མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གངས་ཅན་རིག་གནས་སློབ་གྲྭའི་ནང་ཆོས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

གངས་ཅན་རིག་གནས་སློབ་གྲྭའི་ནང་། སློབ་ཕྲུག་སྐྱ་སེར་ཕོ་མོ་དབྱེར་མེད་དང་། རྒྱལ་ཁབ་དང་མི་རིགས་ཁྱད་མེད། ལོ་ན་རྒན་གཞོན་ཚད་བཀག་མེད་པའི་ཐོག་ནས་བསྡུ་རྒྱུ་ཡིན་ལ། སློབ་ཡུན་སློབ་མ་སོ་སོའི་འདོད་པ་ལྟར་དུས་ཡུན་ཐུང་ཤོས་བདུན་ཕྲག་གཉིས་ནས་རིང་ཤོས་ལོ་གསུམ་བར་ཡིན་ཟེར།

ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་བོད་མིའི་གཞིས་སྒར་གྱི་ཉེ་འཁྲིས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་གསར་འཛུགས་གནང་བའི་གངས་ཅན་རིག་གནས་སློབ་གྲྭ་རུ་ཉིན་ལྔའི་རིང་གི་༼ ནང་ཆོས་འཆད་ཉན་དང་བགྲོ་གླེང་འདུ་འཛོམས ༽ ཞུ་བ་དེ་དབུ་འཛུགས་བྱས་ཡོད། སྐུ་མགྲོན་གཙོ་བོར་རྒྱུད་སྨད་མཁན་རིན་པོ་ཆེས་དབུས་བའི་དགེ་བཤེས་ལྷ་རིམ་པ་རྣམ་པ་དང་སློབ་གྲྭའི་དགེ་ལས་སོགས་ཕེབས་འདུག་ལ། བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ངྷ་རམ་ས་ལའི་བོད་ཁྱིམ་སློབ་གྲྭ་དང་བྷེང་ལོར་མཐོ་སློབ། ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་སློབ་ཕྲུག་ཕོ་མོ་ ༨༠ ཙམ་ཆེད་བཅར་གནང་འདུག བགྲོ་གླེང་དབུ་འབྱེད་ཀྱི་ཐོག་མར་མཁན་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་སློབ་མ་དང་དགོན་པའི་དགེ་འདུན་པའི་བར་ནང་ཆོས་བགྲོ་གླེང་གནང་བའི་གལ་ཆེའི་རང་བཞིན་སྐོར་དང་། དེའི་རྗེས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གིས་བགྲོ་གླེང་ལ་ཕེབས་མཁན་སློབ་མ་རྣམས་དང་། གྲྭ་ཚང་གི་དགེ་འདུན་པ་མཉམ་ཞུགས་ཐོག་ནང་ཆོས་ཀྱི་སྤྱི་ཁོག་ངོ་སྤྲོད་གནང་ཡོད།

 

སྐབས་དེར་སློབ་གྲྭའི་དགེ་རྒན་ཡོན་ཏན་ནོར་བུ་མཆོག་གིས་སློབ་གྲྭའི་ལས་འཆར་གཙོ་བོ་ཁག་ངོ་སྤྲོད་གནང་དོན། ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདིར། དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་ལམ་སྟོན་ཅི་གནང་བ་བཞིན། ༼ གངས་ཅན་རིག་གནས་སློབ་གྲྭ ༽ ཞེས་པ་འདི་གསར་འཛུགས་གནང་བ་རེད། སློབ་གྲྭ་འདིར་དོན་གནད་དང་པོར། བོད་གྱི་རིག་གཞུང་གི་གཞི་རྩ་ནང་དོན་རིག་པ་དང༌རིག་གནས་གཞན་བཅས་ལ་སློབ་ཁྲིད་གནང་རྒྱུ་གཏན་འབེབས་གནང་སྟེ། འཆར་ཅན་གྱི་འཛིན་གྲྭ་ཚོགས་རྒྱུའི་ལས་རིམ་སྒྲིག་ཡོད། དེང་སྐབས་འཛམ་གླིང་འདིར་ནང་སེམས་རྒྱུད་མ་དུལ་བའི་དབང་གིས་དམག་འཁྲུག་དང༌། མི་གསོད་ཁྲག་སྦྱོར་སོགས་མི་འདོད་པའི་སྡུག་བསྔལ་ཡོང་གི་ཡོད་པ་དང་། གཉིས་པ་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པ་དག་ལས་གཟུར་གནས་བློ་ལྡན་ཚན་རིག་པའི་བཤད་ཚུལ་དང་མཐུན་པའི་ཆ་མང་དུ་ཡོད་ཅིང༌། དེ་དང་འདྲ་མཉམ་དུ་འགྲོ་ཐུབ་པ་ནི་ནང་པ་ཙམ་ཡིན་པ། གསུམ་པ། ཕྱི་དངོས་པོ་ཡར་རྒྱས་གཅིག་པུས་བདེ་སྐྱིད་བསྐྲུན་མི་ཐུབ་པ་མཐོང་ནས། ནང་སེམས་ཀྱི་སྦྱོང་བརྡར་ལ་བརྟེན་ཏེ། བདེ་སྐྱིད་བསྐྲུན་པའི་ནུས་པ་རླབས་ཆེན་ཡོད་པ་དངོས་ཡོད་ཡིན་པ། བཞི་པ། འཛམ་གླིང་ཞི་བདེ་ནི་སྤྱིའི་འགན་ཁུར་ཡིན་པའི་རྒྱུ་གཏིང་ཟབ་ཤོས་དེ་ནང་ཆོས་ནས་བཤད་པའི་བསླབ་བྱ་རྣམས་ཡིན་པ་ཁྱབ་སྤེལ་བཅས་ཡིན། ཞེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་གོང་གི་ལས་རིམ་དེ་དག་གི་དགོས་དམིགས་གསུངས་དོན། དང་པོ། རང་རེའི་བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་སྟབས། སློབ་ཕྲུག་རྣམས་ལ་འདབ་ཆགས་གཤོག་པ་གཉིས་ལྡན་ལྟར། ལུགས་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་དགོས་པ་དང༌། གཉིས་པ། དེང་སྐབས་རང་ཅག་རྣམས་གནས་སྡོད་བྱེད་ས་དེ་འཕྲུལ་རིགས་ཀྱི་རྣམ་གྲངས་དུ་མས་འཁྲུགས་ཆ་དོད་པོ་དང༌། ངོ་ཚ་ཁྲེལ་མེད་ཀྱི་ཁོར་ཡུག་ནང་འཚོ་གནས་བྱ་དགོས་སྟབས། རང་བཞིན་གྱིས་ཕ་མེས་ནས་ཡོད་པའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཉམས་ཆག་འགྲོ་ཡི་ཡོད་པ། གསུམ་པ། ༧གོང་ས་མཆོག་གིས་ནང་ཆོས་སློབ་སྦྱོང་བྱ་དགོས་ཞེས་ལན་གྲངས་བརྒྱ་ཕྲག་མང་པོ་བཀའ་ཕེབས་ཀྱི་ཡོད་སྟབས། བཀའ་གསུང་དང་ལེན་གྱིས་སྒྲུབ་པའི་མཆོད་པ་ཕུལ་བ་དང༌། བཞི་པ། དགོན་པ་གྲྭ་ཚང་ཆེན་པོ་ཞིག་གི་ངོས་ནས། མང་ཚོགས་སམ་སྤྱི་ཚོགས་ཞབས་ཞུ་འདི་གལ་ཆེན་ཞིག་ཡིན་སྟབས། གནས་སྐབས་གྲྭ་ཚང་ནས་དཔལ་འབྱོར་སོགས་ཀྱི་ཞབས་འདེགས་ཞུ་མ་ཐུབ་ཀྱང་། དང་བླངས་ཆོས་ཀྱི་ཞབས་འདེགས་ནི་འདི་ཕྱི་གཉིས་ཕན་གྱི་ཕུགས་རྒྱང་རིང་བའི་ཞབས་འདེགས་ཤིག་ཡིན། ཞེས་གསུངས་སོང་།

 

ཉིན་གུང་གསོལ་ཚིགས་བར་གསེང་དུ་གསར་འགོད་པའི་གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱིའི་ལས་རོགས་བློ་བཟང་ཟླ་བ་ལགས་སུ། སློབ་གྲྭའི་སློབ་དེབ་དང་སློབ་ཕྲུག་བསྡུ་སྟངས་སྐོར་དྲིས་པར་ཁོང་གིས། སློབ་གྲྭ་འདི་ཕྱི་ལོ་ ༢༠༠༧ ཟླ་ ༡ ནང་རྒྱུད་སྨད་ཀྱི་མདོ་སྔགས་བཤད་སྒྲུབ་སློབ་གྲྭ་དབུ་འབྱེད་ཐོག་༧གོང་ས་མཆོག་ཕེབས་སྐབས། ཁྱེད་རང་ཚོའི་སློབ་གྲྭ་འདི་ཧ་ཅང་ཡག་པོ་བྱུང་འདུག ད་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་འཛམ་གླིང་ཡུལ་གྲུ་གང་ནས་ཕེབས་ཀྱང་ནང་ཆོས་སློབ་སྦྱོང་བྱ་ས་ཡོད་པའི་ལྟེ་གནས་ཤིག་འཛུགས་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད། ཁྱེད་ཚོའི་ཁོར་ཡུག་ཏུ་ས་ཡག་པོ་འདུག་ཅེས་བཀའ་གནང་སོང་། ལོ་དེའི་ཟླ་ ༩ ནང་མགོ་འཛུགས་བྱས་ཏེ་ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༨ ཉིན་སྒོ་འབྱེད་གནང་བ་རེད། དེ་རྗེས་ནས་རིམ་པ་བཞིན་སྦེལ་ཀོབ་དང་ཧོན་སུར་གྱི་སློབ་ཕྲུག་དང་། དེ་བཞིན་མི་དམངས་བཅས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འགྲོ་བཞིན་པ་ཡིན། ཅེས་གསུངས་སོང་།

 

ཡང་ཁོང་ལ་སློབ་ཕྲུག་བསྡུ་སྟངས་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། སློབ་ཕྲུག་སྐྱ་སེར་ཕོ་མོ་དབྱེར་མེད་དང་། རྒྱལ་ཁབ་དང་མི་རིགས་ཁྱད་མེད། ལོ་རྒན་གཞོན་ལ་ཚད་བཀག་མེད་པའི་ཐོག་ནས་བསྡུ་རྒྱུ་ཡིན། སློབ་ཡུན་སློབ་མ་སོ་སོའི་འདོད་པ་ལྟར་དུས་ཡུན་ཐུང་ཤོས་བདུན་ཕྲག་གཉིས་ནས་རིང་ཤོས་ལོ་གསུམ་བར་ཡིན། འོན་ཀྱང་། མཐུན་རྐྱེན་ཆ་ཚང་གྲྭ་ཚང་གི་ངོས་ནས་བཏང་སྟེ་རིན་མེད་བྱ་རྒྱུ་ཅུང་ཁག་པོ་འདྲ་ཞིག་རེད། དེར་བརྟེན་དབྱེ་བ་གཉིས་ཕྱེས་ཏེ། བོིད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་མཁན་ཚོར་སློབ་ཟེར་ལ་འདྲ་། ཞལ་ལག་དང་ཆུ་རིན་གློག་རིན་གྱི་ཆེད་དུ་ཟླ་རེར་ཧིན་སྒོར་གཉིས་སྟོང་ ༢༠༠༠ རེ་དང་། དེ་མ་ཡིན་པའི་ཕྱི་རྒྱལ་ཁག་གི་མི་རིགས་ལ་ཟླ་རེར་ཧིན་སྒོར་བཞི་སྟོང་ ༤༠༠༠ རེ་བཅས་བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་དང་། སློབ་ཚན་གྱི་ཐད་ནས་ནང་ཆོས་གཙོ་བོར་གྱུར་བའི་བོད་པའི་རིག་ཕལ་ཆེ་བ་འཁྲིད་ཐུབ་རྒྱུར་ཐབས་ཤེས་གནང་གི་ཡོད་པ་རེད། དཔེར་ན། སངས་རྒྱས་ཀྱི་རྣམ་མཐར་ནས་མགོ་བཙུགས་ཏེ་བློ་རྟགས་འཕར་ཕྱིན། ལམ་སྔགས་གཉིས། རིག་གནས་ཀྱི་ཐད་ནས་མགོ་ཀ་ཁ་ནས་བཟུང་སྟེ། སུམ་དག་རྟགས་གསུམ་དང་སྙན་ངག དེ་བཞིན་བོད་པའི་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས་གཞན་དག་ཀྱང་ཟུར་ལྟའི་ཚུལ་གྱིས་ངོ་སྤྲོད་བཅས་ཡོད།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༢༠ སྔོན་ལ།
His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

༢༠༢༣/༠༦/༠༢
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡

མཆན། 11

  1. འཇིག་རྟེན་ says:
    ལོ་ 13 སྔོན།

    བཀའ་དྲིན་ཆེ་

    Reply
  2. ཀ་མིང་ཅན་པ། says:
    ལོ་ 13 སྔོན།

    ཧཧཧཧ་ང་གསར་འགྱུར་ལ་ཉན་འདོད་དང་ཀློག་འདོདད་ཡོད་་་་་་དྲ་གྲོགས་ཚོ

    Reply
  3. གངས་མྱུག says:
    ལོ་ 13 སྔོན།

    བྱ་བཞག་འདི་རླབས་ཆེན་དང་་གོང་ས་མཆོག་གི་དགོངས་གཞིའང་ཡིན་པས་ཡི་རང་ཞུ། ཡིན་ནའང་རང་རེའི་བོད་ཕྲུག་སྐྱོ་བོ་ཚོས་ནང་ཆོས་ལ་དོ་སྣང་བྱེད་སྐབས་ཟླ་རེར་དེ་དག་གི་ལག་ཏུ་སྒོར་ཉིས་སྟོང་ལེན་པ་ནི་ཡིད་ཕངས་པ་ཞིག་རེད། འདི་་་གོང་ས་མཆོག་གིས་གསན་སྐབས་ཀྱང་གང་འདྲ་ཡིན་ནམ། ཧོང་སུར་དུ་བོད་མི་སྐྱོ་བོ་མང་ཞིང་དེ་དག་གི་བུ་ཕྲུག་རྣམས་ཀྱང་ནང་ཆོས་སྦྱང་འདོད་ཀྱིས་བྱིས་པ་གཞན་མཉམ་དུ་དགོན་པའི་སློབ་གྲྭར་ཕྱིན་ན་ཕ་མ་དེ་དག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕར་མ་ཞིག་སྤྲོད་ངེས་པས་འགྲོ་འདོད་ཆེའང་འགྲོ་རྒྱུར་དཀའ། རྒྱུད་སྨད་ནི་་གོང་ས་མཆོག་གི་བཀའ་དགོངས་ལ་ཤར་སྐྱོད་བྱེད་པའི་དགོན་པ་ཚད་ལྡན་ཞིག་ཡིན་ཞིང་རྒྱུ་སྟོབས་ཀྱང་ཤིན་ཏུ་ཆེ་བས་དེའི་དབུ་ཁྲིད་དག་གིས་དགོངས་པ་ཆེར་བཞེས་ཀྱིས་རང་གི་མི་བུ་དེ་དག་ལ་རིན་མེད་ཀྱི་སློབ་སྦྱོང་ཞིག་སྤྲོད་རྒྱུར་ང་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་རེ་བ་ནན་ཆེེར་ཞུ་བཞིན་ཡོད།

    Reply
  4. སྐལ་བཟང་རབ་རྒྱས says:
    ལོ་ 13 སྔོན།

    ཧ་ཧ་ཧ་

    Reply
  5. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བློ་ཐག་སྔོན་ནས་བཅད་པས་དཔང་རྟགས་ངོས་སྤྲོད་བྱེད་པའི་ཆེད་དུ་མཚབ་བུ་འདི་བཀོད་པ་ཡིན།
    མཇལ་མ་མྱོང་ཀྱང་གོ་མྱོང་ཡོད་པའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་བསམ་ཚུལ་ལ་གུས་བརྩི
    ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།
    མཇལ་མ་མྱོང་ཀྱང་གོ་མྱོང་ཡོད་པའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་བསམ་ཚུལ་ལ་གུས་བརྩི་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་གསུངས་པ་རྣམས་དངོས་ཡོད་གནས་ཚུལ་ཞིག་དང་བོད་མི་རིགས་ཀྱི་བདེ་སྡུག་གི་རྩ་བ་ལ་ཐུག་ཡོད།

    ༡༽ཟམ་གདོང་བླ་མས་ཕྱི་རྒྱལ་འགྲོ་བ་ལ་བཀག་འགོག་བྱས་ཡོད་མེད་དང་བཙན་བྱོལ་གཞུང་གིས་ངོས་ནས་བཀག་འགོག་བྱས་ཡོད་མེད་ཀྱི་སྐད་ཆ་འདིར་༢༠༠༢་ཡན་མན་ནས་སྤྱི་ཚོགས་ནང་དུ་ཁྱབ། ཡིན་ནའང་ང་ཉམ་ཆུང་ཅོ་རིས་ངོས་ནས་མཁས་དབང་ཟམ་གདོང་བླ་མས་བཙན་བྱོལ་བོད་མི་ཉམ་ཐག་རྣམས་ཀྱི་ལྟོ་གོས་ལ་བསམ་གཞི་མེད་པའི་ཕྱག་ལས་གནང་གི་རེད་བསམ་པའི་སྣང་བའི་ཡུལ་ལ་ཡང་དྲན་མྱོང་མེད་ཁོང་ལ་ཡིད་ཆེས་ཡོད།

    ༢༽ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་༢༠༠༩ལོར་བཀའ་བློན་ཁྲི་པ་སུད་སིར་ཕེབས་སྐབས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ར་སྒང་ཚེ་རིང་ཕུན་ཚོགས་ཀྱིས་གནས་ཚུལ་སྦེལ་སྐབས་སུ་བཀའ་ཁྲི་མཆོག་གིས་གསུངས་དོན་དུ་ཁྱེད་རང་ཚོ་ནུབ་ཕྱོགས་སུ་པའི་བོད་མི་རྣམས་ཀྱིས་རང་གི་གཉེན་ཉེར་ངོ་ཤེས་རྣམས་ཚུར་ལེན་གྱི་བཞག་ནས་དེའི་ཚབ་ཏུ་ཚུར་མ་ཡོང་ཟེར་ནས་སློབ་བྱ་རྒྱག་རོགས་ཞེས་རེ་སྐུལ་གནང་སོང།

    ༣༽སྐད་ཆ་འདིར་ཡིད་ཆེས་མེད་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་མཛོད་ནང་དུ་ཚར་གཅིག་གཟིགས་རོགས་གནང་དང་དེ་ནས་ཧ་གོ་ཡོང་གི་རེད།

    ༤༽བཀའ་ཁྲིའི་གསུངས་བཤད་དེར་གོ་བ་ནས་བཟུང་ང་ཅོ་རི་སེམས་ལ་སྡུག་གི་མུན་པ་ཆགས་པ་དང་ཡར་ཁུང་མཆི་མའི་གང་བའི་བློ་ཕམ་སླེབས་སོང། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ལས་མེད་ཚོའི་ནི་རང་གིས་རང་ཉིད་ཀྱི་ལྟོ་གོས་ཡག་པོ་ཞིག་འགྲུབ་ཐབས་མེད་པའི་གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་དེར་མཐུན་འགྱུར་གྱི་རོགས་རམ་མེད་པར་བཀག་འགོག་བྱས་པ་འདིར་མཐའ་གཅིག་ངོ་རྒོལ་ཡོད།

    ༥༽དེ་རིང་ཁྱེད་ཀྱིས་བསམ་ཚུལ་འདི་འདྲ་ཞིག་སྤེལ་པ་དེར་ང་ཉམ་ཆུང་ཅོ་རི་ངོས་ནས་ཨ་སྒོར་སྟོང་གཅིག་ཐོབ་པ་ལས་ཀྱང་དགའ་སྤྲོ་ཆེན་པོ་བྱུང། བཙན་བྱོལ་གཞུང་གིས་ངོས་ནས་འགྱུར་བ་གཏོང་དགོས་ངེས་རེད།་་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་བོད་མི་ལོ་ཆུང་ལས་མེད་ཚོ་མི་ཚེ་སྟོང་ཟད་གཏོང་ནས་བཞག་པ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུར་མཐའ་གཅིག་ཏུ་སེམས་ཐག་བཅད་ནས་སྡོད་ཡོད།

    ༦༽བཙན་བྱོལ་བོད་མི་ཉམ་ཆུང་ལས་མེད་རྣམས་ཕྱི་རྒྱལ་ལ་ལེན་ཐབས་གཙོ་བོ་གཞུང་གིས་ངོས་ནས་ཨ་རི་ལྟ་བུ་ལ་འབྲེལ་བ་བྱེད་ནས་གཞུང་འབྲེལ་གྱི་ཐོག་ནས་ལེན་ཐུབ་པ་ཡིན་ན་སྤུན་གྲོགས་ཚོ་སླེབས་ཚར་སྐབས་སུ་སྡོད་ཆོག་པའི་ལག་ཁྱེར་ཡག་པོ་ཐོབ་པ་དང། འགྲོ་སོང་ཉུང་བ་བཅས་ཀྱི་བོད་མི་རྣམས་ལ་ཁེ་ཕན་ཆེ་བ་ཡོད། ༧༽གལ་སྲིད་དེ་ལས་ལྷག་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ཨ་རིའི་ལྟ་བུ་ལ་བོད་མིའི་གཞི་ཆགས་གསར་རྒྱག་བྱ་ཐུབ་ན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་རྒྱ་གར་ལས་ལྷག་ཡོང་ངེས་རེད། བོད་དོན་འཐབ་རྩོད་ཐོག་ཏུ་ཡང་ནུས་པ་ཡག་པོ་ཐོན་གྱི་རེད།

    ༩༽གཞུང་གིས་ངོས་ནས་བོད་མི་ཕྱི་རྒྱལ་གཏོང་ཡ་དང་ནུབ་ཕྱོགས་ཡུལ་དུ་གཞི་ཆགས་གསར་རྒྱག་བྱེད་ཐུབ་དགོས་ན་དང་པོ་བཀའ་སྤྱི་གཉིས་ཀྱི་ངོས་ལེན་གནང་དགོས། བཀའ་སྤྱིོ་གཉིས་ཀྱི་ངོས་ལེན་ཡོང་བའི་ཆེད་དུ་ང་རང་ཚོའི་སྤུན་གྲོགས་ཚང་མས་ཅི་ཞིག་བྱ་དགོས་སམ་་་་ལྷ་མོ་སྐྱབས་གསུངས་དང། ང་རང་ཚོའི་དང་པོ་འགོ་འཛུགས་ས་བཀའ་སྤྱི་གཉིས་ཀྱི་རྒྱབ་སྐྱོར་ཐུབ་པ་བྱ་དགོས་དུས་་་ག་འདྲ་བྱེད་ན་ཡག་གི་རེད་དམ། ངས་བསམ་ཚུལ་ལ་བཀའ་སྤྱི་བསམ་མེད་འདི་ཚོ་བརྗེ་པོ་རྒྱག་ཚར་དུས་མ་གཏོགས་ཟམ་གདོང་བླ་མས་ཉན་མདོག་ཁག་པོ་མ་རེད་དྲན་གྱི་འདུག སྤུན་གྲོགས་ཚོ་མས་ཐབས་ལམ་ཡོད་པ་རྣམས་གསུང་རོགས་གནང་་་་ང་ཅོ་རི་མི་ནག་ཆགས་སོང་ཡང་མདུན་དུ་འགྲོ་ཆོག འདི་ནི་བོད་མི་རིགས་ཀྱི་བདེ་སྡུག་ལ་ཐུག་ཡོད་་་་་་་གསུང་རོགས་གནང་ལམ་སྟོན་ཡག་པོ་ཞིག་་་ལྷ་མོ་སྐྱབས་ལགས་ཅི་འདྲ་དགའ་ས་རེད། སྤུན་གྲོགས་རྨེའུ་དཀོན་རྒྱམ་ལགས་ཁྱེད་ཉིད་ནི་སྐྱེས་ཕོ་རབ་ཡི་མཚན་ཉིད་ཚང་བའི་མི་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། རྡ་ས་སྡོད་ཡོད་ན་བཀའ་སྤྱི་གཉིས་རྒྱུས་མངའ་ཆེ་བའི་ཅི་དགའ་གང་མཐུན་གྱི་ལམ་སྟོན་རེ་གནང་རོགས་ཞུ།

    འདོན་སྤེལ།: ༢༠༡༠/༠༥/༡༤
    ཅོ་རི་ཉི་མ།
    ༢༠༡༠/༠༨/༢༤ ཉིན་འདོན་སྤེལ་བྱས། ཡང་བསྐྱར་ཞུ་ཡ་གཅིག་བཙན་བྱོལ་བོད་མི་ཉམ་ཚོའི་འཚོ་བའི་ལྟ་གོས་ཀྱི་ཆེད་དུ་རང་སྲོག་དོར་དགོས་བྱུང་ན་འགྱོད་པ་མེད་པར་བསམ་བློ་སྔོན་ལ་གཏང་ནས་བསྡད་ཡོད།
    བོད་པའི་སྤྱི་ཚོགས་ནང་དུ་མི་ནག་ཆགས་ཀྱང་དེ་ལས་འགྱོད་པ་ཙམ་སྤུ་མེད།
    ཤེས་སོང་ངམ་་་་མི་ཉག་བཙན་པོ་ལགས་་་་རང་ཐག་རང་བཅད་ཀྱི་གྲལ་སྒྲིག་བྱས་ནས་བོད་མི་ཉམ་ཐག་ཚོའི་ཆེད་དུ་མུ་མཐུད་ནས་འཐབ་རྩོད་བྱེད་ངེས་ཡིན།
    ཆད་ལྷག་ཤོར་འདུག་པས་གསར་དུ་བཀོད་ཡིན།
    ཅོ་རི་ཉི་མ།
    ༢༠༡༠/༠༨/༢༤ ཉིན་འདོན་སྤེལ་བྱས། ཡང་བསྐྱར་ཞུ་ཡ་གཅིག་བཙན་བྱོལ་བོད་མི་ཉམ་ཚོའི་འཚོ་བའི་ལྟ་གོས་ཀྱི་ཆེད་དུ་རང་སྲོག་དོར་དགོས་བྱུང་འགྱོད་པ་མེད་པར་བསམ་བློ་སྔོན་ལ་གཏང་ནས་བསྡད་ཡོད།
    བོད་སྤྱི་ཚོགས་ནང་དུ་མི་ནག་ཆགས་ཀྱང་དེ་ལས་འགྱོད་པ་ཙམ་སྤུ་མེད།
    ཤེས་སོང་ངམ་་་་མི་ཉག་བཙན་པོ་ལགས་་་་རང་ཐག་རང་བཅད་ཀྱི་གྲལ་སྒྲིག་བྱས་ནས་བོད་མི་ཉམ་ཐག་ཚོའི་ཆེད་དུ་མུ་མཐུད་ནས་འཐབ་རྩོད་བྱེད་ངེས་ཡིན།
    ཅོ་རི་ཉི་མ།
    ༢༠༡༠/༠༨/༢༤ ཉིན་འདོན་སྤེལ་བྱས། མི་ཉག་བཙན་པོ་ལགས་ཁྱོད་ཀྱིས་ཁྲིམས་འགལ་རེད་ཟེར་བ་རྣམས་གཅིག་ཀྱང་ཁས་ལེན་བྱེད་ཀྱི་མིན། ཁྱོད་ལས་ལྷག་པ་ཁྲིམས་ལུགས་ལ་ཞིབ་འཇུག་བྱས་མཁན་སུད་སི་རྒྱལ་ཁབ་ཡོད་རེད། གལ་སྲིད་ཁྱོད་རང་ཁྲིམས་གཏུག་བྱ་འདོད་ཡོད་དང་དངོས་ཡོད་བདེན་དཔང་ཡོད་ན་ཕེབས་ཤོག
    ང་ཅོ་རི་ཤི་སྲོག་ལ་ཐུག་ཀྱང་ཕྱི་ནུབ་མི་བྱེད་ཐག་ཡིན། གཞན་ཧམ་བཤད་བསྒྲགས་མ་བསྡད།་་་ཧ་ཧཧ་ཧཧ་
    ཅོ་རི་ཉི་མ།
    ༢༠༡༠/༠༨/༢༤ ཉིན་འདོན་སྤེལ་བྱས། མི་ཉག་བཙན་པོ་ལགས་་་་ཟམ་གདོང་བླ་མ་དང་ཁྱེད་གཉིས་ཀྱིས་ཁྲིམས་འགལ་རེད་ཞེས་ལབ་བསྡད་པར་ལས་ཁྲིམས་གཏུག་བྱེད་མ་གང་ཡིན་ནམ།
    ཁྲིམས་གཏུག་བྱེད་འདོད་ཡོད་ན་ཕེབས་ཤོག

    Reply
  6. kalsang says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. kaltso says:
    ལོ་ 13 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།ཁྱེད་རང་སྐབས་གསུམ་པའི་བཀའ་ཁྲི་ལ་ཕེབས་པར་དགའ་བསུ་ཡོད།འོན་ཀྱང་དམངས་ཀྱི་རེ་བ་དེ་ཆུད་ཟོས་སུ་མ་གཏོང་རོགས།

    Reply
  8. ལྷོ་མཐའི་ཉི་ཟེར། says:
    ལོ་ 13 སྔོན།

    བཀྲིས་བདེ་ལེགས།། རྗེས་སུ་ཡི་རངས་ཡོད།། །།

    Reply
  9. རྐང་གསུམ། says:
    ལོ་ 13 སྔོན།

    འདི་ལྟར་བྱེད་ཐུབ་པ་ནི་བཀའ་དྲི་ཞུ་འོས་པ་ཞིག་རེད། ཁྱེད་ཚང་ལ་བཀའ་དྲིན་ཞུ།

    Reply
  10. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ད་སྲིད་མ་རིག་ཁོ་ཐག་ཆད་ཐལ། ད་ལྟའི་བར་དུ་ང་ཚོར་གཞན་གྱིས་བརྙོས་བཅོས་ཐེབས་དོན་གཙོ་བོ་ནི་ནང་ཆོས་མཁྱེན་མཁན་མེད་པས་ཨེ་ཡིན། ཕྱི་ལོ་ང་དགུའི་ཡར་སྔོན་ནས་ནང་ཆོས་སྟོབས་ཀྱིས་དར་བ་མ་ཡིན་ནམ། ཐུགས་རྗེ་གཟིགས། ད་འཐབ་བརྩོད་ཀྱི་ནུས་པ་ལྡན་པའི་རིག་གནས་སྙིང་སྟོབས་ཤིག་དང་། འཐབ་བརྩོད་ཀྱི་སེམས་ཁམས་ལྡན་པའི་མི་རབས་ན་ཟུག་ཅན་ཞིག་གཉོར་དགོས་ཀྱིན་འདུག ད་སློབ་མ་ཚོ་གྲྭ་སར་བསྡུ་བ་ལས་གྲྭ་སའི་གྲྭ་བཙུན་དག་གི་འདུལ་ཁྲིམས་དམ་གཙང་ཞིག་ཉར་ཨེ་ཐུབ་ལྟོས་དང་། དེང་སྐབས་བོད་ཕྱི་ནང་གཉིས་གཙོས་སྤྱི་ཚོགས་གང་ཡིན་སར། བོད་པའི་གྲྭ་བའི་མཐོང་ཆག་གིན་འདུག མི་དམངས་ཀྱི་སེམས་ནང་གི་བོད་པའི་གྲྭ་བཙུན་གྱི་མཐོང་དེ་མི་ཉམས་རྒྱུན་འཛིན་བྱ་ཐུབ་པ་བྱུང་ན། དེ་མི་དམངས་ཆོས་ལ་དད་བྱེད་ཀྱི་ས་བོན་རེད་ལ། གཞན་གྱིས་བོད་བཀུར་བྱེད་ཀྱི་ཐབས་ཀྱང་རེད།

    Reply
  11. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ནས་གོང་ས་མཆོག་གིས་བཀའ་སློབ་ལ་བདེན་པ་མིན་ཁུལ་བཤད་པའི་
    མཆན་ལ་ལེན་ཡིན་པས་རྩོམ་སྒྲིག་པ་ནས་ངེས་པར་ངོས་ལེན་ཡོད་པ་མཁྱེན།
    ཅོ་རི་ཉི་མས་ཟམ་གདོང་བླ་མས་དཀྲུགས་ཤིང་རྒྱག་གི་ཡོད་པའི་ཚོར་སྣང་གཅིག་སླེབས་ཡོང་གི་འདུག་ཅེས་ཧམ་བཤད་དང་གོང་ས་མཆོག་གིས་བཀའ་སློབ་བདེན་པ་མིན་ཚུལ་ཧམ་པ་བཤད་པ་ལ་གསལ་བཤད་མདོར་བསྡུས་ཤིག་
    ཅོ་རི་ཉི་མ་ཁྱོད་ཀྱིས་ཐོག་མར་སུ་སི་ལ་འགྲོ་བསྐྱོད་ཆོག་མཆན་ཞུ་སྐབས་རྫུན་གཏམ་བརྗོད་མི་ལངས་པ་ཞིག་བཤད་པ་དང་ཚུལ་ལོག་རྒྱུའི་ཁས་ལེན་རྫུན་མ་བྱས་པ་དེ་
    ཁྲིམས་འགལ་དང་པོ་དེ་རེད།
    སུ་སི་སླེབས་ནས་སྐྱབས་བཅོལ་ལ་འཛུལ་ཞུགས་སྐབས་ཧམ་བཤད་དང་རྫུན་ཚིག་
    སྤེལ་བའི་ཕྲེང་བ་སྒྲུང་རྫུན་ཞིག་གི་བརྒྱུད་སྐྱབས་བཅོལ་བ་བྱས་པ་དེ་ཁྲིམས་འགལ་གཉིས་པ་དེ་རེད།
    བོད་ནས་ཡོང་དགོས་དོན་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཡོད་ཁུལ་ཧམ་བཤད་དང་རྫུན་བྱུས་ལ་བརྟེན་ནས་སུ་སི་ལ་བསྡད་པ་དེ་ཁྲིམས་འགལ་གསུམ་པ་དེ་རེད།
    ཕྱིས་སུ་སུ་སི་གཞུང་གིས་ལས་ཀ་བྱས་ཆོག་པའི་ཆོག་མཆན་མེད་པར་ལས་ཀ་ནག་པོ་བྱས་ནས་སྒོར་མོ་བསགས་པ་དེ་སུ་སི་གཞུང་གི་ཁྲིམས་འགལ་གྱི་ལས་ཀ་ཆེ་ཤོས་ཞིག་རེད་ལ་ཁྱོད་ཀྱིས་བྱས་པའི་ཁྲིམས་འགལ་བཞི་པ་དེར་རེད།
    ་ལས་ཀ་དེ་དག་ཁྱོད་ཀྱིས་ཁྲིམས་འགལ་ཡིན་པ་མ་ཤེས་སམ་ཡང་ཤེས་ཀྱང་ཧམ་པ་
    བཤད་པ་གང་ཡིན།
    གོང་ས་མཆོག་གིས་སུ་སི་ཕེབས་སྐབས་བཀའ་སློབ་འདི་འདྲ་བ་ཐེངས་ཁ་ཤས་གསུངས་ཡོད་ཀྱང་ཁྱོད་ཀྱིས་མ་གོ་བ་ཡིན་ནམ་ཡང་ན་དངུལ་ལ་ཞེན་ཆགས་ཆེ་དྲག་བས་ཡིད་འཇོག་མ་ཐུབ་པ་ཡིན་ནམ།
    ཟམ་གདོང་རིན་པོ་ཆེ་ནས་གསུངས་པ་གང་ཡིན་པ་དེ་བདེན་པ་རེད་བདག་ལ་མཚོན་ན་ཤེས་ཡོན་ཅན་ཞིག་མིན་ལ་ཆབ་སྲིད་པ་ཞིག་ཡང་མིན་ཁྱོད་ལྟ་བུའི་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་ཞིག་དང་གྲྭ་ལོག་ཞིག་དེ་བས་མིན།ཡིན་ན་ཡང་ཁྱོད་ཀྱིས་
    ལས་ཀ་རྣམས་ཁྲིམས་འགལ་ཡིན་པ་ངས་ཤེས་སོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist