མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིགས་དགོས་ན་བོད་སྐད་གཙང་མ་འཆད་དགོས། མེ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp
                                                                                                                    སྐད་ཡིག་བགྲོ་གླེང་ཞིག་གི་གཏམ་བཤད་ཡི་གེར་ཕབ་པ།
ཅི་ཞིག་གི་སེམས་ཚོར་མ་ནོན་པར། ན་ཟུག་མ་སྲོན་པར་ང་ཚོས་ཚོད་ཚོད་ལ་བོད་སྐད་གཙང་མ་འཆད་དགོས་ཞེས་ཡང་དང་བསྐྱར་དུ་གླེང་བ་ན།    ཁ་ཤས་ཤིག་གི་སེམས་ལ་དེ་ནི་དགོས་མཁོ་མེད་པའི་ལས་ཀ་ལྷག་མ་ཞིག་དང་། སེམས་ཁྲལ་ཐོལ་བ་ཞིག་ཡིན་པར་བསམ་སྲིད་ལ། ཡང་བོད་སྐད་གཙང་མ་བཤད་ན་ཅི་ཞིག་ལ་ཕན་པ་དང་། མ་བཤད་ན་གང་ཞིག་ལ་གནོད་དམ་སྙམ་པའི་དྲི་བ་ཞིག་ཀྱང་སེམས་ཀྱི་གཏིང་ཞབས་སུ་ངང་ངམ་ཤུགས་ཀྱིས་འཁོར་སྲིད།   ཡིན་ནའང་། བསམ་ཚུལ་དེ་རིགས་ནི་སྣང་མེད་དུ་གཏན་ནས་འཇོག་མི་ཉན་པའི་ནོར་འཁྲུལ་ཞིག་ཡིན་པར་མ་ཟད། ནོར་འཁྲུལ་ནང་ནས་ཀྱང་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་ཤེས་དགོས་ངེས་ཡིན།    ནོར་འཁྲུལ་ཚབས་ཆེན་ཡིན་པའི་རྒྱུ་མཚན་ཡང་མིག་སྔའི་གནས་ལུགས་ལ་ཡིད་འཇོག་བྱ་བའི་མི་མཚན་ཉིད་པ་ཞིག་ཡིན་ཚེ། ལུང་དང་རིགས་པ་བརྩེགས་ནས་སྒྲུབ་མི་དགོས་ལ། དཔེ་དང་དཔེ་འཇོག་སྤུངས་ནས་སྟོན་མི་དགོས་པར་སྐད་ཆ་འཆད་ཐེངས་གཅིག་གིས་ངེས་ཤེས་འདྲོངས་ཐུབ་ངེས་ཡིན།    ང་ཚོ་འཚོ་སྡོད་ཀྱི་གོ་ལ་རིལ་བོའི་སྟེང་དུ་གནས་བཅོས་པའི་ཤར་ནུབ་ཀྱི་མི་རིགས་གང་དང་གང་ཡིན་རུང་། ཁོ་ཚོའི་ཕན་ཚུན་ཁྱད་པར་འབྱེད་བྱེད་གཙོ་བོ་དེ་རང་རང་གི་སྐད་དང་ཡི་གེའི་སྟེང་ནས་དབྱེ་དགོས་པ་ལས། ས་ཁྲའི་ཐིག་རིས་ཀྱི་ལྷོ་ནུབ་གང་ཡིན་དང་། ཡང་ན། མིའི་གདོང་བ་དཀར་ནག་དང་། གཟུགས་པོའི་རིང་ཐུང་གི་ཆ་ནས་འཇོག་གིན་མེད་པ་འདིར་གསལ་གསལ་ཐིང་ཐིང་དང་གཅིག་གཅིག་གཉིས་གཉིས་འཆད་དགོས་པ་ཞིག་ག་ལ་ཡིན།  
ང་ཚོས་ང་ཚོ་བོད་ཟེར་བའི་མི་རིགས་ཤིག་འཛམ་བུ་གླིང་འདིའི་སྒང་ལ་ཡོད་པ་རེད་ཅེས་མི་གཞན་ལ་འགྲེལ་བཤད་རྒྱག་དུས། ང་ཚོར་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཁྱད་པར་མ་འདྲ་བ་ཞིག་སྟོན་རྒྱུ་ཡོད་དགོས་པ་རེད། དེ་འདྲའི་ཁྱད་པར་དེ་ངས་གོང་དུ་བཤད་པ་བཞིན་གདོང་བ་གོར་གོར་དང་། ཤ་མདོག་དཀར་ནག   གཟུགས་པོ་རིང་ཐུང་ལྟ་བུས་ནམ་ཡང་སྒྲུབ་བྱེད་མི་ཐོངས་ལ། བོད་མི་རིགས་ནི་མཐོ་སྒང་ན་ཡོད་པའི་མི་རིགས་ཤིག་རེད་ཅེས་པ་ཙམ་གྱིས་ཀྱང་བོད་གང་དུ་གནས་པའི་ཕྱོགས་ཙམ་ལས། དེས་བོད་མི་རིགས་ཀྱི་ངོ་བོ་ཚབ་མཚོན་ཐུབ་པའི་འགྲེལ་བཤད་ཡིད་ངོར་འབབ་པ་ཞིག་སྐྱོན་ཐུབ་མེད། དེའི་ཕྱིར། བོད་མི་རིགས་ཀྱི་གཞི་རྩའི་ངོ་བོ་འཚོལ་བའི་དྲི་ལན་གང་ཞིག་དགོས་རུང་ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ཀྱི་རང་བཞིན་མངའ་བའི་སྐད་དང་ཡི་གེ་འདིའི་སྟེང་ནས་འཆད་དགོས་པ་རེད། དེར་བརྟེན། མི་རིགས་དེ་དང་དེའི་སྐད་ཡིག་དང་སྐད་ཡིག་དེའི་བདག་པོ་མི་རིགས་གཉིས་ནམ་ཡང་ཕན་ཚུན་ངོ་བོ་གཅིག་ཏུ་གནས་དགོ་ས་པ་ལས།   བོད་མི་རིགས་མེད་ན་བོད་ཀྱི་སྐད་ཡིག་གནས་ཐབས་མེད་ལ།   བོད་ཀྱི་སྐད་ཡིག་མེད་ན་བོད་མི་རིགས་དེ་བས་ཀྱང་གནས་ཐབས་མེད།  
ངས་འདིར་《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་》ཁྲོད་ནས་དཔེ་མཚོན་ཞིག་བཀོད་དེ་བཤད་ན། ཁ་ས་པེའི་(Kasabe)ཟེར་བའི་སྐད་རིགས་དེ་ཕྱི་ལོ་༡༩༩༥ལོའི་ཟླ་བ་༡༡པའི་ཚེས་༤ཉིན་ད་དུང་གསོན་པོ་ཡིན་ལ།   ཚེས་༥ཉིན་ཤི་བར་གྱུར་པ་རེད་ཟེར།    དེ་ཇི་ལྟར་ཤི་བར་གྱུར་པ་རེད་ཅེ་ན། དེའི་ལན་ཡང་སྟབས་བདེ་བོར་སྨྲ་ཐུབ་པ་ཞིག་སྟེ།   ཁ་ས་པེའི་སྐད་སྨྲ་བའི་མི་རྣམས་ཀྱི་ནང་ནས་ཆེས་རྗེས་མ་དེ་པོ་གོམ་(Bogon)ཞེས་པ་དེ་རེད།   འཛམ་བུ་གླིང་ན་སྐད་དེ་སྨྲ་མཁན་མི་གཅིག་པོ་དེ་ལས་མེད།   མི་དེ་༡༩༩༥ལོའི་ཟླ་བ༡༡པའི་ཚེས་༥་ཉིན་ཤི་བར་གྱུར་པས། ད་གཟོད་ཁ་ས་པེའི་སྐད་ཀྱང་ཁོ་དང་མཉམ་དུ་ཕྱི་མའི་ཡུལ་དུ་བུད་སོང་བར་སྐད།   དཔེ་མཚོན་འདིའི་སྟེང་ནས་ང་ཚོར་ངོས་ཟིན་ཐོབ་སླ་བ་ཞིག་ནི།     ང་ཚོས་བོད་ཀྱི་སྐད་ཡིག་ལ་བདག་པོ་ཡག་པོ་ཞིག་རྒྱག་མ་ཐུབ་པར། ནམ་རྒྱུན་སྐད་ཆའི་ནང་དུ་(དབྱིན་ཇི་དང་ཧིན་དྷུ། རྒྱ་སྐད་གསུམ་ནི་ད་ལྟའི་འུ་ཚོའི་བོད་སྐད་ལ་དཔུང་འཇུག་ཐེབས་པའི་སྐད་ཡིག་གསུམ་ཡིན་ལ། དེ་ཡང་ཕྱི་སྡོད་བོད་མི་ཚོས་གཙོ་བོ་དབྱིན་ཇི་དང་ཧིན་དྷུའི་སྐད་ཡིག་བསྲེས་སྦྱོར་བྱེད་ཀྱིན་ཡོད་ལ། གཞིས་སྡོད་བོད་མི་ཚོས་གཙོ་ཆེར་རྒྱའི་སྐད་ཡིག་བསྲེས་སྦྱོར་བྱེད་ཀྱིན་ཡོད། )གཞན་གྱི་ཐ་སྙད་མང་བོ་ཞིག་བསྲེས་ཏེ་སྦྲགས་སྐད་རྐྱང་བར་གོམས་པ་ཡིན་ན། མཚམས་ཤིག་ནས་བོད་སྐད་ནི་གཞི་འཛིན་ས་གང་ཡང་མེད་པའི་སྐད་ཡིག་ཅིག་མི་ཆགས་པའི་ཁ་ཚོན་གཅོད་དཀའ་བར་ངེས་པ་དེ་ཡིན།    དེ་དུས་བོད་སྐད་འཆད་མི་ཤེས་པའི་བོད་པ་ག་ཚོད་ཡོད་ནའང་། བོད་ཀྱི་སྐད་དེ་གཏན་ནས་མེད་པར་ཆགས་འགྲོ་ངེས་ཡིན་ལ། དེ་དང་མཉམ་དུ་བོད་མི་རིགས་ཟེར་བའང་མིང་ཙམ་ལས་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་གཏན་ནས་རྙེད་རེ་མེད།    དཔེར་ན། ངས་གོང་དུ་བཤད་པའི་ཁ་ས་པེའི་(Kasabe)སྐད་དེ་བཤད་མཁན་གྱི་མི་(Bogon)ཟེར་བ་དེ་ཤི་བ་དང་། དེའི་ཤུལ་ན་སྲིང་མོ་ཞིག་ཡོད་ཀྱང་དེས་ཁ་ས་པེའི་སྐད་ཉན་པ་ཙམ་ལས་སྨྲ་མ་ཤེས་པ་དང་།   བུ་དང་ཚ་བོ་རྣམས་ཀྱི་ནང་ན་ནི་སྐད་དེ་ཤེས་མཁན་གཅིག་ཀྱང་མེད་པས་ཁ་ས་པེའི་(Kasabe)སྐད་དེ་སའི་གོ་ལའི་སྟེང་ནས་གཏན་ནས་མེད་པར་གྱུར་པ་ལྟ་བུ་རེད། 
གོང་དུ་བརྗོད་པའི་དཔེ་མཚོན་ཅན་གྱི་སྐད་ཆ་དེས།   སའི་གོ་ལའི་ཁྱིམ་ཚང་ཆེན་པོ་འདིའི་ནང་ནས་ང་ཚོའི་བོད་མི་རིགས་འདི་ཡུན་རིང་བོ་ཞིག་ལ་གནས་དགོས་པར་འདོད་ན། རྩ་བའི་ཆ་རྐྱེན་བོད་ཀྱི་སྐད་ཡིག་ལ་བདག་པོ་སྔ་ན་མེད་པ་ཞིག་རྒྱག་དགོས་པ་ལས། དེ་ལས་ལྡོག་ཚེ་བོད་མི་རིགས་ལ་འཆི་ལམ་ཁོ་ན་ལས་སྙེག་ས་གཞན་མེད་པའི་བརྡ་ལན་སྐྱེལ་གྱིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས། ང་ཚོ་སུ་ཡིན་རུང་། དེང་སང་བོད་མི་རིགས་འདི་ཧ་ཅང་ཉེན་ཁ་ཅན་གྱི་ས་མཚམས་ཤིག་ན་ཡོད་པ་ཚོར་བས་ཟིན་པའི་སྒོ་ནས། བོད་མི་རིགས་ལ་ཤ་ཞེན་དང་། བརྩེ་བ་ཡོད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། ཤ་ཞེན་དང་བརྩེ་བ་དེའང་ང་རང་བོད་མི་རིགས་ལ་དགའ་བོ་ཡོད་ཅེས་ཁ་ནས་ལབ་པ་ཙམ་གྱིས་ག་ལ་འཐུས།      གོམ་པ་སྤོ་ཤེས་ཤིང་། བསམ་བློ་གཏོང་ཤེས་པའི་ང་ཚོ་བོད་མི་རྒན་དར་གཞོན་གསུམ་ཚང་མའི་རང་སྟེང་ན་རང་བཞིན་གྱིས་སྒོར་མོ་ཕོན་ཆེན་པོ་སྤྲད་ནས་ཉོ་མི་དགོས་ལ། དཀའ་ལས་ཤུགས་ཆེན་པོ་བརྒྱབ་ནས་འཚོལ་མི་དགོས་པར་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་བྱེད་ཐབས་ནུས་པ་ཅན་ཞིག་ཡོད་པ་རེད། དེ་ཡང་རང་སྟེང་དུ་ཤིག་བཙལ་བཙལ་བྱེད་མི་དགོས་པར།   རང་རང་གིས་བོད་སྐད་གཙང་མ་ཞིག་ཁ་ནས་འཆད་རྒྱུ་དེ་རེེད།   སྐད་ཆ་ཞིག་ཁ་ནས་འཆད་པ་ལ་དོ་སྣང་བྱས་མ་བྱས་ཙམ་ལས་དེ་ལ་འགྲོ་སོང་དང་དཀའ་ལས་ཐོལ་བ་ཞིག་མེད་པ་སུས་ཀྱང་ཁས་ལེན་ཐུབ།   དེར་བརྟེན།   ང་ཚོ་སུ་ཡིན་རུང་། བོད་སྐད་གཙང་མ་འཆད་པར་འབད་བརྩོན་དང་དོ་སྣང་བྱེད་དགོས་པ་ལས་སྣང་ཆུང་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་། 
སི་ཏ་ལེན་གྱིས། མི་རིགས་ཤིག་རྩ་མེད་དུ་གཏོང་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་དགོས་པ་རེད་ཅེས་སྨྲ་བའི་གནད་ལ་འཁེལ་བའི་སྡོམ་ཚིག་དེའི་དངོས་ཤུགས་ཀྱི་བསྟན་དོན་ལ་བསམ་ནས། ད་ལྟའི་བོད་ཀྱི་སྐད་ཡིག་ལ་ཕྲད་དང་འཕྲད་ཀྱིན་པའི་ཕྱིའི་འགལ་རྐྱེན་ཆེ་ཕྲ་ཆུང་རིགས་ལ་གདོང་ལེན་བྱ་བའི་ཆོད་སེམས་དང་སྙིང་སྟོབས་བགོས་ཏེ། བོད་མི་སྤྱི་བོ་གནམ་བསྟན་ཚང་མ་བོད་སྐད་གཙང་མའི་རྒྱུན་ལ་ཐུན་མོང་དུ་ལོངས་སྤྱོད་པར་ཤོག་ཅེས་གནམ་ས་འགས་པའི་ཀི་སྒྲ་ཡང་ཡང་སྒྲོག་གིན་ཡོད།  
                                                                                                                                ཕྱི་ལོ་༢༠༡༠ ཟླ་ ༨ ཚེས་ ༡༦ ཉིན་རང་ཤག་ཏུ།
 
བོད་ཀྱི་དུས་བབ་ཟིན་བྲིས་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 4

  1. མྱི་ལྟིག says:
    ལོ་ 16 སྔོན།

    མིད་པ་འགག་རག་ཏུ་བཤད་ཀྱང་ཉན་ནི་ཞིག་མི་རྙེད་ཡ།

    Reply
  2. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 16 སྔོན།

    གྲོགས་པོ་མེ་ལགས་ཀྱི་རང་མི་རིགས་ཀྱི་ལས་དབང་ལ་དྲན་སྐུལ་གྱི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སྐུ་ཉིད་ཡང་བོད་དུང་བ་ཞིག་ཡིན་པའི་ཡིད་ཆས་ཡོད།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བསྲེས་མའི་སྐད་བཤད་མི་ཤེས་ན་གཞི་ཆག་འདི་ཚོའི་མྱི་གྲལ་ལ་མི་འཇོག་
    ཚུལ་དེ་མ་དོར་བར་དུ་བསྲེས་མའི་སྐད་མི་བཤད་ག་མེད་ཡིན

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་ དེ་ཡང་ཕྱི་སྡོད་བོད་མི་ཚོས་གཙོ་བོ་དབྱིན་ཇི་དང་ཧིན་དྷུའི་སྐད་ཡིག་བསྲེས་སྦྱོར་བྱེད་ཀྱིན་ཡོད་ལ། གཞིས་སྡོད་བོད་མི་ཚོས་གཙོ་ཆེར་རྒྱའི་སྐད་ཡིག་བསྲེས་སྦྱོར་བྱེད་ཀྱིན་ཡོད། ་་་
    གསུངས་པ་བཞིན་ད་ལྟ་ནས་ཡོ་སྲོང་གང་ཐུབ་བྱེད་ན་མི་ལེགས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese