མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འཚང་ཁ་གཤགས་པ། སྲོང་བཙན་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

    མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་མགོ་ཚུགས་ནས་ད་བར་ལ། བཀའ་ཁྲི་གཅིག་རང་གཅིག་དགོས་ས་དེར་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་སྐབས་སུ་གཅིག་རང་ལས་སླེབས་མྱོང་མེད། སྐུ་ངོ་འཇུ་ཆེན་གྱི་དགོངས་དཀྱེལ་ལས་ཐེངས་གཉིས་ཀའི་ལས་རིམ་ལམ་ལྷོངས་བྱུང་ཡོད། དངོས་ནས་བྱས་ན། དེ་དུས་འོས་གཞིའི་ནང་སླེབས་མཁན་གཞན་ཚོས་མ་མཐའི་ལས་གཞི་ལམ་ལྷོངས་ཙམ་ལའང་བསམ་བློ་བཏང་མེད༌། ཟམ་གདོང་རིན་པོ་ཆེ་སྐབས་གཉིས་ལ་འོས་གཞི་དང་དངོས་གཞི་གཉིས་ཀར་འགྲན་ཡ་མེད་པར་སླེབས་ཤིང༌། ད་ནི་ལོ་བཅུ་དེ་ཟླ་ཤས་ནས་རྫོགས་ཉེར་ཐུག་ཡོད། མང་ཚོགས་ཁྲོད་ན་ནམ་རྒྱུན་སྐད་ཆ་གཏན་ཚིགས་ཅན་ཞིག་ཡོད་པ་ནི། ཟམ་གདོང་རིན་པོ་ཆེ་དང་འདྲ་པོ་ཞིག་རྙེད་དུ་ཡོད་པ་མ་རེད་ཟེར་བའི་ཚིག་འདི་རེད། གང་ལྟར་ནའང༌། ཟམ་གདོང་རིན་པོ་ཆེའི་དུས་སྐབས་དེ་ཁྲིམས་དང་སྒྲིག་གཞིའི་དབང་གིས་ལོ་རྗེས་མ་ནས་རྫོགས་འགྲོ་ཡི་ཡོད། 
    
ད་ནི་སུ་ཞིག་བཀའ་ཁྲིར་འདེམས་དང་མི་འདེམས་དེ་རྒྱ་ཆེའི་མང་ཚོགས་ཀྱི་ལག་པར་ཡོད། འོས་གཞིའི་འཚང་ཁ་ཇེ་ཆེར་འགྲོ་བཞིན་ཡོད། སྔོན་འགྲོའི་འོས་གཞི་སླེབས་ཉེའི་མཚམས་འདིར། བཀའ་ཁྲིའི་འོས་གཞིར་ལངས་མཁན་ཚོས་རང་རང་རྩིག་ངོས་ལ་སྦྱོར་ཅི་ཐུབ་བྱེད་ཀྱི་ཡོད། ཧམ་པ་ཆེ་ཙམ་བཤད་པ་ཡིན་ན། ཁྱིམ་ཚང་རེ་རེའི་སྒོ་འགྲམ་བར་དུ་སྦྱར་བ་བྱུང་ཡོད།འདི་ཚང་མས་ཞབས་སྟེགས་གཅིག་རང་གཅིག་ཡོད་པ་དེའི་སྟེང་སྡོད་པའི་གྲ་སྒྲིག་བྱེད་ཀྱི་ཡོད།
    
ལ་ཤས་ཀྱིས་བཤད་སྟངས་ལྟར་ན། འདི་མང་གཙོའི་འཕེལ་རིམ་ཞིག་རེད་ཅེས་ཟེར། རེ་ཤས་ནས་བརྗོད་སྟངས་བྱས་ན། ཟམ་གདོང་བླ་མའི་ཕན་ན།འདྲ་འདྲ་རིག་འདྲ་མང་སོང་བས་རེད་ཅེས་ཟེར། བརྒྱ་སྡེའི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པའི་ཤོད་སྟངས་དེ་བདེན་རྫུན་ཅི་ཆ་སྟེ། ཚོགས་གཙོ་སྤེན་པ་ཚེ་རིང་སླེབས་པ་ནི། བློ་བཟང་སེང་གེ་ལ་བར་ཆད་ལྟ་བུ་དང༌།རྒྱ་ཆེའི་མང་ཚོགས་ལ་ནི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སེང་གེ་སྲབ་མེད་ལྟ་བུར་མཆོང་བཞིན་པར་ཡང་འགྲན་གྱི་དོ་བསྡོ་བ་ཞིག་མིག་གིས་མཐོང་རྒྱུ་དང་རྣ་བས་ཉན་རྒྱུ་གཉིས་ཀ་བྱུང་ཡོད།
    
མདང་དགོང་གི་གཏམ་གླེང་ནས་ངོ་འཕྲོད་པ་ཞིག་ལ། བཤད་སྟངས་བསྒྱུར་ནས་བཤད་ན། ཡིད་འགུལ་ཐེབས་གཞིའི་ཚིག་གཅིག་དེ་བསྟན་འཛིན་རྣམ་རྒྱལ་གྱིས་གསུངས་སོང༌། ཁོང་ལ་མཚོན་ན། རང་ཉིད་ཀྱི་བསམ་བློ་དང་འཆར་གཞི་ཚང་མ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་གནས་བབ་ཀྱི་སྟེང་ནས་མ་བརྒལ་བ་ཞིག་ལ་ཆ་བཞག་གི་ཡོད་ཅེས་ཟེར་རོ།། འགག་དོག་སར་དེད་ན། མི་རྒན་པའི་བསམ་བློ་འདི་ལྗིད་ཆེ་བ་འདུག
    
ངས་བལྟས་ན། ད་ལྟའི་འོས་གཞི་བཅུ་གྲངས་འདི་ལས་མཐའ་མའི་སྐབས་ཀྱི་སྔོན་འགྲོའི་འོས་གཞི་ལ།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང༌། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་སླེབས་ཀྱི་རེད། འདི་ནི། ད་ལྟའི་འོས་གཞི་ཁག་གི་ནང་ནས་ཁོང་གཉིས་ཀྱི་ཤེས་འཇོན་དེ་གཞན་ལས་མངོན་གསལ་དོད་པོ་ཡོད་པས་རེད། འོ་ན་དངོས་གཞིའི་འོས་དེ་སུ་ལ་ཐོབ་ཀྱི་རེད་དམ་ཟེར་ན། དངོས་གཞིའི་སྐབས་དེར། ད་ལྟའི་ཁྱབ་བསྒྲགས་ཤོག་བུ་འདི་ཚོའི་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ཕན་མེད་ཆགས་པའི་རྗེས་ལ།གཞི་ནས་མང་ཚོགས་ཀྱིས་ཁྱབ་བསྒྲགས་དེ་ཕར་བཞག་ནས། འོས་གཞི་གཉིས་ཀྱི་ཤེས་འཇོན་དེ་བསྡུར་གྱི་རེད། ད་ལྟའི་ཆར་གླེང་བཞིན་པའི་མང་གཙོ་དང་འཆར་གཞིའི་གཏམ་གླེང་གང་གིས་ཀྱང་སྐབས་དེར་ཡིད་འགུལ་ཐེབས་འཇུག་ཐུབ་ཀྱི་མ་རེད། གནད་འགག་གི་སྐབས་དེར། འདས་པའི་དུས་ཚོད་ནང་བྱས་རྗེས་མང་བ་སུས་བཞག་འདུག མང་ཚོགས་ལ་ཕན་པ་མང་བ་སུས་སྒྲུབ་ཡོད་མེད་ཀྱི་རྒྱ་མའི་ཡང་ལྕི་དང་སྲང་གི་མཐོ་དམའ་ལ་ཚད་ཏག་ཏག་ཅིག་འདེབས་ཀྱི་རེད། ད་ནི་མ་འོངས་པའི་བཀའ་ཁྲིའི་སྐོར་ལ་ཚོད་དཔག་ཅིག་བྱས་ན། འོས་ཤོག་མང་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཆགས་ཀྱི་རེད། དེ་འཕྲོས་སྤེན་པ་ཚེ་རིང་ཆགས་ཀྱི་རེད།དེ་འཕྲོར་བློ་བཟང་སེང་གེ་སླེབས་ཀྱི་རེད། དེ་ནས་རྒྱ་རི་སྒྲོལ་མ་སོགས་རིམ་པས་སླེབས་ཀྱི་རེད།
    
གསལ་གསལ་ཐག་ཐག་ཅིག་ལ།མ་འོངས་པའི་བཀའ་ཁྲི་ལ་ལས་རོགས་འདེམས་པའི་ཐད་ནས་དཀའ་ངལ་ཡོང་གི་མ་རེད། ད་ཡོད་བཀའ་ཁྲིའི་འོས་གཞི་ཁག་བཀའ་བློན་ལས་རོགས་སུ་འོས་སྦྱོར་ལ་གྲོས་ཚོགས་ནས་འོས་ཐོབ་བྱུང་བ་ཡིན་ན།མ་འོངས་པའི་བཀའ་ཤག་དེ་དོན་གྱིས་བཀའ་ཁྲི་བརྒྱད་འཛོམས་ཀྱི་བཀའ་ཤག་ཅིག་ཆགས་ཀྱི་རེད། དེ་མཚམས་གཞི་ནས།མང་ཚོགས་ཀྱིས་ད་ཡོད་བཀའ་ཁྲིའི་འོས་གཞི་འདི་དག་གིས་ཕྱག་ལས་གནང་སྟངས་དང༌། ཐུགས་འགན་བཞེས་སྟངས།ལག་བསྟར་གནང་སྟངས་བཅས་ཀྱི་ཕྱོགས་བཞི་མཚམས་བརྒྱད་མིག་གིས་མཐོང་གི་རེད། དེ་དུས་ད་ལྟའི་འོས་གཞི་དག་གི་ངོ་གདོང་དང་ནང་སྙིང་གསལ་པོར་མཐོང་གི་རེད། དེ་དུས་ཀྱི་བཀའ་ཤག་དེ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་མིན་ཡང་ཤེས་ཀྱི་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༤ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༤ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 27

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བློ་བཟང་སེངྒེ་ལགས་ཀྱི་བཀའ་མོས་ལ་དཔྱད་པ་ཞིག་བྱས་པ་ཡིན་ན་མགོ་འདྲེན་དང་ལྟ་སྒོ་ཡོད་མཁན་དག་ལ་མཁེ་བཟང་ཆེ་བཞིན་ཁེས་མེད་ཉམས་ཆུང་བའི་མི་མང་ནི་ག་རེ་བྱས་ཀྱང་བྱས་གསུང་གི་འདུག
    ཁོང་གི་བསྒྲུབ་བྱ་གསུམ་གསུང་ཡོད་པའི་དང་པོ་ནི་རབ་གསུམ་རབ་ལ་བྱུང་ན་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་འབད་པ་བྱ་རྒྱུ་ཡིན་ཟེར་བ་བལྟ་བུ་ནི་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་འཕེབས་ལྟར་བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་རྒྱབ་བསྐྱོར་ཐོབ་རེའི་དམིགས་ཡུལ་བཅངས་བ་ལས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་མིན་པ་གསལ་པོ་རེད།
    གཉིས་པ་ནི་ཁོང་གི་གསར་བཏོད་བཞེས་པ་དེ་ཡང་དེང་དུས་ཀྱི་གཞོན་ནུ་ཆབ་སྲིད་ཀྱི་ཁ་ཕྱོགས་བོར་བའི་གང་དྲན་ལག་ཏུ་ལེན་པ་མི་རིགས་དང་རིགས་གནས་མི་སེམས་པ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་འཕེལ་དང་འཕེལ་བཞིན་པ་དེ་དག་གི་འདོད་བློར་བསྟུན་ནས་གསུང་པ་ལས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་མིན།
    གསུམ་པ་རང་མགོ་རང་ཐོན་ཞེས་པ་དེ་ནི་དངོས་གནས་ཁོང་གི་ལོ་མང་རིང་དཀའ་དཔྱད་འབད་པ་དུ་མས་བསགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་གང་ལ་ཞེ་ན་ད་བར་མི་ལོ་དུ་མའི་རིང་ལངས་ཕྱོགས་འདི་བཟུང་ནས་ཨ་རིར་བཞུགས་པ་ནི་ཀུན་གྱི་མཁྱེན་གསལ་མ་རེད་པས། ཧ

    Reply
  2. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་ལགས།
    ཁྱེད་རང་ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་རྒྱུ་མ་རེད། ཁྱེད་ཀྱིས་བཀོད་པའི་མཆན་འདི་ཁ་བརྡ་དྲ་རྒྱའི་ཐོག་ཁ་སང་སྔོན་མ་ནས་སྲིད་པ་རྡ་ོརྗེ་ཟེར་བ་ཞིག་གིས་བཀོད་ཡོད་པ་དེ་རེད་འདུག་གཱ ཁྱེད་རང་སྲིད་པ་རྡོ་རྗེ་ཡིན་ན་བཤད་རྒྱུ་ཅང་མེད། དེ་མིན་གཞན་གྱི་མཆན་རང་གི་ཡིན་མདོག་གིས་སྤེལ་བ་འདི་མ་རབས་ཀྱི་བྱེད་སྟངས་ཤིག་མ་རེད་དམ། གལ་སྲིད་འདྲེན་བཀོད་བྱས་པ་ཡིན་ན་དེ་ལུགས་གསལ་བཤད་དགོས་ངེས་རེད།

    Reply
  3. སྤེན་པ་ཚེ་རིང་ says:
    ལོ་ 15 སྔོན།

    ད་ལན་འོས་ཤོག་འཐོར་ འགྲོ་རྒྱུ་་ཉག་གཅིག་རེད་ བཀའ་བློན་ཁྲི་པ་ལ་ལངས་མཁན་མང་པོ་རེད་ དེའི་ནང་ནས་འོས་མི་འདོན་མཁན་ཡང་མང་པོ་རེད་ ཉེ་འཆར་དབུས་གཙང་ཆོལ་ཁའི་འོས་མི་བཀའ་ཟུར་བཀྲིས་དབང་འདུད་ལགས་དང་ཆུ་བཞི་སྒང་ དྲུག་གི་བཏོན་པའི་བློ་བཟང་སྦྱིན་པ་ལགས་གཉིས་ཀྱང་ལངས་རྒྱུ་ཡིན་ཅེས་ཞལ་བཞེས་ གནང་ཡོད་ས་རེད་ དེ་གཉིས་དབར་ལ་ཁ་འཐོར་འགྲོ་རྒྱུ་ཉག་གཅིག་རེད་ གང་ཡིན་ཟེར་འོས་འཕེན་པ་མང་ཆེ་བས་ཆོལ་ཁའི་འོས་མི་ལ་བླུགས་ཀྱི་ཡོད་པ་རེད་གཞི་ སྒྲུབ་པ་དང་བག་ཆགས་ཡོད་པ་རེད་

    ཐུགས་ཕམ་པ་ཞིག་ལ་བློ་ བཟང་སེང་གེ་ཆོལ་ཁ་སུས་ཀྱང་བཏོན་པ་གོ་ས་མ་སོང་ འོན་ཀྱང་རྒྱབ་སྐྱོར་བ་གང་མཚམས་ཡོད་པ་འདྲ་ དེས་ཀྱང་འོས་ཤོག་ཁ་འཐོར་འགྲོ་བ་གཅིག་རེད་

    དེ་ནས་རྒྱ་རི་སྒྲོལ་མ་དང་སྤེན་པ་ཚེ་རིང་གཉིས་ལ་ཡང་བླུགས་མཁན་ཁ་ཤས་ཡོང་རྒྱུ་རེད་

    བསྟན་འཛིན་རྣམ་རྒྱལ་སྐད་གྲགས་ཆེ་ཡང་མིང་ཆད་ངན་པས་རྐྱེན་གྱིས་བླུགས་མཁན་ཉུང་ཤས་ལས་ཡོང་ས་མ་རེད་

    འདུག་སེ་བལྟས་ན་བཀྲིས་ དབང་འདུད་ལ་བླུགས་མཁན་ཤུགས་ཆེན་པོ་རེད་ ལོ་ན་རྒན་གྲས་མང་ཆེ་བས་ཁོང་ལ་ངར་ངར་ཤུགས་ཤུགས་ཀྱི་རྒྱབ་སྐྱོར་དང་སྐུལ་མ་ བྱེད་ཀྱི་འདུག་

    དེ་འདྲ་སོང་ཙང་འོས་ཤོག་བརྒྱ་ཆ་མང་མོས་ཐོབ་མཁན་རག་ཡོང་མི་ཡོང་ཐེ་ཚོམ་རེད་

    ཨ་མདོ་བ་ཚོས་རྔ་བ་ཚེ་ རྒྱམ་ལ་བླུགས་རྒྱུ་ཡིན་ཟེར་ སྟོད་པ་ཚོས་སྐལ་བཟང་སྒོ་དྲུག་པ་ལ་བླུགས་རྒྱུ་རེད་ ད་ག་རེ་ཆགས་ས་རེད་ འགྲོ་གྲོན་ཆེན་པོ་གཏོང་བའི་འོས་བསྡུ་ཐེངས་ཁ་ཤས་བྱེད་དགོས་ཆགས་ས་རེད་

    དོན་དམ་ཐོག་བཀའ་བློན་ ཁྲི་པ་སུ་གཅིག་སླེབས་ཀྱང་འགྱུར་བ་ཆེན་པོ་གང་ཡང་ཐོན་རྒྱུ་ཡོང་བཟོ་མི་འདུག་་ དེ་ལས་བརྟན་པ་བྱས་ནས་བཀའ་བློན་བཀྲིས་དབང་འདུད་ལ་བླུགས་ན་མང་མོས་ཨེ་ཐོབ་ གཅིག་བལྟ་ས་ཡོང་ས་རེད་ ང་རང་ངོས་ནས་ཁོང་ལ་བླུགས་རྒྱུ་བྱས་པ་ཡིན་ རྒྱལ་བ་རིན་པོ་དགུང་ན་བགྲེས་པའི་དུས་འདིར་ཟང་ང་ཟིང་ངེ་ཞེ་དྲག་མེད་ན་ཡག་ས་ རེད་ གང་བརྟན་བརྟན་བྱས་ན་ཁོང་གི་སྐུའི་གཟི་བྱིན་དེ་མུ་མཐུད་བོད་མི་རིགས་ལ་ཁྱབ་ རྒྱུ་རེད་ དེ་མིན་མི་རང་ཚུགས་མེད་པ་དང་ཉམས་མྱོང་མེད་མཁན་དེ་འདྲས་ག་རེ་བྱས་ཡོང་མི་ཡོང་ ཉེན་ཁ་ཆེན་པོ་རེད་ སོ་སོའི་མིང་དང་ཉེ་དུའི་འཚོ་བ་ལ་བལྟས་ནས་སྡོད་ས་རེད་

    Reply
  4. འཇམ་གྲགས says:
    ལོ་ 15 སྔོན།

    བསམ་བློ་བཏང་བཏང་ནས་ད་ལན་ཐེང་འདིའི་ང་རང་མི་ཅིག་གི་འོས་ཅིག་དེ་བློ་བཟང་སེང་གེ་ལ་བླུག་རྒྱུ་ཐག་ཆོད་སོང་། གང་ཡིན་ཟེར་ན་གཞན་པ་དེ་ཚོ་ལ་དམིགས་གསལ་འགྱོན་ཐང་ཡོད་མེད་ནི་ཤེས་གསལ་རེད། བློ་བཟང་སེང་གེ་ལ་ཚོད་ལྟ་ཅིག་བྱས་པ་ཡིན་འགྲིག་འདུག་དྲན། ད་ལྟ་གོང་ས་མཆོག་དབུ་ལ་བཞུག་ཡོད་ཙང་ཉེན་ཁ་ཆེར་མི་འདུག་སྙམས།

    Reply
  5. མྱི་ལྟིག says:
    ལོ་ 15 སྔོན།

    གང་ལྟར་ངའི་རེ་བ་ནི་མིག་ཡོད་ནི་ཞིག་ཡིན་དགོས་ཐོག་མིག་གིས་བོད་རྒྱ་ཞི་མོལ་དང་གཞིས་བྱེས་གཉིས་ཀྱི་ཧེ་བག་ལའང་བལྟ་ཤེས་ནི་ཞིག་དགོས་ཀྱིན་འདུག་སྙམ་མོ།

    Reply
  6. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ཟློས་གར་དུ་ཚོགས་ཟིན་པའི་བཀའ་ཁྲིའི་བགྲོ་གླེང་ཆེན་པོར་བསམ་གཞིགས་ཤིག་བྱས་ཚེ་ད་དུང་ང་ཚོས་བཀའ་ཁྲིའི་འོས་གཞི་ལ་ཞིབ་ཚགས་པོའི་བསམ་བློ་ཞིག་གཏོང་དགོས་པ་འདུག་སྙམ།
    ཚབ་འཚུབ་བྱེད་མི་ཉེན་གི་ཡཱ།

    Reply
  7. འཇམ་དབྱངས། says:
    ལོ་ 15 སྔོན།

    ཉམས་མྱོང་དང་བཙལ་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྒྱུས་མངའི་ཐད་ནས་བཤད་ན་བློ་བཟང་སེངྒེ་ལས་ཚོགས་གཙོ་ཧ་ཅང་ལེགས་པ་ཡོད། གང་ལྟར་ལུང་ཚན་གྱི་ཞེན་ཁོག་གི་ཁ་དབང་དུ་མི་གཏོང་བར་ཤེས་འཇོན་ཡོད་པའི་བཀའ་ཁྲི་ཞིག་འདེམས་རྒྱུ་ནི་ཀུན་གྱི་རེ་བ་དང་། དབུ་ཁྲིད་བཟང་པོའི་ཐུགས་རེ་ཡང་རེད།

    Reply
  8. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    བཀྲ་་་ས་མཐོང་ལ་ཉམས་མྱོང་དང་བྱས་རྗེས་ཡོད་ཀྱང། ཁོའི་བཀའ་མོལ་གནང་སྟངས་ལ་བལྟས་ན་བོད་གཞུང་གི་ལས་དོན་རྣམས་རྒྱུན་སྐྱོང་དང་འཆར་ཅན་ཙམ་གནང་འཆར་ལས་ལེགས་བཅོས་གཏོང་འཆར་ཅི་ཡང་མེད་པའི་བཟོ་འདྲ་ཞིག་འདུག དེ་འདྲ་ཡིན་ན་ཁོང་བཀའ་ཁྲིར་བཞུགས་ནས་ཕན་ཐོགས་ཡོང་ས་མ་རེད། ད་ལྟ་ང་ཚོ་ཛ་དྲག་གི་སྐབས་འདིར་༸གོང་ས་མཆོག་དང་བོད་གཞུང་གི་སྲིད་བྱུས་འདི་རྒྱུན་སྐྱོང་ཐོག་ཡར་རྒྱས་དང་ལེགས་བཅོས་ཤུགས་ཆེ་ཙམ་བཏང་སྟེ་ནུས་པ་སྔར་ལས་ལྷག་པ་ཞིག་ཐོན་ཐབས་བྱེད་དགོས། དེ་ལ་སྤེན་པ་ཚེ་རིང་ལེགས་པ་འདུག བློ་བཟང་སེང་གེ་ཤེས་ཡོན་ཡག་པོ་ཡོད་ནའང་ཉམས་མྱོང་མེད་པའི་ཐོག་ལོ་གཞོན་གྱི་སྣང་བ་ཁྱེར་ཏེ་འུར་རླུང་གི་ནང་འགྲོ་ཉེན་འདུག དེ་བས་ད་ལྟ་ཁོང་སྤྱི་འཐུས་སམ་བཀའ་ཤག་ནང་ཚུར་ཕེབས་ཏེ་ཉམས་མྱོང་བསགས་ན་རྗེས་མ་གོ་སྐབས་ཡོད་ཡོད་པ་རེད། རྒྱ་རི་སྒྲོལ་མ་ནི་སེམས་ཤུགས་ཆེ་མདོག་གིས་ངུ་རྒྱུ་མ་གཏོགས་གཞན་ཅང་འཇོན་ས་མ་རེད།

    Reply
  9. མིག་གསུམ་པ། says:
    ལོ་ 15 སྔོན།

    འཇིགས་བཀྲ་ལགས། སྐུ་ཉིད་ཀྱི་མཐོང་སྣང་དང་བསམ་ཚུལ་ཇི་ལྟར་ཡིན་ཡང་བརྗོད་ཆོག་པ་ཞིག་རེད། ཡིན་ནའང་། དོན་དངོས་སུ་དེ་ལྟར་མིན་པའི་བྱེད་སྟངས་ནི་ཇི་བཞིན་དུ་རྟོགས་པར་འཚལ།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སེམས་གཏམ་ཞིག་འདི་ན་བཤད།
    ད་ལྟ་འདི་ལྟར་བཀའ་ཁྲི་ལང་བ་དང་མང་ཚོགས་ཀྱིས་ཀྱང་རང་ཐད་ནས་ཁོ་བ་ཚོས་གསུངས་བཤད་ཅི་འདྲ་གནང་བ་དང་ཁོ་བ་ཚོའི་འདས་མ་འོང་ད་གསུམ་ལ་དཔྱད་ཞིབ་བྱས་དང་བྱེད་མོས་རེད། འདི་ཡར་ཐོན་གི་རྣམ་པ་ཞིག་རེད་ཟེར་ཆོག
    འོན་ཀྱང་མཐའ་སྡོམ་སྐབས་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་ཀྱི་ཆགས་སྡང་དེ་ལས་ཐར་མི་ཐུབ་པ་ད་ལྟའི་བྱེད་སྟངས་ལས་ཚོར་གྱིན་འདུག། ཁོ་བ་ཚོས་ཀྱང་རྩེས་འདི་བརྒྱབ་དེ་མི་མང་གི་མདུན་དུ་ལངས་བར་འདོད།དེའི་ན་ཡར་ཐོན་གི་རྣམ་པ་ཙམ་ལས་ཡར་ཐོན་མེད། གང་ལྟར་ཆོལ་ཁ་དང་ཆོས་ལུགས་ཀྱི་མོག་གཞི་ལས་གཉིད་མ་སད་བར་དུ་ཡར་ཐོན་གྱི་རྣམ་པ་དེ་ཡོང་གི་མ་རེད་འདོད།

    Reply
  11. བསེ.ཀུན་དགའ་རྒྱ་མཚོ། says:
    ལོ་ 15 སྔོན།

    སྲོང་བཙན་བུ་ཁྱོད་ཀྱིས་བཤད་པ་དེ་ཁྱོད་ཀྱི་བསམ་ཚུལ་རེད། འོན་ཀྱང་ངས་འདོད་པ་དང་མཐུན་གྱིན་མི་འདུག རྒྱུ་མཚན་ནི་བཀྲས་མཐོང་དང་པོ་ཆག་པར་ཆ་བཞག་ན་ཡང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་པར་ཆག་སྟངས་ག་འདྲ་རེད། དེ་ལ་རྒྱུ་མཚན་གཏན་ནས་མི་འདུག ཤེས་འཇོན་གྱི་ཆ་ནས་བློ་སང་ལས་ལྷག་པར་སུ་གཅིག་གིས་ཀྱང་བཤད་མི་ཐུབས་ལ། ཞེན་ཁོག་བྱས་ན་ནི་དེ་བས་ཀྱང་ཚོགས་གཙོ་ལ་རེ་བ་མེད།

    སྤྱིར་ཡིན་ན་ད་ལྟའི་གནས་སྐབས་ལ་ངས་བསམ་ཚུལ་ནི་བློ་སང་ལས་འོས་པ་ཞིག་གཏན་ནས་མི་འདུག་སྙམ། རྒྱུ་མཚན་ཁོང་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་སྐྱེ་བུ་ཞིག་༸གོང་ས་མཆོག་དངོས་སུ་སྐུ་བཞུགས་པའི་གནས་སྐབས་ལ་ཉམས་མྱོང་བསོགས་འཇུགས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་རེད།

    ༸གོང་ས་མཆོག་སྐུ་བཞུགས་པའི་སྐབས་ལ་སུ་འདྲ་ཞིག་བཀའ་ཁྲིར་བཞུགས་ཀྱང་ཞབས་འདྲེན་ཆེན་པོ་ཞུ་གི་མ་རེད། དེ་ནི་ཁོང་གི་བཀའ་སློབ་ལམ་སྟོན་ཡོད་པས་རེད། ཁོང་གི་བཀའ་སློབ་ལམ་སྟོན་འོག་བློ་སང་ལྟ་བུ་གཞོན་སྐྱེས་འགའ་ཞིག་ལ་ཉམས་མྱོང་སྤྲོད་དགོས་པ་ཡང་ད་སྐབས་ལྡོགས་ཏུ་མེད་པས་ལས་འགན་ཞིག་རེད་འདོད།

    Reply
  12. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    མིག་གསུམ་པ་ལ།
    བློ་བཟང་སེང་གེས་བཤད་པའི་སྐད་ཆའི་ནང་དོན་རྣམས་བོད་ཀྱི་རྩ་དོན་ལ་ཕན་མེད་རེད་ལབ་ཀྱི་མེད། ཁོའི་བཤད་སྟངས་ཀྱི་རྣམ་འགྱུར་ལ་བལྟས་དུས་དེ་འདྲ་ཞིག་མཐོང་གི་འདུག་ལབ་པ་ཡིན། ཁོས་བཤད་པའི་དོན་ཚན་གསུམ་གྱི་དང་པོ་དེ་ལ་རྒྱ་མིན་པར་ཆིག་སྒྲིལ་ཡིན་བསམ་སོང། དཔྱད་པར་འཚལ།

    Reply
  13. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    སྲོང་བཙན་བུ་ལགས། ཁྱེད་རང་བཙན་བྱོལ་སྤྱི་ཚོགས་ནང་རྒྱུས་མངའ་ཡོད་པ་ཡིན་ནའང༌། སྤེན་པ་ཚེ་རིང་ལ་མཐའ་མའི་དངོས་གཞིའི་འོས་ནང་སླེབས་ཀྱི་རེད་བ་ཟེར་དེ། རྩ་བ་ནས་སླེབས་ཀྱི་མ་རེད། བསྟན་འཛིན་རྣམ་རྒྱལ་ལ་རེ་བ་ཅུང་ཟད་འདྲ་པོ་འདུག ཡིན་ནའང་ཁ་པོ་རེད། སྤེན་པ་ཚེ་རིང་སྔོན་འགྲོའི་ནང་ཨང་བཞི་པ་ལྔ་པ་གང་རུང་ལ་སླེབས་ཀྱི་རེད།

    Reply
  14. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྲོང་བཙན་བུ་ཁྱེད་ཀྱིས་རྣམ་རྟོག་མ་སློང་རོགས་ཐུགས་རྗེ་གཟིགས་
    བཀྲས་མཐོང་གི་སྐད་ཆ་དེ་བཀའ་བློན་སུ་སླེབས་ན་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཟེར་ ༧ གོང་ས་མཆོག་གི་ལམ་སྟོན་གནང་གི་རེད་ཟེར།
    ཡང་སྐད་ཆ་སྔ་ཕྱི་མི་མཚུངས་པ་བཀའ་བློན་ཁྲི་པར་སུ་བསླེབ་ནའང་ཡར་༧གོང་ས་མཆོག་གི་བཀའ་རེད་ཅེས་དང་། མར་མང་ཚོགས་ཀྱི་བསམ་ཚུལ་རེད་ཅེས་བར་མ་བར་ནས་མཁས་པོ་བྱས་ནས་འདུག་ས་མེད་པ་ཟེར་ནས་སྐད་ཆ་སྔ་ཕྱི་མི་མཚུངས་པ་ཤོད་པ་འདི་ལ་སྐད་ཆ་ལྗེད་གོག་ཆེ་ཤོས་རེད་ཟེར་གི་ཡོད་པས།

    ༧གོང་ས་མཆོག་དགུང་ན་མཐོ་པོ་ཕེབས་ཚར་བ་རེད་ བཀའ་བློན་སུ་ཕེབས་ནའང་ལམ་སེང་འགྱུར་བ་གཏོང་ཡ་དེ་འདྲ་གས་ཡོད་མ་རེད་ ཚང་མས་ཤེས་གསལ་རེད་ འོན་ཀྱང་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱི་བསམ་བློ་གཅིག་ཀྱང་མེད་པ་ གྲགས་འགུལ་གཅིག་ཀྱང་མེད་པ་སྡོད་འདོད་ཀྱི་མི་ལ་ལྗེད་གོག་མཐོང་གི་ཡོད་པས། དེ་འདྲ་ཡིན་ན་བཀའ་ཁྲི་མེད་ནའང་འགྲིག་གི་འདུག་བ་
    རྒྱ་ནག་གི་ཁྲིམས་ལ་ཡོད་པའི་རང་སྐྱོང་དེ་དགོས་ཡོད་ཟེར་གི་ཡོད་དུས་ད་ཁྲིམས་ཐོག་ནས་རྩོད་ཡ་དེ་རེད་ མི་བུ་བློ་སེང་ལ་རན་པ་ཞིག་སུ་འདུག་། མི་རྙིང་དང་ བསམ་རྙིང་ སྔར་བཀའ་ཁྲི་ཡིན་བཞིན་པ་ལ་ལས་ཀ་གཡུག་བཞག་མཁན་ཞིག་ལ་ ལྗེད་གོག་ག་རེ་འདུག་

    Reply
  15. བྱམས་པ། says:
    ལོ་ 15 སྔོན།

    ད་འདི་ལྟར་གླེང་རན་ནས་ཡོད་ཀི གླེང་མཁན་ཚང་མས་ཡག་པོ་གླེང་ཡོད་ཀི

    Reply
  16. མིག་གསུམ་པ། says:
    ལོ་ 15 སྔོན།

    འཇིག་མེད་བཀྲ་ཤིས་ཀྱིས་གསུངས་པ་དེ་ནི་གཅིག་བྱས་ན་བདེན་ཤོས་ཆེ། བློ་བཟང་སེང་གེས་གཞོན་སྐྱེས་ཀྱི་སེམས་ཁམས་དང་མཐུན་པའི་གཏམ་བཤད་ལ་འབད་བཞིན་ཡོད་ན་ཐང་། ཡིན་ནའང་། བོད་གཞུང་དམངས་ཀྱི་ཁེ་ཕན་དང་བོད་ཀྱི་རྩ་དོན་གཙོ་བོར་མི་འཛིན་པའི་བསམ་ཚུལ་དེ་ལ་འཐད་པ་བྱུང་མ་སོང་། བློ་བཟང་སེང་གེས་བཀའ་ཁྲིར་ལངས་པ་ལ་དོན་ཚན་གསུམ་བཏོན་དེ། ལ་རྒྱ་དང་གསར་གཏོད། རང་མགོ་རང་ཐོན་ཟེར་བ་དེ་ནི་བོད་གཞུང་དམངས་གཉིས་ལ་བསམ་ནས་གསུངས་པ་རེད་མ་གཏོགས་ཁོ་རང་གི་ཁེ་ཕན་ཞིག་ཏུ་དུས་དང་རྣམ་པ་ཀུན་ཏུ་མཐོང་མ་སོང་། གཞན་མི་རབས་རྒན་པ་རྣམས་རིམ་བཞིན་རིམ་བཞིན་དུ་རྗོགས་འགྲོ་བ་ཆོས་ཉིད་ཀྱིས་གཏན་ལ་ཕབ་ཚར་བ་རེད། བློ་སེང་གི་སྐད་ཆ་ཞིག་སྟེ། ༼རང་མགོ་རང་ཐོན༽ཟེར་བ་དེ་ནི་མི་རབས་གསར་བའི་ཕྲག་སྟེང་བབ་ཡོད་པ་རེད། དེས་ན་འབྱུང་འགྱུར་གྱི་བཀའ་ཁྲིའི་རྐུབ་སྟེགས་དེའང་མི་རབས་གསར་བ་འཇོན་ཐང་དང་ལྷག་བསམ་ཡོད་པ། ཕྱོགས་ཞེན་གྱི་ལྟ་བ་མེད་པ། སྤྱི་སེམས་ཀྱི་འདུ་ཤེས་ཆེ་བའི་མི་ཞིག་གིས་བཟུང་ན་བོད་རང་དབང་སླར་གསོའི་ཐད་ལའང་ནུས་པ་ཤུགས་ཆེར་འཐོན་རྒྱུ་རེད་བསམ་ཀི

    Reply
  17. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    སྲོང་བཙན་བུས་བསམ་ཚུལ་འོ་ཙམ་རེད། ཡིན་ནའང་། རྩོམ་པ་པོ་སྒེར་གྱི་ཚོར་སྣང་གིས་དངོས་ཡོད་དང་སྤྱི་ཚོགས་ཀྱི་བདེན་པ་གཡོག་འདུག་ས་ཤུགས་ཆེ་ཚོད་དུ་འདུག། མ་ཟད། འདི་དང་འདི་མཐའ་མའི་དངོས་གཞི་ལ་སྤེབས་རྒྱུ་རེད། འདིའི་རྗེས་ལ་འདི་རེད་ཟེར་བ་འདི་ཚོ་ཕལ་ཆེར་བཤད་ཁག་པོ་རེད། ཐམས་ཅད་མཁྱེན་པ་ནི་ཁྱོད་ཀྱང་ཡིན་རྒྱུ་མ་རེད། ཡིན་ནའང་། ཚོད་དཔག་ནི་ནམ་ཡང་ཚོད་དཔག་ཙམ་ཡིན་པས་དེ་ཙམ་མ་རེད་དམ།

    ད་འོག་ནས་བཀའ་བློན་ཁྲི་བའི་སྐོར་དེ་བཤད། ངེད་ཀྱི་བསམ་ཚུལ་ཞིག་ལ། བཀའ་བློན་ཁྲི་བ་ཟེར་ཡོང་དུས་རྡ་རམ་ས་ལའི་རྐུབ་སྟེགས་གཅིག་པུ་ཡིད་ལ་སྒོམ་རྒྱུ་མི་འདུག། བཀའ་བློན་ཁྲི་བ་ལ་མ་མཐའ་ཡང་ཆ་རྐྱེན་འདི་འདྲ་གསུམ་ཚང་དགོས་པར་སྙམ་སྟེ། དང་པོ། བོད་བཙན་བྱོལ་གཞུང་གི་འཛིན་སྐྱོང་སྲ་ཐག་ཐག་ཐུབ་པ། གཉིས་པ། བོད་དོན་རྒྱལ་སྤྱི་ཅན་ལ་རྒྱུར་ཐུབ་པ། གསུམ་པ། བོད་ནང་གི་བོད་མིའི་དངོས་ཡོད་ཀྱི་དཀའ་སྡུག་གཟིགས་ཐུབ་པ་བཅས་རེད། དེ་བས། ངེད་ཀྱི་བསམ་པར་ད་ཡོད་བཀའ་ཁྲིའི་འོས་མི་འདི་དག་ལས་ཆ་རྐྱེན་འདི་གསུམ་ཀ་ཚང་མཁན་མི་འདུག། གཅིག་ཕྱི་འབྲེལ་ལ་བཟང་ན་ནང་སྲིད་ལ་མི་མཁས་པ་དང་། ཡང་གཞན་པ་དེ་ནང་སྲིད་ལ་འོ་ཙམ་རེད་འདོད་ན་ཡང་བོད་ནང་ལ་ཆ་རྒྱུས་མེད་པ་དེ་འདྲ་རེད། སྤྱི་བཏང་ཡིན་ན་བཀྲས་མཐོང་དང་སྤེན་ཚེ། བློ་སེང་གསུམ་ཆ་མཉམ་དུ་༢༠༡༡གི་བཀའ་ཁྲིར་འདེམས་བཞག་ན་ཕན་པ་ཡོད་ཐག་ཆོད་རེད་མོད་ཀྱང་། འདི་ནི་གང་ནས་སྲིད་དམ། འདི་ལྟར་བསམ་བློ་བཏང་ན། བཀའ་ཁྲིའི་སྐོར་འདི་ལ་ང་ཚོས་ད་དུང་མུ་མཐུད་ནས་རང་རང་གི་ཀླད་པ་དཀྲུགས་དགོས་ཀྱི་འདུག་ཟེར་འདོད་བྱུང་། དེ་མ་གཏོགས། ཅིག་ཅིག་རེད་དང་། འདི་འདི་རེད་ཟེར་བ་ཙམ་གྱིས་ཕན་ཐོག་པ་དཀའ་མོ་རེད་དོ།།

    Reply
  18. འཇམ་གྲགས says:
    ལོ་ 15 སྔོན།

    བཀྲས་མཐོང་འོས་ཤོགས་མང་ཤོས་ཡིན་ཟེར་བ་དེ་ཡིན་འགྲོ། འོན་ཀྱང་སྤེན་པ་ཚེ་རིང་གཉིས་པ་འོང་ཟེར་བ་སྲོང་བཙན་ནོར་སོང་། གང་ཡིན་ཟེར་ན་འགྱོན་ཐང་གི་ཆ་ནས་བཤད་ན་བཀྲས་མཐོང་ལ་ཡང་དམིགས་གསལ་མེད། ཞན་ཁོག་གི་དབང་དུ་སོང་ན་སྤེན་པ་ཚེ་རིང་ལ་གཉིས་པ་ཅི་ལྟར་ཐོབ། གང་ལྟར་དངོས་གཞི་འོས་བླུག་པའི་སྐབས་སུ་འཛུབ་མོའི་ཐག་གཅོད་གི་དབང་ཆ་དེ་བདག་འཛིན་ཞེན་ཁོག་ལ་ཤོར་རྒྱུ་ཐག་གི་ཆོད།

    Reply
  19. ཚོ་སྒོ་བ། says:
    ལོ་ 15 སྔོན།

    སྲོང་བཙན་གྱི་བཤད་པ་དངོས་བདེན་རེད། སྤེན་པ་ཚེ་རིང་སླེབས་པ་ནི་བློ་བཟང་སེང་གེའི་བར་ཆད་རེད་འདུག དེང་སྐབས་སྤྱི་ཚོགས་ཀྱི་འུར་ཟིང་འཇགས་ཏེ་ལྷོད་ལ་བབས་ནས་བགྲོ་གླེང་བྱེད་འགོ་ཚུགས་ཟིན་པས་བློ་བཟང་སེང་གེའི་གཏམ་བཤད་ལ་རིན་ཐང་ཆག་འགོ་ཚུགས་ཡོད་པ་རེད། དངོས་གཞིའི་དེ་སྤེན་པ་ཚེ་རིང་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་རྩོད་ཀྱི་ཡིན་པ་འདྲ།

    Reply
  20. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    དེང་སང་ས་གར་ས་ག་ལ་བཀའ་བློན་ཁྲི་པའི་དོན་ལ་ཡིན་ཚོད་འདུག་པའ་དགའ་འོས་པ་ཞིག་ཡིན།།
    སྲོང་གཙན་ལགས་གྱི་གསུང་ལུགས་བཞིན་ཕྱོགས་རིས་གསུང་མི་རུང་།
    ཐུགས་རྗེ་ཆེ།།

    Reply
  21. ཐིག says:
    ལོ་ 15 སྔོན།

    ངེད་ནས་བསམ་པར་བོད་པ་མང་པོས་ད་དུང་ཡང་བོད་ཀྱི་གཏིང་འོག་ལ་མ་སྨྲས་བརྟེན་ཉར་བྱེད་པའི་ཆབ་སྲིད་མང་པོར་ཤེས་ཚོར་མེད་པར་འདྲ། རྒྱལ་ཁབ་སུ་ཡིན་ཡང་རང་རང་སོ་སོར་ཕྱིར་འགྱངས་བྱེད་མི་འོས་པའི་ཆབ་སྲིད་རེ་ཡོད་པ་རེད། ཆབ་སྲིད་དེ་ཡང་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་རྒྱལ་ཁབ་དེའི་མཁོ་དགོས་ལ་གཞིར་བཞགས་ཀྱི་གཏན་འབེབས་གནང་དགོས་པ་ཞིག་རེད་ལ། དེ་མཁྱེན་རྟོགས་ཐུབ་མཁན་ཡང་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཆོག་པར། གཙོ་བོར་རང་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ལ་མཐིལ་ཕྱིན་པར་མཁྱེད་རྟོགས་དང་ཉམས་མྱོང་དགོས་པ་ཞིག་རེད། ཤེས་ཡོན་གཅིག་པོས་དོན་དག་མང་པོ་ཞིག་ལས་ཕན་འདོགས་པ་ལས་གནོད་མང་པོ་བསྐྱེལ་སྲིད། དེ་འདྲ་ཡིན་དུས་ང་ཚོས་ཉམས་མྱོང་དང་རྒྱུས་མངའ་ལ་མང་ཙམ་བསམ་བློ་གཏོང་དགོས་རེད་སྙམ།

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་ཤོག་ཐོབ་གྲངས་སྲོང་བཙན་བུ་ཡི་ཨང་རིམ་ལས་འགོ་མཇུག་ཏག་ཏག་མི་བརྗེ་བ་མི་སྲིད་པ་མ་རེད།

    Reply
  23. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    མདང་དགོང་དགའ་འབོད་ཀྱི་ཐལ་མོ་མང་ཤོས་བློ་བཟང་སེང་གེ་དང་དེ་ནས་སྤེན་པ་ཚེ་རིང་ལ་བརྡབས་སོང། དེ་ནི་མདང་དགོང་བགྲོ་གླེང་ལ་སླེབས་པ་བརྒྱ་ཆའི་དགུ་བཅུ་གོ་ལྔ་གཞོན་སྐྱེས་ཡིན་པས་རེད། གཞོན་སྐྱེས་ཚོ་གཞོན་སྐྱེས་ལ་དགའ་བ་འདི་མིའི་གཤིས་ཀ་ཞིག་རེད། སེམས་ཁམས་མཐུན་མིན་གྱི་དབང་གིས་རེད། གཞོན་པ་དང་གཞོན་པ་སེམས་ཁམས་མཐུན་ལ། རྒན་པ་དང་རྒན་པ་སེམས་ཁམས་མཐུན། བློ་བཟང་སེང་གེས་ཀྱང་སྐད་ཆ་གང་བཤད་གཞོན་སྐྱེས་ཚོའི་སེམས་ཁམས་དང་མཐུན་པ་ཡོང་ཐབས་གཙོར་འདོན་གནང་གི་ཡོད་པའི་མཐོང་ཚུལ་བྱུང།གཞོན་སྐྱེས་ཚོས་འདི་ལྟར་རང་གི་སེམས་ཁམས་༼འུད་བརྗོད་དང་གསར་ཞེན། སྣང་སྐྱིད་སོགས༽ དང་མཐུན་པ་ཙམ་གཙོ་བོར་བཟུང་ནས་འགྲོ་བ་ལས། བོད་གཞུང་དམངས་ཀྱི་ཁེ་ཕན་དང་བོད་ཀྱི་རྩ་དོན་གཙོ་བོར་བཟུང་ནས་འགྲོ་གི་མེད་པའི་རྣམ་པ་ཞིག་མངོན་ཡོང་བ་འདིས་བློ་མི་བདེ་བ་ཞིག་བྱས་སོང།

    Reply
  24. མིག་གསུམ་པ། says:
    ལོ་ 15 སྔོན།

    སྤྱིར་སྲོང་བཙན་བུ་ཡིས་རྩོམ་ཡིག་གནད་ལ་སྨན་པ་ཞིག་བྲིས་འདུག ཡིན་ནའང་། ཁྱོད་ཀྱི་ཚོད་དཔག་རང་བཞིན་གྱི་འོས་ཤོག་ཐོབ་སྟངས་དེ་ནི་ཕལ་ཆེར་ཅུང་གོ་ལྡོག་པའི་སྣང་ཚུལ་ཞིག་མངོན་གྱི་འདུག ཐོབ་གྲངས་མང་ཤོས་ལ་བཀྲས་མཐོང་བཞག་སྟེ་རིམ་བཞིན་བརྩིས་ཡོད་ཀྱང་། བདག་གི་བསམ་ཚུལ་ཡིན་ན་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་འདོད་ཀི མདང་ནུབ་ཀྱི་བགྲོ་གླེང་ལས་ཕལ་ཆེར་ཏོག་ཙམ་ཚོར་ཐུབ་ཀྱི་འདུག འོས་མི་སུ་ལ་དགའ་འབོད་ཀྱི་ཐལ་མོ་བརྡབས་སོང་།

    Reply
  25. lyonhomme says:
    ལོ་ 15 སྔོན།

    བཀྲས་མཐོང་གིས་དམིགས་བསལ་གྱིས་ཅིག་འཇོན་ནི་མ་རེད་ གང་ཡིན་ཟེར་ན་བཀའ་བློན་འཁྲིད་པ་བཟང་པོ་ཞིག་གི་མིང་ཐོག་ནས་འགྲོ་རྩིས་བྱ་རུ་འདུག་ དེ་བས་དབུས་གྱི་་གཤུས་ཀ་འཇམ་པོ་དང་ཡར་མར་གང་ལ་འང་མ་ཕོགས་པ་བྱས་་ནས་བོད་ཀྱི་རྩ་དོན་ལ་གང་ཡང་ཕན་ནི་མ་རེད་ སྐུ་དྲག་རྒྱུད་པ་ལ་ཡིད་ཆེས་མེད་ འདི་ཚོའི་གྲས་ཡིས་བོད་རྒྱ་ལག་ལ་བཞག་པ་རེད་ ད་མི་རབས་གསར་བས་འགོ་འཁྲིད་རན་ཡོད་དོ།། བཀའ་བློན་འཁྲིད་པ་བློ་བཟང་སེང་གེ་ལ་ཐོབ་ཡོང་ངོ།།

    Reply
  26. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྐང་གསུམ་པ་ལགས་
    ངའི་བལྟའི་ན་སྲོང་བཙན་བུ་ནོར་མི་འདུག་
    བློ་སེང་དང་སྤེན་པ་གཉིས་ཀྱི་རིམ་པ་ལ་ངེས་པ་མེད་ འོན་ཀྱང་བཀྲིས་མཐོང་ལ་མང་ཤོས་ཐོབ་རྒྱུ་རེད
    ཁོང་བཞིའི་འགྲན་བརྩོད་འདི་ལྟར་སོང་ན་ སྲོང་བཙན་བུའི་གསུངས་པ་རང་ལ་འགྲོ་ངེས་རེད

    Reply
  27. རྐང་གསུམ། says:
    ལོ་ 15 སྔོན།

    སྲོང་བཙན་བུ་ཁྱོད་ཀྱིས་བཤད་པ་དེ་ནོར་འདུག་སྙམ་་་་་་་་་་སྐུ་ཉིད་ཀྱིས་བཤད་ཚུལ་ལྟར་ན་འོས་ཤོག་མང་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཆགས་ཀྱི་རེད། དེ་འཕྲོས་སྤེན་པ་ཚེ་རིང་ཆགས་ཀྱི་རེད།དེ་འཕྲོར་བློ་བཟང་སེང་གེ་སླེབས་ཀྱི་རེད། དེ་ནས་རྒྱ་རི་སྒྲོལ་མ་སོགས་རིམ་པས་སླེབས་ཀྱི་རེད་ཟེར་བ་འདིའི་ནང་ནས་རྒྱ་རི་སྒྲོལ་མ་བླངས་ནས་བཤད་ན་ཁྱོད་ཀྱི་སྐད་ཆ་འདི་འགོ་མཇུག་ལོག་པའི་སྐད་ཆ་ཞིག་ཏུ་འགྱུར་འདུག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese