མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཅན་རིག་གནས་སློབ་གྲྭའི་ནང་ཆོས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp




གངས་ཅན་རིག་གནས་སློབ་གྲྭའི་ནང༌། སློབ་ཕྲུག་སྐྱ་སེར་ཕོ་མོ་དབྱེར་མེད་དང༌། རྒྱལ་ཁབ་དང་མི་རིགས་ཁྱད་མེད། ལོ་ན་རྒན་གཞོན་ཚད་བཀག་མེད་པའི་ཐོག་ནས་བསྡུ་རྒྱུ་ཡིན་ལ། སློབ་ཡུན་སློབ་མ་སོ་སོའི་འདོད་པ་ལྟར་དུས་ཡུན་ཐུང་ཤོས་བདུན་ཕྲག་གཉིས་ནས་རིང་ཤོས་ལོ་གསུམ་བར་ཡིན་ཟེར།

ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་བོད་མིའི་གཞིས་སྒར་གྱི་ཉེ་འཁྲིས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་གསར་འཛུགས་གནང་བའི་གངས་ཅན་རིག་གནས་སློབ་གྲྭ་རུ་ཉིན་ལྔའི་རིང་གི་༼ ནང་ཆོས་འཆད་ཉན་དང་བགྲོ་གླེང་འདུ་འཛོམས ༽ ཞུ་བ་དེ་དབུ་འཛུགས་བྱས་ཡོད། སྐུ་མགྲོན་གཙོ་བོར་རྒྱུད་སྨད་མཁན་རིན་པོ་ཆེས་དབུས་བའི་དགེ་བཤེས་ལྷ་རིམ་པ་རྣམ་པ་དང་སློབ་གྲྭའི་དགེ་ལས་སོགས་ཕེབས་འདུག་ལ། བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ངྷ་རམ་ས་ལའི་བོད་ཁྱིམ་སློབ་གྲྭ་དང་བྷེང་ལོར་མཐོ་སློབ། ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་སློབ་ཕྲུག་ཕོ་མོ་ ༨༠ ཙམ་ཆེད་བཅར་གནང་འདུག བགྲོ་གླེང་དབུ་འབྱེད་ཀྱི་ཐོག་མར་མཁན་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་སློབ་མ་དང་དགོན་པའི་དགེ་འདུན་པའི་བར་ནང་ཆོས་བགྲོ་གླེང་གནང་བའི་གལ་ཆེའི་རང་བཞིན་སྐོར་དང༌། དེའི་རྗེས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གིས་བགྲོ་གླེང་ལ་ཕེབས་མཁན་སློབ་མ་རྣམས་དང༌། གྲྭ་ཚང་གི་དགེ་འདུན་པ་མཉམ་ཞུགས་ཐོག་ནང་ཆོས་ཀྱི་སྤྱི་ཁོག་ངོ་སྤྲོད་གནང་ཡོད།

 

སྐབས་དེར་སློབ་གྲྭའི་དགེ་རྒན་ཡོན་ཏན་ནོར་བུ་མཆོག་གིས་སློབ་གྲྭའི་ལས་འཆར་གཙོ་བོ་ཁག་ངོ་སྤྲོད་གནང་དོན། ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདིར། དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་ལམ་སྟོན་ཅི་གནང་བ་བཞིན། ༼ གངས་ཅན་རིག་གནས་སློབ་གྲྭ ༽ ཞེས་པ་འདི་གསར་འཛུགས་གནང་བ་རེད། སློབ་གྲྭ་འདིར་དོན་གནད་དང་པོར། བོད་གྱི་རིག་གཞུང་གི་གཞི་རྩ་ནང་དོན་རིག་པ་དང༌རིག་གནས་གཞན་བཅས་ལ་སློབ་ཁྲིད་གནང་རྒྱུ་གཏན་འབེབས་གནང་སྟེ། འཆར་ཅན་གྱི་འཛིན་གྲྭ་ཚོགས་རྒྱུའི་ལས་རིམ་སྒྲིག་ཡོད། དེང་སྐབས་འཛམ་གླིང་འདིར་ནང་སེམས་རྒྱུད་མ་དུལ་བའི་དབང་གིས་དམག་འཁྲུག་དང༌། མི་གསོད་ཁྲག་སྦྱོར་སོགས་མི་འདོད་པའི་སྡུག་བསྔལ་ཡོང་གི་ཡོད་པ་དང༌། གཉིས་པ་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པ་དག་ལས་གཟུར་གནས་བློ་ལྡན་ཚན་རིག་པའི་བཤད་ཚུལ་དང་མཐུན་པའི་ཆ་མང་དུ་ཡོད་ཅིང༌། དེ་དང་འདྲ་མཉམ་དུ་འགྲོ་ཐུབ་པ་ནི་ནང་པ་ཙམ་ཡིན་པ། གསུམ་པ། ཕྱི་དངོས་པོ་ཡར་རྒྱས་གཅིག་པུས་བདེ་སྐྱིད་བསྐྲུན་མི་ཐུབ་པ་མཐོང་ནས། ནང་སེམས་ཀྱི་སྦྱོང་བརྡར་ལ་བརྟེན་ཏེ། བདེ་སྐྱིད་བསྐྲུན་པའི་ནུས་པ་རླབས་ཆེན་ཡོད་པ་དངོས་ཡོད་ཡིན་པ། བཞི་པ། འཛམ་གླིང་ཞི་བདེ་ནི་སྤྱིའི་འགན་ཁུར་ཡིན་པའི་རྒྱུ་གཏིང་ཟབ་ཤོས་དེ་ནང་ཆོས་ནས་བཤད་པའི་བསླབ་བྱ་རྣམས་ཡིན་པ་ཁྱབ་སྤེལ་བཅས་ཡིན། ཞེས་གསུངས་སོང༌།

 

ཁོང་གིས་མུ་མཐུད་དུ་གོང་གི་ལས་རིམ་དེ་དག་གི་དགོས་དམིགས་གསུངས་དོན། དང་པོ། རང་རེའི་བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་སྟབས། སློབ་ཕྲུག་རྣམས་ལ་འདབ་ཆགས་གཤོག་པ་གཉིས་ལྡན་ལྟར། ལུགས་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་དགོས་པ་དང༌། གཉིས་པ། དེང་སྐབས་རང་ཅག་རྣམས་གནས་སྡོད་བྱེད་ས་དེ་འཕྲུལ་རིགས་ཀྱི་རྣམ་གྲངས་དུ་མས་འཁྲུགས་ཆ་དོད་པོ་དང༌། ངོ་ཚ་ཁྲེལ་མེད་ཀྱི་ཁོར་ཡུག་ནང་འཚོ་གནས་བྱ་དགོས་སྟབས། རང་བཞིན་གྱིས་ཕ་མེས་ནས་ཡོད་པའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཉམས་ཆག་འགྲོ་ཡི་ཡོད་པ། གསུམ་པ། ༧གོང་ས་མཆོག་གིས་ནང་ཆོས་སློབ་སྦྱོང་བྱ་དགོས་ཞེས་ལན་གྲངས་བརྒྱ་ཕྲག་མང་པོ་བཀའ་ཕེབས་ཀྱི་ཡོད་སྟབས། བཀའ་གསུང་དང་ལེན་གྱིས་སྒྲུབ་པའི་མཆོད་པ་ཕུལ་བ་དང༌། བཞི་པ། དགོན་པ་གྲྭ་ཚང་ཆེན་པོ་ཞིག་གི་ངོས་ནས། མང་ཚོགས་སམ་སྤྱི་ཚོགས་ཞབས་ཞུ་འདི་གལ་ཆེན་ཞིག་ཡིན་སྟབས། གནས་སྐབས་གྲྭ་ཚང་ནས་དཔལ་འབྱོར་སོགས་ཀྱི་ཞབས་འདེགས་ཞུ་མ་ཐུབ་ཀྱང༌། དང་བླངས་ཆོས་ཀྱི་ཞབས་འདེགས་ནི་འདི་ཕྱི་གཉིས་ཕན་གྱི་ཕུགས་རྒྱང་རིང་བའི་ཞབས་འདེགས་ཤིག་ཡིན། ཞེས་གསུངས་སོང༌།

 

ཉིན་གུང་གསོལ་ཚིགས་བར་གསེང་དུ་གསར་འགོད་པའི་གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱིའི་ལས་རོགས་བློ་བཟང་ཟླ་བ་ལགས་སུ། སློབ་གྲྭའི་སློབ་དེབ་དང་སློབ་ཕྲུག་བསྡུ་སྟངས་སྐོར་དྲིས་པར་ཁོང་གིས། སློབ་གྲྭ་འདི་ཕྱི་ལོ་ ༢༠༠༧ ཟླ་ ༡ ནང་རྒྱུད་སྨད་ཀྱི་མདོ་སྔགས་བཤད་སྒྲུབ་སློབ་གྲྭ་དབུ་འབྱེད་ཐོག་༧གོང་ས་མཆོག་ཕེབས་སྐབས། ཁྱེད་རང་ཚོའི་སློབ་གྲྭ་འདི་ཧ་ཅང་ཡག་པོ་བྱུང་འདུག ད་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་འཛམ་གླིང་ཡུལ་གྲུ་གང་ནས་ཕེབས་ཀྱང་ནང་ཆོས་སློབ་སྦྱོང་བྱ་ས་ཡོད་པའི་ལྟེ་གནས་ཤིག་འཛུགས་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད། ཁྱེད་ཚོའི་ཁོར་ཡུག་ཏུ་ས་ཡག་པོ་འདུག་ཅེས་བཀའ་གནང་སོང༌། ལོ་དེའི་ཟླ་ ༩ ནང་མགོ་འཛུགས་བྱས་ཏེ་ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༨ ཉིན་སྒོ་འབྱེད་གནང་བ་རེད། དེ་རྗེས་ནས་རིམ་པ་བཞིན་སྦེལ་ཀོབ་དང་ཧོན་སུར་གྱི་སློབ་ཕྲུག་དང༌། དེ་བཞིན་མི་དམངས་བཅས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འགྲོ་བཞིན་པ་ཡིན། ཅེས་གསུངས་སོང༌།

 

ཡང་ཁོང་ལ་སློབ་ཕྲུག་བསྡུ་སྟངས་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། སློབ་ཕྲུག་སྐྱ་སེར་ཕོ་མོ་དབྱེར་མེད་དང༌། རྒྱལ་ཁབ་དང་མི་རིགས་ཁྱད་མེད། ལོ་རྒན་གཞོན་ལ་ཚད་བཀག་མེད་པའི་ཐོག་ནས་བསྡུ་རྒྱུ་ཡིན། སློབ་ཡུན་སློབ་མ་སོ་སོའི་འདོད་པ་ལྟར་དུས་ཡུན་ཐུང་ཤོས་བདུན་ཕྲག་གཉིས་ནས་རིང་ཤོས་ལོ་གསུམ་བར་ཡིན། འོན་ཀྱང༌། མཐུན་རྐྱེན་ཆ་ཚང་གྲྭ་ཚང་གི་ངོས་ནས་བཏང་སྟེ་རིན་མེད་བྱ་རྒྱུ་ཅུང་ཁག་པོ་འདྲ་ཞིག་རེད། དེར་བརྟེན་དབྱེ་བ་གཉིས་ཕྱེས་ཏེ། བོིད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་མཁན་ཚོར་སློབ་ཟེར་ལ་འདྲ༌། ཞལ་ལག་དང་ཆུ་རིན་གློག་རིན་གྱི་ཆེད་དུ་ཟླ་རེར་ཧིན་སྒོར་གཉིས་སྟོང་ ༢༠༠༠ རེ་དང༌། དེ་མ་ཡིན་པའི་ཕྱི་རྒྱལ་ཁག་གི་མི་རིགས་ལ་ཟླ་རེར་ཧིན་སྒོར་བཞི་སྟོང་ ༤༠༠༠ རེ་བཅས་བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་དང༌། སློབ་ཚན་གྱི་ཐད་ནས་ནང་ཆོས་གཙོ་བོར་གྱུར་བའི་བོད་པའི་རིག་ཕལ་ཆེ་བ་འཁྲིད་ཐུབ་རྒྱུར་ཐབས་ཤེས་གནང་གི་ཡོད་པ་རེད། དཔེར་ན། སངས་རྒྱས་ཀྱི་རྣམ་མཐར་ནས་མགོ་བཙུགས་ཏེ་བློ་རྟགས་འཕར་ཕྱིན། ལམ་སྔགས་གཉིས། རིག་གནས་ཀྱི་ཐད་ནས་མགོ་ཀ་ཁ་ནས་བཟུང་སྟེ། སུམ་དག་རྟགས་གསུམ་དང་སྙན་ངག དེ་བཞིན་བོད་པའི་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས་གཞན་དག་ཀྱང་ཟུར་ལྟའི་ཚུལ་གྱིས་ངོ་སྤྲོད་བཅས་ཡོད།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ནང་སྤེལ ༽  

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༡༣ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 2

  1. ལྷོ་མཐའི་ཉི་ཟེར། says:
    ལོ་ 16 སྔོན།

    ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཧ་ཅང་ཡག་པོ་རེད་བཞག།། ཐུགས་རྗེ་ཆེ། དགོན་སྡེ་གྲཱ་ཚང་ཚོས་ངེས་པར་དུ་མི་མང་དང་སྤི་ཚོགས་ལ་ཕན་པའི་བྱ་བ་འདི་རིགས་བྱེད་དགོས་པ་རེད། གངས་ལྗོངས་རིག་གནས་སློབ་གྲཱ་མི་དཔེ་ཧ་ཅང་ཡག་པོ་བསྟན་སོང་ མ་འོངས་པར་ཡང་ནང་ཆོས་ཙམ་མ་ཡིན་པར་ སློབ་ཕྲུག་དང་མི་མང་ལ་བོད་ཀྱི་རིག་གནས་སོགས་ཟབ་སྦྱོང་དང་བགྲོ་གླིང་ལྟ་བུར་གནང་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་སེམས།། །།

    Reply
  2. གནམ་ལྕགས། says:
    ལོ་ 16 སྔོན།

    གསར་འགྱུར་འདིའི་ཡི་གེ་རྣམས་དྲི་རྟགས་རྐྱང་རྐྱང་རེད། གསར་འགོད་པས་བསྐྱར་འགོད་ཅིག་བྱེད་ཐུབ་ན་ལེགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese