མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་བུད་མེད་ཚོས་མིག་དཔེར་བལྟ་དགོས་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༢༦ འཁོར་བའི་དུས་དྲན་ཐོག བོད་བསྟན་སྲིད་ཀྱི་སླད་དུ་རང་སྲོག་བློས་གཏོང་མཁན་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་སྟབས་བསྟུན། བོད་རིགས་བུད་མེད་རྩོམ་པ་པོ་དང་གཞས་མ་གྲགས་ཅན་འཇམ་དབྱངས་སྐྱིད་ཀྱི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་པའི་རྩོམ་དེབ་དབུ་འབྱེད་དང་། བྱང་ཀེ་ལི་ཧྥོ་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕོ་ཁེབས་ལས་གཞི་འགྲེམས་སྟོན་ཞུས།

ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ་དབུས་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༢༦ འཁོར་པའི་དུས་དྲན་སྲུང་གཙི་བྱས་ཡོད་ལ། མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། བྱང་ཀེ་ལི་ཧྥོ་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ཚེ་རིང་། ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་སོགས་ཕེབས་འདུག བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཐོག་མར་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་དབུ་བརྙེས་ཏེ་ལོ་ངོ་ ༢༦ འཁོར་པའི་དུས་དྲན་ངོ་སྤྲོད་དང་སྦྲགས། བོད་མིའི་བསྟན་སྲིད་རྩ་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་བོད་རིགས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་གུས་བརྩི་དང་དྲན་གསོ་ཞུས་ཤིང་། བོད་རིགས་བུད་མེད་རྩོམ་པ་པོ་དང་གཞས་མ་གྲགས་ཅན་འཇམ་དབྱངས་སྐྱིད་ཀྱི་མནར་གཅོད་ཀྱི་གོ་རིམ་ཞིག་༼ འདྲི་བཅོད་ཀྱི་ཉིན་ཐོ། ༽ ཞེས་པའི་རྩོམ་དེབ་བསྐྱར་དཔར་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། བོད་ཀྱི་མཛངས་མ་དང་དཔའ་མོ་འཇམ་དབྱངས་སྐྱིད་ཀྱིས་རང་སྲོག་ལ་མ་འཛེམ་པར་བོད་མིའི་མངོན་འདོན་ཐད་ཀྱི་རྩོམ་ཡིག་འདི་འདྲ་སྤེལ་བར་བོད་མི་སྤྱི་དང་ལྷག་པར་བོད་རིགས་བུད་མེད་ཚོས་མིག་དཔེར་བལྟ་དགོས་པའི་གཟི་བརྗིད་ཅིག་ཡིན་ཞེས་གསུངས།

 

བྱང་ཀེ་ལི་ཧྥོ་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ཚེ་རིང་གིས་དུས་དྲན་སྟེང་གི་ཕོ་ཁེབས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ཕོ་ཁེབས་ལས་འགུལ་འདི་ཕྱི་ལོ་ ༢༠༠༩ ཟླ་ ༤ཚེས་ ༢༥ ཉིན་༧གོང་ས་མཆོག་ས་གནས་དེར་ཕེབས་པ་དང་སྟབས་བསྟུན་མགོ་བརྩམས་པ་དང་། ལས་འགུལ་དེ་ནི་རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་ནས་མི་ལོ་ ༥༠ ལྷག་གི་རིང་བོད་མི་ས་ཡ་ ༡.༢ རྐྱེན་ལམ་དུ་བཏང་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་རྟེན་དང་། འཛམ་གླིང་མི་མང་ལ་དངོས་ཡོད་གནས་ཚུལ་འདི་ཤེས་རྟོགས་ར་སྤྲོད་བྱ་ཆེད་ཡིན། ཕོ་ཁེབས་ལས་འགུལ་འདི་ནི་ཚོགས་པ་དེ་ཉིད་ཀྱིས་གོ་སྒྲིག་འོག མང་ཚོགས་ཚོས་དང་བླངས་ངང་ཆེ་ཆུང་གཅིག་མཚུངས་ཅན་གྱི་རེས་ཆ་རེའི་སྟེང་རྒྱ་དམར་གྱིས་བཙན་གནོན་འོག་འདས་གྲོངས་སུ་ཕྱིན་པའི་བོད་རིགས་དཔའ་བོ་དཔའ་མོ་ཚོའི་མཚན་དང་འཁྲུངས་འདས་ལོ་ཚིགས་བརྩེགས་གྲུབ་བྱས་པའི་ལས་འགུལ་ཞིག་ཡིན་ཞིང་། ད་ལྟའི་ཆར་གཙག་དྲུབ་ཟིན་པའི་མཚན་གཞུང་ཉུང་ཉུང་ཡིན་རུང་། ལས་འགུལ་འདི་མུ་མཐུད་རྒྱུན་འཁྱོངས་ཀྱིས་ཁྱབ་ཆེ་རུ་བཏང་སྟེ། རྐྱེན་ལམ་དུ་ཕྱིན་པའི་བོད་མི་ས་ཡ་ ༡.༢ ཙམ་གྱི་མཚན་གཞུང་རྣམས་རྒྱལ་སྤྱིའི་སྟེང་ཕྱི་བསྒྲགས་དང་ར་སྤྲོད་བྱ་རྒྱུར་བརྩོན་གི་ཡོད་སྐོར་བརྗོད་བྱུང་།

 

གསར་འགོད་པས་ལས་ལས་འགུལ་འདི་ལ་ཕོ་ཁེབས་ཞེས་འདོག་དགོས་པའི་རྒྱབ་ལྗོངས་དྲིས་པར། ཁོ་མོས། སྔོན་ཆད་ཨ་རིའི་བྲན་གཡོག་ལམ་ལུགས་ཀྱི་འཐབ་རྩོད་སྐབས་སུ་གཞན་ལ་ལྟོས་མི་དགོས་པའི་ཕྱིར་མང་ཚོགས་ཁྲོད་ཕོ་ཁེབས་སམ་ཉལ་ཐུལ་ཕོན་ཆེན་སོ་སོས་གཙག་དྲུབ་འགྲེམས་སྤེལ་བྱས་པའི་ལས་འགུལ་ཞིག་དར་མྱོང་ཡོད་པ་དང་། ལྷག་པར་དུ་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་དུ་ཨ་རིའི་ནང་AIDS འགོས་ནད་ཀྱི་རྐྱེན་པས་མི་མང་པོ་འདས་གྲོངས་སུ་གྱུར་རུང་གཞུང་གིས་དོ་སྣང་དེ་ཙམ་མ་བྱས་པར་བརྟེན། ལོ་རབས་བརྒྱད་ཅུ་བའི་སྨད་དུ་མང་ཚོགས་ཁྲོད་དང་བླངས་ཀྱིས་དེ་སྔོན་AIDS འགོས་ནད་ཀྱིས་འདས་གྲོངས་སུ་སོང་བ་རྣམས་ཀྱི་མིང་ཕོ་ཁེབས་སྟེང་གཙག་དྲུབ་བྱས་ཏེ། ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་མང་ཚོགས་འདུ་འཛོམས་ཀྱིས་ཤི་བོར་དྲན་རྟེན་དང་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་རེད། ང་ཚོས་འདི་ལ་མིག་དཔེ་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཡང་མཛད་སྒོའི་ཐོག་བུད་མེད་ཚོགས་གཙོས་གསལ་བསྒྲགས་བྱས་དོན། ཉིས་སྟོང་བཅུ་གཅིག་ལོའི་བཀའ་ཁྲིའི་འོས་བསྡུ་ཆེན་མོར་མང་ཚོགས་བརྒྱ་ཆ་ ༧༥% ཆ་ཤས་ལེན་ཐུབ་ཆེད་༧སྐུའི་འཁྲུངས་སྐར་ཉིན་ས་གནས་སོ་སོར་ཚོད་ལྟའི་འོས་བསྡུ་ཞིག་བྱས་ཡོད་ལ། སྐབས་དེའི་ཉམས་མྱོང་དང་གནས་ཚུལ་ཕྱོགས་བསྡོམས་ཀྱིས་འོད་སྡེར་ཞིག་བཟོ་བསྐྲུན་བྱས་ཡོད་པ་ཟླ་བ་འདིའི་ནང་འགྲེམས་སྤེལ་བྱ་ཐུབ་པ་བྱ་རྒྱུ་དང་། ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་འོས་བསྡུ་ལྷན་ཁང་གི་སྔོན་འགྲོའི་འོས་བསྡུ་ཚར་བའི་རྗེས་སུ་ཕྱི་བསྒྲགས་བྱ་རྒྱུ་ཡིན། གང་ཡིན་ཟེར་ན། མང་ཚོགས་ཀྱིས་ང་ཚོའི་འོས་བསྡུར་སླེབས་པའི་འོས་མི་རྣམས་བུད་མེད་ལྷན་ཚོགས་ཀྱི་འོས་མིར་ངོས་འཛིན་མི་ཡོང་པའི་ཆེད་དུ་ཡིན་ཞེས་གསུངས་སོང་།

གསར་འགོད་པ། པནྚེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 10

  1. གཅེན་པོ། says:
    ལོ་ 15 སྔོན།

    ཡང་མི་འདུག་བོད་མེད་ལྷན་ཚོགས་ཀྱི་ནང་དུ་ཨ་ཎི་ཞིག་འདུག
    ཆོས་བྱེད་མི་སྣར་བཀུར་འོས་པའི་གུས་ཞབས་ནི་ཨ་ཎི་དེར་ཐོབ་མི་འདུག
    ནང་པ་སངས་རྒྱས་པའི་འགྲོ་སྟངས་ཤིག་ཡིན་ན་མཆོག་གསུམ་གོང་དུ་བཀུར་དགོས་པས།
    དེའི་ནང་གཙོ་མོ་ནི་ཨ་ཎི་དེ་བཀུར་མི་འདུག་ལ་ཟུར་དུ་བསྐྱུར་འདུག
    མ་གཞི་ནས་ཆོས་བྱེད་ནི་སྣ་ཞིག་གི་འཇིག་རྟེན་པའི་ཆབ་སྲིད་ལ་དགའ་དགོས་པ་དེ་ག་འདྲ་ཞིག་རེད་དམ།
    འགོ་བརྗོད་འདི་ཡང་འགྲིག་མི་འདུག
    བོད་རིཊ་བུད་མེད་ཚོས་མིག་དཔེར་བལྟ་དགོས་པ་ཞིག་རེད།
    འདི་བོད་རིགས་མ་ཡིན་པའི་བུ་མོ་ཞིག་གིས་བརྩམས་པའི་དེབ་ཡིན་ན་དེ་འདྲ་ལབ་ནའང་ཡང་པོ་འདུག
    འོ་ན་འཇམ་དབྱངས་སྐྱིད་བོད་རིགས་བུ་མོ་མ་རེད་པས།
    མཇུག་ཏུ་ངས་འཇམ་དབྱངས་སྐྱིད་ཁྱེད་རང་གི་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས་ཀྱི་ཡིན།

    Reply
  2. ལྗང་གཞོན། says:
    ལོ་ 15 སྔོན།

    ཁྱེད་དྲ་གྲོགས་རེ་ཟུང་གི་དོག་གཞི་དང་འབྲེལ་བའི་གསལ་བཤད་ཁག་གཉིས་ཞུ་འདོད་བྱུང་།
    ༡ འཇམ་དབྱངས་སྐྱིད་ཀྱི་དཔེ་དེབ་བསྐྱར་དཔར་བྱས་པར་རྩོམ་པ་པོའི་ཆོག་མཆན་ཐོབ་ཡོད་ཅེས་བུད་མེད་ཚོགས་གཙོས་གསུངས་སོང་།
    ༢ དཔེ་དེབ་འདི་མཁོ་རིགས་ནས་དབུས་བུད་མེད་ལྷན་ཚོགས་ལ་འབྲེལ་བ་གནང་རོགས་ཞུ།

    Reply
  3. གནམ་ལྕགས། says:
    ལོ་ 15 སྔོན།

    དེབ་དབུ་འབྱེད་ཀྱི་ཉིན་མོར་ཚོགས་གཙོས་བརྗོད་གསལ་ལྟར་ན་མཛངས་མ་འཇམ་དབྱངས་སྐྱིད་ཀྱི་བཀའ་ཁྲོལ་ཐོབ་ཡོད་ཟེར།

    Reply
  4. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    གཙན་བྱོལ་བོད་མིས་བོད་ནང་ནས་རྩོམ་འབྲི་བྱས་པའི་དེབ་དང་རྩོམ་ཡིག་དཔར་སྐྲུན་བྱེད་རྒྱུར་མཚམས་མཇོག་བྱས་ན་ཡག་ག་འདུག གལ་སྲིད་དཔར་སྐྲུན་བྱེད་ན་ཡང་ཚོགས་པ་དང་གཞུང་འབྲེལ་གྱིས་དེ་འདྲ་གཏན་ནས་མི་བྱེད་པར་རེ་བ་ཡོད། ད་དུང་བུད་མེད་ཚོགས་པ་ལྟར་མཛད་སྒོ་ཚོགས་པ་སོགས་ནི་མ་འོས་པ་རང་རེད། དོ་བདག་ལ་འབྲེལ་བ་ཡོད་མེད་ཀྱི་སྐད་ཆ་ཞེ་དྲག་བཤད་ཡ་ཡོད་པ་མ་རེད། གལ་སྲིད་རྩོམ་ཡིག་འབྲི་མཁན་ལ་དཀའ་ངལ་འདྲ་འཕྲད་པ་ཡིན་ན་ལག་པ་འཆང་ནས་རོགས་པ་བྱེད་ཐུབ་མཁན་གཅིག་ཀྱང་ཡོད་པ་མ་རེད། དེ་ང་ཚོ་ཚང་མར་གསལ་ཐག་ཆོད་རེད། དེ་ཙང་རྩོམ་ཡིག་དང་དེབ་དེ་འདྲ་ཡོད་ན་བཙན་བྱོལ་ནང་ལ་བཀྲམས་ཡ་གལ་ཆེན་རེད་དེ། རྩོམ་འབྲི་མཁན་གྱི་མི་ཚེ་ལ་བསམ་བློ་གཏོང་ཡ་དེ་ལས་ཀྱང་གལ་རེད་བསམ།

    Reply
  5. འཇམ་གྲགས says:
    ལོ་ 15 སྔོན།

    མནར་གཅོད་ཀྱི་གོ་རིམས་ཞེས་པའི་རྩོམ་འདི་འགྲེམས་སྤེལ་བྱ་རྒྱུའི་ཆོག་མཆན་ཞུས་ཡོད་དམ། ད་ཡང་འཇམ་དབྱངས་སྐྱིད་ལགས་བརྩོན་དུ་འཇུག་རྒྱུ་ཡིན་པ་འདྲ།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    མཛངས་མ་འཇམ་དབྱངས་སྐྱིད་ལགས་ཀྱི་དེབ་དཔར་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཅག་ལ་ཁ་བྱང་བརྗེ་བསྒྱུར་གྱི་བཀའ་སུས་གནང་བ་ཡིན་དང་། དེ་བསྐྱར་དཔར་ཡིན་ན་སྔོན་དུ་སུས་དཔར་བ་རེད་ཅེས་དྲི་བ་གཉིས་ཀྱང་དབང་མེད་དུ་ཐལ་སོང་།

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་དུས་དྲན་དེ་རྒྱ་རི་སྒྲོལ་མ་དང་ཀིར་ཏི་སྒྲོལ་དཀར་མགཉིས་ལ་གོ་སྐབས་ཞིག་ེརད། ཤུགས་རྒྱོབ་དང་བཀའ་ཁྲི་དང་སྤྱི་འཐུས་ཀྱི་ལས་རིམ་མང་པོ་འགྲོ་བཞིན་འདུག བུད་མེད་ཚོགས་གཅོ་ལགས། ངས་འདི་ནས་ཞུ་ཡ་གཅིག་ལ། བུད་མེད་ལྷན་ཚོགས་ཀྱིས་ཚོད་ལྟའི་བཀའ་ཁྲིས་ལས་ཤོག་ཕྱིར་མི་བྱེད་ཡ་དེ་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ལས་འགུལ་འདི་འདྲ་སྤེལ་ཡ་འདི་ཚོགས་པ་ཆེན་པོ་ཞིག་གི་ངོས་ནས་ཡག་པོ་ཡོད་རེད་པས། བུད་མེད་ཚོགས་གཙོ་ལགས། འདི་འདྲ་མང་པོ་བྱེད་དྲག་ན་རྗེས་མ་ལས་འགུལ་ག་འདྲ་སྤེལ་གྱི་ཡིན་དང་། རྗེས་མ་ཁྱེད་ལ་རེ་བ་ག་འདྲ་བྱེད་དགོས་རེད། སྒེར་གྱི་དམིགས་ཡུལ་ཚོགས་པའི་ངོས་ལ་བརྗེ་བསྒྱུར་བྱེད་ན་བུད་མེད་ཚང་མའི་ཚབ་མཚོན་ཐུབ་བམ།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དེབ་དེ་གང་ཞིག་ནས་རག་གི་རེད
    འདྲི་བཅོད་ཀྱི་ཉིན་ཐོ། འདྲི་གཅོད་ཀྱི་ཉིན་ཐོ་ཡིན་སམ

    Reply
  9. མིག་གསུམ་པ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ཉེར་དྲུག་འགོར་བར་སྲུང་བརྩི་བྱས་པར་རྟེན་འབྲེལ་དང་སྦྲགས་བུད་མེད་ཚོགས་པས་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་ཁུར་ཏེ་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་ལ་འབད་པ་དེའང་བསྟོད་པའི་གནས་སུ་མི་འོས་ཀྱང་སྨད་པའི་གནས་སུ་ལྷུང་མི་འདུག་པའི་འདོད་ཚུལ་དང་། ཐོབ་ཐང་འདྲ་མཉམ་གྱི་འུར་སྒྲ་ཁོ་ན་ཙམ་ལ་འཇུས་པ་མ་ཡིན་པར་དོན་དངོས་ཀྱི་ལས་ཀར་འཇུག་པ་ནི་བོད་ཀྱི་བུད་མེད་རྣམས་ཀྱི་སེམས་ངོས་སུ་རི་མོ་བཞིན་གསལ་བར་མཛོད།

    Reply
  10. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཕེབས་པ་ནི་དངོས་གནས་འོད་ཟེར་དང་ལྡན་པའི་མཛད་སྒོ་ཞིག་ལེགས་གྲུབ་ཡོང་ངེས་རེད་ལ་ཁོང་གི་མཛད་སྤྱོད་ནི་ཧང་སང་དགོས་པ་ཞིག་རེད་། ཁོང་མཛད་སྒོའི་སྐུ་མགྲོན་དུ་འབོད་པ་ནི་ནོར་འཕྲུལ་མེད་པའི་བྱ་བ་ཞིག་རེད་ཁོང་ལྟ་བུའི་བུད་མེད་ཀྱི་མིག་དཔེར་འོས་པ་ཞིག་དེང་དུས་རག་ཁག་པོ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese