མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདུ་ཤེས་ངན་པ་བཅོས་སྒྱུར་གལ་ཆེན་དུ་མཐོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ང་རང་གི་ངོས་ནས་ང་ཚོའི་འདུ་ཤེས་ངན་པ་བཅོས་སྒྱུར་བྱ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད།  འདས་པའི་མི་ལོ་ ༢༠༠༠ ལྷག་གི་རིང་ང་ཚོ་མིའི་འདུ་ཤེས་ལ་འགྱུར་བ་སོང་མེད་སྟབས།  གནའ་སྔ་མོའི་བསླབ་བྱ་དེ་དག་ད་ལྟའི་དུས་འདིར་ཡང་འབྲེལ་བ་ཆགས་བསྡད་ཡོད་ལ། མ་འོངས་པའི་ལོ་ངོ་སྟོང་ཕྲག་གི་རྗེས་སུ་ཡང་འབྲེལ་བ་དེ་ལྟར་ལྷག་ངེས་ཡིན། དེ་དག་གི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་མིའི་འདུ་ཤེས་ཐད་འགྱུར་བ་གཏོང་ཐུབ་གི་མེད་པ་དེར་རག་ལས་ཡོད་པ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་ཉིན་གྲངས་གསུམ་རིང་གི་མཛད་འཕྲིན་གྲུབ་མ་ཐག ཧང་གྷ་རི་ནང་པའི་ལྷན་ཚོགས་དང་ཧང་གྷ་རི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གསོལ་འདེབས་གནང་བ་ལྟར།  ཧང་གྷ་རིའི་རྒྱལ་ས་བྷོ་ཌ་པོ་སི་གྲོང་ཁྱེར་ནང་ཞབས་སོར་བཀོད་ཡོད་ཅིང་། ཕྱི་ཚེས་ ༡༨ ཉིན་བྷོ་ཌ་པོ་སི་ཊ་རུ་ཆིབས་བསྒྱུར་གྱིས་ཨུ་རུ་སུ་དང་རོ་མ་ནེ་ཡཱ། ཊན་སེ་ཝེ་ནི་ཡཱ་གཙོས་པའི་རྒྱ་ཁབ་ ༣༢ ལྷག་གི་དད་ལྡན་ཆོས་ཞུ་བ་མང་པོར་ནང་ཆོས་ངོ་སྤྲོད་གནང་ཡོད་ལ། ཉིན་རྒྱབ་ཡུལ་དེའི་གྲོང་ཁྱེར་གྱི་ City Hall ཞེས་པའི་ནང་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་མཱ་ཡོར་གྷོ་བྷོ་ཌམ་སི་ཀེལ་ Mayor Gabor Demsky  མཆོག་ནས་༸གོང་ས་མཆོག་ལ་རྒྱལ་ས་བྷོ་ཌ་པོ་སི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་ཕྱག་འཁྱེར་ཕུལ་ཡོད་པ་རེད།

 

སྐབས་དེར་༸གོང་ས་མཆོག་གིས་ཁོང་ཉིད་ལ་ཧང་གྷ་རིའི་མི་སེར་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེ་ཁོང་ཉིད་ཀྱི་གཟི་བརྗིད་ཅིག་དང་། ལྷག་པར་དུ་ཐེངས་འདིའི་ཕྱག་འཁྱེར་འདིར་དམིགས་གསལ་གྱི་དགེ་མཚན་ཆེན་པོ་ལྡན་ཡོད་པའི་སྐོར་གསུངས་ཡོད་པ་མ་ཟད། ཧང་གྷ་རིའི་མཁས་དབང་དང་བོད་རིག་པ་བ་ཨ་ལེག་ཛན་ཌར་ Alexander Csoma de Koros ལགས་ཀྱིས་བོད་དབྱིན་ཚིག་མཛོད་ཐོག་མ་ཕྱག་རྩོམ་དང་དཔར་སྐྲུན་ལེགས་གྲུབ་བྱུང་བར་དགའ་བོ་བྱུང་བསྔགས་བརྗོད་ཀྱང་མཛད་ཡོད། ཐེངས་འདིའི་༸གོང་ས་མཆོག་ལ་ཕུལ་བའི་ཕྱག་འཁྱེར་དང་མཉམ་དུ། གྲོང་ཁྱེར་སྤྱི་ཁྱབ་ཀྱིས་མཚན་རྟགས་འཁོད་པའི་བོད་ཡིག་ཕྱག་འཁྱེར་ཞིག་ཀྱང་ཟུར་འབུལ་ཞུས་ཡོད་འདུག་ལ། དེ་ནི་༸གོང་ས་མཆོག་ལ་ཆེ་བསྟོད་བོད་ཡིག་ཕྱག་འཁྱེར་ཕུལ་ཐེངས་ཐོག་མ་དེ་ཆགས་ཡོད་འདུག་ལ། དེར་ཡོད་བོད་མི་རྣམས་ཀྱིས་ཐེངས་འདིའི་ཧང་གྷ་རི་རྒྱལ་ཁབ་ཀྱིས་༸གོང་ས་ལ་མི་སེར་གྱི་ཆེས་བསྟོད་གཟེངས་རྟགས་དང་། ལྷག་པར་དུ་བོད་ཡིག་ཡོད་པའི་ཕྱག་འཁྱེར་ཕུལ་བ་དེ་རྒྱལ་ཁབ་དེ་ཉིད་ཀྱིས་བོད་པའི་ཆབ་སྲིད་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་བརྩི་མཐོང་བྱས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་འདུག

 

ཕྱི་ཚེས་ ༡༩ ཉིན་ཡུལ་དེའི་ནང་པའི་ཆོས་ཚོགས་ཁག་བརྒྱད་ཀྱི་གསོལ་འདེབས་གནང་བ་ལྟར། ༸གོང་ས་མཆོག་གིས་དེར་ཡོད་རྒྱལ་སའི་ཚོགས་ཁང་དུ་དད་ལྡན་ཆོས་ཞུ་བ་ཁྲི་གཅིག་དང་ཉིས་སྟོང་ལྷག་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་བ་དང་འབྲེལ་བཀའ་སློབ་གསུང་བཤད་བསྩལ་ཏེ། ང་རང་གི་ངོས་ནས་ང་ཚོའི་འདུ་ཤེས་ངན་པ་བཅོས་སྒྱུར་བྱ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད།  འདས་པའི་མི་ལོ་ ༢༠༠༠ ལྷག་གི་རིང་ང་ཚོ་མིའི་འདུ་ཤེས་ལ་འགྱུར་བ་སོང་མེད་སྟབས།  གནའ་སྔ་མོའི་བསླབ་བྱ་དེ་དག་ད་ལྟའི་དུས་འདིར་ཡང་འབྲེལ་བ་ཆགས་བསྡད་ཡོད་ལ། མ་འོངས་པའི་ལོ་ངོ་སྟོང་ཕྲག་གི་རྗེས་སུ་ཡང་འབྲེལ་བ་དེ་ལྟར་ལྷག་ངེས་ཡིན། དེ་དག་གི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་མིའི་འདུ་ཤེས་ཐད་འགྱུར་བ་གཏོང་ཐུབ་གི་མེད་པ་དེར་རག་ལས་ཡོད་པ་རེད། འཛམ་གླིང་འདིའི་ཐོག་ང་ཚོ་མི་གྲངས་ཐེར་འབུམ་བདུན་མ་ཟིན་ཙམ་ཡོད་པའི་མི་ཚང་མར་ཆགས་ཞེན་དང་ང་རྒྱལ། འདོད་རྔམ། བརྩེ་བ། བྱམས་པ་བཅས་ཡོད་པ་རེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཚང་མ་གཅིག་མཚུངས་རེད་ཅེས་དེར་ཡོད་ཆོས་ཞུ་བ་རྣམས་ལ་བཀའ་སློབ་བསྩལ་ཡོད།

 

ཐེངས་འདིའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསར་ལམ་དུ་བརྗོད་དོན་ལྟར་ན། ཐེངས་འདིའི་གསུང་ཆོས་ཞུ་མཁན་གྱི་བརྒྱ་ཆའི་བཅུ་གནང་པ་དང་བརྒྱ་ཆའི་དགུ་བཅུ་ཆོས་ལུགས་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་ཡིན་ཚུལ་བརྗོད་འདུག་ལ། ཐེངས་འདིར་ཆོས་ཞུ་བ་ཧ་ཅང་མང་པོ་ཕེབས་ཡོད་སྟབས་ཚོགས་ཁང་དེའི་ཕྱག་འཁྱེར་ཡོངས་སྔ་མོ་ནས་རྫོགས་ཡོད་པ་མ་ཟད། ཕྱག་འཁྱེར་མ་རག་པ་རྣམས་ཀྱི་ཆེད་དུ་ཡུལ་དེའི་ esoguru.com ཞེས་པའི་དྲ་རྒྱའི་ཐོག་ཐད་ཀར་གཟིགས་འབུལ་གྱི་མཐུན་རྐྱེན་བསྐྲུན་ཡོད་འདུག་ལ། ཁོང་གི་གསུང་ཆོས་སྐད་རིགས་དྲུག་ཙམ་གྱི་ཐོག་སྐད་བསྒྱུར་གྱིས་རྒྱང་བསྲིངས་བྱས་ཡོད་འདུག  ཁ་སང་ཉིན་རྒྱབ་དེར་ཡོད་མི་མང་ལ་༼ བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། དེ་རིང་༸གོང་ས་མཆོག་ཧང་གྷ་རི་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱངས་ཏེ། དེར་ཡོད་གཞུང་འཛིན་མི་སྣ་དང་གནད་ཡོད་ཁག་དང་ཐུག་འཕྲད་ཀྱིས་བཀའ་མོལ་གནང་འཆར་དང་། སང་ཉིན་ཡུལ་འདིའི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ་འཇར་མན་གྱི་གྲོང་ཁྱེར་ཕ་རི་སུར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 16 སྔོན།

    ཨ་ཙེ། ངོ་མ་བྱས་ན་བཀྲས་མཐོང་ལས་འོས་པ་སུ་མ་མཐོང་།

    Reply
  2. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཤེལ་དཀར་བློ་བཟང་ལགས། རབ་འབྱུང་ན་༸གོང་ས་མཆོག་གི་དགོངས་པ་བཞིན་མི་རབས་གསར་པའི་ནང་ནས་གཞོན་སྐྱེས་ཤིག་དགོས་ནའང་ད་ལྟ་ང་ཚོ་ལ་དགོས་པའི་བཀའ་ཁྲི་དེ་ངེས་པར་དུ་ཉམས་མྱོང་ཅན་ཞིག་ཡིན་དགོས་པ་ནི་སྨོས་མེད་རེད། ཁྱེད་ཀྱིས་གསུངས་པ་ལྟར་འཛམ་གླིང་སྤྱིའི་འགྲོ་སྟངས་སོགས་ལ་བྱང་ཆུབ་པ་ཡིན་མིན་མི་ཤེས་མོད། ཆེད་ལས་པ་བློ་བཟང་སེང་གེ་ལགས་ལྟ་བུ་གཞུང་ཞབས་ཀྱི་ཉམས་མྱོང་གང་ཡང་མེད་པས་བྱིས་པས་ལས་ལ་རྟུག་དྲི་ཁ་ཟེར་བའི་གཏམ་དཔེ་ལྟར་མིན་པ་ད་ལྟའི་ཆར་སྤྱི་འཐུས་སོགས་གང་གནང་ཡང་རུང་ཐོག་མར་ཉམས་མྱོང་བསག་ནས་གཞི་ནས་བཀའ་ཁྲིར་བཞེངས་ན་དངོས་གནས་ཡག་པོ་འདུག ད་ལྟའི་གནས་སྟངས་ལྟར་ན་ཁོང་བཀའ་ཁྲིར་འོས་པ་མི་མཐོང་ངོ་།
    བཀྲས་མཐོང་བསྟན་འཛིནརྣམ་རྒྱལ་ལགས་ལྟ་བུ་ཡིན་ན་འདས་པའི་ལོ་རྒྱུས་ནང་ཞིབ་ཏུ་དཔྱད་ཚེ་ལེགས་ཉེས་གཉིས་ལས་ལེགས་ཆ་མང་བ་དེ་ནི་གསལ་པོ་ཡིན་ན་ཡང་ད་ལྟ་ང་ཚོའི་སྤྱི་ཚོགས་དང་ལྷག་པར་དུ་གཞོན་སྐྱེས་ནང་ཁོང་ལ་ལྟ་སྟངས་སྡུག་པོ་ཞིག་ཡོད་པས་ཁོང་ཡང་འོས་འཐོབ་མིན་དེ་གསལ་པོ་མི་ཤེས།
    དེས་ན་༸གོང་ས་མཆོག་གི་དགོངས་པ་དང་ཡང་མཐུན། ང་རང་གི་བསམ་ཚུལ་ལྟར་གཞུང་ཞབས་ཀྱི་ཉམས་མྱོང་དང་ཡང་ལྡན། ད་ལྟའི་ཆར་སྤྱི་ཚོགས་ནང་གི་རྒན་གཞོན་ཚོས་ལྟ་སྟངས་ཡང་སྡུག་པོ་དེ་ཙམ་མེད་པའི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ནི་༢༠༡༡་ལོའི་བཀའ་ཁྲིར་འོས་ཤོས་སུ་མཐོང་ངོ་།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་རང་རིག་རྡོ་རྗེ་ཉི་མ་ལགས།
    ཁོ་བོའི་བསམ་ཚུལ་ལྟར་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་ཁྲིམས་ལུགས་མཁས་ཅན་བློ་བཟང་སེང་གེ་ལགས་འོས་ཤོས་སུ་མངོན་གྱི་འདུག
    རྒྱུ་མཚན་གང་ཡིན་ཞེས་ན་ཁོང་ནི་ཤེས་ཡོན་ལྷག་བསམ་གྱི་ཕྱུག་པའི་དེང་རབས་པ་ཞིག་ཡིན་པ་དང་། འཛམ་བུ་གླིང་སྤྱིའི་འགྲོ་སྟངས་སོགས་ལ་བྱང་ཆུབ་པ། ལྷག་པར་དུ་༸མགོན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་གཞོན་སྐྱེས་ཞིག་གིས་རང་གི་འཇོན་ཐང་དང་། རྣམ་དཔྱོད་གདོན་ཐུབ་ན་རྒན་རབས་པ་རྣམས་ལ་སྒྲུབ་པའི་མཆོད་པ་དང་། དེང་རབས་པ་རྣམས་ལ་མིག་དཔེ་བཟང་པོ་ཞིག་གི་ཐོག་ལུགས་གཉིས་མངའ་ཐང་གོང་ནས་གོང་དུ་འཕེལ་བའི་ཡིད་ཆེས་དང་རེ་བ་ཡོད།།
    ཞར་བྱུང་དུ་བཀའ་དྲི་ཞུ་རྒྱུར། ཁྱེད་རང་གི་མ་འོངས་པའི་བཀའ་ཁྲི་སུ་ལ་ཡིད་ཆེས་དང་རེ་བ་ཡོད།

    Reply
  4. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    རང་རིག་རྡོ་རྗེ་ཉི་མ་ལགས། ངས་བྱས་ན་༢༠༡༡་ལོའི་བཀའ་ལོན་ཁྲི་པ་ནི་༼མཁས་དབང་བློ་བཟང་སེང་གེ་༽ཡིན་པ་བརྒྱ་ཆ་བརྒྱ་རེད།

    Reply
  5. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཤེལ་དཀར་བློ་བཟང་ལགས། ཁྱེད་བྱས་ན་༢༠༡༡་ཀྱི་བཀའ་ཁྲི་ལ་འོས་ཤོས་དེ་སུ་རེད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྐྱེ་འགྲོ་ཀུན་གྱི་མགོན་དཔུང་དམ་པ་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། ༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཆེ་བསྟོད་བོད་ཡིག་ཕྱག་འཁྱེར་དགྱེས་བཞེས་གནང་བར་སྙིང་དབུས་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རང་ཅག་སྐྱབས་འོག་པ་རྣམས་ཀྱི་སླད་དུ་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས།།
    ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།
    མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
    བློ་བཟང་རྒྱལ་བའི་བསྟན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese