མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཁྲལ་ཅན་སྐོར་ཞིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

༼ བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༩༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ། ༽

སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་ལས་རིམ་ཆེན་མོ་འགྲོ་བཞིན་པའི་སྐབས་འདིར། མང་ཚོགས་ཚོས་དོ་སྣང་བྱེད་ཡུལ་ནོར་མི་ཉན་ལ། སྤྱི་ཚོགས་ཀྱི་སྣེ་ཟུར་མཐིལ་གསུམ་དང་། དངོས་ཤུགས་བརྒྱུད་གསུམ་སོ་སོར་ཉམས་འཇོག་བྱ་དགོས། ཕྱི་ལྟར་དུ་སུ་ཞིག་འཁྲབ་སྟོན་ལ་མཁས་པ་དང་། ནང་ལྟར་དུ་སུ་ཞིག་ལག་ལེན་ལ་འཇོན་པ་སོགས་ཀྱི་དཔྱོད་བྱེད་རིག་པའི་རྩལ་རྣོ་དགོས།

སྤྱི་འཐུས་ཀྱི་འོས་གཞི་རག་མིན་ཐད་སྔོན་མ་ནས་མང་ཚོགས་ལ་དཀའ་ངལ་འཕྲད་རབས་མེད་ལ། ཐེངས་འདིར་ཡང་འོས་གཞི་མང་དྲགས་མེད་ན་ཉུང་དྲགས་པའི་དཀའ་ངལ་འཕྲད་ཀྱི་མེད། དེ་ནི་བོད་པའི་སྤྱི་ཚོགས་ནང་མི་ཚད་ལྡན་མང་དྲགས་པ་མ་ཡིན་པར། མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་ཞན་དྲགས་པའི་སྐྱོན་དན་རྟགས་ཡིན་པ། ཉིན་འདི་འགར་སྤྱི་འཐུས་ཀྱི་འོས་མི་འབལ་འབལ་ལྷུག་ལྷུག་ཏུ་བཏོན་དང་འདོན་བཞིན་ཡོད་པ་དེ་དག་རེ་རེ་བཞིན་ཞིབ་འཇུག་བྱས་ན་རྟོགས་ཐུབ། མང་ཚོགས་ཀྱི་དགོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་མི་མང་པོ་མཉམ་རུབ་ཀྱི་ལས་དོན་བྱེད་ས་ཞིག་ཡིན་སྟབས། སྤྱི་འཐུས་བྱེ་བྲག་པ་རེ་རེ་དེ་ཙམ་གལ་ཆེན་མིན་པའི་ལྟ་ཚུལ་དང་། སྤྱི་འཐུས་ཀྱི་ལས་ཡུན་ལ་དུས་ཚོད་རྒྱས་བཅད་མེད་སྟབས་བཟང་ངན་ལ་མ་ལྟོས་པར་ཡང་ནས་བསྐྱར་དུ་འདེམས་ཆོག་པའི་ལང་ཤོར་བཅས་ལ་བརྟེན་ཏེ་སྐྱོན་གནས་འདི་ལྷག་པ་རེད།  

སྤྱི་ཡོངས་ནས་བཀའ་བློན་ཁྲི་པ་གོ་གནས་མཐོ་བ་དང་ཤུགས་རྐྱེན་ཆེ་བ་ལྟ་བུར་སྣང་ཡང་། བྱེ་བྲག་གིས་བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་ལྕི་ཞིང་དབང་ཚད་ཆེ་བ་ཡོད། དེ་ནི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ཀྱིས་མཚོན་པའི་བཙན་བྱོལ་བོད་གཞུང་གི་ལས་དོན་ཡོངས་རྫོགས་གཏན་འབེབས་བྱེད་མཁན་བོད་མི་དམངས་སྤྱི་འཐུས་ཡིན་ལ། བོད་གཞུང་ལྷན་ཁང་མ་ལག་དང་བཅས་པའི་བྱུང་སོང་དངུལ་གྱི་རྩིས་ཁྲར་སྟངས་འཛིན་བྱེད་མཁན་ཡང་བོད་མི་མང་སྤྱི་འཐུས་ཡིན། དམངས་ཀྱི་བདེ་སྡུག་གཞུང་ལ་སྐྱེལ་མཁན་དང་གཞུང་གི་སྲིད་བྱུས་དམངས་ལ་སྒྲོག་མཁན། ལས་ཁུངས་དག་གི་ལས་བྱེད་དང་ལས་དོན་སོགས་ལ་ལྟ་རྟོགས་ཀྱི་དབང་ཚད་ཡོད་མཁན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་མཚོན་པའི་ལྷན་ཁང་མ་ལག་དང་བཅས་པའི་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱེད་མཁན་བོད་མི་མང་སྤྱི་འཐུས་ཁོ་ན་ཡིན།

མང་ཚོགས་ཀྱིས་དོ་སྣང་བྱེད་ཡུལ་གཞན་ཞིག་ཡོད་པ་ནི། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ཆེན་མོ་འདི་བརྒྱུད་དེ། སྐབས་གཞན་དང་གཞན་དུ་འཕེན་པ་བཏང་སྟེ་བྱུང་ན་བཀའ་ཁྲི་དང་། མ་བྱུང་ན་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་སེམས་ཁྲལ་བྱེད་མཁན་སྐོར་ཞིག་བྱུང་དང་འབྱུང་མུས་ཡིན་པ་དེ་ཚོ་རེད། སེམས་ཁྲལ་ཅན་འདི་དག་གི་འཁྲབ་སྟོན་སྟེགས་བུ་གསུམ་དང་བཞི་རུ་འདུ་ཞིང་། དང་པོ། རང་ཉིད་དངོས་སུ་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་པ་དང་། གཉིས་པ། བཀའ་བློན་ཁྲི་པའི་བགྲོ་གླེང་དང་གཏམ་བཤད་རིགས་ཀྱི་སྡིངས་ཆ་བསྐྲུན་པ། གསུམ་པ། བགྲོ་གླེང་དངོས་གཞིའི་སྐབས་དྲི་བ་དྲིས་ཀྱི་ཆ་ཤས་ལེན་པ། བཞི་བ། བཀའ་སྤྱིའི་ལས་དོན་ཐོག་བསམ་ཚུལ་བརྗོད་པ་དང་རྩོམ་ཡིག་སྤེལ་བ་སོགས་རེད། སེམས་ཁྲལ་ཅན་དེ་དག་ཁྲོད། བོད་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་ལྷག་བསམ་དང་སེམས་ཤུགས་ལྷད་མེད་ཡོད་མཁན་ཡོང་ཆོག་མོད། ཆེས་ཉེན་ཁ་ཆེ་བ་ནི་ལྟ་གྲུབ་དང་ལངས་ཕྱོགས། ཚོགས་པ་བྱེ་བྲག་པའི་ལས་དོན་བསྒྲུབ་པའི་ཆེད་དུ་འཚང་ཁ་རྒྱག་མཁན་སྐོར་ཞིག་དང་། “བག་ལེབ་ཧྲིལ་བོར་འཐམ་ན། ཉུང་མཐར་ཕྱེད་ཀ་རེག་ངེས” ཟེར་བའི་དཔེ་ལྟར། སོ་སོ་མི་སྒེར་གཅིག་པུའི་ལོ་རྒྱུས་དང་སྙན་གྲགས། ཐ་ན་ལྟོ་རྒྱབ་ཁོ་ན་ཙམ་དམིགས་ཡུལ་དུ་བྱེད་མཁན་ཡང་ཡོང་ཉེན་འདུག 

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 4

  1. སྐར་མདའ། says:
    ལོ་ 16 སྔོན།

    འདོད་ལྷའི་རིགས་ལ་འདོད་པའི་གཏམ་ལས་མེད༎
    འདོད་པ་ཅན་གྱིས་དུས་རབས་མང་པོའི་རིང་༎
    འདོད་པའི་ལག་པ་རང་གི་ཨམ་ཕྲག་ཏུ༎
    འདོད་འདུན་ཟབ་མོས་བཅུགས་ཏེ་བོད་འབངས་ཕམ༎

    སྤྱིར་བཏང་རྩོམ་སྒྲིག་པའི་གཏམ་བདེན་པ་རང་རེད། ཡིན་ནའང་ལོ་ངོ་མང་པོའི་རིང་ནས་རང་གི་ཁྱིམ་ཚང་དང་རང་གི་ནང་མིར་བལྟ་སྐྱོང་དགོས་མིན་གྱི་ཐོག་ལ་ཤུགས་རྒྱགས་རྒྱུ་མང་དྲགས་པའི་རྐྱེན་གྱིས་ད་སྐབས་ང་ཚོའི་མགོ་ཐོག་ལ་འདྲའི་སྡུག་བསྔལ་གྱིས་སེར་བ་བབས་པ་རེད།

    ཡིན་ནའང་ད་དུང་དེ་དག་གི་གནད་དོན་ཧ་གོ་གི་གོ་གིས་ད་དུང་སྒེར་གཅོད་རང་ལུགས་པའི་ལྟ་བ་དེ་སྤྱི་ཚོགས་ནང་ལ་ཤུགས་ཆེན་པོས་འཁྱེར་འོང་གི་འདུག ཆེས་ཉེན་ཁ་ན་ཡོད་པའི་བོད་པའི་གནས་སྟངས་འདི་ཡི་སྐབས་སུ་རྡོག་རྩ་ཆིག་སྒྲིལ་གྱིས་དཔུང་པ་མཉམ་གཤིབ་བྱེད་དགོས་པ་ལས། ནང་དམེ་དང་ཕྲག་དོག་གིས་ལམ་ལ་བུད་དེ་གཞུང་དོན་ཁ་ལ་ཁྱེར་ནས་སྒེར་དོན་ལྐོགས་ནས་སྒྲུབ་པ་ཡིན་ན། མཇུག་འབྲས་ཅི་ཞིག་ཡོང་རྒྱུ་ཡིན་པ་ངས་མ་བཤད་ཀྱང་གསལ་བོར་རེད་འདུག

    དེ་འདྲ་སོང་ཙང་། རྩོམ་སྒྲིག་པས་དེ་ལྟ་བུའི་མན་ངག་རིན་ཆེན་རིལ་བུ་རེ་ང་ཚོའི་མི་དམངས་ལ་ལྡུག་ཐུབ་ན་དགའ་བསུའི་ལག་པ་ཐལ་མོ་བརྡབ་ངེས་སོ༎

    དུས་རབས་གསར་པའི་ནང་རྩོད་དགོས་པ་དེ་མི་རྩོད་པར་རྩོད་མི་དགོས་དེ་བརྩད་ནས་མི་རིགས་ནང་ཁུལ་གྱི་དཀའ་ངལ་སེལ་མ་ཐུབ་པར་ད་ལྟའི་བར་དུ་ལྷག་པ་རེད།

    ད་ནི་བསམ་བློ་ཞིབ་མོར་གཏོང་པའི་དུས་ལ་སླེབས་འདུག་པ་ཁ་གསལ་གཏིང་གསལ་རེད། གང་འཇོན་འཇོན་གཟུརགནས་ཀྱི་ཕྱོགས་ལ་བསྐྱོད་པར་གནང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་བསམ་རྒྱུ་འདུག

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཇི་ལྟར་བྱས་ན་ད་གཟོད་༼ ཕྱི་ལྟར་དུ་སུ་ཞིག་འཁྲབ་སྟོན་ལ་མཁས་པ་དང་། ནང་ལྟར་དུ་སུ་ཞིག་ལག་ལེན་ལ་འཇོན་པ་སོགས་༽དཔྱོད་ཐུབ་བམ། མི་རབས་གསར་པ་ཞིག་ལ་དེ་བས་ཀྱང་ཅི་ལྟར་དཔྱད་དགོས་སམ།

    Reply
  3. ལོ་དགའ། says:
    ལོ་ 16 སྔོན།

    རྩོམ་ཡིག་འདིའི་དུམ་ཚན་གོང་མ་དག་ལས་ཞོལ་མ་དག་ཁ་གསལ་བོ་རེད་ལ། ཉེན་ཁ་ངོ་མ་ཞིག་བཤད་ཀྱིན་འདུག དཔེར་ན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པར་ལྟོས་དང་། མཆི་མེད་གཡུང་དྲུང་ཚོགས་གཙོ་རེད། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བཏོན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞི་ནང་ཁོ་རང་ཡོད་པ་རེད། དེ་བཞིན། བཀའ་བློན་ཁྲི་པའི་བགྲོ་གླེང་རིགས་ཀྱི་སྡིངས་ཆའི་སྟེང་ནས་ཁོ་རང་གསལ་བསྒྲགས་བྱ་ཅི་ཐུབ་བྱེད་ཀྱིན་འདུག གཞན་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཀའ་ཤག་གི་ལས་དོན་དང་། བོད་མི་མང་སྤྱི་འཐུས་ཀྱི་འོས་འགན་སྐོར་ལ་རྩོམ་ཡིག་སྤེལ་མཁན་ཡང་ཇེ་མང་རེད།

    Reply
  4. དབྱངས་བུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས་ཉིད་ཀྱིས་བཤད་པ་བདེན་བདེན་དུ་སྣང་། དེང་སྐབས་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་སྐབས་སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་རྩོད་མཁན་མི་ཉུང་བ་ཞིག་ཡོད་པ་ངོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese