མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་ར་དགོན་པ་ཉམས་གསོ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་གོ་སྒྲིག་འོག སེ་ར་དགོན་པ་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ལས་གཞི་མགོ་འཛུགས་ཀྱི་མཛད་སྒོ་ཞིག་བསྡུས་ཡོད་འདུག་ལ། མཛད་སྒོ་དེའི་ཐོག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱི་མགོ་གཙོ་གཞོན་པ་རྒྱ་རི་བློ་བཟང་བསྟན་འཛིན་སོགས་ཞུགས་ཡོད་འདུག སྐབས་དེར་རྒྱ་རི་བློ་བཟང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་སེ་ར་དགོན་པ་ཉམས་གསོ་དང་། རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞི་འདི་ནི། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནང་གི་རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞིའི་གྲས་ཡིན་སྐོར་དང་། ལས་གཞི་འདི་ལོ་རྗེས་མའི་ཟླ་ ༣ སྔོན་ལ་ཡོངས་འགྲུབ་བྱ་རྒྱུ་ཡིན་ཚུལ། དེ་བཞིན་ཐེངས་འདིའི་ལས་གཞིའི་ཐད་མ་དངུལ་རྒྱ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་ ༤༦༠༠༠༠༠༠ ཙམ་གཏོང་འཆར་ཡོད་པ་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 5

  1. འདྲེ་སྲིན་། says:
    ལོ་ 15 སྔོན།

    ཨོ་་་་ད་ཡང་རྒྱ་མི་འདི་ཚོས་མགོ་བདེ་འཁྲབ་རྒྱུའི་གྲ་སྒྲིགས་བྱས་འདུག
    བོད་མི་ཚོའི་འདི་ལ་མགོ་མ་འཁོར་རོགས།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས་རྒྱ་རི་བློ་བཟང་བསྟན་འཛིན་མ་རེད།
    དེ་ནི་ལྕང་ར་བློ་བཟང་བསྟན་འཛིན་རེད།
    དགྱ་དམར་གྱིས་ཉམས་གསོ་བྱེད་རྒྱུར་ཁ་གཡར་ནས་རྒྱུ་ནོར་ལྷག་མ་ཏོག་ཙམ་དེ་རྐུ་འཁྱེར་བྱེད་རྒྱུའི་སེམས་བཅངས་པ་ཞིག
    དགྱ་དམར་ཀླ་ཀློས་རང་ཅག་གི་རིག་གཞུང་ལྟེ་གནས་ཉམས་གསོ་བྱེད་རྒྱུ་ནི་ནམ་མཁའི་མེ་ཏོག་དང་མཚུངས་སོ།

    Reply
  3. འཇམ་གྲགས says:
    ལོ་ 15 སྔོན།

    རྒྱ་རི་ཡིན་རྒྱུ་མ་རེད། ཕལ་ཆེར་ལྕག་རི་བློ་བཟང་བསྟན་འཛིན་ཟེར་བ་ཞིག་ཡོད། དེ་ཡིན་རྒྱུ་བསམ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་རག་ལས་པར་མཁས་མཆོག་དབྱིག་གཉེན་གྱིས།
    སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
    ལུང་དང་རྟོགས་པའི་བདག་ཉིད་དོ།།
    དེ་འཛིན་བྱེད་པ་སྨྲ་བྱེད་དང་།།
    སྒྲུབ་པར་བྱེད་པ་ཁོ་ཡིན།། ཞེས་གསུངས་པ་ལྟར་ལགས་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་དགེ་འདུན་པ་རྣམས་དམིགས་མེད་དུ་བཟོས་ནས་ལྷ་ཁང་ཁང་སྟོང་ཇི་ཙམ་བཟོས་ཀྱང་དེ་ལ་ཡ་མཚན་རྒྱུ་དང་ཧ་ལས་རྒྱུ་ཅི་ཡང་མི་འདུག

    Reply
  5. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    རྒྱ་རྒན་འདི་ཚོས་ཡང་རིགས་དངོས་རྙིང་པ་ཏོག་ཙམ་ལྷག་ཡོད་པ་དེ་དག་ཀྱང་རྐུན་འཁྱེར་བྱེད་རྒྱུའི་ངན་སེམས་ལྕང་བཞིན་ཡོད་པ་འདྲ། རྒོད་གྲོ་བ་ཞིག་ལ།
    གུང་ཁྲན་ཏང་ཡོན་འདི་ཚོས་དགོན་པ་ལ་ཉམས་གསོལ་བྱེད་ཨེ།་་་་་ཧ་ཧ་་་་ཧ་་་་་བྱུས་ངན་རང་རེད། རྒྱ་རི་་་་་ཟེར་ན་་་་་རུས་རྒྱུད་ཀྱི་མིང་ཡིན་ནམ་་་ཡང་ན་ཁྱིམ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese