མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་དཔར་ཁང་ལ་ཆུ་ཤོར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་གསར་པའི་བོད་གཞུང་ཤེས་རིག་དཔར་ཁང་གི་ཁང་བརྩེགས་འོག་ཤོད་དཔེ་མཛོད་ཁང་དུ་ཆུ་ཤོར་ཏེ། བཀའ་བསྟན་གྱི་དཔེ་ཆ་དང་། སློབ་གྲྭ་ཁག་གི་སློབ་དེབ་སོགས་བཅའ་དངོས་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་མགོ་ནས་ཆར་ཞོད་ཆེན་པོ་བབ་པའི་རྐྱེན་གྱིས་ཚེས་ ༡༠ ཉིན་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཡཱ་མུའུ་ན་གཙང་པོ་རྒྱས་ཏེ། ལྡི་ལི་བོད་སྒར་བསམ་ཡས་གླིང་དང་། ལྡི་ལི་བོད་གཞུང་ཡན་ལག་སྣེ་ལེན་ཁང་གི་ཉེ་འཁོར་དུ་ཡོད་པའི་བོད་པ་ཚོར་དཀའ་ངལ་ཤུགས་ཆེན་ཕྲད་ཡོད་པ་མ་ཟད། དེ་རིང་གསར་དུ་འབྱོར་བའི་གནས་ཚུལ་ལྟར་ན། ལྡི་ལི་གསར་པའི་རཱ་མེ་ཤི་པར་ཁཱི་ Ramesh park སྲིང་ལམ་གྱི་ཁང་བརྩེགས་ཁ་ཤས་ནང་ཆུ་ཤོར་ཏེ། ཚོང་ཟོག་དང་བཅའ་དངོས་འབོར་ཆེན་འཕྲོ་བརླག་ཏུ་ཕྱིན་ཡོད་འདུག་ལ། ས་ཁུལ་དེར་ཡོད་པའི་བོད་གཞུང་ཤེས་རིག་དཔར་ཁང་གི་ཁང་བརྩེགས་འོག་ཤོད་དུ་ཆུ་ཤོར་ཏེ། བཀའ་བསྟན་འགྱུར་དང་། སློབ་གྲྭ་ཁག་གི་སློབ་དེབ། དེ་བཞིན། མི་གཞན་གྱིས་ཆེད་མངགས་བྱས་པའི་དཔེ་དེབ་སོགས་དངོས་ཟོག་ཕོན་ཆེན་འཕྲོ་བརླག་ཏུ་ཕྱིན་ཡོད་འདུག

 

དེ་ནི་ཕྱི་ཚེས་ ༡༡ ཉིན་གཟའ་སྤེན་པ་གཉིས་པ་དང་། ཚེས་ ༡༢ ཉིན་གཟའ་ཉི་མ་བཅས་ཉིན་གཉིས་རིང་གཞུང་འབྲེལ་གུང་གསེང་ལ་འཁེལ་ཡོད་སྟབས། ཚེས་ ༡༣ ཉིན་ཏེ་གཟའ་ཟླ་བའི་ཞོགས་པ་བར་ཤེས་རྟོགས་བྱུང་མི་འདུག་ཅིང་། ལས་བྱེད་དག་ཚེས་ ༡༣ ཉིན་གྱི་ཞོགས་པར་ཁུངས་སུ་འཛོམས་སྐབས། ཁང་བརྩེགས་འོག་ཤོད་ཧྲིལ་བོར་ཆུའི་མཐོ་ཚད་ཕུ་ཊི་ ༢ ལྷག་འཁྱིལ་ཡོད་པ་དང་། ཆུ་དེ་ནི་ཕྱི་ལོགས་ནས་ནང་དུ་འཛུལ་བ་ཞིག་མིན་པར། ཡཱ་མུའུ་ན་གཙང་པོ་ཤུགས་ཆེན་པོ་རྒྱས་པའི་རྐྱེན་གྱིས་ཁང་པའི་འོག་ཤོད་ཀྱི་ཆུ་ལམ་ཞིག་བརྡོལ་བ་འམ། ཡང་ན་གཙང་པོ་དང་རླན་གཤེར་གྱི་ཤུགས་ཚད་ཀྱིས་ཆུ་འཛུལ་ཡོང་བ་ཞིག་ཡིན་འདུག ད་ཆར་ཆུ་འདྲེན་འཕྲུལ་ཆས་གཉིས་ཀྱིས་ཆུ་ཕྱི་ལོགས་སུ་འདྲེན་བཞིན་ཡོད་ཀྱང་། མཚམས་གཅོད་མ་ཐུབ་པར་ད་དུང་མུ་མཐུད་དུ་ཆུ་ཡོང་གི་ཡོད་འདུག

 

གོང་གི་གནས་ཚུལ་འདིའི་ཐད་དེ་རིང་ཉིན་གུང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལི་ཤེས་རིག་དཔར་ཁང་གི་འགན་འཛིན་བློ་བཟང་དཀོན་མཆོག་ལགས་སུ། ཁང་བརྩེགས་འོག་ཆུ་ཤོར་བའི་རྒྱུ་རྐྱེན་གང་ཡིན་དང་། ཐེངས་འདིའི་དོན་རྐྱེན་ཁྲོད་དཔེ་དེབ་དང་བཅའ་དངོས་ག་ཚོད་འཕྲོ་བརླག་ཏུ་སོང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་ལན་འདེབས་གནང་དོན། ཐེངས་འདིར་ཤེས་རིག་དཔར་ཁང་གི་འོག་ཤོད་ཀྱི་དངོས་ཟོག་འཇོག་སར་ཆུ་ཤོར་དོན། ཕྱི་ཚེས་ ༡༡ ཉིན་གཟའ་སྤེན་པ་གཉིས་བ་དང་། ཚེས་ ༡༢ ཉིན་གཟའ་ཉི་མ་ཡིན་སྟབས། ཚེས་ ༡༣ ཉིན་བར་ཧ་གོ་ཐུབ་ཡོད་པ་མ་རེད། དཔེ་དེབ་དང་བཅའ་དངོས་མང་པོ་ཞིག་འཕྲོ་བརླག་ཏུ་སོང་ཡོད་ཀྱང་། ད་དུང་ཆུ་གཙང་མ་བཟོ་མ་ཐུབ་པའི་དབང་གིས་འཕྲོ་བརླག་ཏུ་སོང་པའི་དཔེ་དེབ་ཀྱི་གྲངས་ཚད་ལ་ཞིབ་བཤེར་བྱེད་ཐུབ་ཀྱི་མི་འདུག ཐེངས་འདིར་མ་དངུལ་ག་ཚོད་ཀྱི་གྱོང་གུད་ཕོག་ཡོད་མེད་ཀྱང་ཚོད་དཔག་ཐུབ་ཀྱི་མི་འདུག ས་འོག་གི་ཆུ་བུར་underground water བརྡོལ་བ་དེ་ད་དུང་མཚམས་ཆད་ཀྱི་མི་འདུག་ལ། གཙང་མ་ཐེངས་གཅིག་བཟོས་རྗེས་ཆུད་ཚོ་གཉིས་ལྷག་མ་འགོར་བར་མགོ་ནས་ཆུ་ཁེངས་ཡོང་གི་འདུག ད་བར་རྒྱ་གར་གཞུང་གི་ལྟ་རྟོགས་འདྲ་སླེབས་མ་སོང་། ང་ཚོའི་ལས་བྱེད་དག་ཚེས་བཅུ་གསུམ་གྱི་ཉིན་གུང་ཆུ་ཚོད་ ༢:༤༥ ནས་དགོང་མོའི་ཆུ་ཚོད་ ༩:༡༠ བར་ཁག་གསུམ་དུ་བགོས་ཏེ་གཙང་མ་བཟོས་པ་ཡིན་ལ། ད་དུང་མུ་མཐུད་དུ་ཆུ་ཕྱི་ལོགས་སུ་ཕོ་བཞིན་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ།  བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 3

  1. རྟ་མགྲིན། says:
    ལོ་ 16 སྔོན།

    ལྡི་ལི་ཡཱ་མུའུ་ན་གཙང་བོ་རྒྱས་ཏེ་དེའི་ཉེ་འགྲམ་གྱི་སྡོད་ཁང་ཁག་ལ་ཉེན་ཁ་ཡོད་སྐོར་ཟླ་ཕྱེད་སྔོན་ནས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཡང་ཡང་བྱེད་བཞིན་འདུག་པ་མ་ཟད། བོད་སྒར་བསམ་ཡས་གླིང་སོགས་ལ་ཉེན་ཁ་ཡོད་སྐོར་ཡང་རྒྱ་གར་གྱི་ Aaj Tak ཞེས་པའི་བརྙན་འཕྲིན་ལེ་རིམ་ཁྲོད་ཁྱབ་བསྒྲགས་བྱེད་བཞིན་པ་ངེད་ནས་དངོས་སུ་གོ བར་ལམ་ཡཱ་མུའུ་ནའི་གཙང་བོ་རྒྱས་བཞིན་ཡོད་པ་དང༌། བོད་སྒར་ལའང་ཉེན་ཁ་ཡོད་པ་ལྡི་ལིའི་བོད་མི་ཚང་མས་ཤེས་གསལ་ཡིན། འོན་ཀྱང་ལྡི་ལིའི་ཤེས་རིག་པར་ཁང་གི་འགན་འཛིན་དང༌། ཤེས་རིག་པར་ཁང་གི་དཔེ་ཉར་དོ་དམ་པ། དེ་བཞིན་ལས་བྱེད་རྣམས་སུ་ཞིག་གིས་ཀྱང་གནས་ཚུལ་འདིར་དོ་སྣང་བྱས་མེད་པ་ནི། གཞུང་རྒྱུ་ལ་སྣང་ཆུང་བྱས་པའི་ངང་ཚུལ་ཞིག་ཡིན་པ་ཐེ་ཚོམ་མི་འདུག་ན། སྒེར་སེམས་ཆེ་བའི་མི་འདི་དག་ལ་ཉེས་ཆད་བཏང་ན་འོས།

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    འདི་ནི་ལས་བྱེད་པ་ཚོ་ལ་ལྷག་བསམ་མ་ཡོད་པའི་རྟགས་རེད། ཉིན་གཉིས་ཀྱི་རང་ལ་བོད་གཞུང་ཤེས་རིག་དཔར་ཁང་གི་འཁོ་ཡུག་ན་མི་མེད་སོང་བ་རེད་དམ། འདི་འདྲ་རྩ་མ་ནས་ཡིན་ནི་མ་རེད། འདི་ལས་བྱེད་པ་ཁོང་ཚོར་ལྷག་བསམ་མ་ཡོད་པའི་རྟགས་ཤིག་ཡིན་པ་ལས་གཞན་གང་ཡང་མ་རེད།

    Reply
  3. སེར་ཆེན་ says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ།རང་བྱུང་གི་འཇིགས་པ་ལ་ལྡོག་ཐབས་བྲལ།ཡིན་ནའང་བོད་ནང་ཁུལ་དུ་རང་བྱུང་གི་འཇིགས་པ་བྱུང་བ་དག་རྒྱ་གཞུང་རང་བྱུང་ཁོར་ཡུག་འབག་བཙོག་ཤུགས་ཆེན་བཟོས་རྐྱེན་ཡིན་ཚུལ་ཡོངས་གྲགས་བཤད་བཞིན་པ་རེད།འོ་ན་རང་དབང་ཡུལ་ལུང་འདིར་བལ་ཡུལ་དང་མི་འདྲ་པར་དེ་ཙམ་རྒྱ་གཞུང་གི་གནོན་ཤུགས་སོགས་མེད་སྟབས་བོད་པ་ཚོས་ག་རེ་མ་འཇོན་པ་རེད།ཕལ་ཆེར་མི་ལས་དགུ་ལས་བྱེད་པའི་ལས་འབྲས་ངན་པ་མངོན་སུམ་དུ་ཐོན་པ་རེད།ཧ་ཅང་ཡག་པོ་རེད།ད་ནས་བཟུང་བོད་པ་ཚོས་རང་མི་རིགས་ཀྱི་བླ་སྲོག་ཆེད་དུ་ནུས་ཤུགས་གཡོ་དགུ་སྤེལ་ཏེ་རང་ཡུལ་ལུང་པར་ལོག་ཐུབ་ཚེ་རང་བྱུང་གི་གནོད་འཚེ་དེ་ཙམ་གྱིས་ཉུང་བ་ཡོདོ།ང་ཚོ་ནི་འཛམ་གླིང་སྟེང་གི་མཐོ་སྒང་དུ་གནས་བའི་མི་རིགས་ཁྱད་འཕགས་ཞིག་གོ།་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese