མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

གལ་སྲིད་ང་རང་སྔོན་འགྲོའི་འོས་གཞིའི་ནང་སླེབས་པ་ཡིན་ན། མང་ཚོགས་ཀྱི་རེ་འདོད་བཞིན་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་ཡིན་ཞེས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་གསུངས་འདུག  

འདས་པའི་ཟླ་གཉིས་ཀྱི་གོང་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ཚུད་པའི་མི་སྣ་འགའ་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་སུ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། སྐབས་དེར་ཁོང་གིས་ངོས་བཞེས་མ་གནང་པར་གནས་སྐབས་རིང་དགོངས་པ་ཞུས་ཡོད་ཀྱང་། ཕྱིས་སུ་ཡུ་རོབ་ཀྱི་བོད་རིགས་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མང་ཚོགས་བཅས་ནས་ཡང་ཡང་རེ་སྐུལ་ཞུས་ཡོད་སྟབས། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་མང་ཚོགས་ཀྱི་རེ་འདོད་ལྟར། ཁོ་རང་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱིས་རང་ཉིད་བཀའ་ཁྲིར་བཞེངས་འདོད་ཡོད་མེད་སྐོར་ལ། ཉེ་སྔོན་ཚོགས་པ་ཁག་ཅིག་གིས་ང་རང་བཀའ་ཁྲིའི་འོས་གཞིར་ལངས་རྒྱུ་ཡིན་མིན་སྐོར་དྲིས་སྐབས་ངས་ལངས་རྒྱུ་མིན་ཞེས་ཞུས་པ་ཡིན། ཡང་ཁ་ཤས་ཀྱིས་ང་ལ་ཁྱེད་རང་འོས་གཞིར་ལངས་འདོད་མེད་ཀྱང་མང་ཚོགས་ཀྱིས་འོས་བླུགས་པ་ཡིན་ན་ཅི་ཞིག་བྱེད་རྩིས་ཡོད་ཟེར་ནས་བཀའ་འདྲི་གནང་གི་འདུག དེ་འདྲ་བྱུང་བ་ཡིན་ན། སྐབས་ཐོག་དེ་ལ་བསམ་བློ་གཏོང་དགོས་རྒྱུ་ཡིན། འོས་སུ་ལ་ལྡུག་མིན་དེ་མང་གཙོའི་སྤྱི་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཡིན་སྟབས། མི་མང་གི་ངོས་ནས་འོས་སུ་ལ་ལྡུག་མིན་རིམ་བཞིན་གསལ་པོ་ཆགས་ཡོང་གི་རེད། གལ་སྲིད་ང་རང་སྔོན་འགྲོའི་འོས་གཞིའི་ནང་སླེབས་པ་ཡིན་ན། མང་ཚོགས་ཀྱི་རེ་འདོད་བཞིན་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་ཡིན། ཞེས་དང་།

ཡང་ཁོང་གིས་སྔོན་མ་ཚོགས་པ་སྒྲིག་འཛུགས་ཁག་གི་རེ་འདོད་དང་ལེན་མ་བྱས་པའི་སྐོར་བརྗོད་དོན། སྔོན་མ་ང་བཀའ་ཁྲིའི་འོས་གཞིའི་ནང་མ་ཞུགས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ང་ལ་སེམས་ཤུགས་མེད་པ་དང་ལས་ཀ་བྱ་འདོད་མེད་པ་སོགས་གང་ཡང་མིན། ངས་མི་ལོ་ ༤༠ རིང་གཞུང་ཞབས་ནང་ལས་ཀ་བྱས་པ་རེད། ལྷག་པར་དུ་ལོ་ ༡༧ ཙམ་བཀའ་ཤག་ཏུ་བསྐྱལ་བ་རེད། དེའི་སྟབས་ཀྱིས་ལས་ཀ་བྱ་རྒྱུ་ཞིག་ཡོད་ན་གོ་སྐབས་ཚང་མ་ཐོབ་ཚར་བ་རེད། ད་ཆར་ལོ་ན་རྒན་པ་ཆགས་ཡོང་དུས་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་དེ་ལས་ལྷག་པ་ཞིག་ཡོང་ཁག་པོ་རེད།  ཡིན་ནའང་མི་མང་གི་ཐོབ་ཐང་དང་རང་དབང་། ཐག་གཅོད་བཅས་ལ་ང་ཚོས་བརྩི་བཀུར་དགོས་པ་རེད་ཅེས་གསུངས་འདུག

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ནི་ཕྱི་ལོ་ ༡༩༤༧ ལོར་བོད་དུ་འཁྲུངས་ཤིང་། ང་དགུ་ལོར་ཁོང་གི་ཕ་མ་དང་ལྷན་དུ་བཙན་བྱོལ་དུ་འབྱོར་ཏེ་མ་སུ་རི་སློབ་གྲྭར་ཞུགས། ཕྱི་ལོ་ ༡༩༧༠ ལོར་དབྱིན་ཇིར་ཕྱིན་ཏེ་སྲིད་དོན་རིག་པའི་ཐོག་སློབ་སྦྱོང་བྱས་ཤིང་། ཕྱི་ལོ་ ༡༩༧༣ ལོར་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་བྱས་ཏེ་ལོ་མང་རིང་བཀའ་བློན་དང་སྐུ་ཚབ་དོན་གཅོད། ནང་སྲིད་དང་ཕྱི་དྲིལ་ལས་ཁུངས་བཅས་བཅས་སུ་ཕྱག་ལས་གནང་ཡོད་ལ། ད་ལྟ་ནུབ་ཡུ་རོབ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༤ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 20

  1. kunsal says:
    ལོ་ 16 སྔོན།

    གལ་སྲིད་ང་རང་སྔོན་འགྲོའི་འོས་གཞིའི་ནང་སླེབས་པ་ཡིན་ན། མང་ཚོགས་ཀྱི་རེ་འདོད་བཞིན་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་ཡིན། མི་མང་གི་ཐོབ་ཐང་དང་རང་དབང་། ཐག་གཅོད་བཅས་ལ་ང་ཚོས་བརྩི་བཀུར་དགོས་པ་ཡིན་ཞས་གསུངས་འདུག སྐུ་ངོ་མཆོག་གི་དྲང་གཏམ་གསུངས་པ་འདིས་ཀྱང་བབ་བརླིང་བརྟན་གསུམ་ཡོད་པ་མཚོན་པས་རྒྱ་ཆེའི་མང་ཚོགས་ནས་སྐུ་ངོ་བཀྲ་ཤིས་དབང་འདུད་མཆོག་ལ་འོས་ཤོག་འཕེན་རོགས་ཞེས་བསྐུལ་མ་ཞུ་གི་ཡོད།

    Reply
  2. སྣང་གསལ། says:
    ལོ་ 16 སྔོན།

    སྐུ་ངོས་འཕེབས་པར་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།
    ཐུགས་རྗེ་ཆེ།།

    Reply
  3. ཇ་མ་ says:
    ལོ་ 16 སྔོན།

    བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། སྐུ་མཁྱེན། འཚང་ཁ་མ་རྒྱག་རོགས།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྒན་རབས་པ་རྣམས་ཀྱིས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་གྱིས་རྒྱུད་བསྐུལ་ཏེ་བོད་རྒྱ་ཆེ་མི་མང་གི་དོན་དུ་འབད་པ་ལྷུར་ལེན་གནང་བར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་མི་རབས་གསར་པ་ཞིག་ལ་བཀའ་བློན་ཁྲི་པའི་ཐུགས་འགན་དེ་ལྟ་ཚོད་ཅིག་གནང་ཐུབ་ན་ཡག་པོ་འདུག འབྱུང་འགྱུར་རྒན་རབས་པ་རྣམས་རིམ་གྱིས་བྱོན་ཏེ་གློ་བུར་དུ་གཞོན་སྐྱེས་ཚོར་འགན་དེ་བསླེབ་ན་སྐུ་ངལ་འཕྲད་སྲིད་པ་རེད།
    དེར་བརྟེན་བགྲེས་པ་རྣམས་ཀྱིས་སློབ་སྟོན་འོག་གཞོན་སྐྱེས་རྣམས་ལ་གོ་སྐབས་དེ་གནང་ཐུབ་ན་ཡག་པོ་འདུག།

    Reply
  5. ལས་བྲས says:
    ལོ་ 16 སྔོན།

    སྔོན་རབ་ནས་མི་དམངས་ཀྱི་མདུན་དུ་ཁྱེད་ཀྱིས་སྐྱོང་བ་ཐུགས་རྗེ་ཆེ་ད་ནི་བཞུགས་རོགས་གནང་།།

    Reply
  6. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ད་ཐེངས་བཀའ་ཁྲིའི་འོས་གཞིར་ལང་མཁན་རྣམས་ནི། ཁ་ཅིག་རང་ཉིད་བཀའ་ཁྲིར་ཆགས་པའི་དམིགས་ཡུལ་ཡོད། ཁ་ཅིག་རང་ཉིད་ཀྱི་མིང་སྤྱི་ཚོགས་ཁྲོད་དུ་ཁྱབ་པར་དམིགས་ཡོད། ཁ་ཅིག་གཞན་ལ་གནོད་ཤུགས་སྤྲོད་ཆེད་རེད། འོན་ཀྱང་དེ་དག་སུ་ཡང་མང་གཙོའི་སྒྲོམ་གཞི་ལས་བརྒལ་འདུག་བརྗོད་མི་འདུག རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་ཆབ་སྲིད་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་བཀའ་ཁྲིའི་འོས་གཞིར་བཞེངས་མཁན་རྣམས་ཀྱི་ཤེས་ཡོན་སོགས་གནས་ཚད་གང་ལ་བསམ་གཞིག་བྱས་ཀྱང་༢༠༡༡ལོའི་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་འོས་ཤོས་སུ་མཐོང་། མ་ཚད་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་ཡོངས་ལ་རང་དབང་ཐོག་ནས་འོས་བླུགས་རྒྱུ་བྱུང་ན་བློ་བཟང་སེང་གེ་ལ་འོས་ཐོབ་རྒྱུ་རེད། འོན་ཏང་སྐུ་དྲག་རིང་ལུགས་ཀྱི་མི་སྣ་མང་པོས་ཆབ་སྲིད་དང་དཔལ་འབྱོར། ཆོལ་ཁ་དང་ལུང་ཚན་སོགས་ཅི་རིགས་ཀྱི་སྒོ་ནས་མི་མང་ལ་གནོད་ཤུགས་དང་བསླུ་བྲིད་མང་པོས་སྒོ་ནས་མི་མང་པོ་ཞིག་ལ་ཡང་དག་པའི་མང་གཙོའི་འཚོ་བ་རང་དབང་དུ་ལོངས་སྤྱོད་བྱེད་པ་ལ་བར་ཆད་ཆེན་པོ་བྱེད་ཀྱི་ཡོད། དེས་ན་སྒེར་སོ་སོས་རང་ཉིད་ཀྱི་འོས་ཤོག་རང་ཉིད་ལ་དབང་འདུག་དང་ཡང་ན་གཞན་དབང་དུ་འགྱུར་འདུག་ལེགས་པར་བརྟགས་ནས་མང་གཙོའི་ཁེ་དབང་གཞན་འོག་ཏུ་མ་སོང་བར་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་རང་དབང་དུ་ལོངས་སྤྱོད་པར་ཞུ།

    Reply
  7. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 16 སྔོན།

    དྲ་གྲོགས་ལྷན་རྒྱས། ང་ཚོའི་སྤྲི་འཐུས་ལྷན་རྒྱས་ལ་གཟིགས་དང། ཁ་སྔོན་ནས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་མེད་པར་མང་མོས་བྱུང་བ་རེད་གསུངས་སོ། ད་ཡང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་གྲོས་ཚོགས་ནང་འཁྱེར་རྒྱུར་ཐག་བཅད་པ་རེད་གསུངས་སོ། ངའི་ལྟ་སྟངས་བྱས་ན་ཁ་སྔོན་རང་ཉིད་ཀྱི་ཕྱོགས་གཏོགས་དང་ཡང་ན་རང་ཉིད་བཀའ་ཁྲིར་ཐོབ་ཀྱི་རེད་སྙམ་པ་དང་ཡང་ཉེ་འཆར་བཀའ་ཁྲིའི་འོས་གཞིར་ལྟ་དུས་རང་གི་ཕྱོགས་གཏོགས་ལ་བཀའ་ཁྲི་ཕར་ཟད་རང་ཉིད་ལ་བཀའ་བློན་ཞིག་བྱེད་པའི་སྒོ་སྐབས་མེད་པ་མཐོང་དུས་གཞི་ནས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་མོས་མཐུན་བྱུང་བ་རེད། ང་ཚོའི་སྤྱི་འཐུས་ཚོའི་ལྗིད་ཚད་གང་ཙམ་ཞིག་འདུག།། ཁོང་ཚོ་དངོས་འབྲེལ་ཆབ་སྲིད་ཀྱི་རྔོན་པ་རང་རེད།

    Reply
  8. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 16 སྔོན།

    བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་ཡིན་ཟེར་བ་དང་དྲང་གཏམ་གསུངས་འདུག་པས་གུས་བཀུར་ཞུ་བཞིན་ཡོད། མ་ཚད་ཁྱེད་ཀྱི་བློ་དཀར་སེམས་དཀར་དང་ལྷག་གསམ་རྣམ་དག་ཐོག་ནས་བོད་སྤྱི་པའི་ལས་དོན་བྱེད་ཡོད་པའི་རྗེས་སུ་ཡིད་རང་ཡོད།

    Reply
  9. ཤ་ར་པ། says:
    ལོ་ 16 སྔོན།

    སྐུ་ངོ་མཆོག་ལ་རྒྱས་མངའ་གང་ཡང་མེད་ལ་དེ་སྔོན་བསྟན་འཛིན་ཐོག་མེད་ནས་གསུངས་དོན་ལྟར་ན་ཡག་པོ་ཡོད་པ་བཇོད་འདུག གནས་ཚུལ་གཞན་གྱི་གསུང་བ་ལྟར་ན་ཁྱེད་ཀྱི་སྐུ་གཟུགས་བདེ་ཐེངས་མེད་པ་བཇོད་འདུག་ཁྱེད་ཀྱི་དགོས་པ་ཡོད་ས་མ་རེད།

    Reply
  10. རྐང་གསུམ། says:
    ལོ་ 16 སྔོན།

    བཀའ་དྲིན་ཆེ་་་་་་་ཁྱེད་ཉིད་འདི་ལྟར་ཡང་ཕེབས་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་བཀའ་དྲིན་ཆེ་་་་་་་་་་བཀའ་དྲིན་ཆེ། ཁྱེད་ལ་སྙིང་ནས་བཀའ་དྲིན་ཞུ།

    Reply
  11. སེར་ཆེན་ says:
    ལོ་ 16 སྔོན།

    ངོ་མ་ཁོང་གི་མཛད་རྗེས་བསྔགས་བར

    Reply
  12. ངག་དབང་། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོ། བཀའ་ཟུར་ཁོང་གིས་བཀའ་མོལ་ག་དུས་གནང་ཡང་བབས་བརླིང་བརྟན་གསུམ་ངང་ནས་གསུངས་ཀྱི་རེད། ངའི་བལྟ་ཚུལ་ནས་བཤད་ན་ཁོང་གིས་བཀའ་ཁྲིའི་ཞབས་སྟེགས་ཀྱི་ཆེད་དུ་ཡར་བཞེངས་ཁུལ་ཡང་གནང་མི་འདུག་ལ་མར་བཞུགས་ཁུལ་ཡང་གནང་མི་འདུག དེ་བས་ཁོང་གིས་ “ལྷག་པར་དུ་ལོ་ ༡༧ ཙམ་བཀའ་ཤག་ཏུ་བསྐྱལ་བ་རེད། དེའི་སྟབས་ཀྱིས་ལས་ཀ་བྱ་རྒྱུ་ཞིག་ཡོད་ན་གོ་སྐབས་ཚང་མ་ཐོབ་ཚར་བ་རེད། ད་ཆར་ལོ་ན་རྒན་པ་ཆགས་ཡོང་དུས་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་དེ་ལས་ལྷག་པ་ཞིག་ཡོང་ཁག་པོ་རེད།” ཅེས་ཁོང་ལ་འོས་མ་ལྡུག་རོགས་ཞེས་མཁས་པོའི་ངང་ནས་ཤུགས་ཀྱིས་བསྟན་འདུག་ལ། གཏམ་གྱི་སྙིང་དོན་བཤད་ཟིན་ཡང་ད་དུང་མི་མང་གིས་རེ་བ་རྒྱག་གི་ཡོད་ན་མང་ཚོགས་ཀྱི་རེ་བ་ཡིན་པས་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་སྡོད་རྒྱུ་ཡིན་ཞེས་གསུངས་འདུག རྒྱུ་མཚན་དེར་བརྟེན་སུས་ཁོང་ལ་རྒྱུ་མཚན་ག་གེ་མོ་ཞིག་གིས་འོས་མ་བླུགས་ཀྱང་ཁྱད་པར་མེད་ལ་དགུང་ལོ་བགྲེས་པ་ཞིག་ཞབས་སྟེགས་ཀྱི་ཆེད་དུ་བཞེངས་པའི་སེམས་ཁྲལ་སྐྱེས་དགོས་དོན་དེ་བས་ཀྱང་མ་མཆིས།

    Reply
  13. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 16 སྔོན།

    གཞོན་པའི་ནང་འཇོན་ཐང་ཅན་མི་འདུག་ག

    Reply
  14. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    གུས་བཀུར་ཞུ་བཞིན་ཡོད། སྐུ་ངོས་ལགས་ཀྱི་སྙིང་སྟོབས་དང་། དྲང་གཏམ་ལ་དགའ། སྔོན་འགྲོའི་འོས་ཤོག་འཕེན་གྱིན་ཡིན

    Reply
  15. མགར་རྟོགས་སད། says:
    ལོ་ 16 སྔོན།

    སྐབས་སུ་བབ་པའི་བཀའ་ཁྲི་དེ
    ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཞིག་
    ཡོང་ཐབས་ན་ཧ་ཅང་ཡག་པོ་འདུག
    ད་ང་ཚོའི་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་ནས་
    འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་
    ཁོར་ཡུག་སྲུང་སྐྱབས་སོགས་ཀྱི་མཚོན་པའི་ཁྲིམས་ཡིག་དག་གི
    ཉེན་ཁའི་གནས་སུ་ལྷུང་པའི་ཕ་ས་དང་ཡུལ་མི་དག་ལ་རེ་བ་ཅུང་
    ཙམ་ཡོད།

    Reply
  16. kalsang says:
    ལོ་ 16 སྔོན།

    ༄༅།།བཀའ་ཟུར་བཀྲིས་དབང་འདུས་ལགས་བཀྲ་ཤིས་བདེ་ལེགས།
    སྔ་ཕྱི་བར་གསུམ་དུ་ཁྱེད་ཀྱི་བློ་དཀར་སེམས་དཀར་དང་ལྷག་གསམ་རྣམ་དག་ཐོག་ནས་
    བོད་སྤྱི་པའི་ལས་འགྲུབ་པ་ཤེས་རྟོགས་བྱུང་་་་་་་་་་་རྗེས་སུ་ཡིད་རང་ཞུ་ཡི་ཡོད
    མ་འོང་པར་ཁྱེད་ཀྱི་ལས་དོན་དེ་འདྲ་ཞིག་འགྲུབ་པའི་ཡིད་ཆེས་ཡོད་་་
    གལ་སྲིད་ཁྱེད་རང་འཀའ་བློན་ཆག་པ་ཡིན་ན་ལོ་མང་རིང་རེ་སྒུག་བྱས་པའི་སྤོ་བོ་དམག་ལོག་རྣམས་ཀྱི་འཚོ་བར་དམིགས་གསལ་གྱི་བལྟ་རྟོགས་གནང་རོག་གནང་་་་་་་ཐུགས་རྗེ་ཆེ།

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ངས་དང་པོ་ཁྱོད་རང་ལ་འོས་བླུགས་འདོད་བྱས་པ་ཡིན། གང་ཡིན་ཟེར་ན། ཁྱོད་རང་བཀའ་ཤག་ཏུ་ལོ་མང་ཕྱག་ལས་གནང་སྐབས་སྤྱི་མི་ཚད་ལྡན་ཞིག་ཡོད་པ་ཕྱོགས་མང་པོ་ནས་གོ་མྱོང་། ཡིན་ནའང་ད་ལྟ་ངས་ཁྱོད་རང་ལ་འོས་རྩ་བ་ནས་བླུག་གི་མིན། དེ་ཡང་ང་ལ་རྒྱུ་མཚན་ཡོད།
    ༡ ཁྱོད་རང་སྤྱི་མི་ཞིག་ཡིན་པ་ཤེས་སྟབས་ངས་བརྩད་གཅོད་བྱས་ཏེ་ཁྱོད་རང་གི་གནས་ཚུལ་ལ་ཉན་ཞིབ་བྱས་པ་ཡིན། འདི་ལོ་གཏན་འཁེལ་ཤེས་པ་གང་བྱུང་ཟེར་ན། ད་ལྟ་ཁྱོད་རང་གི་ཀླད་པར་སྐྱོན་བྱུང་ཡོད་པ་དང་། དེའི་རྐྱེན་གྱིས་མི་ངོ་ཆོད་ཀྱང་མིང་ཁ་ནས་མི་ཐོན་མཁན་ཞིག་ཆགས་ཟིན་པ་དེ་རེད། ན་ཚ་དེ་ཡི་རྐྱེན་གྱིས་ཁྱོད་རང་ཡུ་རོབ་སྐུ་ཚབ་དོན་གཅོད་ནས་དགོངས་པ་ཞུས་ཟིན་པ་དེ་རེད།
    ༢ ད་ཆ་བསམ་བློ་གང་ནས་བཏང་ཡང་བོད་ཀྱི་རྩ་དོན་འཐབ་རྩོད་འདི་མི་རབས་བརྒྱུད་སྤྲོད་ཀྱི་ལམ་དུ་འགྲོ་དགོས་པ་དེ་རེད། ཁྱོད་རང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལས་ལོ་ལྔ་དྲུག་གི་ཆེ་བ་ཡོད། དེ་བས་ཁྱེད་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་སྐྱོན་བརྗོད་གང་ཡང་མེད་དེ། དཱ་ཁྱེད་རྣམས་ཟུར་དུ་བཞུགས་ནས་མི་རབས་གསར་པ་ཚོར་སློབ་སྟོན་གནང་དགོས་པ་དང་། ཁྱེད་རྣམས་དགོངས་པ་རྫོགས་རྗེས་སུ་ཡང་མི་རབས་གོང་མའི་མཛད་ཕྱོགས་མི་རབས་གསར་པའི་ལག་ཏུ་རྩིས་འཕྲོད་ཡོད་པ་ཞིག་གནང་རོགས།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གུས་ཞབས་དང་བརྩི་མཐོང་བྱེད་རྒྱུ་དེ་འགྲོ་བ་མིའི་ཡ་རབ་སྤྱོད་བཟང་གི་རྨང་གཞི་ལྟ་བུ་རེད་ལ་ལྷག་པར་དུ་བོད་མིའི་གཙོའི་ནང་བ་དང་མཐའ་ན་མི་སྒེར་སོ་སོའི་སྤྱོད་པ་ཡང་འདིས་དབྱེ་བ་འབྱེད་ངེས་ཡིན། དེར་བརྟན་མང་གཙོ་དང་སྨྲ་བརྗོད་རང་དབང་སོགས་ཁ་ལ་ཁྱེར་དེ་རྒན་རབ་པ་དག་ལ་ཚིག་ངན་ཁ་ནས་ཐོན་ཆོག་ཆོག་བྱས་པ་འདིའི་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་ཁྲོམ་ལ་བསྟན་ལས་གཞན་ཅི།
    དེས་ན་ང་ཚོ་ཚང་མས་གང་ས་ཅི་ཐད་ནས་གཟབ་ནན་ཐོག་སྨྲ་བརྗོད་རང་དབང་ལ་ལོང་སུ་སྤྱོན་ན་ཅི་འདྲ་འདུག

    Reply
  19. གཅེན་པོ། says:
    ལོ་ 16 སྔོན།

    ཁོང་གིས་གསུངས་འདུག
    ༼ ལྷག་པར་དུ་ལོ་ ༡༧ ཙམ་བཀའ་ཤག་ཏུ་བསྐྱལ་བ་རེད། དེའི་སྟབས་ཀྱིས་ལས་ཀ་བྱ་རྒྱུ་ཞིག་ཡོད་ན་གོ་སྐབས་ཚང་མ་ཐོབ་ཚར་བ་རེད། ད་ཆར་ལོ་ན་རྒན་པ་ཆགས་ཡོང་དུས་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་དེ་ལས་ལྷག་པ་ཞིག་ཡོང་ཁག་པོ་རེད། ༽
    འདི་བདེན་པ་རེད་པ་ཁོང་ལ་དེ་སྔ་ལས་ལྷག་པའི་ནུས་པ་བཏོན་ཡག་མེད་པ་གསལ་པོ་གསུང་འདུག
    ད་དུང་ཨུ་ཙུགས་བྱེད་མཁན་དེ་ཚོ་ག་རེ་བསམ་གྱི་ཡོད་ན།

    Reply
  20. དྲ་འབུ་ནག་པོ། says:
    ལོ་ 16 སྔོན།

    ཡང་རྒན་པོ་ཞིག་བཀའ་བློན་ཁྲི་བའི་རྐུབ་སྟེགས་ཀྱི་ཆེད་དུ་ཡར་བཞེངས་ཁུལ་བྱས་འདུག་འ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese