང་སེམས་ཤུགས་བཅག་ནས་ཕྲུ་གུ་གཡུང་མར་བསྒྱུར་བའི་བསམ་བློ་གཏན་ནས་མེད་པ་འདྲ། གཉིས་པ་ནི། མི་ཆོས་རིང་ལུགས་ཀྱི་བསླབ་བྱས་ཕྲུ་གུ་ཚོ་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་མཁན་གྱི་བུ་རྒོད་ཁག་ཅིག་ཏུ་སྐྱེད་བསྲིངས་བྱས་ཡོད་ལ། གསུམ་པ་ནི་དེ་དང་མཐུན་པར་རང་ཉིད་ཀྱི་སྤོབས་པ་དང་ཡིད་ཆེས་གྲོགས་སུ་སོང་ཡོད་པ་ལྟ་ཅི་སྨོས། རྒྱུ་མཚན་དེ་དག་གིས་རྒྱལ་ཁབ་གཞན་གྱི་མི་རིགས་དང་ང་ཚོའི་མི་རིགས་ཀྱི་དབར་མཚམས་ཐིག་ཅིག་འཕངས་ཡོད་པ་ཤེས་དགོས་སྙམ། ལྷག་པར་དགོད་བྲོ་བ་ཞིག་ལ་འོ་ན་ཕ་མའི་བསླབ་བྱ་དང་། ཆོས་ཀྱི་བསླབ་བྱས་ང་ཚོ་དངོས་གནས་མི་རིགས་གཡུང་མ་ཞིག་ཏུ་བསྒྱུར་བ་རེད་དམ་ཞེ་ན། མི་རིགས་གཞན་གྱིས་གཉའ་གནོན་དང་བཙན་འཛུལ་འོག་ང་ཚོ་གཡུང་མ་ཞིག་ཏུ་བསྒྱུར་ཡོད་པ་དངོས་ཡོད་ཡིན་ཀྱང་། ནང་ཁུལ་ལ་གཏན་ནས་གཡུང་མ་ཞིག་མིན་པར་མ་ཟད། མི་རིགས་གཞན་ལས་ཀྱང་རྒོད་པོ་རེད། དེ་ནི་ང་ཚོས་རྒོད་གཡུང་གོ་བཟློག་པའི་སྣང་ཚུལ་འཇིགས་རུང་དེ་ཡིན་པས་འཚོ་གནས་རང་གི་ངོས་ནས་གླེང་ན་ང་ཚོ་གཡུང་མར་བསྒྱུར་བའི་བསླབ་བྱ་དེ་དག་གི་འབྲས་བུ་ལ་ཏན་ཏན་བསམ་གཞིགས་བྱེད་དགོས་པ་ཞིག་ཏུ་མཐོང་ངོ།  །

འོན་ཀྱང་རང་གི་རྒྱལ་ཁབ་ཀྱི་ཆེད་རང་་སྲོག་བློས་བཏང་བའི་རྒོད་པོ་དཔའ་བོ་འགའ་རེ་བྱུང་ཡོད་པ་ནི་རྒོད་པོ་མ་རེད་སུ་ཞིག་གིས་ཟེར་མོད་དེས་མི་རིགས་ཤིག་གི་རྒོད་གཡུང་གི་ཚབ་མཚོན་བྱེད་མི་ཐུབ་པའི་གནས་ལུགས་འདི་ང་ཚོས་ཤེས་དགོས།

ངས་འདི་ནས་གླེང་བ་ནི་འཚོ་གནས་རང་གི་ངོས་ནས་གླེང་བ་ལས་སྐྱེ་བ་ཕྱི་མ་གླེང་གི་མེད་ལ་དེ་ནི་མི་སྒེར་གྱི་གནད་དོན་ཞིག་ཡིན་པས་གླེང་དོན་ཡང་མེད་སྙམ།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 18

  1. རྒྱ་རགས། says:
    ལོ་ 16 སྔོན།

    བདེན་པ་རེད། ཕྱི་ལ་བསྐོར་ན་བལ་དཀར་ལས་འཇམ་དང་ནང་ལ་བསྐོར་ན་དུག་ཚེར་ལས་རྩུབ་ཟེར་བའི་གཏམ་དཔེ་འདིས་འུ་ཅག་རང་མཚོན་ཡོད།

    Reply
  2. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    ཨ.བཙན་པོ་ལགས་ཁྱེད་ཀྱིས་བཤད་པ་དེ་ཟུར་ཙམ་བདེན་མོད།འོན་ཀྱང་བུ་མཐོ་བར་ལྟ་བ་དང་བུ་མོར་དམའ་རུ་ལྟ་བའི་ལྟ་བ་དེ་ནང་ཆོས་བརྒྱད་རྒྲ་གར་ཀྱི་ལུགས་སྲོལ་དེ་བོད་དང་རྒྱ་ནག་ཉི་ཧོང་ཀོ་རི་ཡ་སོགས་ལ་ཤུགས་ཆེན་པོ་དར་བ་ཞིག་རེད།

    Reply
  3. ཨ.བཙན་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ཟླ་བ་ལྷ་མོ་རྣམ་གཉིས་ལགས་”སྔོན་མ་བཙན་པོའི་སྐབས་སུ་བོད་འབངས་ལ་རྒོད་ཀྱི་སྡེ་དང་གཡུང་གི་སྡེ་ཟེར་བའི་རིགས་གཉིས་དབྱེ་”ཡོད་པ་དེ་ནི་རིགས་རྒྱུད་ཞིག་ལ་ངོས་འཛིན་ན་ནོར་བ་རེད། དེ་ནི་ཁྱིམ་ཚང་ཞིག་ལ་དམག་འགྲོ་མཁན་ཡོད་མེད་ཀྱིས་དབྱེ་གི་ཡོད་རེད། དེ་ཡང་ཁྱིམ་ཚང་ཞིག་ལ་བུ་ལོ་ཚོད་དམག་དང་རན་པ་ཞིག་ཡོད་ན་དེ་ནས་བཟུང་ཁྱིམ་ཚང་དེ་བ་ཚང་རྒོད་སྡེའི་གྲས་སུ་ཚུད་པ་རེད། སྐབས་དེར་ཁྱིམ་ཚང་ཆེ་བ་ཞིག་ལ་བུ་ཞིག་མ་སྐྱེས་ཚེ་ཧ་ཅང་གི་ལྟས་ངན་པ་ཞིག་ལ་རྩི་གི་རེད། དེའི་རྐྱེན་གྱིས་ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་ཡང་དེ་འདྲ་ཞིག་ལས་དར་བ་རེད། དེ་འདྲའི་ལྟ་མ་དར་བའི་སྔོན་ལ་ཕོ་ལས་མོ་མཆོག་ཏུ་བརྩི་བ་ཡིན་པ་ནི་རུས་དེད་སྟངས་ལས་ཤེས་ནུས་སོ།། དེ་ནི་གསལ་འདེབས་ཙམ་ཡིན།

    Reply
  4. སྐར་མདའ། says:
    ལོ་ 16 སྔོན།

    བཀྲ་ ཤིས་དོན་གྲུབ་ལགས།
    ཁྱེད་ཀྱིས་གསུང་བ་དེ་གནད་དུ་ཁེལ་པའི་གཏམ་ཞིག་རེད།
    ནད་ཐོག་ལ་སྨན་དང་སྐྲངས་ཐོག་ལ་ཁབ་ཅེས་པའི་དཔེར་བཞིནརེད།
    ང་ཚོའི་མི་རིགས་འདི་སྤྱི་ཡོང་གིས་ན། ལྷག་བསམ་ཆེ་མདོག་དང་།
    སྙིང་རྗེ་ཡོད་མདོག་བྱེད་མཁན་ཧ་ཅང་མང་མོད།
    དོན་དངོས་པོའི་ཆ་ནས་དེ་འདྲ་ཞིག་ག་ལ་ཡིན།
    བོད་མི་སུ་དང་སུ་ཡིན་ནའང་།
    ནང་ལོག་ལ་ཐུག་དུས་སྟག་རྒོད་ནགས་ནས་མཆོང་བ་ལྟ་བུའི་ངར་ཤུགས་ཆེན་པོ་ཡོད།་ བདེན་ནམ་མི་བདེན།

    Reply
  5. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    སྔོན་བཙན་པོའི་སྐབས་སུ་བོད་ཀྱི་དམག་དཔུང་གི་སྡེ་ལ་ཚན་པ་དུ་མར་དབྱེ་ནས་གཡུང་སྡེ་དང་རྒོད་སྡེ་སོགས་ཞེས་བཏགས་པ་ཞིག་རེད་མ་གཏོགས།གཡུང་སྡེ་དང་རྒོད་སྡེ་ཞེས་པ་དེ་སྐབས་དེའི་བོད་མིའི་སེམས་ཁམས་སམ་གཤིས་ཀར་བལྟས་ཏེ་བཏགས་པ་ཞིག་རྩ་བ་ཉིད་ནས་མ་རེད།

    Reply
  6. ཚོ་སྒོ་བ། says:
    ལོ་ 16 སྔོན།

    ངས་ནི་བོད་མི་རིགས་འདིར་སྡོམ་ཚིག་བརྒྱབ་ཤེས་ཀྱི་མི་འདུག ཆོལ་ཁ་ཕར་ཞོག་ལུང་ཚན་རེར་ཡང་མི་གཤིས་མ་འདྲ་བ་འདུག བོད་ཕྱི་ནང་གཉིས་ཀྱི་མི་གཤིས་ཀྱང་འདྲ་གི་མི་འདུག
    གང་ལྟར་གླ་གློ་དང་མུན་ནག་རྗེས་ལུས་ཡིན་མིན་ནི་མི་ཤེས། མི་རིགས་ངར་ཤ་དོད་པོ་ཞིག་ནི་མ་རེད་

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྔོན་མ་བཙན་པོའི་སྐབས་སུ་བོད་འབངས་ལ་རྒོད་ཀྱི་སྡེ་དང་གཡུང་གི་སྡེ་ཟེར་བའི་རིགས་གཉིས་དབྱེ་འདུག དེའི་རྗེས་སུ་གཡུང་གི་མ་གཏོགས་རྒོད་ཀྱི་སྡེ་ཟེར་བ་དེའི་རིགས་རྒྱུད་ཆད་སོང་བ་ཡིན་ནམ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་རིགས་ནང་ལ་མི་གཡུང་མ་མང་པོ་ཡོད་སྲིད་ཀྱང་། ༧གོང་ས་མཆོག་ནི་འཛམ་བུ་གླིང་འདི་ཡི་མི་ཚོགས་ནང་ནས་མི་རྒོད་ཤོས་དེ་ཡིན་པ་རེད། འདི་ནི་ངའི་ལྟ་སྟངས་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རང་གི་རྒྱལ་ཁབ་ཀྱི་ཆེད་རང་་སྲོག་བློས་བཏང་བའི་རྒོད་པོ་དཔའ་བོ་འགའ་རེ་བྱུང་ཡོད་ཟེར་བ་དང་། གཡུང་མ་དང་གཡུང་མ་ཟེར་ནས་བཤད། ཡིན་ནའང་བོད་མི་མང་གིས་བོད་ཀྱི་ཆེད་དུ་དགྲ་བོའི་མདུན་དུ་གཅེས་པའི་ཚེ་སྲོག་དོར་བ་ནི་རེ་འགའ་འམ་གྲངས་ཀ་ཉུང་ཉུང་ཞིག་ག་ལ་ཡིན། ཕྱི་ལོ་ ༡༩༧༢ ཡས་མས་ནས་གླེང་ན། མདོ་སྨད་མཚོ་སྔོན་ས་ཁུལ་དང་། ཕྱི་ལོ་ ༡༩༠༣ དང་༤ ནས་མགར་ཐར་ཁུལ། ཕྱི་ལོ་ ༡༩༡༢ ཡས་མས་ནས་དཀར་མཛེས་ཁུལ། ཕྱི་ལོ་ ༡༩༥༡ དང་ ༥༤ ༥༥ ༥༦ ༥༧ ༥༨ ༥༩ ཉུང་མཐར་བོད་མི་ཁྲི་ཁ་ཤས་ཀྱིས་གཅེས་པའི་ཚེ་སྲོག་དགྲ་དང་གདོང་གཏུག་འོག་དོར་ཡོད་མེད་ལ་ང་ཚོ་ཐེ་ཚོམ་བྱེད་དགོས་དོན་རྩ་བ་ནས་མེད་ལ། ད་ལྟ་འམ་ད་དུང་གཅེས་པའི་ཚེ་སྲོག་གི་མཆོད་པ་འབུལ་དང་འབུལ་བཞིན་པ་ལ་རེ་འགའ་ཟེར་བ་ནི་ཏག་ཏག་ཅིག་མ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོའི་ཞི་རྒོལ་དོན་རྐྱེན་ཁོ་ན་ནས་གླེང་ན་ཕྱི་དགྲ་རྒྱ་དམར་གྱི་མེ་མདའི་སོ་ཁ་ནས་ལངས་པ་ཁོ་ན་ལ་བསམ་ན་བོད་མི་མང་འདི་གཡུང་མ་ཞིག་གཏན་ནས་མིན་པ་དེ་ར་འཕྲོད་ཀྱི་འདུག

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ནང་དོན་དང་རྩོམ་མིང་མི་མཐུན། རྩོམ་མིང་ལ་བོད་དེ་མི་རིགས་གཅིག་ཡིན་པ་དང་། དེ་འདྲ་བའི་མི་རིགས་དེ་གཡུང་མ་ཡིན་པར་གོ་བཞིན་འདུག བོད་ནི་མི་རིགས་ཤིག་གཏན་ནས་མ་རེད། བོད་ནི་ལུང་པའི་མིང་ཡིན་པ་ལས་མི་རིགས་ཀྱི་མིང་མ་རེད། མ་ཟད་བོད་ལ་མི་རིགས་གཅིག་གིས་གཏན་ནས་མི་ཚད། མི་རིགས་ཁ་ཤས་ཡོད། དེ་ཡང་བོད་མི་རིགས་ཟེར་བ་དེ་གདོད་མའི་དུས་སུ་བོད་ལུང་པ་ཐོག་མར་གནས་གཞིར་འཛིན་མཁན་གྱི་མི་རིགས་དེ་ཡིན། ཡིན་ནའང་དེའི་རྗེས་སུ་བོད་དུ་མི་རིགས་ཁ་ཤས་བྱུང་ཡོད། དེ་དག་ཀྱང་བོད་མི་རེད། ང་ཚོས་བོད་གླེང་སྐབས་དེ་དག་དོར་མི་རུང་། དོར་བ་ཡིན་ན་བོད་མི་ཆ་ཚང་བ་ཞིག་གླེང་གི་མེད་པར་བོད་རིགས་གླེང་གི་ཡོད། དེ་ནི་ད་ལྟའི་དུས་འདིར་ཤེས་དགོས་པ་ཞིག་རེད།

    Reply
  11. སྐལ་བཟང་རབ་རྒྱས says:
    ལོ་ 16 སྔོན།

    མགོ་ཡོད་པ་མཐོང་བཞིན་དུ་ཀླད་པ་མེད་ཟེར་བ་དང་མིག་ཡོད་པ་ཤེས་བཞིན་དུ་ལོ་བ་ཡིན་ཟེར་བ་དེ་རང་ཉིད་ཀྱི་རང་གཡུང་མ་རྒྱུར་བ་མ་ཡིན་ནམ།།

    Reply
  12. སྐལ་བཟང་རབ་རྒྱས says:
    ལོ་ 16 སྔོན།

    མགོ་ཡོད་པ་མཐོང་བཞིན་དུ་ཀླད་པ་མེད་ཟེར་བ་དང་མིག་ཡོད་པ་ཤེས་བཞིན་དུ་ལོ་བ་ཡིན་ཟེར་བ་དེ་རང་ཉིད་ཀྱི་རང་ཉིད་གཡུང་མ་རྒྱུར་བ་མ་ཡིན་ནམ།།

    Reply
  13. སྐལ་བཟང་རབ་རྒྱས says:
    ལོ་ 16 སྔོན།

    ཐོག་མར། སློབ་སྐབས་གསར་པའི་ནང་དུ་སློབ་གྲོགས་ཚོ་རང་མོས་གླེང་སྟེགས་ལ་ཞུགས་པར་ངས་བཀྲ་ཤེས་བདེ་ལེགས་ཞུས་པ་ཡིན། ང་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ང་རང་ཚོ་མགོ་ཡོད་པ་མཐོང་བཞིན་དུ་ཀླད་པ་མེད་ཟེར་བ་དང་མིག་ཡོད་པ་ཤེས་བཞིན་དུ་ལོ་ང་ཡིན་ཟེར་བ་དེ་རང་ཉིད་ཀྱི་རང་ལ་གཡུང་མ་རྒྱུར་བ་མ་ཡིན་ནམ།།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བཟོད་སེམས་དང་སྙིང་སྟོབས་མཉམ་དུ་དགོས།
    རང་དོན་དང་གཞན་དོན་མཉམ་དུ་དགོས།
    སྒེར་སེམས་དང་སྤྱི་སེམས་མཉམ་དུ་དགོས།
    རང་རྒྱལ་དང་གཞན་རྒྱལ་མཉམ་དུ་དགོས།
    གཉིས་སྨན་དང་དབུ་མ་མཉམ་དུ་དགོས།

    Reply
  15. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    གཉའ་འབྲོང་ལགས་བོད་ནི་མི་རིགས་གཡུང་མ་ཞིག་མ་རེད་རང་རེད།

    Reply
  16. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཨོ་ལེ། ནམ་རྒྱུན་རྒྱལ་ཁབ་ཀྱི་གོ་བབ་བློས་གཏོང་བཟོད་སྒོམ་བྱེད་མཁན། ཕ་ཡུལ་གྱི་ས་ཁོངས་བློས་གཏོང་བཟོད་སྒོམ་བྱེད་ཕོད་མཁན། མི་རིགས་ཀྱི་ལོ་རྒྱུས་བློས་གཏོང་བཟོད་སྒོམ་བྱེད་མཁན་ཞིག་དེ། རྒྱལ་ཁབ། ས་ཁོངས། ལོ་རྒྱུས་གསུམ་གྱི་ཡ་མེད་བློས་གཏོང་བྱེད་པའི་ཐད་ནས་འཛམ་གླིང་འདིར་ང་ཚོ་ལས་གཡུང་མ་ཞིག་མེད་ཞེས་བརྗོད་ཀྱང་མི་ཆོག་པ་མི་འདུག འོན་ཀྱང་། སྒེར་གི་གོ་དབང་། ཆོལ་ཁའི་ཕྱོགས་དབང་། ཆོས་ཀྱི་འཐེན་དབང་། ཁྱིམ་གྱི་ཁེ་དབང་བཅས་ཀྱི་ཐད་ནས་མི་རིགས་གཞན་ལས་ལྷག་པའི་རྣོ་ངར་ཅན་ཞིག་འདུག ན་ནིང་གྲོས་ཚོགས་ནང་ནས་ཀྱང་སེར་མོ་བས་དབུ་ཁྲིད་དེ་སྐྱ་སེར་མེད་ལ་འདྲོགས་ཞོགས་བརྒྱབ་པ་མ་ཡིན་ནམ།

    Reply
  17. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    རྟ་གཡུང་མོ་ཞིག་དང་མཚུངས།

    Reply
  18. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་ཚོ་ང་ཚོ་གཡུང་མ་མིན། དད་པ་གླེང་སྐབས་གཡུང་མ་མིན། རྩྭ་ས་བརྩོད་སྐབས་གཡུང་མ་མིན། ནང་འཁྲུག་བྱེད་སྐབས་གཡུང་མ་མིན། གླེན་རྟགས་སྟོན་སྐབས་གཡུང་མ་མིན། རྒྱལ་འཇོག་བྱེད་སྐབས་གཡུང་མ་མིན། ནག་ཚོང་བྱེད་སྐབས་གཡུང་མ་མིན། ནག་འཕེལ་འཇོག་སྐབས་གཡུང་མ་མིན། གྲུབ་མཐའ་བརྩོད་སྐབས་གཡུང་མ་མིན། བླ་མ་བརྩོད་སྐབས་གཡུང་མ་མིན། བདེན་བར་བརྒོལ་སྐབས་གཡུང་མ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese