མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་ལྡུད་པ་དང་ཁྲག་འཇིབ་པ་དུས་མཉམ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལྷ་སར་མདོ་དབུས་མཐོ་སྒང་གི་གཏེར་རྫས་རྩད་ཞིབ་བསྔོགས་འདོན་ཐད་ཀྱི་ཚོགས་འདུ་བསྡུས་ཏེ་བོད་ཁུལ་གྱི་ཐོན་འབྱེད་ལས་གཞི་སྔར་ལས་མང་དུ་གཏོང་བ་ལས་ཉུང་འཕྲི་མི་བྱེད་པ་དང་། ཁྲག་ལྡུད་པ་དང་ཁྲག་འཇིབ་དུས་མཉམ་བྱེད་དགོས་པའི་སྲིད་ཇུས་བཏོན་འདུག   

ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན། ལྷ་ས་རུ་ “རྒྱ་ནག་རྒྱལ་ཡོངས་ས་ཆ་ཐོན་ཁུངས་ཚན་པའི་བོད་སྐྱོར་ལས་དོན་དང་མདོ་དབུས་མཐོ་སྒང་གི་གཏེར་རྫས་རྩད་ཞིབ་དང་གདེང་འཇོག་ཆེད་གཉེར་རྣམ་གྲངས་ཕྱི་ལོ་ ༢༠༡༠ ལོའི་ལས་དོན་ཚོགས་འདུ” ཟེར་བ་སྐོང་འཚོགས་བྱས་ཏེ། བོད་ཁུལ་གྱི་གཏེར་ཁུངས་ཐོན་འབྱེད་ལས་གཞིར་རྒྱ་གཞུང་གིས་རོགས་སྐྱོར་མ་དངུལ་ཐད་གཏོང་བྱ་རྒྱུ་ཡིན་པར་མ་ཟད། གཞན་ཡང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཚན་པ་ནས་ལག་རྩལ་དང་མི་ཤུགས། དམག་ཆས། ས་གཤིས་གཏེར་རྫས་དཔྱད་ཞིབ་བཅས་རྣམ་གྲངས་འདྲ་མིན་ཐད་རོགས་དངུལ་རྒྱ་སྒོར་དུང་ཕྱུར་ ༡༤་༥ གཏོང་རྒྱུ་ཡིན་པ་དང་།  རྒྱ་ནག་རྒྱལ་ཡོངས་ནས་ས་གཤིས་ཉམས་ཞིབ་ཐད་ཀྱི་ལས་མི་ཁྲི་ ༡་༣ བོད་དུ་བཏང་སྟེ་ས་གཤིས་གཏེར་རྫས་རྩད་ཞིབ་དང་། རྒྱལ་ཡོངས་ས་དབྱིབས་ཐིག་ལེན་ཚན་པས་འཕྲད་རྐྱེན་གནོད་སེལ་བྱ་ཐབས་ཀྱི་ས་གཤིས་བརྡ་འཕྲིན་རྨང་གཞིའི་ལས་གཞི་འདིང་རྒྱུ།  དེ་མིན་ཁ་གཏད་རོགས་སྐྱོར་ཞིང་ཆེན་རིམ་པ་ཁག་དང་། བཅིངས་འགྲོལ་དམག་ས་ཆ་དོ་དམ་ཁང་བཅས་ཀྱིས་བོད་ཁུལ་ཐོན་འབྱེད་ལས་འཆར་ཐོལ་བརྒལ་ལེགས་འགྲུབ་ཡོང་ཆེད་རྒྱ་སྒོར་དུང་ཕྱིར་ ༡ བཏང་ནས་བོད་ལྗོངས་ཀྱི་ཁུལ་ལམ་གྲོང་ཁྱེར་ ༧ དང་། རྫོང་ ༧༤ ལ་ཆེད་སྤྱོད་རླངས་འཁོར་དང་གཞུང་སྒྲུབ་མཁོ་ཆས་བསྐྲུན་རྒྱུ་ཡིན་ཚུལ་བརྗོད་ཡོད།
 

ཁྲག་ལྡུད་པ་དང་ཁྲག་འཇིབ་པ།

 

རྒྱ་གཞུང་གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཚན་པའི་གཞུང་འབྲེལ་དྲ་ངོས་སུ་གནས་ཚུལ་སྤེལ་དོན། ལོ་ལྔ་ཚན་བཅུ་གཅིག་པའི་མཇུག་མཐའི་ལོ་གསུམ་གྱི་རིང་ལ། རྒྱ་ནག་ས་ཆ་ཐོན་ཁུངས་ཚན་པས་བོད་ཁུལ་གྱི་ཐོན་འབྱེད་ལས་གཞི་སྔར་ལས་མང་དུ་གཏོང་བ་ལས་ཉུང་འཕྲི་མི་བྱེད་པ། ཁྲག་ལྡུད་པ་དང་ཁྲག་འཇིབ་པ་དུས་མཉམ་བྱེད་དགོས་པའི་ལས་གཞི་གཏན་འབེབས་ཀྱིས།  

ཆེད་མཁས་པ་ ༢༠ འདེམས་སྒྲིག་གིས་བོད་ཁུལ་གྱི་གཏེར་ཁུངས་ཐོན་འབྱེད་རྐང་འཛིན་ལས་མི་ ༨༦༠ ལྷག་གསོ་སྐྱོང་བྱེད་བཞིན་པ་དང་། ད་ལྟ་ཆེད་སྦྱོང་ཐོབ་པའི་རྐང་འཛིན་ལས་མི་ ༣༩ བོད་ཁུལ་དུ་ཆེད་གཏོང་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་ཆ་ས་ཐོན་ཁུངས་ཚན་པའི་མི་ ༢༦ ཙམ་རྒྱལ་ཁབ་ཀྱི་པུའུ་རིམ་པ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་ཁག་ཏུ་ཆེད་སྦྱོང་དུ་གཏོང་རྒྱུ། གཞན་ཡང་། རྒྱ་ནག་ས་གཤིས་གཏེར་རྫས་བརྟག་དཔྱད་འབྲེལ་ཡོད་ཚན་པས་བོད་ཁུལ་ཡོངས་སུ་ ༡ བསྡུར་ ༢༥(ཁྲི)  ་ས་ཁུལ་རིམ་པའི་ཞིབ་བཤེར་དང་། ༡ བསྡུར་ ༡༠༠ (ཁྲི) ་མཁའ་ཐོག་ཁབ་ལེན་དཔྱད་ཞིབ་ཀྱི་ལས་གཞི་ཡོངས་སུ་གྲུབ་སྟེ། མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་དངོས་ཁམས་རྒྱུ་ཆའི་ས་གཤིས་རྨང་གཞི་ཆེས་ཕུན་སུམ་ཚོགས་པའི་ཁུལ་ཡིན་ལ། ད་ལྟ་མདོ་དབུས་མཐོ་སྒང་གི་སྐམ་ས་ཆེན་པོར་ཆེས་ཐོག་མར་ཐོན་འབྱེད་ཚན་རྩལ་མ་ལག་གསར་དུ་ཚུགས་བཞིན་ཡོད་པ་དང་།  གངས་ཏི་སེ་དང་། སྤང་གོང་མཚོ། བོད་ཤར་ཁུལ་གྱི་གཙང་གསུམ་ཁུལ། མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དང་བོད་ནུབ་བྱང་ཚྭ་མཚོའི་ཁུལ་སོགས་སུ། ཟངས་བསགས་འབོར་ཏུན་ཁྲི་ ༢༠༠ དང་། ཞ་ཉེ་དང་ཏི་ཚའི་བསགས་འབོར་ཏུན་ཁྲི་ ༡༠༠ ། ཀེ་ལྕགས་བསགས་འབོར་ཏུན་ཁྲི་ ༥༠ བཅས་གཏེར་རིགས་སྣ་ཁ་ ༡༡༠ ་དང་། གཏེར་རྫས་ཅན་གྱི་ས་ཁུལ་ ༣༠༠༠ ལ་རྙེད་ཡོད་པ་རེད། དེའི་ཁྲོད་ཀེ་དང་ཟངས་ཀྱི་གཏེར་ཁའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་རིམ་ ༡ པོ་དང་། ཏེར་རིགས་སྣ་ཁ་ ༡༢  ཨང་རིམ་ ༥ པ་དང་།   གཏེར་རིགས་སྣ་ཁ་ ༡༨ ་ཨང་རིམ་ ༡༠ ་པར་སླེབས་ཡོད་ལ། གཏེར་རྫས་ཐོན་ཁུངས་ཀྱི་མི་མངོན་པའི་རིན་ཐང་ནི་རྒྱ་སྒོར་དུང་ཕྱུར་ ༦༠༠༠ ཡན་ཟིན་ཡོད་ཟེར།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༦ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 8

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཁྲག་ལྡུད་པ་དང་ཁྲག་འཇིབ་པ་དུས་མཉམ་བྱེད་དགོས། ༽༽་ཚིག་འདི་ཀློག་ཚེ་ཚོལ་བ་ཡོད་ཚད་ཟང་ཟིང་དུ་གྱུར་སོང་། སྐྲགནི་ཞིག་རེད
    ཚོལ་བ་གཏང་སྙོམས་པ་ཚོ་མངོན་དུ་གྱུར་རེན་ཚོད་དུ་གདའ

    Reply
  2. kalsang says:
    ལོ་ 16 སྔོན།

    རྒྱ་ནག་གིས་ཕྱི་རྒྱལ་ཁབ་༡༧ཁག་ལ་ཚྭ་ཡི་ཚོང་འབྲེལ་བྱེད་ཀྱིན་ཡོད་ལ་ཚྭ་ཡི་གཏེར་ཁ་དེ་བོད་པའི་མཚོ་སྔོན་པོའི་ཉེ་འགྲམ་དུ་ཡོད།

    Reply
  3. འོས་ལངས། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་མགོ་གཙོ་ཚོ། བོད་དེ་ཤ་ཟད་ཀེང་རུས་ལ་ཐུག་དུས་ཁྱེད་ཚོ་གཞི་ནས་བོད་དུ་ལོག་རྒྱུ་ཡིན་པ་འདྲ། དེ་དུས་བོད་ཅེས་ཟུར་དུ་བརྗོད་མ་དགོས་པར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་མིའི་ཚུལ་གྱིས་ལོག་རྒྱུ་ཡིན་ཤག་རེད། ཁྱེད་ཚོས་བོད་ཅེས་ཟུར་དུ་གླེང་མི་ཐུབ་ན། ཁྱེད་ཚོས་རྒྱ་འདྲེ་ཚོར་སྐྱོན་བརྗོད་བྱེད་མི་ཐུབ་ན། ནམ་ཡང་བརྙས་བཅོས་དང་དཀའ་སྡུག་མྱོང་བཞིན་པའི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཇི་ལྟར་བྱེད་ཀྱི་ཡོད་དམ། ཁྱེད་ཚོར་བོད་དང་བོད་དོན་མི་དགོས་ན་བོད་མི་རིགས་འདི་ཁ་ལ་མ་འཁྱེར་རོགས།

    Reply
  4. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    ད་ཡིན་ན་ངའི་ཕ་གཞིས་དྲོད་མོ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཁྲག་དང་རྔུལ་ཆུར་བརྗེས་ནས་སྲུང་སྐྱོབ་བྱས་པ་ངའི་མི་ཐོག་འདིའི་སྒང་ཕ་ས་ཤོར་བ་མ་ཟད་ཕ་གཞིས་སྟོང་པར་བཟོས་སོང་།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    བོད་མི་སྤྱིའི་བསོད་ནམས་མ་བསག་ན་རྒྱ་གཞུང་གིས་གཏེར་རྫས་བཏོན་ངེས་རེད། ཡང་བོད་ལ་ས་ཡོམ་དང་ཆུ་ལོག་ཡོང་ངེས་ཡིན། དེའི་སྐབས་ཡང་སྔོན་བསག་གི་ལས་རེད་ཅེས་གླེང་དགོས་རྒྱུ་རེད། དེང་དུས་ངན་སྙིགས་མ་ལྔ་བདོ་ཡིན་སྟབས། རྒྱུ་གཞན་གྱིས་བསག་ན་ཡང་འབྲས་བུ་ང་ཚོར་སྨིན་རྒྱུ་རེད།

    Reply
  6. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ཨོ བཤད་རྒྱུ་ཅིག་ལ་གཟའ་ཉི་མར་ཡང་གསར་འགྱུར་རེ་གཉིས་བཏུས་ནས་སྤེལ་གྱིན་པ་འདི་ནི་དུས་བབ་ཚང་གི་ཡར་རྒྱས་ཅིག་རེད་མོད། ད་རུང་ཆ་སྙོམས་བྱས་ན་གསར་འགོད་པ་གཅིག་གིས་ཉིན་རེར་གསར་འགྱུར་གཅིག་ཙམ་ཡང་འགོད་ཀྱིན་མེད་པའི་དུས་བབ་ཚང་གི་གསར་འགོད་པ་འདི་ཚོ་ཡང་ཅི་འདྲའི་སྒྱིད་ལུག་ཏག་ཏག་རེད་ཨང་།

    Reply
  7. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ཟམ་གདོང་ཚང་གཙོ་བྱས་པའི་བཙན་བྱོལ་སྲིད་གཞུང་གིས་ཕུག་བསམ་རིང་ལུགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་རྒྱུན་མཐུད་དེ་དུས་འདས་པར་བྱས་དང་། བོད་ཀྱི་ཁྲག་འཇིབ་ནས་ཚར་ནས་ཤ་དང་རུས་པ་ཁོ་ན་ལུས་དུས་རྒྱལ་ཁབ་ཐོབ་ངེས་ཡིན།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་་། གཏེར་རྫས་ཐོན་ཁུངས་ཀྱི་མི་མངོན་པའི་རིན་ཐང་ནི་རྒྱ་སྒོར་དུང་ཕྱུར་ ༦༠༠༠ ཡན་ཟིན་ཡོད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese