མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་རྩེད་སྤོ་ལོ་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ནང་ཁེ་ཎ་ཌ་དང་བྷེལ་ཀོལ་བོད་ཁྱིམ་གཙོས་པའི་རུ་ཁག་ ༡༨ ཙམ་མཉམ་ཞུགས་བྱས་ཡོད་འདུག

ད་ལོའི་༼རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས༽ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༡༦ པ་དེ་ཟླ་འདིའི་ཚེས་ ༩ ཉིན་སྦེལ་ཀོབ་གཞིས་ཆགས་ YMCA རྩེད་ཐང་དུ་མགོ་འཛུགས་བྱས་ཡོད་ལ། མཛད་སྒོའི་སྟེང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མགོ་ཁྲིད་དང་། སློབ་གྲྭ་དང་དགོན་སྡེ་ཁག་གི་གྲྭ་བཙུན། མི་དམངས་བཅས་ཁྱོན་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག ཉིན་དེའི་མཛད་སྒོའི་གཏམ་བཤད་ཁག་གྲུབ་རྗེས་སྦེལ་ཀོབ་གློ་ལ་ཐ་ལ་དང་ཁེ་ན་ཌའི་རྩེད་མོའི་རུ་ཁག་གཉིས་བར་ཐོག་མའི་འགྲན་བསྡུར་བྱས་ཏེ། གློ་ལ་ཐ་ལ་རུ་ཁག་གིས་སྤོ་ལོ་ ༡ བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་འདུག གནད་དོན་གཞན་ཞིག་ལ་སྦེལ་ཀོབ་སྤོ་ལོ་རྩེད་ཐང་དེ་གསར་པ་བཟོས་ཤིང་། ཐང་ག་ཡོངས་རྫོགས་ས་དཀར་ཡིན་སྟབས། ཉིན་འདི་གར་ཆར་བ་བབ་སྟེ་སྤོ་ལོ་རྩེད་མཁན་རྣམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག

འགྲན་བསྡུར་ཁྲོད་ཉིན་རེར་རུ་ཁག་ ༣ རེ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་རུ་ཁག་ ༣ ཞུགས་ཡོད་པ་ལས་དང་པོ་སྤོག་ར་དང་ལྡི་ལི་གཉིས་འགྲན་བསྡུར་བྱས་ཏེ། སྤོག་ར་རུ་ཁག་གིས་སྤོ་ལོ་ ༡ བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་པ་དང་། གཉིས་པའི་ནང་ཁེ་ན་ཌ་དང་ཀ་ཐ་མན་ཌི་རུ་ཁག་གཉིས་འགྲན་བསྡུར་བྱས་ཏེ། སྤོ་ལོ་ ༡ རེ་བླུགས་ཏེ་འདྲ་མཉམ་ཆགས་ཡོད། རུ་ཁག་མཐའ་མར་ཧོན་སུར་དང་ཅཱན་ནི་གཉིས་འགྲན་བསྡུར་བྱས་ཏེ་ཧོན་སུར་ལ་རྒྱལ་ཁ་ཐོབ་ཡོད།  ཐེངས་འདིའི་རྩེད་འགྲན་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༩ ཉིན་བར་རྩེད་འཆར་ཡོད་པ་དང་། རྩེད་འགྲན་ནང་ཞུགས་མཁན་རུ་ཁག་ ༡༨  ཙམ་ཡོད་པ་དག་ཚོགས་ཆུང་ཁག་ ༦ ཏུ་བགོས་ཏེ་ཉིན་རེར་རུ་ཁག་ ༣ རེ་ཡིས་འགྲན་བསྡུར་བྱ་དགོས་ཀྱི་ཡོད་འདུག ཐེངས་འདིའི་འགྲན་བསྡུར་ནང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མའི་རུ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 5

  1. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་ཡོད།

    Reply
  2. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    གློ་ལ་ཐ་ལ་མ་རེད་་་གྷོ་ལ་ཐ་ལ་རེད།

    དེ་རིང་སྦེལ་ཀོབ་ཀྱི་རུ་ཁག་གཉིས་ཆར་བུད་འདུག ཞིབ་ཕྲ་འདིར་གཟིགས། http://kyareng.yolasite.com/

    Reply
  3. རྫ་སེར་དཀོན། says:
    ལོ་ 16 སྔོན།

    དེ་དངོས་གནས་གལ་ཆེ་པོ་རེད། བསམ་ཚུལ་འདི་ཚོ་ཡག་པོ་རེད།

    Reply
  4. གཟེར་མ། says:
    ལོ་ 16 སྔོན།

    འཁྲུག་རྩོད་མེད་པའི་ཐོག་ནས་འཇུག་སྒྲེལ་བར་སྨོན།

    Reply
  5. གཅེན་པོ། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཐོག་འདི་འདྲའི་འགྲན་བསྡུར་གནང་ན་ཡག་པོ་ག་འདྲ།
    བོད་ཀྱི་རང་དབང་འཐབ་རྩོད་བྱེད་ཡག་གོམ་བགྲོད་ཐོག་ཡིན་ནའང་འདྲ།
    དེ་མིན་སྐད་འབོད་ཐོག་ཡིན་ནའང་འདྲ།
    ཡང་ན་མ་འོངས་པའི་ལམ་བུའི་ཐོག་ཡིན་ནའང་འདྲ་གང་ལྟར་རང་དབང་འཐབ་རྩོད་ཐོག་འདི་དང་འདྲའི་འགྲན་བསྡུར་ཚོགས་པ་ཕན་ཚུན་ཡང་ན་སློབ་གྲྭ་ཕན་ཚུན། ཡང་ན་གཞིས་ཆགས་ཕན་ཚུན། ཁ་ཐོར་དུ་གནས་པའི་རྒྱལ་ཁབ་ཁག་ལ་བཞུགས་པའི་རང་རིགས་ཕན་ཚུན་གྱི་འགྲན་བསྡུར་ཞིག་གནང་དང་།
    དེ་མིན་པོ་ལོ་དང་གླུ་གཞས་ཀྱི་བོད་མི་རིགས་ཀྱི་ངོ་བོ་སྲུང་ཐུབ་ཀྱི་མ་རེད།
    གཙོ་བོ་རང་དབང་འཐབ་བརྩོད་དང་སྐད་ཡིག་གཉིས་འགྲན་བསྡུར་གནང་དང་དེས་བོད་མི་རིགས་ཀྱི་ཕུགས་ཀྱི་མདུན་ལམ་ལ་ཕན་པ་ཆེ་གི་རེད།
    འདི་ངའི་བསམ་ཚུལ་ཡིན་དྲ་གྲོགས་ཚོས་དགོངས་བཞེས་གཅིག་གནང་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese