མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟཊ་ཕུལ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཅག་དགོན་པ་གྲྭ་ཚང་དངུལ་ཅུང་ཡོད་པ་དག་གིས་དཀའ་ངལ་ཅན་དག་་ལ་ལྟ་རྟོགས་བྱ་རྒྱུའི་ལས་འགན་ཡོད། དགོན་པ་འཛུགས་སྐྲུན་དང་ཆབས་ཅིག་སློབ་གཉེར་ལ་ཤུགས་རྒྱག་དགོས་པ་རེད། དེ་དང་མཉམ་དུ་ཉེ་འཁོར་གྱི་སྐྱོ་བོའི་རིགས་ལ་རོགས་རམ་བྱས་ན། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་གི་རེད། ཁྱེད་ཅག་དགོན་པ་གྲྭ་ཚང་ཁག་ལ་སྦྱིན་བདག་མང་པོ་འདུག ཁོང་ཚོར་འབོད་སྐུལ་ཞུས་ཏེ་མི་ཚང་སྐྱོ་བོའི་རིགས་ལ་རོགས་རམ་འཚོལ་དགོས་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་དམངས་གཙོའི་དུས་དྲན་དང་འབྲེལ་ ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབུལ་ལམ་ཞུས་སྐབས། ༧གོང་ས་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་ཐེངས་འདིར་ཆེད་ཕེབས་གནང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་དམངས་ཡོངས་ལ་བཀའ་སློབ་གནང་དོན། ཁྱེད་ཅག་གིས་གཟེངས་རྟགས་འདི་འདྲ་ཞིག་གནང་པར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཁྱེད་ཅག་དགའ་དད་སྤྲོ་གསུམ། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གནང་བ་རེད། འདྲ་ཆགས་པོ་བྱས་ཏེ་གནང་བ་མ་རེད་ལ། མི་གནང་ཀ་མེད་ཐོག་གནང་བ་ཞིག་ཀྱང་མ་རེད། ང་རང་གི་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་བློན་ཆེན་མཆོག་གིས་ང་ལ་ཞྭ་མོ་འདི་སྒྲོན་སྐབས། སྔོན་མའི་མཁས་དབང་ཀུ་ཤཱི་ནར་ཡིད་ལ་དྲན་སོང་། ཁོང་རྒྱ་གར་གྱི་གནའ་རབས་རིག་གཞུང་ལ་མཁས་པ་མ་ཟད། ཨོག་སུ་ཧྥོ་ཌི་གཙུག་ལག་སློབ་གྲྭ་ནས་སློབ་སྦྱོང་གནང་སྟེ་མཁས་དབང་ཆགས་ཡོད། ངར་དེ་འདྲ་མེད་ཀྱང་ངས་སློབ་སྦྱོང་བྱས་པའི་གཞུང་གསར་པ་དག་ནི་དཔལ་ནཱ་ལེན་ཊའི་རྒྱ་གར་མཁས་པ་ཚོས་མཛད་པ་རེད། ཁོང་ཅག་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་པ་རེད། དེ་རིང་ངས་ཀྱང་རྒྱ་གར་ལྷོ་ཕྱོགས་ཀྱི་ཞ་མོ་ཞིག་གྱོན་རྒྱུ་བྱུང་བ་སྐལ་བ་བཟང་པོ་རེད། ཅེས་དང་།

 

ཕྱི་རྒྱལ་སྐུ་མགྲོན་རྣམས་ལ་ཆེད་དམིགས་ཀྱིས་གསུངས་དོན། དེ་རིང་འདིར་རྒྱལ་ཁབ་མང་པོ་ཞིག་གི་སྐུ་མགྲོན་ཕེབས་འདུག ཁྱེད་ཅག་ལ་ཕྱོགས་གཅིག་ནས་དུས་ཚོད་དཀོན་པོ་རེད་ལ། ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཀྱང་ཡོད་པ་རེད། འོན་ཀྱང་བདེན་པར་རྒྱབ་སྐྱོར་བྱེད་པར་སྙིང་སྟོབས་དང་། འཛེམ་ཟོན་མེད་པར་དྲང་བདེན་གྱི་ལངས་ཕྱོགས་བརྟན་པོ་དགོས་པ་རེད། དེ་རིང་ཁོང་རྣམ་པའི་གསུང་བཤད་ཧ་ཅང་དོན་སྙིང་ལྡན་པ་དང་། སྐབས་བབ་ཀྱི་གནས་ཚུལ་ཐོག་ལ་ཏག་ཏག་ཕོག་པ་བྱུང་སོང་། དངོས་གནས་སེམས་ཤུགས་སྐྱེས་པ་དང་། ང་ཚོའི་བདེན་པའི་གནས་ཚུལ་ཇེ་གསལ་ཏུ་བཏང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཅག་ཁ་ཤས་ཤིག་ངོ་ཤེས་རྙིང་པ་རེད། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཁག་དང་ལོ་སྟོང་ཕྲག་རིང་གི་གཙུག་ལག་སློབ་གཉེར་ཁང་ཡོད་ས་ཞིག་ཏུ་འཛོམས་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༡ རིང་བོད་པའི་ཆོས་དང་རིག་གཞུང་། མདོར་ན་རང་ཉིད་ཀྱི་མི་རིགས་གཙང་མ་ཡོང་ཐུབ་པའི་ཆེད་དུ་གཞིས་ཆགས་ཁག་དང་སྤྱི་བའི་སྒྲིག་འཛུགས་བཙུགས་པ་རེད། བོད་རིགས་ན་གཞོན་ཕོ་མོ་ཚོ་ལུས་པོ་འཚར་ལོངས་འབྱུང་གི་ཡོད་པ་དང་ཆབས་གཅིག སེམས་ཀྱི་འཚར་ལོངས་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ། འདི་དང་མཉམ་དུ་བོད་པའི་རྣམ་པ་ཆ་ཚང་བརླག་མེད་པར་སྲུང་ཡོད། རྒྱ་གར་ཙམ་དུ་མ་ཟད་ཡུ་རོབ་དང་ཨོ་སི་ཁྲི་ལེ་ཡ་སོགས་སུ་བོད་པ་བརྒྱ་ཕྲག་དང་སྟོང་ཕྲག་བསྡད་ཡོད་པ་ཕལ་ཆེ་བའི་སོ་སོའི་མི་རིགས་ཀྱི་རྣམ་པ་བཟུང་བསྡད་ཡོད། བོད་སྐད་ཤེས་མིན་གྱི་དཀའ་ངལ་ཕྲན་བུ་ཡོད་ཀྱང་། རྩ་བའི་བོད་པ་ཡིན་སྙམ་པའི་འདུ་ཤེས་དང་། བོད་པའི་རང་དབང་འཐབ་རྩོད་ཀྱི་སེམས་ཤུགས་ཞེ་དྲག་ཤུགས་ཆེན་པོ་རེད། བོད་པའི་མི་རབས་བརྗེ་བཞིན་ཡོད་ཀྱང་། བོད་པའི་རིག་གཞུང་དང་འཚེ་མེད་ཞི་བའི་ལྟ་གྲུབ། བྱམས་བརྩེ། བདེན་པའི་འཐབ་རྩོད་སོགས་མི་རབས་ནས་མི་རབས་ལ་རྒྱུན་འཛིན་ཐུབ་པ་གཏན་འཁེལ་བ་རེད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། བོད་ནང་ལ་མཚོན་ན་ཡང་དཀའ་ངལ་དཔག་ཏུ་མེད་པ་ཡོད་ཀྱང་། ཅི་ཙམ་གྱི་འཇིགས་སྐྲག་ཡོད་པ་དེ་ཙམ་གྱིས་མི་རིགས་ཀྱི་ལྟ་བ་ཇེ་བརྟན་དུ་འགྲོ་བཞིན་འདུག བོད་པར་རྒྱབ་སྐྱོར་བྱེད་མཁན་ཚོ་ཕྱོགས་སུ་ལྷུང་སྟེ་རྒྱབ་སྐྱོར་བྱས་པ་མ་རེད། བོད་པའི་འཐབ་རྩོད་ཀྱི་བདེན་པ་ལ་རྒྱབ་སྐྱོར་བྱས་པ་རེད། ཁྱེད་ཅག་གིས་ད་བར་རྒྱབ་སྐྱོར་གནང་བ་དེས་བོད་མིའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བར་ཕན་གྱི་ཡོད། འཛམ་གླིང་མི་དམངས་ལ་བོད་པའི་བདེན་དོན་རྟོགས་པར་ཕན་ཐོགས་བྱུང་ཡོད། འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བསྟུན་ཏེ་རྒྱ་ནག་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། ཉེ་བའི་ཆ་ལ་རྒྱ་རིགས་ཤེས་ལྡན་མི་སྣ་ཙམ་དུ་མ་ཟད་གུང་ཁྲན་ཏང་གི་ཆབ་སྲིད་དབང་འཛིན་པའི་ནང་དུའང་ཆབ་ཀྱི་འགྱུར་བ་ཞིག་དགོས་པ་དང་། མི་རིགས་སྲིད་ཇུས་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཟེར་མཁན་ཇེ་མང་རེད། དེ་འགྱུར་བ་ཆེན་པོ་རེད། བོད་པའི་གནས་ཚུལ་ལ་ད་བར་འགྱུར་བ་ཕྱིན་མེད་པ་ང་ཚོའི་འཐབ་རྩོད་བདེན་པ་ཉག་གཅིག་ཡིན་པས་རེད། འདི་ང་ཚོའི་ནུས་པ་དང་སྟོབས་ཤུགས་རེད། མེ་མདའ་དང་དྲག་པོའི་སྟོབས་ཤུགས་དེ་འཕྲལ་སེལ་ཙམ་ཡིན་པ་འཛམ་གླིང་སྒྱུ་མའི་གྲོང་ཁྱེར་གྱི་སྡིངས་ཆ་འདིའི་སྟེང་གསལ་བོ་ཆགས་པ་རེད། བདེན་པའི་གནས་ཚུལ་ཐོག་འཐབ་རྩོད་བྱེད་པའི་ནུས་པ་དེ་ནམ་ཡང་བརླག་རྒྱུ་ཡོད་པ་མ་རེད། རྒྱབ་སྐྱོར་གནང་མཁན་ཚོའི་སེམས་ཤུགས་མ་ཆགས་པར་ད་ལྟ་བཞིན་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ། ང་ཚོ་བོད་མི་ཚོས་ཀྱང་ད་ལྟ་བཞིན་སེམས་ཤུགས་བསྐྱེད་དེ་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

མཇུག་ཏུ་༧གོང་ས་མཆོག་གིས་དགོན་པ་གྲྭ་ཚང་རྒྱུ་འབྱོར་ཡོད་རིགས་ཚོས་ཉེ་འཁོར་གྱི་མང་ཚོགས་སྐྱོ་བོའི་རིགས་ལ་རོགས་རམ་གྱི་འགན་འཁྲུ་ཡོད་སྐོར་གསུངས་དོན། དེ་རིང་གི་སྐུ་མགྲོན་ཚོར་ཞུ་འདོད་པ་ཞིག་ལ། ཁྱེད་རང་ཚོ་འདིར་ཕེབས་ཏེ་དགོན་པ་ཁག་གི་འཛུགས་སྐྲུན་མཐོང་སྐབས། བོད་པ་ཚོ་ཕྱུགས་ཐག་ཆོད་འདུག་དྲན་སྲིད་པ་རེད། ངས་ནམ་རྒྱུན་དགོན་པ་གྲྭ་ཚང་ཁག་རྫིག་པོ་རྒྱག་པ་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་ཐབས་ཤེས་ཡོད་པ་མ་རེད། ཁོ་རང་ཚོར་སྦྱིན་བདག་རག་སྟེ་སྦྱིན་བདག་གིས་འགྲོ་སོང་བཏང་བ་རེད། ཁྱེད་ཅག་གིས་དགོན་པར་བལྟས་ཏེ་གཞིས་ཆགས་ཡོངས་ལ་དཔེ་འགེབས་བྱ་རྒྱུ་ཡོད་པ་མ་རེད། ས་ཆ་རེ་ཟུང་ནང་ཉམ་ཐག་སྐྱོ་བོ་མང་པོ་ཡོད། ང་གནམ་གྲུའི་ནང་ཡོང་སྐབས། དགོན་པ་གྲྭ་ཚང་ཁག་ཞེ་དྲག་གྲ་རྒྱས་པོ་འདུག་ཀྱང་། ཞིང་ཁའི་དཀྱིལ་རེ་ན་གནའ་སྔ་མོའི་ཁང་པ་རེ་ཟུང་མཐོང་རྒྱུ་འདུག གཞིས་མགོ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གིས་མི་ཚང་སྐྱོ་བོ་དག་ལ་ལྟ་རྟོགས་ཡག་པོ་མ་བྱས་ན་ཁྱོན་ནས་འགྲིག་གི་མི་འདུག ཕ་མ་བརྒས་གཅོང་དང་། བུ་ཕྲུག་དབང་བོ་སྐྱོན་ཅན་སོགས་ལྷག་ཡོད་རིགས་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ། ལྟ་རྟོགས་ཡག་པོ་མ་བྱས་བར་སྐྱབས་མེད་མགོན་མེད་དུ་ལྷག་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་བྱམས་པ་དང་སྙིང་རྗེའི་སྤྱི་ཚོགས་ཤིག་ཡིན་ཟེར་བ་དེ་དོན་ལ་མ་གནས་པ་རེད། ཁྱེད་ཅག་དགོན་པ་གྲྭ་ཚང་དངུལ་ཅུང་ཡོད་པ་དག་གིས་དཀའ་ངལ་ཅན་དག་་ལ་ལྟ་རྟོགས་བྱ་རྒྱུར་ལས་འགན་ཡོད་པ་རེད། དགོན་པ་འཛུགས་སྐྲུན་དང་ཆབས་ཅིག་སློབ་གཉེར་ལ་ཤུགས་རྒྱག་དགོས་པ་རེད། དེ་དང་མཉམ་དུ་ཉེ་འཁོར་གྱི་སྐྱོ་བོའི་རིགས་ལ་རོགས་རམ་བྱས་ན། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་གི་རེད། ཁྱེད་ཅག་དགོན་པ་གྲྭ་ཚང་ཁག་ལ་སྦྱིན་བདག་མང་པོ་འདུག ཁོང་ཚོར་འབོད་སྐུལ་ཞུས་ཏེ་མི་ཚང་སྐྱོ་བོའི་རིགས་ལ་རོགས་རམ་བྱ་རྒྱུར་འབོད་སྐུལ་ཞུ་དགོས། ཞེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

ཆུ་ཚོད་ ༩ སྔོན་ལ།
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

མཆན། 15

  1. མ་ནོར་ལམ་བཟང་ says:
    ལོ་ 15 སྔོན།

    རྒྱལ་བ་མགྱེས་པའི་མཆོད་པ་ངོ་མ་དེ་བཀའ་སྲུང་ཅི་སྒྲུབ་དེ་རེད།།་

    Reply
  2. kaltso says:
    ལོ་ 15 སྔོན།

    ཕྱག་ན་པདྨོའི་རྣམ་སྤུལ་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་འཛམ་གླིང་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱར་བའི་མཛད་འཕྲིན་རླབས་ཆེན་དེ་ལ་བོད་གཞུང་དམངས་གཉིས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་བཀའ་དྲིན་རྗེས་དྲན་དུ་གསེར་གྱི་རྟགས་མ་ཕུལ་བ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།།

    Reply
  3. ལྷོ་མཐའི་ཉི་ཟེར། says:
    ལོ་ 15 སྔོན།

    དད་གུས་སྤྲོ་གསུམ་གྱི་སྒོ་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ།།

    Reply
  4. migyur says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་གསེར་གྱི་གཟིངས་རྟགས་བཞེས་པར་སྙིང་ནས་དགའ་དད་སྤྲོ་གསུམ་བརྟས། ཁོང་སྐུ་ཚེ་མི་འཇིག་རྡོ་རྗེའི་ངོ་བོར་བཞུགས་ཤིང་། མཛད་འཕྲིན་འཇིག་རྟེན་སྲིད་པ་གསུམ་དུ་ཁྱབ་གྱུར་ཅིག །བླ་མ་མཁྱེན་ནོ་འཕགས་མཆོག་ཕྱག་ན་པད་མོ་ཁྱེད་མཁྱེན་ནོ།།

    Reply
  5. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    འཛམ་བུ་གླིང་དུ་འགྲོ་བའི་དོན་བྱེན་པ།།
    འགྲོ་དོན་རྒྱུན་མི་ཆད་པའི་ཐུགས་རྗེ་ཅན།།
    འདི་དང་ཕྱི་མའི་སྐྱབས་མགོན་མ་ཆུང་ཞིག།།
    བསམ་པའི་དོན་ཀུན་འགྲུབ་པར་བྱེན་གྱིས་རློབས།།

    ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟཊ་ཕུལ་བ་ལ་དགའ་དད་སྤྲོ་གསུམ་གྱིས་ངང་ནས་བརྟེན་འབྲེལ་ཞུ་།།

    Reply
  6. སྣང་གསལ། says:
    ལོ་ 15 སྔོན།

    ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་གཟེངས་རྟགས་ཞེས་གནང་བར་འཚམས་དྲིན་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ་བ་དང་ཆབ་གཅིག་བོད་རྒྱཆེའི་མི་དམངས་ལ་ཡང་ཐུགས་རྗེ་ཆེ་ཞུ།།

    Reply
  7. དགྲ་འདུལ། says:
    ལོ་ 15 སྔོན།

    ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཧ་ཅང་དགྱེས་ཚོར་བྱུང་བ་འདི་ནི་རང་ཅག་རྣམས་ཀྱིས་དོན་དམ་གྱི་བརྟན་བཞུགས་ཞིག་ཡིན་ལགས།

    Reply
  8. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    བཀྲ་ཤིས་གནམ་ལ་གཟའ་སྐར་བཟང་།།
    བཀྲ་ཤིས་བར་སྣང་འཇའ་ཚོན་བཀྲ།།
    བཀྲ་ཤིས་ས་ལ་དགེ་བཅུ་འཛོམས།།
    བཀྲ་ཤིས་གསེར་གྱི་གཟེངས་རྟགས་ཕུལ།།

    ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲིན་
    མཚོན་ཕྱིར་དུ་གུས་པས་ལྷ་ཕྱག་དང་བཅས།
    ཕྱི་ལོ་༢༠༡༠ ༩ ༢ཉིན།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རྒྱལ་བའི་དགོངས་པ་ནམ་མཁའི་མཁའ་ལྟར་ཡངས།།
    བྱམས་དང་སྙིང་རྗེས་འགྲོ་རྣམས་མ་ལྟར་སྐྱོང་།།
    ས་ཡ་དྲུག་གིས་བཏེགས་པའི་སེམས་པའི་རྟེན།།
    དགྱེས་བཞེས་མཛོད་ལ་སྐུ་ཚེ་བརྟན་གྱུར་ཅིག།

    Reply
  10. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ལ་བརྟེན་འབྲེལ་ཞུ་བ་དང་ཆབ་གཅིག་བོད་མི་རྣམས་ཀྱིས་
    ༧གོང་ས་མཆོག་གི་བཀའ་སློབ་ལམ་བསྟོན་རྣམས་ལག་ལེན་ཐུབ་ཐབས་བྱེད་རོག་ཞུ། བཀྲ་ཤིས་བདེ་ལེགས།

    Reply
  11. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། གཞིས་བཞུགས་ཚོས་ཚབ་ཞུས་ཏེ་རྟེན་འབྲེལ་ཞུ།

    Reply
  12. མིག་གསུམ་པ། says:
    ལོ་ 15 སྔོན།

    འོ་ད་ཡིན་ན་བཀའ་གསུང་ནན་མོ་གསུངས་འདུག་ག

    Reply
  13. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་ཁྱེད་ཅག་དགའ་དད་སྤྲོ་གསུམ། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གནང་བ་རེད། འདྲ་ཆགས་པོ་བྱས་ཏེ་གནང་བ་མ་རེད་ལ། མི་གནང་ཀ་མེད་ཐོག་གནང་བ་ཞིག་ཀྱང་མ་རེད། ང་རང་གི་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ལྟར་ང་ཚོ་ཚང་མས་འདི་ལྟ་བུའི་དགའ་སྟོན་ལ་ལྟ་ཐུབ་པ་ནི་ཧ་ཅང་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་འདི་ལྟ་བུའི་སྤྲོ་སེམས་ཡོད་ཀྱངཕྱིར་མངོན་དབང་མེད་པ་རེད།

    Reply
  14. ཁྲག་མིག says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།

    Reply
  15. གངས་རྡེའུ། says:
    ལོ་ 15 སྔོན།

    དགའ་དད་སྤྲོ་གསུམ་གྱིས་ངང་ནས་རྟེན་འབྲེལ་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese