མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལ་ཕམ་སྲིད་པའི་བློ་བཟང་སེང་གེ རྟ་ནག་སྐལ་བཟང་ལུང་རིགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྟ་ནག་སྐལ་བཟང་ལུང་རིགས།   



ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༡ ཉིན་རེས་གཟའ་སྤེན་པ། ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་བདག་ཕྱིར་རང་མལ་དུ་ལོག་པའི་ལམ་བར་དུ་ལོ་ན་དྲུག་ཅུ་ཡས་མས་ཡིན་པའི་བགྲེས་སོང་གཉིས་ཀྱི་གླེང་མོལ་ཐོས་པས།  དར་ཅིག་ལ་སེམས་པ་བློང་བློང་བོའམ་འཁྱག་སིབ་སིབ་ཏུ་གྱུར་སོང་། བགྲེས་སོང་ཀ་བ་ན་རེ། “ཐེངས་འདིར་ང་ཚོའི་སྐྱིད་སྡུག་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིའི་འོས་གཞིར་ཐག་གིས་བཅད་པ་དེ་ཡག་པོ་བྱུང་བ་རེད”
བགྲེས་སོང་ཁ་བ་ན་རེ།  “ང་ཚོའི་སྐྱིད་སྡུག་ལ་མི་སྟོང་གཉིས་ལྷག་ཡོད་པས་ཕལ་ཆེར་རེ་བ་ཡོད་རེད”  
བགྲེས་སོང་ཀ་བ་ན་རེ།   “ཚོགས་གཙོས་བཤད་པ་ལྟར་ན།  རྒྱ་གར་ལའང་འབྲེལ་བ་བྱས་ཚར་ཡིན་ཟེར། རྒྱ་གར་ནས་ཀྱང་རྒྱབ་སྐྱོར་བ་འཚོལ་བཞིན་ཡོད་ས་རེད”   བགྲེས་སོང་གཉིས་ཀྱི་གླེང་མོལ་ལ་ཇི་ལྟར་ཉན་ནའང་།  སྐྱིད་སྡུག་ཚོགས་པ་དེའི་མིང་ལ་ཅི་ཟེར་གླེང་མོལ་དེའི་ཁྲོད་དུ་རྙེད་མ་སོང་ལ། བཀྲས་མཐོང་ལ་ཤེས་འཇོན་ནུས་གསུམ་གང་ལྡན་ཡང་ཐོས་མ་སོང་། དེ་མ་རྙེད་ནའང་གཙོ་མི་ཆེ་སྟེ་གལ་ཆེན་པོ་ནི། ཕྱོགས་ཁག་ཆེན་པོ་ཞིག་གིས་དཔུང་བསྒྲིགས་ནས་སྤྱི་དོན་ཞིག་རྨེག་མེད་དུ་གཏོང་རྩིས་ཡོད་པ་དེ་རེད། བཀའ་ཁྲིའི་འོས་གཞིར་འགྲེང་ཟིན་པ་ཀུན་གྱི་རྒྱབ་དཔུང་དུ་འདི་ལྟར་ཕྱོགས་ཁག་གཏོས་ཆེ་བ་རེ་བསྒྲིགས་དང་སྒྲིག་བཞིན་པ་ཡིན་ན་ངའི་བློ་བཟང་སེང་གེ་ཕམ་སྲིད། གལ་སྲིད་བློ་བཟང་སེང་གེ་ཕམ་པ་ཡིན་ན་དེ་ནི་ང་ཚོ་མི་རབས་གསར་བ་རྣམས་ཕམ་པ་དང་། མ་འོངས་པའི་བོད་ཕམ་པ་རེད།   



མཚམས་འདིར་བདག་གིས་རྒྱ་ནག་གི<ཀློག་པ་བོ>ལས་བཀླགས་མྱོང་བའི་གཏམ་རྒྱུད་ཅིག་དྲན་བྱུང་།  དགོན་དུང་ཞིག་ན་གྲོང་གསེབ་ཅིག་ཡོད།   གྲོང་གསེབ་དེར་བཀྲུ་ཆུ་ཕར་ཟད་བཏུང་ཆུའང་མེད།  ཉིན་མཚན་གསུམ་གྱི་ལམ་དུ་བཀལ་ནས་ཡོང་བའི་ཆུ་དེའུ་རེ་དེ་བཀྲུ་ཆུ་ལ་བེད་སྤྱོད་དུས་གོ་རིམ་འདི་ལྟར་ཏེ། ཐོག་མར་སྣོད་ཆས་བཀྲུས།  བཀྲུ་ཆུ་དེས་གྱོན་ཆས་བཀྲུས། དེས་ཡང་བསྐྱར་ཁ་ངོ་བཀྲུ་བ་རེད།  བཏུང་ཆུའི་དཀའ་ངལ་སེལ་ཆེད་གྲོང་གསེབ་པ་ཀུན་ཚོགས་ར་གཅིག་ཏུ་འདུས།  ཚོགས་མི་ག་གེ་མོ་ཞིག་ཡར་ལངས་ནས་ཆུའི་དཀའ་ངལ་སེལ་བར་ཐོག་མར་གྲོང་གསེབ་ལ་དབུ་ ཁྲིད་ཅིག་དགོས་པར་བསྙད་པས། ཀུན་པོས་བསྟུན་པར་བྱས་ཀྱང་དབུ་ཁྲིད་སུ་འཇོག་མིན་ཐད་ལ་རྩོད་པ་ཤོར་བྱུང་། གཞོན་སྐྱེས་སྐོར་ཞིག་གིས་ན་གཞོན་ཞིག་བདམ་དགོས་ཚུལ་དང་། གཞོན་སྐྱེས་ཚོར་ཤེས་རབ་མངའ་བས་ཆུ་གསར་དུ་འཚོལ་བ་ལ་གསར་གཏོད་ཀྱི་སྟོབས་དགོས་ཟེར། རྒན་པོ་ཚོས། ལོ་རྒན་ཞིག་བདམས་ན་ཉམས་མྱོང་མངའ་བས་ཆུ་གསར་དུ་འཚོལ་བ་ལ་ཉམས་མྱོང་གི་གྲོགས་དགོས་ཟེར། 

མང་དུ་བརྩད་མཐར། གཞོན་སྐྱེས་ཚོ་གཞི་ནས་ཕམ་སོང་། ད་ལྟ་ཆུ་མེད་གྲོང་གསེབ་ཀྱི་དབུ་ཁྲིད་ལོ་ན་དྲུག་ཅུ་ཡས་མས་ཡིན་པའི་བགྲེས་སོང་ཞིག་རེད། ཆུའི་སླད་དུ་བསྡུས་པའི་མ་དངུལ་དག་ཁྱེར་ནས་ཆུ་བཙལ་བའི་ལས་ལ་ཞུགས། ལམ་བར་ནས་ཀླུ་མཆོད་མཁན་གྱི་དྲང་སྲོང་ཞིག་དང་འཕྲད་པས། ཆུ་མེད་གྲོང་གསེབ་ལ་ཀླུའི་གནོད་པ་ཐེབས་འདུག་པས་མྱུར་མོར་ཀླུ་མ་མཆོད་ན་ཆུ་ཡོང་བའི་རེ་བ་གཏན་ནས་མེད་ཚུལ་བཤད། ཆུ་མེད་དབུ་ཁྲིད་ཀྱིས་དྲང་སྲོང་ཁྲིད་ནས་ཆུ་མེད་གྲོང་གསེབ་ཏུ་ཡོང་ནས་ཀླུ་མཆོད་པའི་ཆོ་ག་བསྒྲུབས། དྲང་སྲོང་གིས་ཉིན་ཞག་བཅོ་ལྔར་ཀླུ་ལ་མཆོད་པ་འབུལ་དགོས་ཚུལ་དང་།  དེའི་བར་དུ་སྡེ་མི་གཅིག་ཀྱང་གཉིད་ཀྱི་བདེ་བ་སྤྱད་མི་ཆོག་ཟེར། ཉིན་ཞག་བཅོ་ལྔ་ཡོལ་བའི་མཚན་མོར་སྡེ་མི་ཀུན་ངལ་དུབ་ཀྱིས་གཉིད་དུ་ཡུར། ཆུ་མེད་སྡེ་དཔོན་ཡང་གཉིད་དུ་ཡུར། དྲང་སྲོང་གིས་ཆུའི་མ་དངུལ་གཙོས་སྡེ་མི་ཀུན་གྱི་དངོས་པོ་རྩ་ཆེན་ཡོངས་རྫོགས་ཁྱེར་ནས་ཡུལ་གཞན་དུ་བྲོས་སོང་།

 

ཆུ་མེད་སྡེ་བ་ད་དུང་གཉིད་དུ་ཡུར་འདུག ཁོ་ཚོ་ག་དུས་གཉིད་སངས་སམ། གཏམ་རྒྱུད་འདི་ལྟར་མཇུག་རྫོགས་སོང་། འདི་ནི་ཆུ་མེད་སྡེ་བའི་གཏམ་རྒྱུད་མཇུག་རྫོགས་པ་ཙམ་ཡིན་ཡང་། འུ་ཚང་གི་དབུ་ཁྲིད་སུ་བསྐོ་ཡི་གཏམ་རྒྱུད་གཞི་ནས་མགོ་བརྩམ་དགོས། ཀློག་པ་བོ་ལགས། གཏམ་རྒྱུད་འདིས་ཁྱེད་ལ་གསལ་བཤད་བྱ་རྒྱུ་ནི་དྲི་གཞི་གཅིག་ལས་མེད་དེ། ཁྱེད་ལ་གསར་གཏོད་ཀྱི་སྟོབས་ཡོད་པའི་དབུ་ཁྲིད་མཁོའམ།  ཉམས་མྱོང་གི་གྲོགས་ཡོད་པའི་དབུ་ཁྲིད་དགོས། འདི་ལྟར་བསམས་ཚེ་ཆུ་མེད་སྡེ་བ་དང་ང་ཚོར་མཚུངས་ས་ཅི་འདྲའི་མང་ཨང་། །



འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༩ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 42

  1. དཀོན་མཆོག་དོན་འགྲུབ། says:
    ལོ་ 15 སྔོན།

    ཡག་པོ་ཞེ་དྲག་བྲིས་འདུག ཐུགས་རྗེ་ཆེ།

    Reply
  2. བསོད་ནམས། says:
    ལོ་ 15 སྔོན།

    སུ་རྒྱལ་རུང་སུ་ཕམ་རུང་། བཀའ་ཁྲི་དེས་རང་གི་ལྷག་བསམ་དང་། འབྱོན་ཐང་། བློ་ཁོག་བཅས་ལ་བརྟེན་ནས་བོད་ཀྱི་རྩ་དོན་ལ་ནུས་པ་ཐོན་པ་ཞིག་དང་། གནས་སྐབས་རིང་གི་བཙན་བྱོལ་བའི་སྒྲིག་འཛུགས་དེ་བརྟན་པོ་བཟོ་དགོས་པ་གལ་ཆེའི་ནང་གི་དོན་ཆེན་ཆགས་ཡོད། དེར་བརྟེན་བཙན་བྱོལ་ནང་གི་གཞོན་སྐྱེ་འདི་ཚོར་བལྟ་བཟོ་འདུག་བཟོ་གང་ཡང་མེད་པས། ད་ནི་གསར་འབྱོར་བར་གཞིས་ཆགས་སོགས་གནས་གཞི་བརྟན་པོ་ཞིག་མ་སྤྲད་ཚེ་བཙན་བྱོལ་བའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ཆེན་པོ་འདུག དོན་དེར་དགོངས་ནས་བཀའ་ཁྲིའི་འོས་གཞིར་ལང་བཞིན་པ་རེ་ཟུང་གིས་དེའི་ཐད་བསམ་གཞིགས་གནང་གི་ཡོད་པར་ངེས།

    Reply
  3. གངས་ཆབ། says:
    ལོ་ 15 སྔོན།

    སྐལ་བཟང་ལུང་རིགས་ཀྱིས་གསུངས་པ་དངོས་ཡོད་དང་འཚམ་པ་ཞིག་རེད་འདུག་མཁས་དབང་བློ་བཟང་སེང་གེ་ཕམ་པ་ཡིན་ན་མི་རབས་གསར་པ་ཕམ་པ་ལས་རྒྱལ་ཁ་ཐོབ་པ་ནི་ག་ལ་ཡིན།རྒྱུ་མཚན་ནི།བཀྲས་མཐོང་ནི་སྤྱི་ཚོགས་རྙིང་པའི་ཁྱིམ་རྒྱུད་ཀྱི་མིང་གྲགས་དང་གོ་གནས་ཡོད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གང་མང་ཞིག་ཡོད་པ་དང་།མཁས་དབང་བློ་བཟང་སེང་གེ་་ལ་དེང་དུས་ཀྱི་ཤེས་ཡོན་ཅན་དང་གཞོན་སྐྱེས་གང་མང་ཞིག་གི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་ཆ་ནས་བཀྲས་མཐོང་ལ་འོས་ཤོག་གྱི་རྒལ་ཕམ་འགྲན་ཟླ་ལྕོགས་ཐུབ་མཁན་དེང་དུས་ཀྱི་མཁས་དབང་བློ་བཟང་སེད་གེ་ལས་ལྷག་པའི་མི་སྣ་ཞིག་བཀའ་ཁྲིའི་འོས་གཞི་ཁག་ལ་མེད་པ་ནི་ཀུན་གྱིས་མཐོང་གསལ་རེད།འགའ་ཤས་ཀྱིས་་ཚོགས་གཙོ་སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ལ་ཤེས་ཡོན་དང་འཇོན་ཐང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་ཡོད་རབས་ཀྱི་འཆལ་གཏམ་མང་དག་ཞིག་བཀོད་སྟངས་ལ་བལྟས་པ་ཡིན་ན།ཕྱོགས་ལྷུང་གི་རྣམ་པ་དང་སྒྱུས་མངའ་མེད་པ་རང་རེད།དཔེ་མཚོན་ཆུང་ཆུང་ཞིག་གཞག་པ་ཡིན་ན།བློ་བཟང་སེང་གེ་ལ་ཨ་རིས་གཞུང་གིས་གནང་བའི་མཚན་མཐོང་དང་གོ་གནས་དེ་དང་འདྲ་བ་ཞིག་སྤེན་པ་དང་སྒྲོལ་མ་གཉིས་ལ་མི་ཚེ་འདི་ཙམ་མ་ཚད་སྐྱེ་བ་རྗེས་མ་ལ་ཡང་མི་རགས་པ་ནི་བརྒྱ་ཆ་བརྒྱ་ཐམས་པ་བརྗོད་ཆོག་པ་ཞིག་རེད།མ་ཟད་ཁོང་གཉིས་ཀྱི་འཇོན་ཐང་དང་ཤེས་ཡོན་ཀུན་སྤྱོད་ཆ་ཚང་ང་ཚོས་མ་ཤེས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད་ཚང་མས་ཧ་གོ་དོན་གསལ་རེད།ད་དུང་༧གོང་ས་མཆོག་གི་ཐུགས་དགོངས་ལ་ཡང་བུད་མེད་ཞིག་ཡོད་རབས་ཀྱི་འཆལ་གཏམ་ཁྱབ་པ་དེ་དག་ནི་ལྷོ་ཕྱོགས་སུ་༧གོ་ས་མཆོག་གིས་བདེན་པ་མིནཔའི་བཀའ་སློབ་དང་གསལ་བཤད་གནང་བ་དེ་དག་ཚང་མས་མཐོང་མཐོས་སུ་གྱུར་ཡོད་པ་ལགས་ན།རྗེས་སུ་འཆལ་གཏམ་དེ་ཚོ་རིགས་འདྲ་མིན་གཏམ་བཤད་དང་དྲ་ཐོག་ཏུ་འགོད་གནང་དགོས་དོན་གང་ཡང་ཡོད་མ་རེད།འཆལ་གཏམ་དེའི་རིགས་སྤེལ་ཀྱང་ཕན་ཐོག་དང་ཡིད་ཆེས་བྱ་མཁན་ཡོང་སྲིད་ཀྱི་མ་རེད་ལ།རྒྱབ་སྐྱོར་ཡང་གནང་སྲིད་ཀྱི་མ་རེད།དེ་འདྲ་སོང་ཙམ་དངོས་ཡོད་དང་བསྟུན་ནས་བཤད་དགོས་པ་ལས་ཕྱོགས་ལྷུང་དང་འཆལ་གཏམ་རིགས་སྤེལ་དགོས་དོན་གྱི་དགོས་པ་རྒྱུ་མཚན་གང་ཡང་མ་མཐོང་།དེ་དོན་མཁས་དབང་བློ་བཟང་སེང་གེ་ཕམ་ན་མི་རབས་གསར་པ་ཕམ་པ་རེད་ཟེར་བ་རྒྱུ་མཚན་དེ་དག་ལ་བརྟེན་ནས་བརྗོད་ཀྱི་ཡོད་རེད།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    དཔེ་དེ་དག་དག་རེད། བཙན་བྱོལ་དཔལ་འབྱོེར་ཡར་རྒྱས་སུ་གཏོང་རྒྱུ་ཡིན་ཞེས་ལ་དགས་ཁུལ་ལི་ཚོང་མཁན་བར་ནས་འབུམ་ཉིས་བརྒྱ་་་་རྐུས་སམ་བརླག་་་བྱུང་སོང་ཁ་མ་འདུམ་ནས་ཨ་རིར་་་་་་་
    ངོ་ནས་དབུས་པ་དང་ཕྱོགས་ཞེན་ནམ་རྙིང་ཞེན་པ་ཚོས་རའྒྱལྦ་རིན་པོ་ཆེར་བསམ་ཤེས་ཏོག་ཙམ་བྱེད་རགས། གཞོན་སྐྱེས་ཤིག་་་་་་་་

    Reply
  5. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་སྐར་མདའི་བསམ་ཚུལ་ལ་བསྔགས་བརྗོད་དང་ཡིད་རངས་ཡོད། ངས་ཀྱང་བློ་གྲོས་མཐའ་ཡས་ལ་ཟེར་རྒྱུ་བྱུང་། ཁ་བྱང་དེར་༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་པ་ཕམ་བ་ཡིན།༽ ཞེས་བཏགས་པ་ཙམ་གྱིས་ནོར་ཚར་བ་རེད།

    Reply
  6. སྐར་མདའ། says:
    ལོ་ 15 སྔོན།

    གཙོ་བོ་མང་ཚོགས་ལ་སེམས་ཁྲལ་ཤུགས་ཆེན་པོ་ཡོད་པ་དེ་ནི་སྔོན་ཆེད་ཀྱི་སྐུ་དྲག་དེ་ཚོས་བཟོས་པའི་བྱས་ངན་གྱིས་འབྲས་བུ་རང་རེད་ལ། ད་ལྟ་ཡིན་ནའང་མི་མང་མང་ཚོགས་གཟབ་ནན་གྱིས་བཀའ་ཁྲི་མ་གདམ་པ་ཡིན་ན་ད་དུང་བོད་མིས་སྡུག་བསྔལ་མུ་མཐུད་ནས་མྱངས་རྒྱུ་ཡིན་གསལ་བོ་རེད།

    བློ་བཟང་སེང་གེ་ལྟ་བུའི་མཁས་དབང་ཞིག་བོད་བཀའ་ཁྲིར་ལངས་ན་འོས་ཤིང་འཚམས་པ་ལས་མི་འཚམས་ཤིག་སུས་ཀྱང་བརྗོད་མི་ཤེས་ལ་བརྗོད་དགོས་དོན་ཡང་མི་འདུག

    ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་བཀའ་ཁྲིིའི་འོས་གཞི་ལ་ལངས་པ་ཡིན་ན་མི་མང་གིས་དགའ་བསུ་བྱེད་རྒྱུ་ལས་མི་དགའ་བ་བྱེད་དགོས་དོན་རྩ་བ་ནས་ཡོད་པ་མ་རེད་བསམ་རྒྱུ་ཡོད།

    གཙོ་བོ་ང་ཚོ་ལ་རིགས་རུས་དང་། ཕྱོགས་ཞེན་གྱི་རིགས་ཁ་ལ་མི་འཁྱེར་མཁན་དང་སྐབས་བབ་ཀྱི་མང་ཚོགས་སྡུག་ལས་སྐྱོབ་པའི་ནུས་པ་ཡོད་ན་དེ་ལ་ཐད་ཀར་དགའ་བསུས་ཐལ་མོ་རྡེབ་པ་ལས་མི་དགའ་པའི་སྡང་མིག་བལྟ་དགོས་དོན་རྩ་བ་ནས་མི་འདུག

    གལ་སྲིད་བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་གཞི་མ་ཐོབ་པ་ཡིན་ནའང་བོད་མི་རིགས་ཕམ་པ་རེད་ཟེར་ན་ཏོག་ཙམ་འགྲིག་གི་ཡོད་ན།
    སྐད་ཆ་བཤད་དུས་བསམ་བློ་སྔོན་ལ་བཏང་ནས་སྐད་ཆ་ཤོད་དགོས་པ་དེ་ནི་ཤིན་ཏུ་ལས་ཀྱང་གལ་ཆེན་པོ་མཐོང་གི་འདུག

    སྔོན་ཆེད་བཤད་སྲོལ་ཞིག་ལ།
    མཁས་པ་འཆུག་ན་འདོམས་གང་དང༌༎
    བླུན་པོ་འཆུག་ན་ཐོ་གང་ཞེས་པའི་དཔེ་ལྟར།
    སྤྱིར་བཏང་ང་ཚོས་བློ་བཟང་སེང་གེ་ལྟ་བུའི་མཁས་པ་ཆེན་པོ་ཚོར་གུས་བཀུཀར་དང་ཡིད་རངས་བྱེད་དགོས་མོད།་ ཡིན་ནའང་ཁོ་གཅིག་པོ་འོས་གཞི་ཤོར་ན་བོད་མི་རིགས་ཕམ་པ་རེད་ཟེར་ན།
    དེ་ལས་ལྷག་པའི་ཤེས་འཇོན་ཅན་ཞིག་བོད་རིགས་ཀྱི་ཁྲོད་ན་མེད་པ་རེད་ཟེར་བ་དང་གཅིག་པ་མ་ཡིན་ནམ།

    Reply
  7. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ང་སྐུ་དྲག་ལ་ཞེད་ཀྱིན་འདུག་ཟེར་བ་དང་། སྐུ་དྲག་གི་རྨུ་ཐག་ནག་པོ་འདི་མ་བཅད་ན་ཟེར་བ་འདི་ཚོ་སྐད་ཆ་ཆོ་མེད་རེད་། ད་ལྟ་དུས་རབས་ཉེར་གཅིག་ནང་ད་དུང་འདས་པའི་ལོ་རྒྱུས་ལྔ་ཅུ་ང་དགུའི་གོང་གི་སྐུ་དྲག་གི་མ་རུང་བའི་བྱ་གཞག་རྣམ་ལ་འཁོན་དུ་འཛིན་ནས་སྡོད་ན་ཅི་ཕན། མ་ཟད་ད་ཆ་སྐུ་དྲག་རིང་ལུགས་ཡོལ་ཟིན་པས་༼མྱི་ལྟིག༽ཁྱོད་ཞེད་མི་དགོས་ལ་རྒྱུ་མཚན་འདི་ཉིད་ཀྱིས་༼སྒྲོལ་མཚོ༽ཁྱོད་ཀྱིས་སྐུ་དྲག་གི་རྨུ་ཐག་གཅོད་དགོས་ཟེར་བའི་ལན་ཡང་དོན་གྱིས་ཐེབས་སོ། ལྔ་ཅུ་ང་དགུའི་རྗེས་སྐུ་དྲག་ཚོར་རྒྱ་དམར་འོག་གཞན་ལས་མནར་གཅོད་མང་བ་མྱོང་བས་ད་ཆ་ང་ཚོ་ལས་ཡག་གའང་ཆག་སྲིད་དོ།

    Reply
  8. མྱི་ལྟིག says:
    ལོ་ 15 སྔོན།

    ང་སྐུ་དྲག་ཚོར་ཞེད་ཀིན་འདུག

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཕམ་སྲིད་པ་མང་པོ་ཞིག་ཕམ་སྲིད་པ་ནི་ཆོས་ཉིད་གཅིག་ཡིན་པ་ལས་ཕམ་མཁན་གཅིག་ཀྱང་མེད་ན་རྒྱལ་ཁ་ཐོབ་མ་ཐོབ་ཀྱི་ཐ་སྙད་ཇི་ལྟར་འཇུག
    ཕན་རྒྱུ་སྔོན་དཔོག་ཐུབ་ན་སྡུག་སྐད་རྒྱབ་པས་ཅི་ཕན། དེ་ལས་ཕྱི་འཐེན་བྱས་ན་མི་བཟང་ངམ།

    Reply
  10. སྒྲོལ་མཚོ says:
    ལོ་ 15 སྔོན།

    སྐུ་དྲག་གི་རྨུ་ཐག་ནག་པོ་འདི་མ་བཅད་ན་ནམ་ཞིག་བཙན་བྱོལ་བོད་གཞུང་འདི་ཡང་ལུང་ཤར་བའི་མིག་འབྲས་བཞིན་སྐྱོ་གར་གྱི་དབྱིངས་སུ་ཐིམ་འགྲོ། དེའི་ཕྱིར་བློ་བཟང་སེང་གེ་རྒྱལ་དགོས།

    Reply
  11. lobsangtenje says:
    ལོ་ 15 སྔོན།

    བོད་ཀྱི་གནས་སྟངས་ཐག་ཆོད་པར་བོད་མི་གཞོན་སྐྱེས་རྣམས་ཀྱི་ཁ་ཕྱོགས་གསལ་བོ་བཟོ་དགོས་པ་དེ་གལ་ཆེན་པོ་ཞིག་རེད། མི་རབས་བརྗེའི་སྐབས་སུ་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་ཐེབས་ཡོང་བ་དེ་སྤྱི་འི་གྲུབ་ཆ་ཞིག་རེད་ཚང་མས་གཟབ་གཟབ་བྱས་ནས་བཀའ་ཁྲི་འདེམས་དགོས་

    Reply
  12. རྩེད་དགའི་བུ་ཆུང་། says:
    ལོ་ 15 སྔོན།

    ༑ ལྷུན་མིང་ཅན་དང་བྱུང་བུ་གཉིས།
    ” ཁོང་གཉིས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་བླ་མ་དེ་སྔ་ལམ་དུ་བརྫངས་ཡོད་པའི་ལོ་རྒྱུས་ ཤིག་སྲང་དང་ཁྲོམ་ལམ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཀྱང་བྱུང་མྱོང་ཡོད་པ་རེད།”
    དེ་འདྲའི་གནས་ཚུལ་སྲང་ལམ་གང་ན་ས་ཁྱབ་རྡོ་ཁྱབ་རེད། བཤད་མཁན་གྱི་གང་ཟག་ཚོ་བཤད་མི་ཉན་པའི་དབང་དུ་བྱས་ཀྱང་ས་ཆ་གང་གི་སྲང་ལམ་ལ་གྲགས་འདུག གླེང་གཞི་བཟོ་དགོས་ཡོད་ཀྱང་འདི་འདྲ་ཞིག་ཚབ་ཆེ་དྲགས་མི་འདུག་གམ། མི་བསད་པ་རེད་ཟེར་གྱི་ཡོད་རེད་ད།

    མ་གཞི་མི་གསར་བ་ཞིག་བཀའ་ཁྲིར་ཡོང་ན་བསམ་ཡོད་ཀྱང་། ངས་བློ་བཟང་སེངྒེ་ལ་རེ་བ་བྱེད་དཀའ། སློབ་གྲྭ་མང་པོར་སོང་སོང་བ་ཙམ་གྱིས་མི་རང་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་ལ་འགྱུར་བ་གཏོང་མི་ཐུབ། ལྷན་སྐྱེས་ཀྱི་མི་གཞི་དང་རྣམ་དཔྱོད་ནི་རྩ་བ་ལྟ་བུ་དང་ཡོན་ཏན་སློབ་སྦྱོང་ནི་རྒྱན་ཙམ་རེད།
    ཁོའི་གཏན་བཤད་ཉན་མྱོང་ཡོད། མཁས་དབང་ཙམ་གྱི་མིང་ཡང་འཐོབ་དཀའ་མོ་རེད། ད་ཕལ་ཆེར་ང་རང་བཀའ་ཁྲི་བྱེད་ན་ཡག་ས་རེད།

    Reply
  13. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    ༕࿋༿྆འདིར་ཡང་བསམ་ཚུལ་འདི་བརྗོད་འདོད་བྱུང། བཀྲ་་་ས་མཐོང་ལ་ཉམས་མྱོང་དང་བྱས་རྗེས་ཡོད་ཀྱང། ཁོའི་བཀའ་མོལ་གནང་སྟངས་ལ་བལྟས་ན་བོད་གཞུང་གི་ལས་དོན་རྣམས་རྒྱུན་སྐྱོང་དང་འཆར་ཅན་ཙམ་གནང་འཆར་ལས་ལེགས་བཅོས་གཏོང་འཆར་ཅི་ཡང་མེད་པའི་བཟོ་འདྲ་ཞིག་འདུག དེ་འདྲ་ཡིན་ན་ཁོང་བཀའ་ཁྲིར་བཞུགས་ནས་ཕན་ཐོགས་ཡོང་ས་མ་རེད། ད་ལྟ་ང་ཚོ་ཛ་དྲག་གི་སྐབས་འདིར་༸གོང་ས་མཆོག་དང་བོད་གཞུང་གི་སྲིད་བྱུས་འདི་རྒྱུན་སྐྱོང་ཐོག་ཡར་རྒྱས་དང་ལེགས་བཅོས་ཤུགས་ཆེ་ཙམ་བཏང་སྟེ་ནུས་པ་སྔར་ལས་ལྷག་པ་ཞིག་ཐོན་ཐབས་བྱེད་དགོས། དེ་ལ་སྤེན་པ་ཚེ་རིང་ལེགས་པ་འདུག བློ་བཟང་སེང་གེ་ཤེས་ཡོན་ཡག་པོ་ཡོད་ནའང་ཉམས་མྱོང་མེད་པའི་ཐོག་ལོ་གཞོན་གྱི་སྣང་བ་ཁྱེར་ཏེ་འུར་རླུང་གི་ནང་འགྲོ་ཉེན་འདུག དེ་བས་ད་ལྟ་ཁོང་སྤྱི་འཐུས་སམ་བཀའ་ཤག་ནང་ཚུར་ཕེབས་ཏེ་ཉམས་མྱོང་བསགས་ན་རྗེས་མ་གོ་སྐབས་ཡོད་ཡོད་པ་རེད། རྒྱ་རི་སྒྲོལ་མ་ནི་སེམས་ཤུགས་ཆེ་མདོག་གིས་ངུ་རྒྱུ་མ་གཏོགས་གཞན་ཅང་འཇོན་ས་མ་རེད།

    Reply
  14. ཀླུས་ says:
    ལོ་ 15 སྔོན།

    བོད་མིའི་བཀའ་ཁྲིར་མཁས་དབང་བློ་བཟང་སེངྒེ་འགྱིང་པར་ཤོག་
    བོད་ལ་མི་རབས་གསར་བའི་རང་དབང་ཐོབ་པར་ཤོག
    བོད་ལ་བདེ་སྐྱིད་ཉི་མ་ཤར་བའི་རྟེན་འབྲེལ་ཞུ།
    ༸ཡིད་བཞིན་ནོར་བུའི་སྐུ་ཚེ་བརྟན་གྱུར་ཅིག
    བོད་མིའི་ཅི་བསམ་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་ཤོག

    Reply
  15. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    མང་གཙོའི་ཁྲིམས་དང་ལག་ལེན། ལྟ་བའི་ནང་དུ་ཁྱིམ་རྒྱུད་ཀྱི་དབྱེ་བ་མེད་ལ། རྒན་གཞོན་གྱི་ཁྱད་པར་ཡང་མེད་པ་རེད། མ་ཟད་སྐྱ་སེར་གྱི་དབྱེ་བའང་མེད་པ་རེད། མི་མང་གི་འདོད་པ་སུ་ལ་ཡོད་ན་དེ་རང་འདེམ་གྱི་རེད། ཕྱོགས་འཐེན་གྱི་སྐད་ཆ་ནི་དོན་དངོས་ཀྱི་མང་གཙོའི་འགག་རྡོ་རེད། མི་ཅོལ་ཆུང་ཁ་ཤས་ཀྱིས་བློ་བཟང་སང་གེ་ཁམས་པ་ཡིན་ཟེར་ནས་ཕྱོགས་འཐེན་བྱེད་ཀྱི་འདུག ཡིན་ནའང་བློ་བཟང་སེང་གེ་ནི་ཁམས་པས་བསྐྱངས་ནས་འཚར་ལོངས་བྱུང་བ་ཞིག་མ་རེད། ཁོང་ནི་བཙན་བྱོལ་བོད་གཞུང་དང་གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ཁོང་གིས་ལུང་པའི་ཕྱོགས་འཐེན་བྱེད་ཀྱི་མ་རེད། མི་ཁ་ཤས་ཀྱི་རེ་བ་བྱས་བ་ནང་བཞིན་ཁོས་དེ་ལྟར་བྱེད་ཀྱི་མ་རེད། དེ་ལས་ལྡོག་སྟེ་ཕྱོགས་འཐེནབྱེད་མཁན་ཁོ་ཚོའི་ཁ་གཅོད་མཁན་ངོ་མ་དེ་ཆགས་ཀྱི་རེད། ཁོང་གིས་ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་དྲ་ཡོང་སྐབས་སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གི་ལངས་ཕྱོགས་ལ་ཤར་བསྐྱོད་བྱས་བ་ལྟ་བུ་རེད། བཀྲས་མཐོང་དེ་བཞིན་ལུང་པའི་ཕྱོགས་འཐེན་བྱེད་ཀྱི་མ་རེད། ཁོང་སྐུ་དྲག་དང་རྒན་རབས་ཟེར་ནས་སྡུག་དམོད་ཅི་ཙམ་བྱས་ཡང་དེ་སྐྱོན་གང་ཡང་མ་རེད། ཁོང་ཡང་འཇོན་ཐང་དང་ཤེས་ཡོན་གཉིས་ཀ་འཛོམས་པའི་བོད་པ་ཚོའི་ནང་གི་མི་དྲག་ཤོས་ཤྀག་རེད། ཚོགས་གཙོ་སྤེན་པ་ཚེ་རིང་ཡང་ཤེས་འཇོན་གྱི་ཆ་ལག་ཚང་མ་འཛོམས་བསྡད་ཡོད་པ་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་མི་རྩེ་ཕུད་ཅིག་རེད། དེ་མིན་རྒྱ་རི་སྒྲོལ་མའང་སྤྱིར་ན་བོད་མི་ཁྲོད་ཀྱི་ཤེས་འཇོན་ཅན་ཞིག་དང་སྒོས་སུ་བོད་ཀྱི་བུད་མེད་ནང་གི་མིག་དཔེར་འོས་བ་ཞིག་རེད། ང་ལ་མཚོན་ན་འདི་དག་ལས་སུ་ཞིག་བཀའ་བློན་ལ་སླེབས་ཀྱང་འདོད་པ་ཁེངས་བ་ཞིག་འདུག ཡིན་གཅིག་མིན་གཉིས་རང་གི་འོས་མི་དེ་བཀའ་བློན་ཁྲི་བ་བྱེད་དགོས་ཀྱི་མ་རེད་ལ་མི་འདོད་པ་དེར་འོས་མེད་ཀྱི་སྐྱོན་བརྗོད་ཡང་བྱེད་དགོས་ཀྱི་མ་རེད་སྙམ། སོ་སོས་གང་ཞིག་འདེམ་འདོད་ཀྱང་རང་དབང་རེད། འོས་ཤོག་མང་ཉུང་གི་ཐག་ཆོད་འགྲོ་གི་རེད། ལག་ལེན་དངོས་ཀྱི་ཐོག་ནས་འདི་དག་སུ་ཞིག་སླེབས་ཡང་བོད་སྤྱི་བའི་དོན་ལ་ནུས་བ་ཐོན་གྱི་རེད། ཡིན་ནའང་བཀྲས་མཐོང་འདི་བ་ལག་ལེན་ཐོག་ནས་ཅུང་དྲག་ཤོས་མིན་འགྲོ་བསམ་གྱི་འདུག གང་ལྟར་རང་ལ་འདོད་པ་མེད་ན་མི་དེ་ནི་ནག་པོ་ཞིག་དང་རྒན་གཞོན་དབར་དང། ཆོལ་ཁ་ཆོས་ལུགས་དབར་གྱི་ཐོབ་ཤོར་ཞིག་ཡིན་པར་བསམ་པ་ནི་ཅོལ་ཆུང་གི་གཏམ་དང་སྤྱོད་པ་ཡིན་པས་སྤངས་དགོས་བ་རེད། དེང་སྐབས་རྩོམ་འཆལ་ཙམ་འབྲི་ཤེས་བ་རྣམས་ཀྱིས་སྤྱི་ཚོགས་ཐོག་གི་ཆེས་ཐ་ཤལ་གྱི་བྱ་སྤྱོད་དག་ལྷུར་བླུངས་ཏེ། རིག་པ་དང་འགལ་ནས་རྩོམ་འཆལ་སྤེལ་བ་འདི་དག་ནི་བོད་ཀྱི་མང་གཙོ་ཙམ་མ་ཟད། རྩོམ་རིག་གི་འགག་རྡོ་ཆེན་པོ་ཞིག་ཡིན་ནོ།།

    Reply
  16. བཀྲ་ཤིས། says:
    ལོ་ 15 སྔོན།

    ཁྱེད་རྩོམ་ཡིག་འདི་ལ་བསྔགས་བརྗོད་ཡོད།

    Reply
  17. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ང་ཚོར་བཀའ་བློན་བོད་རྒྱ་ཆེན་མི་མང་གི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་མཁན་ཞིག་བྱུང་ན་སྐྱེས་པ་བུ་མེད་སུ་སླེབས་ཡང་ཁྱད་པར་མེད།
    མི་ཚང་ཕལ་པ་ཞིག་ནས་ཚར་ལོང་བྱུང་པའི་མི་ཞིག་ཡིན་ན་ལྷག་བསམ་པ་དང་སྐུ་དྲག་གི་ཁྱིམ་མཚང་ནས་ཚར་ལོང་བྱུང་བའི་མི་ཞིག་ཡིན་ན་ལྷག་བསམ་དམན་པའི་ཁྱབ་པ་རྟགས་བསྐལ་བར་དུ་མ་གྲུབ་བོ།

    Reply
  18. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ངས་སྤྱི་ཚོགས་ལ་རྒྱུས་ལོན་བྱས་ཤིང་སྤྱི་ཚོགས་ཀྱི་སྐད་ཆ་ཉན་ཏེ། ཚངས་ཐིག་གི་ལམ་བུ་བརྒྱུད་ནས་བཀའ་ཁྲིའི་འོས་མི་རྣམས་ལ་ཤེས་རྟོགས་བྱས་པས་༢༠༡༡ལོའི་བཀའ་ཁྲི་ལ་མི་ཚང་ཕལ་པ་ཞིག་ནས་ཚར་ལོང་བྱུང་ཞིང་གཞི་རིམ་གྱི་མང་ཚོགས་ཀྱི་འཚོ་བ་བརྒྱུད་ནས་སླེབས་པའི་མཁས་དབང་བློ་བཟང་སེང་གེ་ཉིད་འོས་ཤིང་མཚམས། འོན་ཏང་སྐུ་དྲག་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོ་རྣམས་ཀྱིས་ཐབས་འཕྲུལ་སྣ་ཚོགས་ཀྱིས་ཁོང་ཕམ་ཉེས་སུ་བཏང་ནས། ཤེས་ཡོན་དང་འཇོན་ཐང་ལ་མ་ལྟོས་པར་རྒྱབ་རྩ་དང་དཔལ་འབྱོར་གྱིས་སླར་ཡང་ཁྱིམ་ཚང་ཆེན་མོས་བཀའ་ཁྲི་གནང་ན། རྒྱ་ནག་གིས་ང་ཚོའི་མང་གཙོར་བརྗོད་བཞིན་པའི་སྐྱོན་བརྗོད་ལ་རྒྱབ་སྐྱོར་བྱས་པ་ཤུགས་སུ་འགྲོ་བ་ནི་གོར་མ་ཆགས།

    Reply
  19. ཟུར་མཁར་བ། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་མཆོག་ལ། མཆན་ལ་ཞིབ་བཤེར་ཡག་པོ་གནང་རོགས་གནང་། ལྷུན་འགྲུབ་མིང་ཅན་གྱི་བྲིས་པའི་མཆན་འདིའི་རིགས་རྙོག་སློང་གི་གཞི་ཡིན་པས་གཟབ་ཙམ་གནང་རོགས་ཞུ་རྒྱུ་ཡིན།

    Reply
  20. ལྷུན་འགྲུབ། says:
    ལོ་ 15 སྔོན།

    བོད་ཀྱི་བང་ཆེན་ནང་གི་བྱང་བུའི་ཟིན་བྲིས་ནས་བླངས།

    བཀའ་ཁྲིའི་འོད་མིའི་ལོ་རྒྱུས་ཁ་ཤས།

    བཀའ་ཁྲིའི་འོས་མི་ལས་འཕྲོས་པའི་བསམ་ཚུལ་དམར་རྗེན་མ།

    བཀའ་ཁྲིའི་འོས་མི་ལས་འཕྲོས་པའི་བསམ་ཚུལ་དམར་རྗེན་མ། སྤེན་པ་ཚེ་རིང་ལགས་ལ་མཚོན་ན་ཤེས་ཡོན་དང་བཙན་བྱོལ་གཞུང་ལ་རྒྱུས་མངའ་ཡོད་པ་སོགས་ཀྱི་ཐད་ནས་བསམ་ན་བཀའ་ཁྲི་ལ་རེ་བ་བྱས་པར་དམིགས་བསལ་གྱི་མི་འོས་པ་ཞིག་མཐོང་མ་སོང་།

    ཡིན་ཡང་ཤེས་ཡོན་དང་རྒྱུས་མངའ་ཡོད་པའི་ཆ་རྐྱེན་ཙམ་གྱིས་བཀའ་ཁྲི་ལ་འདེམས་འོས་པའི་ཚད་འཛིན་བྱེད་མི་རུང་། ཕྱིར་ མི་སུ་འདྲ་ཞིག་ཡིན་རུང་གཙོ་བོ་དེ་མི་གཞི་དང་ཀུན་སྤྱོད་ཚད་ལྡན་ཞིག་ཡོད་པའི་ ཐོག་ཤེས་འཇོན་ཉམས་མྱོང་གིས་ཕྱུག་པ་ཞིག་ཡིན་ཚེ་མི་དེ་ལ་ཚད་མཐོའི་གདེང་འཇོག་ དང་ཡིད་ཆེས་བྱ་རིན་ཡོད།

    འོན་ ཀྱང་སྤེན་པ་ཚེ་རིང་ལྟ་བུ་ལ་མཚོན་ན་ཁོའི་མི་གཞི་དང་ཀུན་སྤྱོད་ལ་དོགས་པ་ཡོད་ པ་ཙམ་གཅིག་པོ་མ་ཡིན་པར་གླེང་ཕྱོགས་འདྲ་མིན་ཞིག་ཡོད་པ་རྒྱ་གྲགས་བོད་གྲགས་ རེད། དཔེར་ན་སྤེན་པ་ཚེ་རིང་གིས་བླ་མ་ག་གེ་མོ་ཞིག་གི་སྐྱེ་དམན་ལ་ཚུལ་མིན་གྱི་འབྲེལ་བ་བྱས་པ་མ་ཟད་སྐྱེ་དམན་དེ་དང་བླ་མ་དེའི་རྒྱུ་ནོར་རག་ཆེད། ཁོང་ གཉིས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་བླ་མ་དེ་སྔ་ལམ་དུ་བརྫངས་ཡོད་པའི་ལོ་རྒྱུས་ ཤིག་སྲང་དང་ཁྲོམ་ལམ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཀྱང་བྱུང་མྱོང་ཡོད་པ་རེད།

    གལ་སྲིད་དེ་འདྲའི་ལོ་རྒྱུས་དེ་བདེན་པ་ཡིན་ཚེ་ཁོ་ནང་སྟོང་ཁོག་རུལ་དུ་སོང་བའི་མི་ངན་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ། དེ་ ལ་ཤེས་ཡོན་ཅུང་ཙམ་ཞིག་དང་ཁ་བདེ་བོ་དང་རང་ཉིད་ཀྱི་མངོན་འདོད་ཅིག་ལ་འབད་མཁས་ བོ་ཡོད་པ་ཙམ་གྱིས་བཀྱགས་ནས་གནམ་ལ་འཇོག་རིན་ཡོད་པ་མ་མཐོང་།

    དེ་ ལྟར་བྱས་ན་དུས་རྒྱུན་ང་ཚོས་ཁ་ནས་མ་ཎི་བགྲང་བགྲང་བྱེད་བཞིན་པའི་བོད་སྤྱི་ བའི་རྩ་དོན་དང་མང་གཙོ་འགན་མི་མང་རང་གིས་ཁུར་དགོས་ཞེས་པ་དང་ཡང་འགལ་འགྲོ་བ་ རེད། དེར་བརྟེན་ཚང་མས་གང་ཟག་སུ་ཡིན་དང་རང་ཉིད་ཀྱི་ཕྱོགས་གཏོགས་རེད་འདུག་མིན་ཙམ་ལ་མི་ལྟ་བར། དངོས་ཐོག་བདེན་འཚོལ་ངང་བཀའ་ཁྲི་ཚད་ལྡན་ཞིག་ཡོང་ཐབས་སུ་དྲང་བདེན་ལ་རྒྱབ་བརྟེན་ཏེ་འབད་བརྩོན་བྱེད་དགོས།

    ༼ཚད་ལྡན་ཞེས་པ་དེ་ཡང་ང་རང་ཚོ་བཙན་བྱོལ་ནང་ནས་ཨ་ཡོད་ནང་གི་དེ་ཡོད་དང་། ལུག་མགོའི་ནང་གི་མིག་ཚིར་དེ་རག་ཐབས་བྱེད་དགོས་པ་ལས། ཕྱིར་ཚད་ལྡན་ཞེས་པ་དེའི་ཚད་གཞི་ངེས་ཅན་ཞིག་འཇོག་ཅུང་ཟད་དཀའ་བར་སྣང་། ༽

    དེ་བཞིན་ཨ་ ཅག་རྒྱ་སྒྲོལ་ལགས་ཀྱི་སྐོར་ལ་ཅུང་ཟད་གླེང་བར་འདོད། ཁོ་མོ་ལ་མཚོན་ན་ཤེས་ཡོན་དང་འཇོན་ཐང་སོགས་ཕྱོགས་གང་ཐད་ནས་བཀའ་ཁྲིའི་འོས་ཆོས་ ཡོངས་རྫོགས་ཚང་བར་མ་མཐོང་། དབྱིན་སྐད་དང་ཧིན་སྐད་སོགས་ཙ་ག་ཙིག་གེ་ཞིག་བཤད་ཤེས་པ་དང་ཁ་བདེ་མགོ་བདེ་ངུ་ སླ་སོགས་ཀྱི་ཕ་ རོལ་བོའི་སེམས་ཅུང་ཟད་འགུག་ཐུབ་པའི་གཡོ་ཇུས་ཕྲན་བུ་ཡོད་རུང་དེ་ཙམ་གྱིས་ སྐབས་གསུམ་པའི་བཀའ་ཁྲིའི་འོས་ཆོས་ཚང་བར་ངོས་འཛིན་བྱེད་ཀྱི་མེད།

    ལྷག་ པར་ཉེ་ཆར་ཨ་ཅག་ལགས་ཀྱིས་ང་བཀའ་ཁྲིར་འོས་འདེམས་བྱུང་ན། གཞིས་ཆགས་ཡར་རྒྱས་གཏོང་རྒྱུ་ཡིན། གསར་འབྱོར་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡིན། ད་དུང་མང་པོ་ཞིག་ཕྱི་རྒྱལ་ལ་གཏོང་གི་ཡིན་སྐོར་སོགས་སྐྱ་སེར་ཕོ་མོ་ཡོངས་ལ་ འཚམ་པའི་སྐད་ཆ་སྙིང་རྗེ་བོ་ཞིག་ཤོད་ཀྱི་ཡོད་ཀྱང་།

    དོན་ དངོས་ཐོག་ཁྱེད་རང་གིས་འོས་ཤོག་རེག་ཐབས་ཙམ་ལས་དེ་འདྲའི་ཕྱག་ལས་ཤིག་གནང་མི་ ཐུབ་ལ་མི་གནང་བ་ཡང་གསལ་བོ་རེད། གང་ཡིན་ཟེར་ན་འདས་ཟིན་པའི་ནང་ལོག་ཁྱེད་རང་མི་མང་གི་སྐུ་ཚབ་བྱས་ནས་ཁྲིམས་ བཟོ་ལྷན་ཁང་གི་རྐུབ་སྟེགས་མཐོ་ཤོས་ཐོག་ལོ་མང་རིང་བཞུགས་ཡོད། གལ་སྲིད་ནུས་པ་དང་འཇོན་ཐང་ལྷག་བསམ་བཤད་པ་ནང་བཞིན་སྨྲ་མེད་པ་ཞིག་ཡོད་ན་སྐབས་ དེ་དུས་ཨ་ཅག་ལགས་ཀྱིས་དེ་འདྲའི་ཕྱག་ལས་མ་གནང་བའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

    ད་ ཨ་ཅག་ཁྱེད་རང་གི་དམིགས་ཡུལ་ངོ་མ་དེ་མངོན་གྱུར་ཡོང་བར་འབད་རྩོན་བྱེད་འདོད་ན། དང་ཐོག་མདོ་ཁམས་ཆུ་སྒང་གསར་རྙིང་གཉིས་གཙོས་ཁྱེད་རང་གི་ཐེ་ཇུས་བྱེད་མྱོང་ སའི་རྩོད་རྙོག་དག་ནང་ཁུལ་མཐུན་འབྲེལ་ཡོང་ཐབས་ལ་འབད་རྩོན་ཁ་ཞེ་གཉིས་མེད་ ཀྱིས་བྱེད་རྒྱུ་ཡིན་པའི་མནའ་སྐྱེལ་དམ་འཇོག་དགོས་པ་མ་ཟད། ད་ནས་བཟུང་ནང་ཁུལ་གྱི་ཆིག་སྒྲིལ་དང་འཆམ་མཐུན་ལ་གཏོར་བཤིག་ནམ་ཡང་མི་གཏོང་ བའི་དམ་བཅའ་ཁ་གསལ་གདེང་གསལ་འཇོག་དགོས་གལ་མཐོང་།

    མཚམས་ འདི་ནས་ངས་བཀྲས་མཐོང་བསྟན་རྣམ་ལགས་ཀྱི་སྐོར་ལ་རོབ་ཙམ་གླེང་བར་འདོད། ཁོང་ཡང་ཡང་བསྐྱར་བཀའ་ཁྲིའི་རྐུབ་སྟེགས་ཐེངས་གཅིག་འཛིན་པའི་འདོད་པ་ཤུགས་ཆེན་ ཡོད་ས་རེད། དེའི་རྒྱུ་མཚན་ནི་འདས་ཟིན་པའི་ནང་ལོག་ནག་ཉེས་དང་ནོར་འཁྲུལ་གང་སོང་ཡོད་པ་དེ་ ཚོ་གང་ཐུབ་དཀར་པོར་བཟོ་རྒྱུའི་ཐབས་ཇུས་སམ་སྲིད་བྱུས་སེམས་ནང་ཉལ་ནས་བཀའ་ ཁྲིར་སླེབས་ཐབས་ལ་རེ་བ་རྒྱབ་པ་ཞིག་ཡིན་པ་གོར་མ་ཆགས།

    ཡང་ གཅིག་བཤད་ན། ཁོའི་རེ་བ་དེ་སྟོང་ཟད་མིན་པའང་ཅུང་ཟད་གདེང་སྤོབས་ཡོད་པ་རེད། གང་ཡིན་ཟེར་ན་ཚེ་འདི་ཕྱི་གཉིས་ཀྱི་ཡོད་ཚད་རྐུབ་སྟེགས་ལ་བཅོལ་ཡོད་མཁན་གྱི་ རྡ་སའི་ཁོར་ཡུག་གི་གཞུང་འཛིན་མི་སྣ་མང་ཆེ་བའི་རྐུབ་སྟེགས་སྒུལ་ཀྱོག་མི་ཡོང་ བའི་ཆེད་དུ་དངོས་སམ་བརྒྱུད་ནས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

    དེ་ ཚོས་ཀྱང་བོད་སྤྱིའི་རྩ་དོན་ལས། སོ་སོའི་མི་ཚེའི་ནང་འབྲེལ་འདྲིས་ཆེ་བའི་རྐུབ་སྟེགས་དེ་བློས་གཏོང་མི་ཐུབ་པ་ ཞིག་དང་། གཞན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་ཆེ་གཉིས་སྐུ་འཚོ་བཞུགས་སྐབས་མི་ རབས་གསར་བ་ཞིག་གིས་མཇུག་མཐུད་མ་ཐུབ་ན་བསམ་པ་ཡང་ཡིན་སྲིད་ཀྱི་མ་རེད་དེ།

    འབྱུང་ འགྱུར་གྱི་བཀའ་ཁྲི་དེ་གནའ་དེང་གི་ཤེས་བྱའི་གནས་ཐམས་ཅད་ལ་མཁྱེན་རྒྱ་ཡངས་ཤིང་ མ་འོངས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཉམས་པ་སླར་གསོ་དང་མི་ཉམས་དར་ སྤེལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ལས། ཆོལ་ཁ་དང་ཆོས་ལུགས་དེ་བཞིན་ཁྱིམ་བརྒྱུད་སོགས་ཀྱི་ན་ཚ་མེད་མཁན་གྱི་གཞོན་ སྐྱེས་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་རྣམ་དག་ཅིག་བཀའ་ཁྲིར་སླེབས་ཡོང་ན་ངའི་ རྐུབ་སྟེགས་དེ་འགུལ་སྐྱོད་ཅིག་གཏོང་མི་ཡོང་ངམ་སྙམ་པའི་དངངས་འཚབ་དང་ཞེན་ཁོག་ འདྲེས་མ་ཞིག་གི་སྒང་ན་འགྲོ་གི་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།

    ལྷག་ པར་བཀྲས་མཐོང་ལ་མཚོན་ན་བདེན་མིན་ལ་མ་ལྟོས་པའི་གཞུང་དངུལ་ཕོན་ཆེན་ལྐོག་ཟ་ བྱས་སོང་བ་རེད་ཅེས་གླེང་གཞི་ཡོད་པ་མ་ཟད། སྐབས་དེའི་བཀའ་ཁྲིའི་ལས་ཡུན་མ་རྫོགས་སྔོན་ལ་ཨ་རིར་བྲོས་བྱོལ་ལྟ་བུ་འགྲོ་ དགོས་པའི་རྒྱུ་མཚན་སོགས་གསལ་བཤད་ཡང་དག་གམ་ཁ་གསལ་གཏིང་གསལ་གྱི་དཔང་རྟགས་ཤིག་ མི་མང་གི་མདུན་སར་སྟོན་རྒྱུ་མེད་ན་བཀའ་ཁྲིའི་འོས་ཆོས་ཚང་བ་ཕར་ཞོག་ངོ་ཚ་དང་ ཁྲེལ་གཞུང་སྤུ་རྩེ་ཙམ་མེད་པའི་མགོ་སྐོར་བསླུ་བྲིད་མཁན་ཞིག་ལ་ངོས་འཛིན་མི་ བྱེད་ཀ་མེད་རེད།

    སྤྱིར་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནག་ན་མེད་ཅེས་པ་ལྟར་མི་སྐྱོན་ཆུང་ངུ་ཙམ་ཡང་མེད་མཁན་ཞིག་རག་ཁག་པོ་ཡིན་པ་མ་ཟད། མི་ ཞིག་གི་ལོ་རྒྱུས་ཀྱི་ངན་ས་དང་སྡུག་ས་དེ་བཞིན་མ་འགྲིག་མ་ཐོན་ས་རྐྱང་རྐྱང་ གླེང་ན་དེ་མི་འགྲིག་པ་ལྟ་བུ་ཞིག་རེད། འོན་ཀྱང་ཛ་དྲག་དང་གཉན་ཕྲང་ཅན་གྱི་སྐབས་འདིར་བཀའ་ཁྲིའི་འོས་གཞི་ལྟ་བུ་ལ་ མཚོན་ན་སྐྱོན་དང་ཉེས་པའི་ཆ་ལས་ལེགས་པ་དང་ཡོན་ཏན་གྱི་ཆ་མང་བ་ཞིག་འཚོལ་དགོས་ ཀྱི་ཡོད་པ་སོང་ཙང་། ང་ཚོས་འོས་མི་འདི་དག་ཕྱོགས་གང་ཐད་ནས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་ ཆགས་ཡོད་པ་རེད།

    དེ་ ཡང་ངས་མངོན་ལྐོག་དང་རྒྱབ་མདུན་འཛེམས་མེད་ཐོག་འདི་ལྟར་བྲི་དགོས་དོན་ནི་ཁོང་ ཚོར་མ་དགའ་བ་དང་། དེ་བཞིན་ཕྱོགས་རེས་དང་ཞེན་ཁོག་སོགས་ཀྱིས་ཀུན་ནས་བསླང་བ་ཞིག་རྩ་བ་ནས་མིན། སོ་སོར་ཡོད་མེད་དང་ཡིན་མིན་དབྱེ་འབྱེད་བྱེད་ཀྱི་བློ་ཞིག་འབྱར་ཡོད་པ་འདི་ སྔོན་དུ་སོང་བའི་ཐོག མང་ཚོགས་དཀྱུས་མ་ཚོར་དཔྱད་གཞིའི་རྒྱུ་ཆ་ཞིག་གི་ཆེད་དང་དངོས་ཐོག་བདེན་འཚོར་ ཞིག་ཡོང་ན་བསམ་ནས་འདི་ལྟར་བྲིས་པ་ཞིག་ཡིན།

    Reply
  21. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    ད་སྐབས་ནས་མཁས་དབང་བློ་བཟང་སེང་གེ་ལགས་སུ་བོད་ཀྱི་ཨོ་བྷ་མ་ཞེས་འབོད་ཀྱིན་ཡོད་པས་༢༠༡༡་ལོར་ཁོང་ཕམ་སྲིད་པ་ནས་མ་ཕམ་པར་དོན་དམ་བོད་ཀྱི་མིང་དོན་མཚུངས་པའི་ཨོ་བྷ་མ་དེ་ཆགས་ཀྱང་སྲིད།

    Reply
  22. གངས་ཆབ། says:
    ལོ་ 15 སྔོན།

    རྟ་ནག་སྐལ་བཟང་ལུང་རིགས་ལགས་ཀྱིས་གསུངས་བ་ནི་དངོས་ཡོད་གནས་ཚུལ་ཡིན་པ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།༧གོང་ས་མཆོག་གིས་དེང་དུས་ཀྱི་རྒྱལ་སྤྱིའི་ལམ་ལུགས་དང་མཐུན་པའི་ཐོག་མ་འོངས་པའི་བོད་མི་རིགས་གི་ཆེད་དུ།མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་གསོལ་རས་གནང་བ་འདིར་དགོས་པ་དང་།རྒྱུ་མཚན་ཡོད་པའི་ཐོག་ནས་གནང་བཞག་པ་ཞིག་རེད་ཏེ།ང་ཚོ་བཙན་བྱོལ་བོད་མི་རྣམས་ད་དུང་ཡང་རྨོངས་གཉིད་ལས་སད་མེད་པའི་རྐྱེན་གྱི་དཔའ་འབྱོར་དང་མིང་གྲགས་ཡོད་པའི་ཁྱིམ་ཚང་དག་གི་གཡོ་འོག་ཏུ་འགྲོ་བ་ལས།མང་གཙོའི་ཁེ་དབང་ལོངས་སྤྱོད་དང་བེད་སྤྱོད་ཡང་དག་པ་ཞིག་གཏན་ནས་བྱེད་ཐུབ་ཀྱི་མེད།རྒྱུ་མཚན་ནི་འབྱོར་པ་ཅན་དང་།མིང་གྲགས་ཡོད་པའི་ཁྱིམ་ཚང་ཆེ་པོ་དེ་དག་གི་བྱ་བཞག་དང་གྲུབ་འབྲས།བག་ཆགས་ལ་རྟེན་ནས་བྱུང་བའི་ཆོལ་ཁ་དང་དགའ་ཉེའི་ཕྱོགས་ལྷུང་གི་རྣམ་པ་འཁྱེར་བ་ལས།བོད་སྤྱི་པའི་རྩ་དོན་ཐོག་འགན་འཁུར་དེ་ཙམ་བྱེད་ཀྱི་མེད་པ་ནི་ཀུན་གྱིས་ཤེས་གསལ་དང་བརྗོད་མ་དགོས་པ་ཞིག་རེད།རྒྱ་ནག་གཞུང་གི་དུས་རྒྱུན་བཤད་བསྡད་པ་ནི་བཙན་བྱོལ་བོད་གཞུང་ལ་མང་གཙོའི་མིང་ཙམ་ལས་དོན་དངོས་ཐོག་རྔ་བདག་ཆེ་པོ་གསུམ་གྱིས་དབང་སྒྱུར་བྱེད་ཀྱི་ཡོད་པ་རེད་ཟེར།དེར་ལ་རྒྱུ་མཚན་ཡོད་པ་ཞིག་དང་དངོས་ཡོད་ཡིན་པ་ནི་སྨོས་མ་དགོས།ད་དུང་མུན་མཐུད་དེ་ལམ་ལུགས་རྙིང་པའི་ཕྱོགས་སུ་བསྐྱོད་པ་ཡིན་ན།བོད་དོན་བདེན་མཐའ་གསལ་མི་ཐུབ་པ་མ་ཚད་ནམ་ཞིག་འགྱོད་པའི་གླིང་དུ་སྐྱེ་རྒྱུ་ལས་མ་འདས།ཉིན་དང་པོར་བཀྲས་མཐོང་གིས་གཏམ་བཤད་གནང་སྟངས་དེ་དག་ལ་གཟིགས་དང་།སྔ་མ་བཀའ་ཁྲི་དུས་ཡུན་མ་རྫོགས་གོང་ལ་ནང་མི་དཀའ་ངག་སེལ་ཆེད་དུ་རྩ་དགོང་ཞུས་ནས་ཨ་རིས་དུ་བསྐྱོད་པ་ཡིན་ཟེར།ཉིན་གཉིས་པ་ཉིན་ག་སྲིད་ཁོ་པ་སྐབས་གསུམ་པའི་བཀའ་ཁྲི་འཁོད་པ་དང་ནང་མི་དཀའ་ངག་འདྲ་བྱུང་བ་ཡིན་ན།སྔ་མ་ནང་བཞིན་ནང་མི་དང་ཕྲུ་གུ་ཆེད་དུ་བཀའ་ཁྲི་ནས་དགོང་པ་ཞུ་རྒྱུ་ཡིན།རྒྱུ་མཚན་ནི།ངས་བོད་མི་མང་གི་ཆེད་དུ་ཕྱག་ལས་གནང་བསྡད་པ་ཡིན་ན།ནང་མིའི་དཀའ་ངག་སུས་སེལ་གི་རེད་ཞེས་པའི་གཏམ་དེ་དག་གི་ཐོག་ནས།ཁོ་པའི་ནང་མི་གལ་གནད་ཆེ་བ་ལས་བོད་སྤྱི་པའི་རྩ་དོན་གལ་གནད་ཆེ་བ་ཞིག་མཐོང་གི་མེད་པའི་རྐྱེན་གྱི་གསུངས་བ་ཞིག་རེད།མ་ཟད་ཁོང་གི་འཇོན་རབས་ཀྱི་གཏམ་བཤད་གཅིག་ཀྱང་སྤེལ་མ་སོང།ཡ་མཚན་སྐྱེས་དགོས་པ་ཞིག་ལ་ད་དུང་ལུང་ཚན་དང་ཕྱོགས་ལྷུང་ཅན་གྱི་མི་སྣ་དེ་དག་གི་༧གོང་ས་མཆོག་དང་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་ཐུགས་འཁུར་མེད་པའི་ཐོག་བཀྲས་མཐོང་ལ་རྒྱབ་སྐྱོར་དང་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་ལྟ་བུ་ལ་རྒྱབ་སྐྱོར་མེད་པའི་སྒང་ལ་ངེན་སྨད་བྱ་དགོས་དོན་གང་ཡིན་ནམ།དངོས་གནས་དྲང་གནས་ཀྱི་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་ལྷག་བསམ་རྣམ་དག་གི་འགན་འཁུར་མཁན་ཞིག་གི་ངོས་ནས་བཤད་པ་ཡིན་ན།སྐབས་གསུམ་པའི་བཀའ་ཁྲི་བྱེད་ཐུབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པའི་མི་སྣ་ཞིག་བཀའ་ཁྲིའི་འོས་གཞི་རུ་མེད་པ་ནི་ཚང་མས་ཟུར་ལྟས་ལེབ་མཐོང་རེད།དེ་འདྲ་སོང་ཙམ་ཁོང་ལ་རྒྱབ་སྐྱོར་བྱ་དགོས་ངེས་རེད་ལ།རྒྱལ་ཁ་ཡང་ཐོབ་དགོས་ངེས་རེད།

    Reply
  23. མེ་རི། says:
    ལོ་ 15 སྔོན།

    དེ་ག་རང་རེད། ཆུ་མེད་སྡེ་བ་དང་ང་ཚོའི་བར་ལ་མཚུངས་ས་ཇི་འདྲའི་མང་ཨང་། གཏམ་རྒྱུད་ཁྲོད་ཀྱི་དྲང་སྲོང་དེས་ཆུ་མེད་གྲོང་གསེབ་ཉིན་བཅོ་ལྔ་ལས་གཉིད་དུ་བཅུག་མི་འདུག གལ་སྲིད་བཀྲིས་མཐོང་ལ་ཐོབ་པ་ཡིན་ན་བཙན་བྱོལ་གཞུང་མི་ལོ་བཅུ་ལ་གཉིད་དགོས་པ་རེད། ཤེས་སོང་ངམ

    Reply
  24. བསེ་རུ། says:
    ལོ་ 15 སྔོན།

    འདི་ནི་ཐོབ་ཤོར་གྱི་གནད་དོན་མ་རེད།
    མི་མང་གི་རྣམ་དཔྱོད་ཀྱི་རྩལ་ལས་འདེམས་སྒྲུག་བྱེད་ཀྱི་རེད།
    རང་གི་ཕྱོགས་གཏོགས་ལ་ཞེན་ཁོག་གིས་འོས་བླུག་ན། དེ་ར་སྤུས་བཟོས་པའི་འུར་རྡོ་ར་ཡི་མགོ་ཐོག་ཏུ་ཕོག་ཉེན་ཡོད།
    དེ་དོན་མི་ཡོང་བ་རྒན་གཞོན་བར་གསུམ་གྱིས་ཐུགས་བསམ་བཞེས་དགོས་རེད།
    བློ་གཟུ་བོར་གནས་རྒྱུ་གལ་ཆེན་པོ་རེད། འོས་མི་འདོན་མཁན་ཚོ་ཡོད་ཚད་ཞེན་ཁོག་དབང་གིས་རེད་ཅེས་བཤད་ནའང་དེ་ཡང་རྒྱུ་མཚན་འཐད་ལྡན་མ་རེད། །

    Reply
  25. གནམ་ལྕགས། says:
    ལོ་ 15 སྔོན།

    དྲ་གྲོགས་འཇམ་མགོན་ལགས་ཀྱིས་དངོས་གནས་དོན་ལ་གནས་ཤིང་ལྷག་བསམ་རྣམ་དག་གིས་སྐད་ཆ་བཤད་འདུག ང་ཚོས་འདིའི་རིགས་ལ་གོང་བཀུར་ཞུ་དགོས།

    Reply
  26. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གལ་སྲིད་བགྲེས་སོང་རྣམ་གཉིས་ཀྱི་སྐད་ཆ་དེ་འདྲ་བཤད་ཡོད་ན་དངོས་གནས་བློ་ཕམ་གྱི་རང་བཞིན་རེད།
    དཀྲུག་ཤིང་གི་ཏེ་བོ་ཁྱོད་ཀྱིས་༼ཀྲས་མཐོང་ལ་ཤེས་འཇོན་ནུས་གསུམ་གང་ལྡན་ཡང་ཐོས་མ་སོང་།༽མངོན་སུམ་ལ་སྨྱོ་ལབ་རྒྱབ་ཀྱིན་འདུག
    བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གལ་ཆེའི་མཛད་རྗེས་རགས་བསྡུས།
    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
    ༡༽ ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་གནང་ཞིང༌། ཞོར་ལ་དགེ་རྒན་གྱི་ཕྱག་ལས་གནང༌།
    ༢ ༽ ཕྱི་ལོ་ ༡༩༦༧ དགུང་ལོ་ ༡༧ ལ་སོན་སྐབས་སེམས་ཤུགས་ཀྱིས་ཁེངས་པའི་ན་གཞོན་དེས་བོད་གཞུང་ཤེས་རིག་ལས་ཁུངས་ སུ་དབྱིན་དྲུང་དང་གསུང་སྒྱུར་གཅིག་ལྕོགས་ལས་འཁུར་བཞེས།
    ༣༽ ཕྱི་ལོ་ ༡༩༦༨ ལོར་ཁོང་དང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང༌། བཀྲས་མཐོང་བསྟན་འཛིན་དགེ་བྱེད་བཅས་ཀྱིས་འགན་བཞེས་ཀྱིས་བཙན་བྱོལ་ཁྲོད་ཀྱི་ གསར་ཤོག་ཐོག་མ་ཤེས་བྱ་འདོན་སྤེལ་གནང༌། དེང་སྐབས་ཀྱང་གཞུང་འབྲེལ་ཐོག་འདོན་མུས།
    ༤༽ ཕྱི་ལོ་ ༡༩༧༠ ལོར་ཁོང་དང༌། གོང་གསལ་མཛད་གཙོ་གཞན་གཉིས། བཀའ་ཟུར་རྒྱ་རི་བློ་རྒྱན་བཅས་ཀྱིས་ལོ་རྒྱུས་ཐོག་བོད་ཀྱི་གཞོན་ནུའི་ཚོགས་ ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་བ་དང༌། ཚོགས་ཆེན་གྱི་མཐའ་མའི་གྲུབ་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་ འབྲེལ། ཁོང་སྐབས་དང་པོའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ལས་འཁུར་ བཞེས། ད་ལྟའི་གཞོན་ལྷན་དེ་རང་ཡིན།
    ༥༽ དབྱིན་ཇིའི་གསར་དེབ་༼བོད་གནས་བསྐྱར་ཞིབ་༽(Tibetan Review) རྩོམ་སྒྲིག་པ་དཀོན་པའི་སྐབས་ལ་ཁོང་གིས་རྩོམ་སྒྲིག་པའི་འགན་བཞེས། (ད་ལྟ་འདོན་མུས།)
    ༦༽ ཕྱི་ལོ་ ༡༩༧༣ ལོར་བོད་ཀྱི་རྩ་དོན་སླད་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་བསྡུ་ བསྐོང་གནང་སྐབས། ཁོང་ཡང་གཞོན་ལྷན་གྱི་སྐུ་ཚབ་གནང་ནས་ཚོགས་ཆེན་དུ་མཉམ་ཞུགས་ཀྱིས་སྐབས་དེའི་ ཚོགས་ཐོག་ནས་དང་བླང་དཔྱ་ཁྲལ་ལག་དེབ་གསར་གཏོད་མཛད། བཙན་བྱོལ་གཞུང་གི་འགྲོ་གྲོན་ལ་དེང་སྐབས་ཀྱང་ཕན་ཐོགས་ཆེན་པོ་ཡོད།
    ༧༽ ཕྱི་ལོ་ ༡༩༧༣ ནས་ ༡༩༨༦ བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐུ་ཚབ་དོན་གཅོད་ཁང་གི་མཛད་འཁུར་བཞེས་ སྐབས་བོད་ཀྱི་ཐེབས་རྩ་ཁང་དང༌། པོ་ཏཱ་ལ་པར་སྐྲུན་ཁང༌། ནེའུ་ཡོག་བོད་ཁང༌། བྱང་ཨ་རིའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བོད་རིགས་མཐུན་ཚོགས་ཁག་བཅས་གསར་འཛུགས་གནང༌། གོང་གསལ་ཚོགས་པ་དེ་དག་ད་ལྟ་ཡོད་མུས།
    ༨༽ ཕྱི་ལོ་ ༡༩༧༥ ལོར་ཁོང་གིས་རོགས་རམ་དང་འབད་རྩོལ་གནང་བ་བརྒྱུད་ཐེངས་དང་པོའི་བོད་གཞུང་ཟློས་ གར་ཚོགས་པས་བོད་ཀྱི་རིག་གཞུང་ངོ་སྤྲོད་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐོར་ བསྐྱོད་ལ་ཕེབས་ཐུབ་ཡོད།
    ༡༠༽ ཡང་ཕྱི་ལོ་ ༡༩༧༩ ལོར་ཨ་རིར་དོན་གཅོད་ཀྱི་མཛད་འཁུར་བཞེས་རིང་ཨ་རིའི་གཞུང་ལ་འབྲེལ་མོལ་གྱིས་ ྋགོང་ས་མཆོག་ཨ་རིར་ཐེངས་དང་པོའི་ཆིབས་སྒྱུར་དབུ་འཛུགས་གནང་ཐུབ་ཡོད།
    ༡༡ ༽ ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་ ཁུར་བཞེས་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign For Tibet) གསར་འཛུགས་མཛད་པ་དང༌། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་ འཕེལ།
    ༡༢༽ དེ་བཞིན་ཁོང་ཝ་ཤིང་ཀྲོན་དུ་དམིགས་བསལ་སྐུ་ཚབ་ཀྱི་མཛད་འཁུར་བཞེས་རིང་ཨ་ རིའི་གཞུང་ལ་ཞུ་སྐུལ་གྱིས་བོད་མི་ཆིག་སྟོང་ཨ་རིར་གཞིས་ཆགས་སུ་བསྐྱོད་ཐུབ།
    ༡༣ ༽ ལྷག་པར་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞུགས་རིང་ཁོང་གིས་ཨ་རིའི་གཞུང་ལ་ཞུ་སྐུལ་དང་ འབད་རྩོལ་གནང་བ་བརྒྱུད་བོད་སྐད་རླུང་འཕྲིན་ཁང་ཁག་གཉིས་(Voice of America and Radio Free Asia) གསར་འཛུགས་ཐུབ་ཡོད།
    ༡༤༽ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འགན་བཞེས་རིང་ཨ་རིའི་གཞུང་ནས་ སྐྱབས་བཅོལ་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་ཐད་རོགས་དངུལ་ཞུས་ཐོབ་བྱུང་ སྟེ་ད་བར་མུ་མཐུད་རོགས་རམ་ཐོབ་མུས་ཡིན། ལས་གཞི་ད་ལྟའང་གནས་མུས་ཡིན།
    ༡༥ ༽ ཕྱི་ལོ་ ༡༩༨༠ ལོར་ཁོང་གིས་ཚོགས་གཙོའི་འགན་བཞེས་ཐོག་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་ པ་ཕེབས་ནས་བོད་ས་སྟོད་སྨད་བར་གསུམ་དུ་གཟིགས་སྐོར་གནང༌།
    ༡༦༽ ཕྱི་ལོ་ ༡༩༩༠ ལོར་དགུང་ན་གཞོན་པའི་བསྟན་འཛིན་རྣམ་རྒྱལ་དམིགས་བསལ་གྱི་ཚོགས་འདུ་རྒྱལ་ འཛོམས་ཐོག་ནས་བཀའ་བློན་ལ་འོས་འདེམས་བྱུང་ཤིང་སྐབས་གསུམ་རིང་བཀའ་བློན་གྱི་ ལས་འཁུར་བཞེས།
    ༡༧༽ ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས།
    ༡༨༽ ཕྱི་ལོ་ ༡༩༩༥ ལོར་ཨ་རིར་གནས་སྤོས་སྐབས་༼བོད་ནང་ལོ་བདུན་༽ཞེས་པའི་གློག་བརྙན་གསར་བཟོའི་སློབ་སྟོན་པ་གནང༌།
    ༡༩༽ དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང༌། ད་ཆ་ཚོགས་པའི་འགན་འཛིན་གནང་མུས་ཡིན།
    ༢༠༽ དེ་བཞིན་ Committee of 100 for Tibet ཞེས་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་གཙོའི་མཚན་གནས་ཐོག་བོད་དོན་ཕྱག་ལས་གནང་མུས།
    ༢༡ ༽ བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་ཐད་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གསར་ གཏོད་མཛད་ཅིང༌། ད་ཆ་ལྟ་གྲུབ་དེའི་ཐོག་ནས་ལས་གཞི་སྤེལ་མུས། དེ་ནི་དབུ་མའི་ལམ་དང་འགལ་བ་མེད།
    ༢༢༽ ད་ཆ་ཨ་རིའི་སྙན་གྲགས་ཅན་གྱི་སུ་ཌན་ཕོ་ཌི་ (Stanford University) གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་འགན་བཞེས་ཐོག སློབ་གཉེར་ཁང་དེར་བོད་ཀྱི་རྒྱལ་རབས་དང༌། ཆབ་སྲིད། ནང་ཆོས་བཅས་ཀྱི་ཞིབ་འཇུག་གི་ལས་གཞི་གསར་འཛུགས་དང་འབྲེལ། བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སྐོར་གྱི་སློབ་ཁྲིད་ཀྱི་ཕྱག་ལས་གནང་མུས།
    ༢༣ ༽ དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་ པོ་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་གནང་བའི་མཛད་འཆར་དང་འབྲེལ། ཁོང་གིས་ཀྱང་སློབ་གྲྭ་དེའི་ནང་གི་ཚན་རིག་མཁས་པ་དང་མཉམ་དུ་ཀླད་ཁམས་ཞིབ་འཇུག་ དང་བགྲོ་གླེང་གི་ལས་གཞིར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མུས། དེ་རྣམས་བཀྲས་མཐོང་གིས་མཛད་རྗེས་མིན་ན་ཁྱོད་ཀྱིས་ལས་རྗེས་ཡིན་ནམ།

    Reply
  27. འཇམ་མགོན། says:
    ལོ་ 15 སྔོན།

    འཇོན་ཐང་དང་བློ་སྟོབས་ཡོད་ན་རྒན་གཞོན་ལ་ཁྱད་པར་མེད།
    གཞོན་པ་སླེབས་ནས་གསར་གཏོད་བྱས་འཇོག་པ་ཡང་ཅང་མེད། རྒན་པ་སླེབས་ནས་མགོ་བོ་རྨོངས་འགྲོ་བ་ཡང་ཅང་མེད། སྔ་འདང་དང་གཞུག་འདང་ལ་བསམ་ན་ད་ལྟའི་དབར་བར་དུ་ཁ་མགོ་སྔ་རྒན་པས་བསྐྱང་རེད། ང་ཚོ་ཚང་མས་བསམ་ཞིབ་བྱས་ནས་ཤོད་དགོས་པ་ལས་རྒན་གཞོན་གྱི་རྩོད་པ་ཞིག་དགོས་བ་མི་འདུག སྤྱི་དོན་དོན་ལ་བསམ་དགོས།

    Reply
  28. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ་ཚོ་གཞན་ལས་བླུན་པ་ཞིག་མིན་ན་གཞན་གྱི་བྲན་དུ་འགྱུར་མི་སྲིད་ལ། འུ་ཚོར་བསམ་བློ་འཐུས་སྒོ་ཚང་བ་ཞིག་ཡོད་ན་རྒུད་པའི་ལམ་དུ་ལྷུང་མི་འགྱུར། འུ་ཚོའི་དམངས་རྣམས་རྟོགས་སད་དང་ལྡན་པ་ཞིག་ཡིན་ན་སྤྱི་ཚོགས་རྙིང་བའི་བོད་ཕྱི་ནང་གཉིས་དང་། ད་ལྟའི་གྲོས་ཚོགས་སུ་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་འཐེན་དཔུང་སྒྲིག་ཡོད་མི་སྲིད། མ་གཞི་རང་སྐྱོན་རང་གིས་སྦས་ཏེ་རང་ཉིད་དཀར་འདོན་བྱེད་པ་ནི་མི་རིགས་འདི་དར་བའི་རྒྱུ་མ་ཡིན་པར་ཐུར་ནས་ཐུར་དུ་རྒུད་པར་འགྱུར་བྱེད་ཀྱི་ས་བོན་ཡིན་པས། རང་སྐྱོན་ཐེར་འདོན་བྱ་རྒྱུ་ནི་གལ་དུ་ཆེ། ནམ་ཞིག་རང་སྦས་སྐྱོན་གྱི་ཚང་དུ་གྱུར་ཏེ་གཞན་གྱིས་སློག་དགོས་པ་ཞིག་ཏུ་གྱུར་བ་ཡིན་ན། དེ་དུས་བོད་རྒྱལ་ཁབ་ལ་ཡང་བསྐྱར་ཡ་ང་བའི་ཆག་འཇིག་འཕར་མ་ཞིག་འབྱུང་ངེས་ལ། བོད་མི་དམངས་ལ་ཡང་བསྐྱར་རྨོངས་འཐོམ་མགོ་རྡིབ་ཀྱི་མཇུག་འབྲས་ཐེག་དཀའ་བ་ཞིག་ཕྲག་ཏུ་ལྷུང་ངེས་ཡིན། དགག་སྒྲུབ་ཐེར་འདོན་མེད་པའི་སྤྱི་ཚོགས་ནི་སྐྱོན་འཚང་བག་ལ་སྙལ་བའི་མུན་ནག་གི་གཡང་རོང་ཞིག་ཡིན་པས། ནམ་ཞིག་རྐང་པ་རྡོ་ལ་འཐོག་ཏེ་གཡང་དུ་ལྷུང་ངེས། སྤྱི་ཚོགས་འདིའི་ཡག་བཙོག་ཡོད་ཚད་དྲང་པོས་ལམ་ནས་བོད་མི་དམངས་ཀྱི་མཐོང་ལམ་དུ་མངོན་པར་བཤམས་ཏེ་བོད་མི་དམངས་མི་རེ་ངོ་རེ་ནས་བསམ་གཞིགས་གཏོང་བ་དང་འགན་ཁུར་ལེན་གྱི་འདུ་ཤེས་རྙེད་པ་ཞིག་བྱ་རྒྱུ་ནི་ཤེས་ལྡན་པའི་འགན་རེད།

    Reply
  29. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    རྟ་ནག་པ་ཁ་ནག་པར།

    ཁྱེད་ཀྱིས་དེ་ལྟར་བྲིས་༼ གལ་སྲིད་བློ་བཟང་སེང་གེ་ཕམ་པ་ཡིན་ན་དེ་ནི་ང་ཚོ་མི་རབས་གསར་བ་རྣམས་ཕམ་པ་དང་། མ་འོངས་པའི་བོད་ཕམ་པ་རེད།༽ ཟེར་ངོ་མ་ཁྱེད་ངོ་ཚ་རྒྱུ་མེད་པའི་སྐད་ཆ་རང་རེད། གལ་ཏེ་བླིོ་བཟང་སེང་གེ་མེད་དུ་རྒྱུར་ན་བོད་དེ་མེད་ཟེར་བ་ཡིིན་པས། དེ་མིན་ཁྱེད་ཀྱིས་བཤད་པ་ལྟར་ཁོ་འཕམ་ན་ན་གཞོན་འཕམས་དགོས་པ་དང་། དེ་བས་བོད་འཕམས་དགོས་པ་དང་བོད་ལ་གྱོང་གུན་རག་ཟེར་བ་ངོ་མ་ཁྱེད་ཀྱིས་བདམ་བཏང་དྲན་བསྐྱེད་མེད་པའི་སྐད་ཆ་རང་རེད།

    Reply
  30. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་སྤྱི་དོན་རྨེག་མེད་ཅིག་ལ་འགྲོ་བར་བརྗོད་པ་ནི་མགོ་མ་ཚེས་པ་རང་རེད། འོ་ན་མང་གཙོ་ཚོགས་པས་བློ་བཟང་སེང་གེ་ཁྱབ་བསྒྲགས་བྱས་པས་སྤྱི་དོན་རྨེག་མེད་དུ་སོང་བ་རེད་དམ། འདི་མང་གཙོའི་ཁྱད་ཆོས་ཤིག་རེད། མི་སྒེར་དང་ཚོགས་པ་སྐྱིད་སྡུག་སོ་སོར་འོས་མི་འདོན་པའི་ཐོབ་ཐང་ཡོད་ལ། རྒྱབ་སྐྱོར་བྱེད་རྒྱུའི་ཐོབ་ཐང་ཡོད། འདི་མི་འགྲིག་པར་འདོད་ན། ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་དང་ཁྱབ་བསྒྲགས་བྱེད་པའི་རྩོམ་ཡིག་འདི་འགྲིག་པའི་ཁྱབ་པ་ཅི་ཞིག་ཡོད།

    འདི་འདྲའི་སྐབས་སུ་གཟབ་ཙམ་བྱེད་དགོས་པ་ལས། ཁ་ལ་ཐོན་ཐོན་དང་ལག་ལ་གང་ཡོང་འབྲི་མི་ཉན།

    Reply
  31. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    གོང་དུ་བྲིས་པའི་རྒད་པོ་གཉིས་ཀྱི་བཀའ་མོལ་དེ་ནི་རྟོག་བཟོ་ཡིན་པར་འདོད་དེ། རྩོམ་པ་པོས་༼ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༡ ཉིན་༽བྲིས་བ་ཞིག་རེད། འདི་ནི་ཁོ་བོ་འབྱུང་འགྱུར་ལ་ཐེངས་གཅིག་ཆས་ཏེ་བྲིས་པ་ཡིན་པ་འདྲ། གང་ལྟར་རྟོག་བཟོ་ཡིན་ན་འདྲ། མངོན་སུམ་ཡིན་ན་ཡང་འདྲ། རྒན་རབས་པ་མང་པོ་ཞིག་དང་བཙན་བྱོལ་གྱི་འགྲོ་ལུགས་ཀུན་མཁྱེན་པའི་ལས་བྱེད་ཁག་ཅིག་གིས་ཀྱང་གོང་ལྟར་འབྱུང་བར་ངེས་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། འདི་འདྲ་ཞིག་ཆགས་མི་སྲིད་པ་མ་རེད།

    Reply
  32. རྟུལ་ཕོད། says:
    ལོ་ 15 སྔོན།

    གནས་ལུགས་རི་འདྲ་བཤད་དུས།འཁྱོགས་བཤད་རྒྱུག་ཆུ་ལྟ་བུ་ཞིག་གིས་བསྐོར་འགྲོ་བ་ནི་འགྲོ་མིའི་ཤེས་རིག་ལོ་རྒྱུས་ཁྲོད་མདུན་སྐྱོད་ཀྱི་བཀག་རྡོ་བླ་ན་མེད་པ་དེ་ཡིན་པ་འུ་ཚོར་ར་འཕྲོད་དགོས་ཚོད་རེད།མ་ཟད་དེ་དག་ལ་ཆེས་ནད་རྙིང་ཞིག་ཡོད་པ་ནི་གནས་ལུགས་དང་དུང་ཞེན་གྱི་ཁྱད་ཙམ་ཡང་མི་ཁོར་བ་འདི་རེད་ལ།ཅི་ཁག་སྟེ།དེ་དག་གི་རྒྱུད་ན་ཡོད་པའི་ཤེས་རིག་ནི།ཨུ་ཚུགས་མཁྲེགས་འཛིན།དུང་ཞེན་ཕྱོགས་ལྷུང་།རྙིང་བ་ལྷ་སྲོལ།གསར་བ་བདུད་འཕྲུལ།རང་ལྟ་མཆོག་འཛིན།གཞན་ལྟ་ཚར་གཅོད་སོགས་ཀྱི་འདུ་ཤེས་རུལ་སུངས་དེ་དག་གི་ཡོལ་གསེབ་ནས་གནས་ལུགས་ཟེར་བ་ཞིག་ཡེ་ནས་མཐོང་མ་མྱོང་བ་དེ་རེད།རྟ་ནག་པས་གནས་ལུགས་དུང་ལྟར་བཤད་ཀྱང་།དེ་དག་གིས་སོལ་ནག་ཅིག་ལས་མཐོང་མི་ཐུབ་པ་དེ་མིན་ན་རྒྱུ་མཚན་ཅི་ཡིན་ནམ? གནས་ལུགས་ལ་མིག་བཙུམས་པ་དང་།རྒྱུ་མཚན་ལ་རྣ་མི་གཏོད་པ་ཅི་ཡིན་ནམ?གསར་བཏོད་ཀྱི་ཕོངས་པའི་མི་རིགས་ཤིག་ལ་གསར་འདོད་ཐུབ་མཁན་གྱི་དབུ་ཁྲིད་ཅིག་གདམ་མ་ཐུབ་ན།མི་རབས་གསར་བ་དང་མ་འོངས་བའི་བོད་ཕམ་པ་མིན་ན་སུ་ཕམ་པ་ཡིན་ནམ?དྲང་མོ་བྱོས།

    Reply
  33. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ང་ཚོའི་མ་འོང་པའི་བཀའ་ཁྲི་མཆོག་ལ་དེང་རབས་ཀྱི་ཤེས་ཡོན་ལྡན་པ་དང་རྒྱལ་སྤྱིའི་འགྱུར་འགྲོས་ཤེས་མཁན་གསར་གཏོད་ཀྱི་ལམ་ལུགས་ལ་སྙིང་སྟོབས་ལྡན་པ་ཞིག་དགོས་པ་ལས་རྒྱལ་སྤྱིའི་གནས་བབ་མི་ཤེས་ཤིང་སྐུ་དྲག་རིང་ལུགས་ཀྱི་ལྟ་བ་ཅན་མི་དགོས་པས། སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེ་ཉིད་འོས་ཤིང་མཚམས་པ་ལས་གཞན་རྣམས་ལ་བཀའ་ཁྲིའི་འོས་ཆོས་ཚང་མི་འདུག

    Reply
  34. lyonhomme says:
    ལོ་ 15 སྔོན།

    ངས་མི་རབས་གསར་བའི་བཀའ་བློན་འཁྲིད་པ་བློ་བཟང་སེང་གེ་ལ་འོས་བླུག་གི་ཡིན དབུས་ཀྱི་དཔོན་པོ་མང་པོ་ཞིག་གིས་སྔོན་མ་ཡང་ལས་དོན་ཆེན་པོ་ཞིག་བསྒྲུབས་ཡོད་ནི་མ་རེད་ བོད་ཤོར་དུས་མ་ཅིང་བརྒྱབ་ནས་ཡོད་མཁན ་ཡང་དབུས་ཀྱི་དཔོན་པོ་དེ་ཚོ་རེད་ དེང སྐབས་ཡང་དབུས་ཀྱི་ཚོང་དཔོན་དང་དཔོན་པོ་མང་པོ་ཞིག་གིས་བོད་མི་བདེ་སྡུག་ལ་བསམ་བློ་བཏང་མཁན་མེད་ ང་དངོས་གནས་དབུས་གྱི་དཔོན་པོ་འཁུར་མྱོང་མཁན་ཞིག་དང་བཀྲས་མཐོང་ལྟ་བུ་ལ་རྩ་་བ་ནས་བླུག་གི་མིན ཁོས་འཇོན་གྱི་ཡོད་ན་འཇོན་ཚར་བ་རེད་ ད་དམིགས་བསལ་ཅིག་བྱ་མི་ཐུབ་ཀུན་གྱི་ཤེས་གསལ་རེད ཧིན་སྒོར་འབུམ་དགུ་ཡི་རྙོག་དྲ་མི་བདེན་མིན་མི་ཤེས་ཡང་ཁོང་ལ་ཇོད་འཛུག་བྱེད་མཁན་དེ་ཚོར་རྙུང་ནད་མི་རྩོད་པ་མི་སྲིད་ ངས་བཤད་ཀྱི་གཙོ་བོ་དེ་ངས་བཀྲས་མཐོང་འོས་མི་བླུག་ཟེར་བ་དེ་ཡིན བཀྲས་མཐོང་གལ་སྲིད་ཐོབ་པ་ཡིན་ན་ དབུས་གཙང་གི་མི་རྣམས་ཆོལ་ཁའི་ཕྱོགས་རུས་ཤུགས་ཆེན་ཡོད་པར་ངོས་འཛིན་ཡོད

    Reply
  35. མིག་གསུམ་པ། says:
    ལོ་ 15 སྔོན།

    འདིའི་སྔོན་ལ་མཆན་ཞིག་བཞག་ཡོད་མོད། བར་ཆད་རླུང་གིས་ཁྱེར་བ་ཡིན་ནམ། གང་ལྟར་དྲ་ངོས་སུ་བཀོད་མི་འདུག ད་ག་རེ་ཡིན་ན་ཡིན། ཤོ་ལོ་འདིས་འཐུས་པར་བྱོས།

    ཆུ་མེད་སྡེ་བའི་དཔེ་འཇོག་བླ་རུ་མཐོ།།
    ནུས་མེད་བོད་པའི་ལས་དབང་ལ་དེ་ལ་འཐིམ།།
    གཟུ་གནས་བློ་ལ་འབབ་པའི་ཁྲག་ཡིག་འདི།།
    འབྱུང་འགྱུར་བཀའ་ཁྲིའི་གནས་ཡིག་ངོ་མ་ཞིག །

    Reply
  36. གཅེན་པོ། says:
    ལོ་ 15 སྔོན།

    བོད་འདི་ཕམ་ཕམ་པ་རེད། དུས་ནམ་ཡང་འདི་འདྲ་བསྡད་ན་རྒྱལ་ཁ་ཐོབ་ཡག་ཡོད་པ་མ་རེད། ངའི་འོས་མི་ཁོའི་འོས་མི་ངའི་ཤོག་ཁག་ཁོའི་ཤོག་ཁག་འདི་འདྲ་བྲིས་ནས་ད་དུང་བོད་སྤྱི་པའི་སྐོར་ཞིག་བཤད་འཕོད་པ་དངོས་གནས་ངོ་མཚར་རེད་ལ་དངོས་གནས་ངོ་ཚ་ཡང་རེད།
    གལ་སྲིད་བོད་འདི་རྒྱལ་དགོས་བསམ་ན་སོ་སོས་འདེམས་པའི་བཀའ་ཁྲིའི་ཡོན་ཏན་དང་བྱས་ཚར་བའི་ལོ་རྒྱུས་བྱེད་བཞིན་པའི་ལས་དོན་བྱ་ངེས་པའི་དམ་བཅའ་སོགས་དྲང་གཏམ་གྱིས་ངང་ནས་འཆར་ཞི་རྣམས་གཅིག་གཉིས་གཉིས་ཀྱི་དྲ་ཐོག་ཏུ་ངོ་སྤྲོད་གནང་ད་གཟོད་མི་ཤེས་པ་རྣམས་ཀྱི་ཤེས་ཤིང་ཤེས་པ་རྣམས་ཀྱི་དངོས་བདེན་ཡིན་པའི་འཆར་སྣང་ཞིག་ཡོང་གི་རེད།
    དེ་མིན་ང་དང་ཁོ་ང་ཚོ་དང་ཁོ་ཚོ་མི་རབས་གསར་པ་དང་རྙིང་པ་སྟོད་དང་སྨད་སོགས་གཉིས་འཛིན་གྱི་ཆགས་སྡང་ངང་ནས་བོད་སྤྱི་པའི་ལས་ཀའི་འགན་ཞེས་པཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  37. ཇ་མ་ says:
    ལོ་ 15 སྔོན།

    རྟ་ནག་པ་ཁྱེད་བཞེད་པ་ཤིན་ཏུ་ནས་བདེན། འོན་ཀྱང་། གངས་ཅན་པའི་ལས་ངན་པས་དབང་གི་ལམ་འགྲོ་ཡོང་མི་སྲིད་པ་ཞིག་ཡིན། རྒྱལ་ཁབ་ཀྱི་དོན་ཆེན་ལ་མི་ལྟ་བར་ཕྱོགས་ཁག་གི་སྣ་ནས་འཐེན་པའི་ནད་རྙིང་འདི་ང་ཚོའི་སྤྱི་ཚོགས་ཁྲོད་གདོན་མ་ནས་དར་ཡོད་པས་བཅོས་ཐབས་རྩ་བ་ནས་མེད།

    Reply
  38. མགར་རྟོགས་སད། says:
    ལོ་ 15 སྔོན།

    ཕྱོགས་ཞེན་དང་འཐེན་ཁྱེར་རིང་དུ་འདོར་ནས་ཞིབ་ཏུ་དཔྱད་ན།
    བློ་བཟང་སེདྒ་ལས་ལྷག་པའི་བཀའ་ཁྲི་ཞིག་རྙེད་དཀའ་མོ་རེད།།

    Reply
  39. kunsal says:
    ལོ་ 15 སྔོན།

    ཚོ་སྒོ་པས་གསུངས་པ་ལ་མངོན་པར་བསྟོད་དོ། །ངན་སྐྱུགས་ཁྲོན་ན་བསྔོགས་པ་ལྟ་བུའི་མི་འདི་དག་ལ་ཡ་རབས་དང་སྤྱི་ཕན་གྱི་བསམ་བློ་ཞིག་རྙེད་པའི་རེ་བ་དང་སྨོན་ལམ་ཞུ།

    Reply
  40. ཐིག says:
    ལོ་ 15 སྔོན།

    གྲོགས་པོ་རྟ་ནག་ལགས། ཁྱེད་ཀྱིས་གོང་དུ་གང་གསུངས་པ་དེ་ལ་ཐེངས་ཁ་ཤས་ཤིག་ལྟ་བཀློགས་བྱས་པས་ན། ཁྱེད་ཀྱི་གོང་གི་རྩོམ་ཡིག་དེ་ནི་རང་སྣང་གང་འཆར་གྱི་སྒྲུང་རྩོམ་འདྲ་བོ་ཞིག་འདུག་ལ། དེ་ནི་དཀྲོགས་ཤིང་གི་རྒྱུ་ཞིག་ཏུ་འགྱུར་མི་སྲིད་རྒྱུ་མི་འདུག་ལ། ལྷག་པར་ཏུ་རྩོམ་ཐུང་འདི་ནི་བློ་བཟང་སེངྒེ་ལ་བཀའ་བློན་འཐོབ་ཐབས་བྱེད་པའི་གཡོ་རྒྱུའི་རྕོམ་ཡིག་ཅིག་ཀྱང་མིན་རྒྱུ་མི་འདུག གྲོགས་པོ་ཁྱོད་ཐབས་ཤས་བཟང་གི་ཨཱ

    Reply
  41. ཟུར་མཁར་བ། says:
    ལོ་ 15 སྔོན།

    སྐུ་ཞབས་ཁོ་རང་རང་མལ་དུ་ལོག་པའི་ལམ་བར་ནས་རྒད་པོ་ལོ་རྒན་དྲུག་ཅུ་ཅན་གཉིས་ཀྱི་གླེང་མོལ་དེ་ནི་རྟོག་བཟོ་ལྟ་བུ་ཞིག་ལས་དངོས་བདེན་ཡིན་པའི་ཟོལ་ཞིག་མི་འདུག ལར་ནས་ཡིན་པའི་དབང་དུ་བཏང་རུང་མི་གཙོའི་ལྟ་གྲུབ་དང་འགལ་བ་ཞིག་མ་མཐོང་། ཚོགས་པ་དང་སྐྱིད་སྡུག་སོ་སོས་འོས་མི་སུ་འདོན་པ་དང་སུ་ལ་བླུགས་རྒྱུ། ཚོགས་པ་གཞན་དང་མི་སྒེར་ལ་བསྐུལ་སློང་བྱེད་རྒྱུ་ཐོབ་ཐང་ཡོད་པ་རེད། དཔེར་ན་དབུས་གཙང་ཆོལ་ཁས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མདོ་སྟོད་ཆོལ་ཁས་བློ་བཟང་སྦྱིན་པ། མང་གཙོ་ཚོགས་པས་བློ་སེང་དང་བཀྲས་མཐོང་ལྟ་བུ་རེད། གཉིས་ནས་གཏམ་རྒྱུད་དེའི་དཔེ་དང་དཔེ་ཅན་གཉིས་ལ་མཚུངས་ཆོས་ཧ་ཅང་ཉུང་།

    Reply
  42. ཚོ་སྒོ་བ། says:
    ལོ་ 15 སྔོན།

    ཅི་བཤད་ལ་སྙིང་པོ་དེ་ཙམ་མི་འདུག “ཕྱོགས་ཁག་ཆེན་པོ་ཞིག་གིས་དཔུང་བསྒྲིགས་ནས་སྤྱི་དོན་ཞིག་རྨེག་མེད་དུ་གཏོང་རྩིས་ཡོད་པ་དེ་རེད། བཀའ་ཁྲིའི་འོས་གཞིར་འགྲེང་ཟིན་པ་ཀུན་གྱི་རྒྱབ་དཔུང་དུ་འདི་ལྟར་ཕྱོགས་ཁག་གཏོས་ཆེ་བ་རེ་བསྒྲིགས་དང་སྒྲིག་བཞིན་པ་ཡིན་ན་ངའི་བློ་བཟང་སེང་གེ་ཕམ་སྲིད། གལ་སྲིད་བློ་བཟང་སེང་གེ་ཕམ་པ་ཡིན་ན་དེ་ནི་ང་ཚོ་མི་རབས་གསར་བ་རྣམས་ཕམ་པ་དང་། མ་འོངས་པའི་བོད་ཕམ་པ་རེད། “འདི་ནི་སྨྱོ་ནད་ཀྱིས་བཏབ་པའི་གང་ཟག་གམ་ཡང་ན་འབྱུང་བོས་བརྒྱུད་བརླམ་པའི་གང་ཟག་ཅིག་གིས་མ་གཏོགས་བཤད་མི་སྲིད་པ་ཞིག་རེད། འོས་བླུགས་མཁན་མི་དམངས་ལ་མཐོང་ཆུང་དང་དམའ་འབེབས་ཙམ་དུ་མ་ཟད། བསྟན་འཛིན་རྣམ་རྒྱལ་ལ་འོས་བླུགས་ན་མི་རབས་གསར་པ་ཕམ་པ་དང་བོད་ཕམ་པ་རེད་ཟེར་ན་ག་རེ་གསུངས་ཀྱི་ཡོད་རེད། མི་སྒེར་དང་ཚོགས་པ། སྐྱིད་སྡུག་ཁག་གི་འོས་ཤོག་སུ་ལ་འཕེན་དང་མ་འཕེན་དེ་ཁོ་རང་དང་ཁོ་རང་ཚོའི་རང་དབང་དང་ཐོབ་ཐང་ཡིན་ལ། འོས་གཞི་ཁྲོད་ཀྱི་གང་ཟག་རྣམ་པས་ཉིན་མཚན་དུས་དྲུག་ཏུ་དངོས་ཤུགས་བརྒྱུད་གསུམ་ནས་འབད་པ་བྱེད་བཞིན་པའང་ཚོགས་པ་དང་སྐྱིད་སྡུག ཐ་ན་མི་སྒེར་གཅིག་ཡན་ཐབས་ཀྱི་རྒྱབ་སྐྱོར་དང་འོས་ཤོག་ཐོབ་པའི་ཆེད་དུ་རེད།
    སྐུ་ཉིད་ལ་བོད་ཡིག་གི་ཤེས་ཚད་ཅུང་ཡག་པོ་ཡོད་ཚོད་ལ་བསམ་བློའི་ཆུ་ཚད་དེ་འདྲ་སྐྱོ་བོ་ཡིན་དགོས་དོན་གང་ཡིན་ནམ། ཕལ་ཆེེར་མདོ་སྨད་ཕྱོགས་ཀྱི་རབ་ཟུར་གྲས་ཡིན་པ་འདྲ། གུས་པའི་བཤད་པ་ཐིག་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese