མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིས་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་སྐོར་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp
 
དེ་རིང་བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ་གསལ་བཤད་གནང་ཡོད་ལ། སྐབས་དེར་ཁོང་གིས། འབྲེལ་མོལ་སྐབས་རྗེས་མར་རྒྱ་ནག་གིས་ལག་ལེན་དུ་བསྟར་ཐུབ་གི་རེད་བསམ་པའི་དོན་དག་གཉིས་གསུམ་ཞིག ལག་ལེན་དུ་བསྟར་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཉིན་འདི་འགར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བཅུ་བ་འགྲོ་བཞིན་པ་ལྟར། ཐེངས་འདིའི་གྲོས་ཚོགས་སྐབས་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་བཀའ་ཁྲི་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་སྐོར་བཀའ་འདྲི་ཞུས་པར། བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་གནང་ཡོད།
དེ་རིང་གྲོས་ཚོགས་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱ་འབྲེལ་མོལ་སྐོར་གསལ་བཤད་གནང་དོན།  འདི་ལོའི་ལོ་མགོར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་བྱུང་བ་ནས་ད་ལྟའི་བར་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་རང་འཇགས་ཡིན་པ་ལས་གནས་ཚུལ་གསར་བ་གང་ཡང་བྱུང་མེད་ཅེས་དང་། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་ཕུལ་ཡོད་ལ། དེ་ལ་རྒྱ་ནག་གི་འབྲེལ་ཡོད་ཚོས་འཁྱོགས་བཤད་དང་ལོག་བཤད་བྱས་པ་དེ་ཚོར་འགྲེལ་བརྗོད་ཀྱི་ཡིག་ཆ་ཞིག ད་ལོའི་འབྲེལ་མོལ་ཐེངས་དགུ་བའི་སྐབས་ཕུལ་ཡོད། ཅེས་གསུངས།
ཡང་ཁོང་གིས། དེའི་རྗེས་གནས་ཚུལ་གསར་བ་ཞིག་བྱུང་བ་ནི་སྐྱེ་རྒུ་མདོར་བྱུང་བའི་ས་ཡོམ་དེ་ཡིན་ལ། སྐབས་དེར་༧གོང་ས་མཆོག་གིས་ཁོང་སྐྱེ་རྒུ་མདོར་ཞབས་སོར་འཁོད་ཐུབ་ན་ལེགས་པོ་འདུག་ཅེས་དགོངས་ཚུལ་ཞིག་ཀྱང་ཕེབས་ཡོད། ཡིན་ནའང་། རྒྱ་ནག་གིས་དེ་ལ་བཟང་ངན་གྱི་ལན་གང་ཡང་མ་ཕུད་པར་བཞག་པ་རེད་ཅེས་གསུངས།
འབྲེལ་མོལ་ཐེངས་བཅུ་བ་ཡང་ང་ཚོའི་ངོས་ནས་ཕྱི་ཟླ་བདུན་པ་དང་བརྒྱད་པ། དགུ་བ། བཅུ་བ་སོགས་ག་དུས་བྱུང་ནའང་འགྲིག་གི་རེད་ལབ་ཡོད་མོད།  ཕྱི་ཟླ་དང་པོར་འབྲེལ་མོལ་གནང་ཚར་ཙམ་ཡིན་སྟབས་བྲེལ་བ་མི་འདུག་ཅེས་བརྗོད་སྟབས་ད་ལྟའི་བར་དུས་ཚོད་ངེས་གཏན་བྱུང་མེད་ཅེས་དང་། དེའི་བར་དུ་བཙན་བྱོལ་བོད་གཞུང་གིས་ངོས་ནས་དུས་ཚོད་དེ་བེད་སྤྱོད་བཏང་སྟེ། ཡུ་རོབ་ནང་དུ་ང་ཚོར་གཞུང་སྒེར་གཉིས་ལ་གྲོགས་པོ་མང་བོ་ཡོད་ཅིང་། བྱང་ཨ་རིའི་ནང་དུའང་གཞུང་སྒེར་གཉིས་ཀར་གྲོགས་པོ་མང་བོ་ཡོད་པ་ལྟར།  དེ་ཚོ་དང་མཉམ་དུ་མ་འོངས་པའི་ང་ཚོས་གོམ་པ་སྤོ་སྟངས་དང་ལས་དོན་བྱེད་ཕྱོགས་གང་འདྲ་བྱས་ན་བཟང་བ་དང་། ད་སྔ་ཕན་དུ་ང་ཚོས་ཞུས་པ་དག་ལ་ནོར་འཁྲུལ་གང་དག་བྱུང་མིན་བཅས་ཀྱི་སྐོར་ལ། བཀའ་སློབ་དགོངས་སྐོར་ཞུ་སླད། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་གཙོས་འབྲེལ་ཡོད་ཚང་མས་གྲོས་བསྡུར་གྱི་གོ་སྐབས་ཡག་པོ་བྱུང་ཡོད།
ཨ་རིའི་གཞུང་དང་ཡུ་རོབ་ཁུལ་དུ་སྐབས་རེར་བཀའ་ཁྲི་ངོ་མ་དང་སྐབས་རེར་འབྲེལ་ཡོད་སྐུ་ཚབ་དོན་གཅོད། དེ་མིན་ལས་དོན་ཚོགས་ཆུང་གི་ལས་བྱེད་བཅས་ཀྱིས་གོ་བསྡུར་བྱེད་བཞིན་པ་ཡིན་ལ། ཟླ་འདིའི་ཟླ་མཇུག་ཏུ་བསྐྱར་དུ་དམིགས་བསལ་ཚོགས་ཆུང་ཞིག་ཡུ་རོབ་ཁུལ་དུ་ཆེད་བསྐྱོད་ཐོག ཕན་ཚུན་འབྲེལ་མོལ་ཞུ་དགོས་པ་དང་ད་ལྟའི་བར་གྱི་ལས་རིམ་ལ་བསྐྱར་ཞིབ། མ་འོངས་པའི་ཐབས་བྱུས་འཛིན་སྟངས་བཅས་ཀྱི་སྐོར་ལ་གོ་བསྡུར་ཞུ་རྒྱུ་ཡིན་ལ། དེ་དག་གིས་ཕན་ཐོགས་ཆེན་པོ་ཡོང་གི་འདུག
དེར་བརྟེན་འབྲེལ་མོལ་ཐེངས་བཅུ་བ་ག་དུས་བྱུང་ནའང་། སྐབས་དེར་བར་ལམ་མཁོ་བསྡུ་བྱས་པའི་བསམ་འཆར་དང་ཀླད་པ་དཀྲུགས་པ་དག་བེད་སྤྱོད་ཡོང་རྒྱུ་དང་། དེའི་ཐོག་ཕྱོགས་གང་ས་ནས་མཐུན་འགྱུར་ཡོང་བའི་བང་བསྒྲིགས་ཡོད་ཅེས་གསུངས།
ཡང་ཁོང་གིས། འབྲེལ་མོལ་རྗེས་མའི་སྐབས། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཕུལ་བའི་བསམ་འཆར་ཡིག་ཆའི་ནང་གི་འཕྲལ་དུ་ལག་ལེན་དུ་བསྟར་དགོས་པ་དང་། ང་ཚོས་ངོས་ནས་ལྟ་སྐབས་ལག་ལེན་དུ་བསྟར་ཐུབ་གི་རེད་བསམ་པའི་རིགས་གཉིས་གསུམ་ཙམ་གྱི་གལ་གནད་འགའ་ཟུར་འདོན་བྱས་ཏེ། དེའི་སྟེང་དུ་དམིགས་སུ་བཀར་ཏེ་གོ་བསྡུར་བྱ་རྒྱུ་དང་ལག་ལེན་དུ་བསྟར་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 6

  1. bhare tashi says:
    ལོ་ 16 སྔོན།

    ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་དམིག་གསལ་གྱི་གསལ་བཤད་གང་ཡོངས་གནང་མི་འདུག་

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽ལས་ད་དུང་ལག་ལེན་དུ་བསྟར་ཐུབ་གི་རེད་བསམ་པ་ཞིག་ཡོད་ཚེ།
    ༡ བོད་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ། ༢ བོད་ཀྱི་སྤྲུལ་སྐུ་ཐག་གཅོད་ཀྱི་དབང་ཚད་དབུས་གཞུང་ལ་ཡོད་པ། ༣ སྔར་བྱས་ཉེས་འགྱོད་ཞུ་བ་ལས་ལྷག་མེད་པས། དེ་དག་ཟུར་བཀར་གྱིས་འབོད་བསྐུལ་ཞུ་རྩིས་ཡོད་པ་ཡིན་ནམ། ཡང་ན། ཅི་ཞིག་གནང་རྩིས་ཡོད་པ་ཡིན་ནམ།

    Reply
  3. གཞི་དྲང་པོ་ says:
    ལོ་ 16 སྔོན།

    ཤེས་བྱའི་གནས་ལུགས་ཐམས་ཅད་ལ་འཇིགས་བྲལ་གྱི་རིག་པའི་དབང་ཕྱུག་
    ཆེན་པོ་མཁས་དབང་ཟམ་གདམ་རིན་པོ་ཆེ་མཆོག་བློ་གཟུ་བོ་གནས་ཏེ་ རང་བཞིན་དྲང་ཏེ་ ཆོ་ག་ཆོས་ལུགས་རིགས་སུ་མ་ཕྱེ་བར་ སྔ་ཕྱི་བར་གསུམ་དུ་རྒྱལ་བསྟན་ཆབ་སྲིད་དང་ བོད་རིགས་ཆགས་འཇིག་གི་རླུང་འཚུབ་འོག་ རྒྱལ་བ་དོན་གྱི་བདག་པོ་མཆོག་གི་ཡིད་གཉིས་ཐེ་ཚོམ་མེད་པ་ཕྱག་རོགས་དཔུང་འདེབས་གནང་བར་བོད་མི་ས་ཡ་དྲུག་གི་ནམ་ཡང་བཀའ་དྲིན་གཞལ་ཟླ་བྲལ་བའི་ སྐུ་ཉིད་སྐུ་ཚེ་ཡུན་དུ་བརྟན་པ་དང་མཛད་འཕྲིན་སྔ་ལས་དར་རྒྱས་ཡོང་བ་དང་ ཐུགས་བཞེད་མྱུར་དུ་འགྲུབ་པའི་སྨིན་འདུན་བཅས་ བོད་མི་ས་ཡ་དྲུག་ནས་ལག་གཉིས་ཐལ་མོ་སྦྱར་ནས་

    Reply
  4. ནད་པ says:
    ལོ་ 16 སྔོན།

    བཀའ་ཁྲིས་གསུངས་པ་དེར་རྒྱུ་མཚན་མང་པོ་འདུག་མོད་ཆབ་སྲིད་ཀྱི་ཁ་ནུབ་ཏུ་ཕྱོགས་ནས་རྒྱ་ནག་དང་འབྲེལ་མོལ་ཡོང་རྒྱུའི་རེ་བ་གླེང་བ་དེས་འབྲེལ་མོལ་ཡོང་རྒྱུ་མེད་པར་ད་དུང་འབྲེལ་མེད་ཆགས་རྒྱུའི་ཉེན་ཁ་ཡོད།

    ངེས་པ་དོན་གྱིས་འབྲེལ་མོལ་གཅིག་བྱེད་འདོད་ན་ཁ་རྒྱ་ནག་ཏུ་ཕྱོགས་ནས་རྒྱ་བོད་གཉིས་ཕན་ཡོང་ཐབས་སླད་ཕན་ཚུན་ཕྱོགས་གཉིས་ཀས་གནས་ཚུལ་གསལ་པོ་དང་། རིག་པ་དངྭང་གསལ། བློ་རྩ་མཐུན་པོ་བཅས་ཀྱིས་སྒོ་ནས་རྒྱ་ནག་དང་ལྷན་དུ་མཉམ་གནས་དང་མཉམ་ལས་ཀྱི་འབཻལ་མོལ་ཡོང་ཐབས་བྱེད་དགོས།

    Reply
  5. མགར་རྟོགས་སད། says:
    ལོ་ 16 སྔོན།

    སྐྱེས་བུ་དམ་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་
    སྐུ་ཚེ་ཡུན་དུ་བརྟན་པར་ཤོགས།།
    ཁྱེད་ཀྱི་བོད་མི་རིགས་ལ་བཞག་པའི་རྨད་བྱུང་གི་མཛད་རྗེས་དག་ལ་ང་ཚོའི་ནམ་ཡང་རྗེས་དྲན་བྱེད་ངེས།།

    Reply
  6. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    ཕྱི་ཟླ་དང་པོར་འབྲེལ་མོལ་གནང་ཚར་ཙམ་ཡིན་སྟབས་བྲེལ་བ་མི་འདུག?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese