མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་དྲགས་འདུག རྨ་ཆུའི་དོན་གོ

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲིའི་འོས་གཞི་རེ་ཟུང་གི་ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་དྲགས་འདུག།།

རྨ་ཆུའི་དོན་གོ།

དེང་སྐབས་བོད་ཀྱི་དུས་བབ་སོགས་བརྒྱུད་ལམ་མང་པོ་ཞིག་གི་ཐོག་ཏུ་སེམས་ཤུགས་དང་དོ་སྣང་ཅན་གྱི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཐུགས་ཁུར་གནང་སྟེ། ལོ་རྗེས་མའི་བཀའ་བློན་ཁྲི་བ་དང་། བོད་མི་མང་སྤྱི་འཐུས་ཀྱི་འོས་འདེམས་སྐོར་ལ་གནས་ཚུལ་མང་པོ་སྤེལ་བཞིན་ཡོད་པ་འདི་ཁྱེད་ཅག་རང་དབང་ཅན་གྱི་མང་གཙོའི་སྤྱི་ཚོགས་ནང་གི་ཤེས་ལྡན་མི་སྣ་རེ་ཡིན་པའི་འོས་འགན་འཕྲག་ཏུ་བླངས་པ་རེད་ལ།  ཁྱེད་རྣམས་ ཀྱིས་བརྒྱུད་ལམ་ཁག་གི་ནང་དགོངས་ཚུལ་མང་པོ་སྤེལ་བ་ལ་བརྟེན་ནས་དེང་སང་མི་མང་གི་ནང་ལ་ཡང་འདིའི་སྐོར་ལ་གླེང་མོལ་ཤུགས་ཆེན་པོ་བྱེད་འགོ་ཚུགས་ཡོད།  དེ་བཞིན་སྔར་དང་མི་འདྲ་བར་བཀའ་བློན་ཁྲི་བའི་འོས་གཞིར་དང་བླངས་ཀྱིས་ལང་མཁན་རེ་ཟུང་ཐོན་ཡོང་གི་ཡོད་པ་འདི་ཚོ་ལ་བལྟས་ན་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་གསལ་བོ་རེད། 

 

ཡིན་ནའང་བཀའ་ཁྲིར་དང་བླངས་ཀྱིས་ལང་མཁན་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཁོང་གསུམ་གྱིས་མ་འོངས་པའི་ལས་འཆར་ཐད་བཀའ་མོལ་གནང་པ་ལ་བལྟས་ན་ཁོང་རྣམས་ལ་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་དྲགས་པའི་སྐྱོན་དང་། རིག་གཞུང་ཉམས་ཆག་གི་རྒྱུ་རྐྱེན་ངོས་མ་ཟིན་པའི་སྐྱོན་ཡོད་པ་མཐོང་གི་འདུག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཁྲིའི་ལས་འཆར་ཁག་བཅུ་དྲུག་བཏོན་པའི་ནང་དུ་བོད་མི་བལ་གོས་འཚོང་མཁན་སོགས་སྐྱོ་བོའི་རིགས་ལུགས་མཐུན་ཐོག་ཕྱི་རྒྱལ་ཁག་ཏུ་གཏོང་ཐབས་བྱ་རྒྱུ་ཞེས་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་ཀྱི་དུས་བབ་གསར་འགོད་པར་བཀའ་ལན་གནང་དོན། གཞིས་ཆགས་སྲ་བརྟན་ཐད་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད་ཀྱང་ང་རང་གིས་འདིའི་ཐད་དཀའ་ངལ་ཆེན་པོ་མཐོང་གི་མེད།  སྔར་དང་བསྡུར་ན་འགྱུར་བ་ཕྱིན་ཡོད་ཀྱང་དེ་དག་དུས་ལ་བབ་པའི་འགྱུར་བ་རེད། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བྱས་རྗེས་རླབས་ཆེན་བཞག་ཡོད། བོད་གཞུང་གིས་དེའི་ཐོག་ལ་ཐབས་བྱུས་གནང་དགོས་པ་རེད་ཅེས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀྱང་བཅར་འདྲི་ཞིག་གི་ལན་དུ།  ངས་བོད་མི་རྣམས་ཕྱི་རྒྱལ་དུ་འབྱོར་བ་དེ་རིག་གཞུང་ཉམས་ཆག་འགྲོ་རྐྱེན་ཞིག་ཏུ་མཐོང་གི་མེད་ཚུལ་གསུངས་འདུག ཁོང་རྣམ་པའི་སྐད་ཆ་འདི་ཚོ་བོད་མི་བརྒྱ་ཆ་དགུ་བཅུ་གོ་ལྔའི་མངོན་འདོད་དང་མཐུན་པའི་ཆབ་སྲིད་པའི་མགོ་བདེ་དྲན་འཕྲུལ་གྱི་སྐད་ཆ་ཡིན་སྲིད་ལ། གལ་སྲིད་དོན་དངོས་ཐོག་ཁོང་རྣམ་པ་སུས་ཀྱང་སྲིད་ཇུས་འདི་འདྲ་ཞིག་ལག་བསྟར་བྱས་པ་ཡིན་ན།  དེ་ནི་བོད་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་རིག་གཞུང་གོམས་གཤིས་དང་བཅས་པ་མེས་འཚིག་བཞིན་པའི་སྒང་ལ་སྣུམ་བླུགས་པ་ལྟ་བུ་ཞིག་ཆགས་རྒྱུ་ཡིན་པ་སྨོས་མེད་རེད།  

 

བོད་མི་ཤེས་ཡོན་ཅན་མང་པོས་དགོངས་ཚུལ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ཀྱིས་བོད་ནང་དང་། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཔལ་འབྱོར་ཐད་རོགས་རམ་བྱེད་བཞིན་ཡོད་པ་དང་། བོད་དོན་ཁྱབ་བསྒྲགས་ཆེད་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་སོགས་ནི་དངོས་ཡོད་གནས་ཚུལ་རེད། དེ་ལ་རྗེས་སུ་ཡི་རང་ཡོད། བོད་ནང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་ཞིང་བོད་ཀྱི་ཆོས་དང་རིག་གཞུང་གི་བག་ཆག་དང་དེ་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ལ་མཚོན་ན་ཕྱི་རྒྱལ་ཁག་ཏུ་ཕྱིན་ཡང་རྒྱལ་ཞེན་ལ་རྒྱ་དང་། བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་ཆེ་རུ་མ་སོང་ཡང་ཆུང་དུ་འགྲོ་གི་མེད་པ་བདེན་པ་རེད། ཡིན་ན་ཡང་ང་ཚོས་འཕྲལ་སེལ་གྱི་དགོས་པ་དེ་འདྲ་ཞིག་གི་ཆེད་དུ་ཁ་འཐོར་དུ་ཕྱིན་པ་ཡིན་ན།  ནམ་ཞིག་རྒྱ་དམར་གྱི་དམིགས་ཡུལ་བཞིན་ང་ཚོ་རང་ངོ་རང་གིས་མི་ཤེས་པའི་མི་རིགས་ར་མ་ལུག་ཅིག་ཆགས་རྒྱུ་ཡིན་པ་ད་ལྟ་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། སྐབས་དེར་ང་ཚོ་འགྱེལ་ས་ནས་ཡར་ལང་མི་ཐུབ་པ་སྨོས་མ་དགོས་པ་ཞིག་རེད། རྒྱུ་མཚན་ནི་ལོ་རྒྱུས་དང་ལྟ་གྲུབ་གང་ལ་བལྟས་ཀྱང་ཁ་འཐོར་དུ་ཕྱིན་པའི་མི་རིགས་ཤིག་གིས་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་བརྒྱག་ཐུབ་ཐབས་མེད་པ་གསལ་པོ་རེད་ལ། སྐད་ཡིག་དང་རིག་གཞུང་ཉམས་པའི་མི་རིགས་ཤིག་དུས་ཡུན་རིང་པོར་སྐྱབས་བཅོལ་བའི་ངོ་བོར་གནས་ཐབས་མེད་པར་གནས་ཡུལ་རྒྱལ་ཁབ་གང་ཡིན་པ་དེའི་ནང་དུ་ཆུ་ཐིགས་བྱེ་མའི་ནང་སིམ་པ་བཞིན་འཐིམ་འགྲོ་རྒྱུ་ཡིན་པ་དེ་ཡང་གསལ་པོ་རེད། དེས་ན་༧གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་གསུངས་པ་བཞིན་མི་རབས་ནས་མི་རབས་བར་བོད་དོན་བདེན་མཐའ་མ་གསལ་ཡང་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོའི་རིགས་རུས་སྲུང་སྐྱོབ་དང་། སྐད་ཡིག་སྲུང་སྐྱོབ། ཆོས་དང་རིག་གཞུང་སྲུང་སྐྱོབ། ཆོལ་གསུམ་སྤུན་ཟླ་ཆིག་སྒྲིལ་གྱི་འདུ་ཤེས་སྲུང་སྐྱོབ། ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སྲུང་སྐྱོབ་བཅས་བྱས་ཏེ་བོད་མི་རིགས་འདི་ཡུན་རིང་གནས་ཐབས་བྱེད་རྒྱུ་ནི་བཙན་བྱོལ་བོད་གཞུང་གི་རྩ་དོན་གཙོ་བོར་འཛིན་དགོས། གོང་ས་མཆོག་གིས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་གསུངས་པའི་དགོངས་དོན་ཡང་དེ་རང་ཡིན། 

 

བཙན་བྱོལ་བོད་གཞུང་གིས་གོང་གསལ་གྱི་སྲུང་སྐྱོབ་ལྔ་དོན་དངོས་ཐོག་ལག་ལེན་དུ་བསྟར་ཐུབ་པའི་སྲིད་ཇུས་བརྟན་པོ་ཞིག་འཛིན་ཐུབ་པ་ཡིན་ན། དེ་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཀྱི་རྩ་བ་ལྟ་བུ་ཞིག་ཆགས་ངེས་ཡིན་པས། རྒྱ་གཞུང་གིས་འཇམ་རྩུབ་ཀྱི་སྲིད་བྱུས་ག་འདྲ་ཞིག་ལག་བསྟར་བྱས་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ལ་འགྱུར་བ་འགྲོ་མི་སྲིད་པ་ང་ཚོར་འདས་པའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་ལ། ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མའང་དེ་རང་ཡིན། ང་ཚོས་རྩ་དོན་གཙོ་བོ་དེ་སྣང་མེད་དུ་བཞག་སྟེ་འཕྲལ་སེལ་དཔལ་འབྱོར་འདུ་འགོད་ལ་གཡེང་ནས་རང་མགོ་གར་ཐོན་གྱིས་ཁ་འཐོར་དུ་ཕྱིན་པ་ཡིན་ན། ནམ་ཞིག་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཀྱང་ང་ཚོར་རེ་བ་དང་ངོས་འཛིན་ག་འདྲ་ཞིག་བྱས་ཡོང་བཤད་ཚོད་ཐིག་ཁག་པོ་རེད། དེ་འདྲའི་མི་རིགས་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་དང་ལམ་ལྷོང་ཡོང་བའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་བཙན་བྱོལ་བོད་མི་རྣམས་གོང་བུ་གཅིག་གྱུར་དུ་གནས་ཏེ་བོད་ཀྱི་རིག་གཞུང་བེད་སྤྱོད་བྱེད་སའི་ཁོར་ཡུག་གུ་ཡངས་པོ་ཞིག་བསྐྲུན་ཐབས་བྱེད་རྒྱུ་དེ་ཡིན། བཙན་བྱོལ་སྤྱི་ཚོགས་འདི་ཁ་མ་འཐོར་པར་གོང་བུ་གཅིག་གྱུར་ཏུ་གནས་ཐུབ་པ་ཡིན་ན། དེའི་ཤུགས་ཀྱིས་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་རང་བཞིན་གྱིས་ཡོང་གི་ཡོད། དེར་བརྟེན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དང་། བོད་མི་མང་སྤྱི་འཐུས་རྣམས་ཀྱི་ལས་འགན་གཙོ་བོ་ནི་ཁ་འཐོར་དུ་འགྲོ་བཞིན་པའི་བཙན་བྱོལ་སྤྱི་ཚོགས་འདི་སྲ་བརྟན་དང་།  གོང་བུ་གཅིག་གྱུར་བཟོ་རྒྱུ་དེ་ཡིན། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་མཚོན་ན་གཞིས་ཆགས་ཁག་ཏུ་རྒན་རྒོན་ལས་མེད་རྣམས་མ་གཏོགས་གཞོན་སྐྱེས་ཧ་ཅང་ཉུང་ཉུང་ཡིན་ལ། ད་ལྟ་ལྷག་ཡོད་པ་རྣམས་ཀྱིས་ཀྱང་། བརྒྱ་ཆའི་དགུ་བཅུ་ལྷག་ནི་ཕྱི་རྒྱལ་ག་གེ་མོ་ཞིག་ཏུ་འགྲོ་རྒྱུའི་གོ་སྐབས་ལ་སྒུག་ནས་བསྡད་ཡོད་མཁན་ཤ་སྟག་ཡིན། 

 

སློབ་གྲྭ་ཁག་ལ་མཚོན་ན། སློབ་ཕྲུག་གི་གྲངས་འབོར་ཉུང་དྲགས་ནས་སློབ་གྲྭ་སྒོ་བརྒྱག་ལ་ཉེ་བའི་སྐབས་ཡིན། དེ་བཞིན་གདན་ས་ཁག་གིས་གཙོས་དགོན་སྡེ་རྣམས་སུ་བོད་རིགས་ཀྱི་གྲྭ་རྒྱུན་འཆད་བཞིན་ཡོད། ༧གོང་ས་མཆོག་གིས་གཙོས་མཁས་དབང་དང་། མི་སྣ་རྒན་གྲས་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་ཆག་ཕྱིན་འདུག་ཅེས་གསུང་སྐད་བཀྱོན་དགོས་བྱུང་དང་འབྱུང་བཞིན་ཡོད། དེ་དག་ཚང་མའི་འབྱུང་རྐྱེན་གཙོ་བོ་ནི་ང་ཚོའི་སྤྱི་ཚོགས་འདི་དཔལ་འབོར་འདུ་འགོད་ཀྱི་ཆེད་དུ་རང་མགོ་གར་ཐོན་གྱིས་ཁ་འཐོར་དུ་འགྲོ་བཞིན་པ་འདི་ཁོ་ན་ལ་ཐུག་ཡོད་སྙམ།  དེང་སང་བོད་ཕྱི་ནང་གཉིས་ཀའི་སློབ་མ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་དེ་ནི་སློབ་གྲྭའི་ར་སྐོར་གྱི་ཕྱི་རོལ་དུ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་པ་དེ་རེད།  བོད་ནང་ལ་མཚོན་ན། རྒྱ་གཞུང་གི་འཆར་གཞི་ལྡན་པའི་སྲིད་བྱུས་ལ་ཐུག་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་སྤྱི་ཚོགས་གོང་བུ་གཅིག་གྱུར་ཏུ་གནས་མ་ཐུབ་པར་ཁ་འཐོར་དུ་ཕྱིན་པ་ལ་ཐུག་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་བོད་མི་རིགས་ལ་ལ་ཞེན་དང་ལྷག་བསམ་འགྲན་ཟླ་བྲལ་ཞིང་བྱས་རྗེས་ཅན་གྱི་ཆབ་སྲིད་བཙོན་ཟུར་རྣམས་ལོ་རེ་བཞིན་བོད་པའི་སྤྱི་ཚོགས་དང་ཁ་བྲལ་ནས་གཞུང་འབྲེལ་ཐོག་ཕྱི་རྒྱལ་ལ་གཏོང་བཞིན་ཡོད། ཁོང་རྣམ་པའི་ལ་ཞེན་དང་སེམས་ཤུགས་ལ་འགྱུར་བ་མེད་ན་ཡང་སྤྱི་ཚོགས་ཀྱི་གནས་སྟངས་དང་། ཁོར་ཡུག་གི་གནས་སྟངས་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་མང་པོ་ཞིག་བོད་དོན་འཐབ་རྩོད་ཐོག་ནུས་མེད་དུ་འགྱུར་བཞིན་ཡོད། དེ་ལས་ཀྱང་སེམས་འཚབ་བྱེད་དགོས་པ་ཞིག་ནི། ང་ཚོ་བོད་པའི་མ་འོངས་པའི་སོན་རྩ་སྟེ་ཁོང་རྣམས་ཀྱི་བུ་ཕྲུག་རྣམས་ཀྱིས་གཙོས་བོད་པའི་ཕྲུ་གུ་མང་པོ་ཞིག་བོད་པའི་ཆོས་དང་རིག་གཞུང་གོམས་གཤིས་སོགས་ཕར་ཞོག ཐ་ན་བོད་སྐད་དང་བོད་ཡིག་ཙམ་ཡང་མེད་པའི་ཕྱི་རྒྱལ་ཁག་ཏུ་འཚར་ལོངས་འབྱོང་བཞིན་ཡོད་པ་འདི་ཡིན། འགྲོ་བ་མིའི་རིགས་ཀྱི་གོམས་གཤིས་དང་བསམ་བློའི་འཁྱེར་སོ་མཛེས་དཔྱོད་ཀྱི་ལྟ་བ་སོགས་ནི་འཚར་ལོངས་བྱུང་སའི་ཁོར་ཡུག་ལ་རག་ལས་ཀྱི་ཡོད་པ་དེ་དེང་རབས་ཚན་རིག་པས་གཏན་ལ་ཕབས་པའི་ཆོས་ཉིད་ཅིག་རེད།  དེས་ན་ང་ཚོས་འཇིག་རྟེན་དཀར་ངོགས་སུ་སྐྱེས་བ་ནས་བཟུང་བོད་པའི་སྤྱི་ཚོགས་དང་ཁ་བྲལ་བའི་བོད་ཕྲུག་དེ་དག་གི་རྒྱུད་ལ་བོད་ཞེན་ལ་རྒྱ་དང་།  རིགས་རུས་སྲུང་སྐྱོབ། ཆོས་དང་རིག་གཞུང་གི་བག་ཆགས་དང་། བདེན་དོན་འཐབ་རྩོད་ཀྱི་སེམས་ཤུགས་དང་སྙིང་སྟོབས་སོགས་ཇི་ལྟར་བསྐྲུན་ཐུབ། 

 

འདི་ལྟར་བསམ་བློ་བཏང་པ་ཡིན་ན་ངས་ཚིག་ཉོག་འདི་ཚོ་ལས་བསླ་པོར་མཚམས་འཇོག་མི་ཐུབ་པ་ཞིག་རེད། མདོ་དོན་ངས་བཤད་འདོད་པ་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་བཙན་བྱོལ་སྤྱི་ཚོགས་འདི་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་ཁ་འཐོར་དུ་གཏོང་མཁན་ཞིག་མིན་པར། འཐོར་བཞིན་པའི་སྤྱི་ཚོགས་འདི་གོང་བུ་གཅིག་གྱུར་བཟོ་མཁན་ཞིག་གདམ་རྒྱུ་ཧ་ཅང་གི་གལ་ཆེན་པོ་དང་།  ངེད་ཅག་ཁ་བ་རུ་བའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་པ་འདི་ཡིན། བཙན་བྱོལ་བོད་གཞུང་གི་འདས་བའི་བཀའ་བློན་རིམ་བྱོན་གྱི་མཛད་རྗེས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ད་ལྟའི་བཀའ་བློན་ལས་ཐོག་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཁོང་གིས་བཀའ་བློན་སྔོན་མ་རྣམས་ཀྱི་བློ་ཡུལ་དུ་མ་འཁོར་བའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཕྱག་ལས་ཁ་ཤས་གནང་ཡོད་པ་ནི་ཤེས་ཡོན་སྲིད་ཇུས་གསར་བཟོ་གནང་བ་དང་། ཞིང་ལས་སྲོལ་རྒྱུན་སོ་ནམ་ཅན་དུ་བསྒྱུར་བ།  གཞུང་རྒྱུ་སྒེར་སྤྱོད་ལ་དམ་འཛིན་གནང་པ་སོགས་ཡིན། དེ་དག་ནི་ད་ལྟའི་བཙན་བྱོལ་བོད་མིའི་མངོན་འདོད་དང་མཐུན་མིན་ལ་མ་ལྟོས་པར་བོད་མི་རིགས་རིག་གཞུང་དང་བཅས་པའི་མ་འོངས་པར་ཕན་ཐོག་ཡོད་པའི་དམིགས་རྒྱང་རིང་པའི་སྲིད་ཇུས་ཤ་སྟག་ཡིན།  དེ་དག་ལག་ལེན་ཚུལ་བཞིན་ཡོང་གི་མེད་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། དོན་དངོས་ཐོག་ཕན་ཐོག་བྱུང་ཡོད་མེད་ལ་མ་ལྟོས་པར་ཁོང་ནི་ཁ་འཐོར་གྱི་གནས་སྟངས་ལ་ཐུགས་འཚབ་གནང་མཁན་ཞིག་ཀྱང་ཡིན། ཁོང་གི་དམིགས་རྒྱང་རིང་པའི་སྲིད་ཇུས་ཀྱི་འགོ་ཁུངས་བཙལ་བ་ཡིན་ན་དེ་ནི་ཁོང་གནའ་རབས་དང་། དེང་རབས་ཀྱི་གཞུང་ལུགས་དང་ལྟ་གྲུབ་ལ་མཁྱེན་རྒྱ་ཡངས་པོ་ཡོད་པ་ལ་ཐུག་ཡོད་སྙམ།  དེས་ང་ཚོ་ལ་ག་རེ་ར་སྤྲོད་བྱས་ཡོད་ཟེར་ན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་ཡང་ལོ་ལྔའི་རིང་ལ་མི་མང་གི་འཕྲལ་སེལ་གྱི་མངོན་འདོད་བསྒྲུབ་ཐུབ་མཁན་ཙམ་མ་ཡིན་པར། གནའ་དེང་གི་གཞུང་ལུགས་དང་ལྟ་གྲུབ་ལ་མཁྱེན་རྒྱ་ཡངས་ཤིང་བོད་གཞིས་བྱེས་གཉིས་ཀྱི་མ་འོངས་བའི་ཆེད་དུ་ཕུགས་རྒྱང་རིང་པོའི་ཆབ་སྲིད་ཀྱི་དགོངས་པ་བཞེས་ཐུབ་མཁན་ཞིག་གདམ་རྒྱུ་གལ་ཆེན་པོ་ཡིན་པ་བསྟན་ཡོད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 15

  1. དབང་འདུས། says:
    ལོ་ 15 སྔོན།

    རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག་ལ་བསམ་བློ་སྤྱིའི་ཁ་ཕྱོགས་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད། ཡིན་ཡང་། ང་ཚོས་གླེང་དགོས་པ་དང་ཤེས་དགོས་པ་གཙོ་བོ་ཞིག་ནི་རྒྱ་གར་ནང་སྡོད་སྐྱབས་བཅོལ་པའི་ཁྲིམས་ཐོག་གི་ལུགས་མཐུན་འཚོ་གནས་བྱེད་ཐབས་ཀྱི་ཐོབ་ཐང་སྐོར་ཡིན། གནད་དོན་འདི་སློབ་ཕྲུག་དང་གྲ་བ་ཚོར་འགྲེལ་བཤད་ཞིབ་ཀྱིས་བྱེད་དགོས་སྲིད་ཀྱང་། རང་ཉིད་དང་ནང་མིའི་འཚོ་གོས་གནས་མལ་གཉེར་མཁན་ཚོས་ཧ་ལམ་རང་ཉིད་ཀྱི་མྱོང་བའི་ཐོག་ནས་གསལ་བོ་ཤེས་ཀྱི་ཡོད་པ་རེད། ལོ་གཅིག་གི་མགྲོན་པོའམ་ཕྱི་རྒྱལ་པའི་མིང་ཐོག་ནས་ལོ་གཅིག་རིང་སྡོད་ཆོག་པའི་ཆོག་མཆན་ཡོད་མཁན་ཤ་སྟག་ཡིན་པ་དང་། ལོ་གཅིག་དེའི་ནང་ལོགས་སུ་ས་ཆ་ཉོ་བ་དང་ཁང་པ་བརྒྱག་པ་སོགས་ཀྱི་ཐོབ་ཐང་མེད་པ་རེད། མ་ཟད་ཕྱི་རྒྱལ་གཞན་པའི་ཡུལ་བསྐོར་བ་དང་སློབ་གཉེར་བ་སོགས་དང་ཁྱོན་ནས་མི་འདྲ་བ་ཞིག་ལ་ཁྲིམས་ཐོག་གི་ཉེན་སྲུང་དང་བདེ་འཇགས་ཀྱི་ལམ་ཁ་དེ་ང་ཚོར་མེད་པ་རེད།

    མདོར་ནས་བཤད་ན་རྒྱ་གར་ནང་བོད་མི་མཉམ་གནས་ཀྱིས་ཆོས་རིག་གོམས་གཤིས་སོགས་འཛིན་སྐྱོང་བྱེད་ཐུབ་པ་ལ་ངེས་པར་དུ་ཁྲིམས་ཐོག་གི་ཐོབ་ཐང་ཡིག་ཆ་ད་ལྟའི་R C ཡི་གནས་སྟངས་དེ་ལས་ཡག་ཏུ་འོང་ཐབས་ལ་འབད་དགོས་པ་མ་གཏོགས།

    སེམས་ཤུགས་དང་ལྷག་བསམ། ཤེས་རྒྱ་དང་ཕུགས་འདུན་སོགས་ཅི་ཙམ་ཡོད་པའི་བཀའ་ཁྲི་ཞིག་ཡོང་ཡང་དེས་བོད་མི་ཕྱི་རྒྱལ་དུ་འགྲོ་བའི་ལམ་ཁ་དེ་འགོག་ཐུབ་པ་ཞིག་མ་རེད་འདོད།

    Reply
  2. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    དོན་གོ་ལགས། ཁ་སང་ཁྱེད་རང་གི་བསམ་ཚུལ་འདི་ལ་ལན་ཞིག་འབྲི་ཁུལ་བྱས་པ་ཡིན་ཏེ་ལམ་བར་ནས་བརླག་འདུག དེ་རིང་མང་པོ་འབྲི་ཡ་མེད། ཁྱེད་རང་གི་བསམ་ཚུལ་གཙོ་བོ་བྱེས་གྱར་བོད་པ་ཚང་མ་རྒྱ་གར་ནང་ལོག་ནས་བསྡད་ན་ཡག་པོ་འདུག གོམས་གཤིས་དང་རིག་གཞུང་སོགས་གཉར་ཡ་ལ་ཕན་ཐོག་ཆེན་པོ་འདུག དེ་མིན་བཀའ་ཁྲི་གསར་བ་བཞེངས་མཁན་གསུམ་གྱིས་བོད་པ་ཕྱི་རྒྱལ་ལ་གཏོང་རྒྱུར་ཐབས་ཤེས་བྱེད་ཀྱི་ཡིན་ཟེར་བ་དེ་ཆབ་སྲིད་ཀྱི་ཕུགས་རྒྱང་རིང་བོ་མ་མཐོང་བའམ་འོས་ཤོག་ཐོབ་ཐུབ་ཀྱི་བསླུ་བྲིད་རང་བཞིན་གྱི་གཏམ་བཤད་རེད་ཟེར་བ་དེ་རེད། ངས་བཀའ་ཁྲི་བཞེངས་མཁན་ཚོས་དེ་འདྲ་གསུངས་པ་དེ་དངོས་ཡོད་གནས་ཚུལ་ཡིན་པ་དང་དེའི་སྒང་ལ་ཐབས་ཤེས་བྱས་ནས་བོད་པ་ཕྱི་རྒྱལ་ཁག་ལ་གཏོང་ཐབས་བྱ་རྒྱུ་དེ་གལ་ཆེན་རེད་བསམ། རྒྱ་གར་ནས་བོད་པ་ཚང་མ་བསྡད་པ་ཡིན་ན་ཡང་རིག་གཞུང་གོམས་གཤིས་ཉམས་ཆགས་སུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་རེད། གཞིས་ཆགས་ཁག་ཁ་ཤས་ཀྱི་བོད་པ་དེ་ཚོས་བོད་སྐད་མི་བཤད་པ་དང་བོད་ཀྱི་རིག་གཞུང་སོགས་ལ་དོ་སྣང་མེད་པ་གསལ་བོ་རེད། འདི་འདྲ་བྱས་ནས་ལོ་མང་འགོར་ན་ཕྱི་རྒྱལ་གྱི་བོད་པ་དང་རྒྱ་གར་གྱི་བོད་པ་གཉིས་ཀྱི་མཇུག་འབྲས་གཅིག་པ་རེད་བསམ། དེ་ནས་ང་ཚོས་ཤེས་དགོས་པ་ཞིག་ལ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ནས་གང་དགའ་གང་དྲག་དང་ཤེས་འཇོན་གཉིས་ལྡན་གྱི་སྐྱེ་བུ་མང་ཆེ་ཤོས་ཕྱི་རྒྱལ་ལ་ཐར་ཐབས་བྱེད་ཀྱི་ཡོད་པ་རེད། དེས་ང་ཚོ་ལ་བཙན་བྱོལ་བོད་མིའི་གནས་སྟངས་གསལ་བོ་ཞིག་འགྲེལ་བཤད་རྒྱག་གི་ཡོད་པ་རེད། ང་ཚོས་སྐྱེས་བུ་ཕྱི་རྒྱལ་ལ་སོང་བ་དེ་ཚོར་རིགས་ཞེན་མེད་པ་དང་རང་དོན་མ་གཏོགས་མི་ཤེས་མཁན་ཟེར་ནས་ཇི་ལྟར་སྡིག་ཀྱང་། ཕྱི་རྒྱལ་ལ་སོང་བའི་སྐྱེས་བུ་དེ་ཚོ་ལ་དཀའ་ངལ་མེད་རེད། དཀའ་ངལ་ཡོད་པ་དེ་ང་ཚོ་བཙན་བྱོལ་ལམ་རྒྱ་གར་ན་ཡོད་པ་དེ་ཚོ་རེད། དེ་ཙང་ང་ཚོའི་བཀའ་བློན་ཁྲི་བར་སུ་བསྡད་པ་ཡིན་ན་དེས་དཀའ་ངལ་འདི་སེལ་དགོས་པ་རེད། མ་མཐའ་ཡང་གནད་དོན་འདིའི་སྒང་ལ་ལས་ཀ་བྱེད་དགོས་པ་རེད། མི་མང་གི་མངོན་འདོད་འགྲུབ་པའི་ལས་ཀ་ཞིག་བྱེད་ན་བོད་མི་དེ་ཚོ་ཕྱི་རྒྱལ་ལ་གཏོང་ཐབས་བྱ་རྒྱུ་དེ་རེད། དེ་ཙང་ངས་བཀའ་ཁྲིའི་འོས་གཞིར་བླངས་པའི་སྐྱེས་བུ་དེ་ཚོའི་ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་ཐུང་མ་རེད་བསམ། དངོས་ཡོད་གནས་ཚུལ་གཞི་ལ་བཞག་པ་རེད་བསམ།
    བསམ་ཚུལ་མི་མཐུན་པ་མ་གཏོགས་དགའ་ཉེ་ཆགས་སྡང་མེད།

    Reply
  3. བློ་བཟང་གྲགས་པ says:
    ལོ་ 15 སྔོན།

    ཡག་པོ་འདུག

    Reply
  4. ཐིག says:
    ལོ་ 15 སྔོན།

    སྤྱི་བཏང་ནས་ང་ཚོ་ཚང་མས་ཤེས་གསལ་ལ། བཀའ་ཁྲིའི་འགྲེན་རྩོད་ཅན་འདི་འདྲའི་ཐད། བཀའ་ཁྲི་ལངས་འདོད་ཡོད་མཁན་ཚོས་སོ་སོ་ཞབས་སྟེར་དེའི་སྟེང་ལངས་རྒྱུ་བྱུང་པར་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ལ་གང་ཁོར་གྱི་སྐད་ཆ་བཤད་རྒྱུ་རེད། མ་གཞི་ནས་༢༠༡༡་གི་བཀའ་ཁྲི་སུ་ཡོང་ནའང་བོད་ཀྱི་ཆབ་སྲིད་དང་གནས་སྟངས་ལ་འཕོ་འགྱུར་དེ་ཙམ་ཡོང་མི་ཐུབ་པ་ནི་གསལ་པོ་རེད།

    Reply
  5. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཨོའུ་ཙམ་བྲིས་གནང་འདུག་་་ཡིན་ལ་བོད་ཀྱི་མཁས་དབང་དང་ཤེས་མྱོང་ཡོད་མཁན་ནམ་རྒྱུན་གཞུང་མང་དང་བོད་མིའི་ལས་དབང་དགོངས་ཚུལ་གསུངས་མཁན་མང་པོ་ཞིག་སོ་སོ་སྐུ་སྒེར་ལ་ཕྱི་བསྐྱོད་གོ་སྐབས་རེག་སྐབས།་བོད་མི་མང་དང་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་དོན་གཅོད་ཁང་གང་ལའང་བསམ་བཏང་མེད་པའི་གནང་སྟངས་དེ་རིགས་བསམ་ན།་་་རྩོམ་ཡིག་འདི་རིགས་འབྲི་མཁན་རྣམས་ཁོང་ཚོ་གཅིག་ཡིན་པའི་སྣང་བ་ཞིག་ཤར་ཡོང་གི།
    དཔེར་་ན།་ཉེ་ཆར་ཁཱ་ཊར་ཚོགས་འདུར་སོང་བའི་བོད་ཀྱི་ཚོགས་ཞུགས་མཁས་པ་ཚོ་ལས་མི་གཉིས་དང་ཕྱེད་ཀ་ཕྱིར་ཡོང་མེད་པ་རྣམ་པ་ཚོས་མཁྱེན་ཡོད་ཤག་

    Reply
  6. སྤང་ཏོག says:
    ལོ་ 15 སྔོན།

    ཨ་ཨ་དུས་བབ་ཚང་ལ་རིག་འདོན་རྒྱུ་འདི་དངོས་གནས་རྒྱ་གཞུང་གི་དྲ་གནས་སུ་ཞུགས་པ་ལས་ཀྱང་ཁག་པོ་འདུག ཡང་ན་རིག་པ་རིག་རྒྱུ་མི་འདུག་བོར་འགྲོ་ཡང་མིན་ན་

    Reply
  7. སྤང་ཏོག says:
    ལོ་ 15 སྔོན།

    རྩོམ་དོན་སྙིང་ལྡན་པ་དང་ང་ཚོས་ཚང་མས་གནད་དོན་འདིའི་ཐད་མུ་མཐུད་བསམ་བློ་གཏོང་རྒྱུ་དང་ཉམས་ཞིབ་བྱེད་དགོས་པར་སྙམ་། ཡིན་ན་རྩོམ་འདི་རིགས་དོན་དངོས་མི་ཅི་ཙམ་གྱིས་ལྟ་ཀློག་དང་དོ་སྣང་དང་སེམས་ཁུར་བྱེད་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་།

    Reply
  8. སྐར་མདའ། says:
    ལོ་ 15 སྔོན།

    རྨ་ཆུའི་དོན་ཁོ་ལ་དགའ་བསུ་ཞིག་མི་ཞུ་ཐབས་མེད་ཆགས་སོང་།
    ཨ་མའི་བུ།
    རྒྱུ་མཚན་ལྡན་པའི་གནས་ལུགས་རེ་བརྗོད་ན་ངོ་མ་ཡིད་སེམས་གཏིང་ནས་ལྷོད་ལ་འབད་རྒྱུ་ཞིག་འདུག་ ད་དུང་དེ་འདྲ་རེ་གསུངས་ཀྱིན་འདུག་གམ།

    Reply
  9. ཨརྱ། says:
    ལོ་ 15 སྔོན།

    རྨ་ཆུའི་དོན་ཁོ་འཚམས་འདྲི་དང་། བསམ་ཚུལ་ཡག་པོ་རེད་ལ་གནད་དམ་མཚང་ཐོག་ཏུའང་ཁེལ་འདུག འོན་ཀྱང་བཀའན་ཁྲི་གསར་བ་སུ་ལངས་ན་བོདཀྱི་སྐད་ཡིག་གི་འཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ། ཡང་ན་བོད་སྐད་ཡིག་གི་འཁོར་ཡུག་བཟང་བོ་ཇི་ལྟར་བྱས་ན་བསྐྲུན་ཐུབ། འདིའི་ཕྱོགས་ལ་བཀའ་ཁྲི་དང་བཀའ་འབངས་སུ་ཡིན་ལ་མ་ལྟོས་པར་བསམ་གཞིག་ནན་མོ་བྱེད་རྒྱུ་དང་ཐབས་ལམ་རེ་སྟོན་ཐུབ་ན་ཧ་ཅང་བཟང་སྙམ། ང་ལ་ནི་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་བྱེད་ཐུབ་ས་རེད་སྣམ་པའི་ཐབས་ལམ་ཅི་ཡང་མི་འདུག རྣམ་པ་ཚོས་འདིའི་ཐད་ལ་དགོངས་འཆཅར་གནང་རོགས་ཞུ།

    Reply
  10. ལྷུན་འགྲུབ། says:
    ལོ་ 15 སྔོན།

    རྨ་ཆུའི་དོན་གོ་ལགས་ཀྱི་བསམ་ཚུལ་དེ་ཡག་པོ་འདུག།
    འདི་ནི་ཕྱོགས་ལྷུང་མེད་པའི་བསམ་ཚུལ་ཞིག་རེད། ད་ལྟའི་བཀའ་ཁྲི་ལས་ཐོག་གི་ཕྱགས་ལས་གནང་བ་འདི་བཞིན་སྔོན་གྱི་བཀའ་ཁྲི་རྣམས་ཀྱི་བློ་ཡུལ་ལ་མེད་པ་བདེན་པ་རེད།
    དེ་ནས་ད་ལྟའི་ཚོགས་གཙོ་དང་ཚོགས་བཞོན། གཞན་བཀྲས་མཐོང་གསུམ་ལ་བོ་ད་མིའི་
    བདེ་སྡུག་དང་འབྲེལ་བའི་ལས་ཀ་བྱེད་ས་དང་བསམ་ཚུལ་བཤད་སའི་གོ་སྐབས་ཡུན་རིང་
    ཐུབ་ཡོད་ཀྱང་། བསམ་ཚུལ་གསར་པ་དང་ཐབས་ལམ་གསར་པ་སྣེ་གཅིག་མེད་ནས་ལས་ཡུན་ཚར་རེད་།
    ད་ནི་གོ་སྐབས་ཕུལ་ཡང་ ས་མིག་སྟོང་པ་མིན་ཙམ་ལས་གཞན་མི་འཇོན་པ་ཕྱི་གསལ་ནང་གསལ་རེད།
    ད་ཡོད་ཀྱི་བཀའ་ཁྲིའི་འོད་གཞིའི་ནང་ནས། ཆ་རྐྱེན་ཡག་ཤོས་ དང་རེ་བ་ཆེ་ཤོས་ དེ་ བློ་བཟང་སེང་གེ་རེད།།

    Reply
  11. ལྷུན་འགྲུབ། says:
    ལོ་ 15 སྔོན།

    རྨ་ཆུའི་དོན་གོ་ལགས་ཀྱི་བསམ་ཚུལ་དེ་ཡག་པོ་འདུག།
    འདི་ནི་ཕྱོགས་ལྷུང་མེད་པའི་བསམ་ཚུལ་ཞིག་རེད། ད་ལྟའི་བཀའ་ཁྲི་ལས་ཐོག་གི་ཕྱགས་ལས་གནང་བ་འདི་བཞིན་སྔོན་གྱི་བཀའ་ཁྲི་རྣམས་ཀྱི་བློ་ཡུལ་ལ་མེད་པ་བདེན་པ་རེད།
    དེ་ནས་ད་ལྟའི་ཚོགས་གཙོ་དང་ཚོགས་བཞོན། གཞན་བཀྲས་མཐོང་གསུམ་ལ་བོ་ད་མིའི་
    བདེ་སྡུག་དང་འབྲེལ་བའི་ལས་ཀ་བྱེད་ས་དང་བསམ་ཚུལ་བཤད་སའི་གོ་སྐབས་ཡུན་རིང་
    ཐུབ་ཡོད་ཀྱང་། ས་མིག་སྟོང་པ་མིན་ཙམ་ལས་གཞན་མི་འཇོན་པ་ཕྱི་གསལ་ནང་གསལ་རེད།

    Reply
  12. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དོན་གོ་ལགས་ཁྱེད་ཀྱིས་༼བཀའ་ཁྲིར་དང་བླངས་ཀྱིས་ལང་མཁན་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཁོང་གསུམ་གྱིས་མ་འོངས་པའི་ལས་འཆར་ཐད་བཀའ་མོལ་གནང་པ་ལ་བལྟས་ན་ཁོང་རྣམས་ལ་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་དྲགས་པའི་སྐྱོན་དང་།༽དང་བླངས་པ་ཁོང་ཚོ་ལ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་ཆབ་སྲིད་དམིགས་ཡུལ་ཐུང་དྲགས་ན་དང་བླངས་པ་བློ་བཟང་སེང་གེ་ལ་དེ་ལས་ལྷག་པའི་ཆབ་སྲིད་ཀྱི་དམིགས་ཡུལ་གང་འདུགགམ་གམ་གམ་གམ་གམ་གམ་གམ་གམ་གམ་གམ།ཧ་ཧ་ཧ་ཧཧ་ཧ་ཧ།
    གུས་པས་ལྟས་ན་ཁོང་ཚོ་བཞིའི་ནང་ནས་ད་ལྟའི་དུས་བབས་ཀྱི་བཀའ་ཁྲི་ལེགས་ཤོས་དགུང་ལོའི་བབ་དང་ཉམས་མྱོང་གང་ཐད་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལེགས་ཤོས་སུ་མཐོང།

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    གནས་ལུགས་དང་མཐུན་པའི་དཔྱད་བརྗོད་ཅིག་སྤེལ་འདུག ཁོང་དག་གིས་སྐྱབས་བཅོལ་བོད་མི་རྣམས་ཕྱི་རྒྱལ་ཟེར་དུས་ཁོག་ན་འབུ་འགུལ་གྱིན་པའིརྣམ་པ་མཐོང་ནས་མགོ་སྐོར་གཏོང་གི་ཡོད་པ་རེད། དེ་ཟེར་དུས་ང་རང་ཕྱི་རྒྱལ་དུ་གཏང་མི་ཡོང་ངམ་སྙམ་ནས་འོས་ལྡུག་པར་སྙམ་པ་རེད། དེ་ནི་མིག་རྒྱང་ཐུང་བར་བརྗོད་ཆོག གནས་སྐབས་ཀྱི་ཁེ་ཕན་འཚོལ་བ་གཅིག་བུ་རེད།

    དོན་ཁོ་ལ་རྒྱབ་སྐྱོར་བྱེད་ངེས།

    Reply
  14. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བོད་མི་འདུས་སྡེ་བྱས་པའི་ས་གནས་ཁག་ཏུའང་བོད་སྐད་གཙང་མ་ཞིག་ཤོད་མི་ཐུབ་པའི་དཀའ་ངལ་འཕྲལ་མུས་རེད། བོད་ནང་དུའང་དེ་ལྟར་ཡིན་མོད། ད་ལྟའི་ཆར་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་དང་ལ་རྒྱ་ཅན་མང་པོ་ཞིག་གིས་བོད་སྐད་གཙང་མ་བཤད་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་དེས་མངོན་གསལ་གྱི་ཕན་ཐོག་ཡོང་བཞིན་པ་ལྟར་ཕྱི་སྡོད་བོད་མི་ཚོས་དེར་མིག་དཔེ་བལྟ་དགོས་པ་ཞིག་ཡིན་མོད། སྤྱི་ཚོགས་དང་ཁོར་ཡུག་ལ་ཁག་དཀྲི་བར་དགའ་བའི་གནས་འདིའི་ན་གཞོན་ཚོས་རང་ཉིད་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་གྲུབ་ཆ་རེ་རེས་སྤྱི་ཚོགས་ཀྱི་ངོ་བོ་བསྐྲུན་བཞིན་པ། སྤྱི་ཚོགས་ཀྱི་ངོ་བོ་དེས་ཁོར་ཡུག་བསྐྲུན་བཞིན་པ་མི་ཤེས་པར་མཐོང་རྒྱ་དང་ཐོས་རྒྱ་ཆེ་མདོག་གིས་ར་མ་ལུག་གི་བྱ་སྤྱོད་ལ་དང་དོད་བྱེད་པ་འདི་འགོག་ཐབས་དཀའ་འོ།

    Reply
  15. བོད་པ་ says:
    ལོ་ 15 སྔོན།

    རྒྱབ་སྐྱོར་བརྒྱ་ཆའི་སྟོང་ཡོད། ཕྱི་རྒྱལ་ན་ཡོད་མཁན་ཚོས་གནས་སྐབས་རིང་བོད་དང་རྒྱ་གར་ན་ཡོད་མཁན་ཚོར་དངུལ་འགའ་རེ་ཕན་ཐོགས་པ་བདེན་མོད། ཁོ་ཚོའི་ནང་གི་བརྒྱ་ཆ་བརྒྱད་ཅུའི་བུ་ཕྲུག་གི་བོད་སྐད་མི་ཤེས། བོད་ཀྱི་ཡུལ་སྲོལ་གོམས་བཤེས་མི་ཤེས། དེའི་ཕྱིར་ཕ་མ་དང་བུ་ཕྲུག་བར་ན་འགལ་བ་རིམ་བཞིན་སླེབས་གིན་འདུག བུ་ཕྲུག་གི་བོད་ཀྱི་སྐད་ཡིག་ཤེས་དགོས་པ་དེ་གཙོ་བོ་བོད་མི་རིགས་ཀྱི་ཆེད་མ་རེད། གཙོ་བོ་ཕ་མ་དང་རང་གི་བུ་ཕྲུག་བར་གི་འབྲེལ་བ་འམ་བརྩེ་བའི་ཆེད་རེད། ཕ་མའི་ཕྱི་སྐད་མི་ཤེས་པ་དང་བུ་ཕྲུག་གི་བོད་སྐད་མི་ཤེས་མཁན་ཚོའི་བར་གི་འབྲེལ་བ་འམ་བརྩེ་བ་ཉུང་ཉུང་རེད། ཕ་མ་དང་བུ་ཕྲུག་གི་བོད་སྐད་ཤེས་ན་ཁོ་ཚོའི་བར་གི་བརྩེ་བ་སྟེང་ཟབ་མོ་རེད། འདི་ངའི་ཉམས་མྱོང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese