མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་འོས་སྦྱོང་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp
ས་རཱ་མཐོ་སློབ་ཏུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཐེངས་གཉིས་པ་མགོ་འཛུགས་བྱས་པ།
དེ་རིང་བོད་གཞུང་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཐེངས་གཉིས་པ་མགོ་འཛུགས་ཞུས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཕེབས་ཡོད་འདུག
དབུ་འབྱེད་མཛད་སྒོའི་ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་དགེ་རྒན་འོས་སྦྱོང་གི་དུས་ཡུན་ནི། འདི་ལོའི་ཟླ་ ༩ ཚེས་ ༡ ནས་༢༠༡༢ ལོའི་ཟླ་ ༣ ཚེས་ ༣༠ ཉིན་བར་ཡིན་པ་དང་། འོས་སྦྱོང་ཁོངས་སུ་ཤེས་ཡོན་སྲིད་བྱུས་དགོས་མཁོ་དང་འཚམ་པའི་ཉེ་བའི་གཙུག་ལག་རབ་འབྱམས་ (BA) སློབ་ཐོན་པ་ ༡༤ འཛུལ་ཞུགས་གནང་ཡོད་ཅིང་། འོས་སྦྱོང་རིང་ཤེས་ཡོན་གྱི་ལྟ་གྲུབ་དང་ཤེས་ཡོན་གྱི་ལོ་རྒྱུས། བྱིས་པའི་སེམས་ཁམས་རིག་པ། གཞི་རིམ་འོག་མའི་སློབ་ཚན་ཁག་གི་སློབ་ཁྲིད་ཐབས་ལམ། གཞན་ཡང་ཤེས་ཡོན་སྲིད་བྱུས།  རིགས་ལམ། དམིགས་བསལ་ཤེས་ཡོན། སློབ་འཁྲིད་སྦྱོང་བརྡར་བཅས་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུངས་ཡོད། 
ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ཉག་ཕྲ་བའི་སྐབས་སུ་དགེ་རྒན་གྱི་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ་ནི་ངོ་མཚར་སྨད་དུ་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་གཞི་རིམ་འོག་མའི་དགེ་རྒན་ཁོངས་སུ་ཤེས་ཡོན་སྲིད་བྱུས་དང་དགོས་མཁོའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་ལེགས་ཐོན་ཐོག་བརྒྱ་ཆ་ ༥༠ ཡན་ལོན་པ་ཤ་སྟག་མཉམ་ཞུགས་གནང་བ་ནི་བསྔགས་བརྗོད་གནང་བར་མ་ཟད། ཁོང་གིས། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་དགེ་རྒན་ཚད་ལྡན་ཡོང་ཐབས། དགེ་རྒན་གྱི་གལ་གནད། འོས་སྦྱོང་གི་དུས་ཚོད་དང་གོ་སྐབས་དམ་འཛིན་གནང་ཐབས་སྐོར་གྱི་གསུང་བཤད་གནང་འདུག
ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ནས་བཟུང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྔོན་འགྲོ་དང་གཞི་རིམ་འོག་མ།  གཞི་རིམ་བར་མ།  ཆོས་དགེ་བཅས་ཀྱི་འོས་སྦྱོང་ཁག་ལྔ་ཙམ་གོ་སྒྲིག་ཞུས་པའི་ནང་དགེ་རྒན་ ༡༢༩ ཙམ་གསོ་སྐྱོང་ཐུབ་པ་བྱུང་ཡོད་སྐོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འགྲེལ་བརྗོད་གནང་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཤེས་རིག་དྲུང་ཆེ་མཆོག་གིས་གསུངས་པ་ལྟར། ལས་དང་པོ་པའི་གནས་སྐབས་སུ་དགེ་རྒན་ཚད་ལྡན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་ཚད་ལྡན་ཞེས་པ་ཡང་ཤེས་ཡོན་འདང་ངེས་ཡོད་པ་ཙམ་གྱི་མི་ཆོག་པར་བསམ་པ་ཐག་པས་སློབ་འདོད་ཡོད་པ་ཞིག་དང་། དེ་ཡང་བྱ་ཐབས་སྣ་ཚོགས་ཀྱིས་སློབ་ཁྲིད་བྱེད་ཐུབ་པ། ཕྱི་ཀུན་སྤྱོད་སོགས་ཀྱི་ཆ་ནས་ཀྱང་ཕྲུག་གུའི་རྒྱུད་ལ་ཡ་རབས་བཟང་སྤྱོད་འཇགས་ཐུབ་པ་བྱེད་རྒྱུ་སོགས་མདོར་ན་མཁས་བཙུན་བཟང་གསུམ་གྱི་དགེ་རྒན་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ།།

    བྱམས་པ་མགོན་པོས།
    བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།
    ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གི་ཕྱུག།
    དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།།
    བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།།
    ཞེས་དགེ་བའི་བཤེས་གཉེན་ཆོས་བཅུ་ལྡན་དུ་གསུངས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese