མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཆུང་དུས་ནས་རྒྱལ་ཁབ་འདི་དང་སེམས་ཐག་ཉེ་པོ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་ཧང་གྷ་རིའི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ། ཕྱི་ཚེས་  ༢༡ ཉིན་འཇར་མན་གྱི་གྲོང་ཁྱེར་ཕཱ་སུའུ་རུ་ཞབས་སོར་བཀོད་ཡོད་པ་དང་། ཉིན་དེར་འཇར་མན་གྱི་གྲོང་ཁྱེར་ཧེ་སེལ་གྱི་མངའ་སྡེ་བློན་ཆེན་ཟུར་པ་ལྕམ་རོལ་ལན་ཌི་ཁོལ་ཆི་མཆོག་ནས་༸གོང་ས་མཆོག་ལ། 2010 Menschen in Europe Award  ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་གོ་སྐབས་བརླག་མི་རུང་སྐོར་དང་། ༧གོང་ས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་བྱས་ཚེ་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ། འཛམ་གླིང་སྟེང་རང་དབང་ཐོབ་ཟིན་པའི་མི་མང་ཡོངས་ཀྱིས་བོད་མི་རིགས་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད།  

སྐབས་དེར་༸གོང་ས་མཆོག་གིས་ཐེངས་འདིའི་གཟེངས་རྟགས་ཕུལ་མཁན་གྱི་གཞུང་དང་མི་མང་ལ་ཐུགས་རྗེ་ལེགས་གསོལ་དང་འབྲེལ་གསུང་བཤད་གནང་དོན། ང་རང་ཆུང་དུས་ནས་རྒྱལ་ཁབ་འདི་དང་སེམས་ཐག་ཉེ་པོ་ཡོད། ཁྱེད་རང་ཚོས་ཐལ་བའི་དཀྱིལ་ནས་རྒྱལ་ཁབ་གསར་པ་འཛུགས་བྱས་ཐུབ་ཡོད་པ་དང་། རང་ཉིད་ཀྱི་རྒྱལ་ཁབ་ལ་གཏོར་བཤིག་ཚབས་ཆེན་ཕོག་ཟིན་ནའང་དཔལ་འབྱོར་ཐོག་སྟོབས་ཆེན་དང་། མང་གཙོའི་ལམ་ལུགས་བཟང་པོ་ཞིག་སྨིན་ཐུབ་ཡོད་པ་རེད། ཡིན་ནའང་། མ་འོངས་པར་ཁྱེད་རྣམ་པས་ཤེས་ཡོན་གྱི་ལམ་ལུགས་དེ་འགྲོ་བ་མིའི་རིན་ཐང་དང་ཁྱད་ཆོས་ལྡན་པའི་ཐད་ལ་ནུས་པ་མང་ཙམ་འདོན་དགོས་པ་རེད། བཟང་སྤྱོད་ཅེས་པ་འདི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞི་བཅོལ་བ་ཞིག་མ་ཡིན་པར། ཆོས་ལུགས་རིས་མེད་ལ་གཞི་རྟེན་བྱས་ཡོད། ཅེས་དང་། བོད་མི་རྣམས་ཀྱི་ངོས་ལ་ཡིད་ཆེས་དང་ཉན་འཇོག་བྱེད་ཀྱི་ཡོད་པ་རེད། ང་རང་ལ་མཚོན་ན་མི་དཀྱུས་མ་ཞིག་ཡིན། བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཆགས་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ང་རང་མི་སྒེར་གྱི་གནད་དོན་ཞིག་ལ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་ཡོད།

ཐེངས་འདིའི་འཇར་མན་ནིའི་རྒྱལ་ཁབ་ཀྱི་༸གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཧྤེ་ཨན་ནན་དང་འཇར་མན་སྲིད་བློན་ལྕམ་ཨེན་ཇི་ལ་མར་ཁེལ། ཨི་སིརལ་གྱི་སྲིད་འཛིན་ཟུར་པ་ཤི་མོན་ཕེ་རི་སུ་བཅས་ལ་ཕུལ་ཡོད་འདུག་ལ། ཐེངས་འདིར་༸གོང་ས་མཆོག་ལ་འབུལ་བཞེས་གནང་ཡོད་པ་རེད།  

 

དེ་རིང་༸གོང་ས་མཆོག་པོ་ལན་ཌིའི་ལཱོ་ཝར་སེལ་ལར་ཤི་ཡཱ་འི་རྒྱལ་ས་ཝོར་ཁེལ་ལེ་ཝོ Wroclaw གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་རཱ་ཧྤལ་ཏྲོ་ཁེལ་རྫལ་ལགས་ཀྱིས་གདན་ཞུ་གནང་བ་ལྟར། པོ་ལན་ཌིའི་སྤྱི་ཚོགས་ལས་འགུལ་ཚོགས་པ་ Polish Social Movement  དབུ་བརྙེས་ཏེ་ལོ་ ༣༠ འཁོར་བའི་དུས་སྟེང་ཆིབས་བསྒྱུར་གྱིས་གདུང་སེམས་མཉམ་སྐྱེད་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད། དེ་བཞིན། པོ་ལན་ཌིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་མཇལ་འཕྲད་གནང་ཡོད་ཅིང་། དེ་གའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཝོར་ཁེལ་ལེ་ཝོ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་འཆར་ཡོད་འདུག

༢༠༠༨ ལོའི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་པོ་ལན་ཌིའི་གྲོང་ཁྱེར་ཝོར་ཁེལ་ལེ་ཝོ་ཡི་ཆེས་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གནང་ཡོད་ལ། དེ་ནི་འདས་པའི་ལོ་རྒྱུས་ཁྲོད་པོ་ལན་ཌི་མི་མང་གི་དཀའ་སྡུག་ཚད་མེད་མྱངས་པའི་ཉམས་མྱོང་དང་། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་རང་དབང་། མི་རིགས་ཕན་ཚུན་བར་ལ་གུས་བཀུར་དང་མཉམ་གནས་ཀྱི་རླབས་ཆེན་དགོངས་གཞི་དེ་དག་ལ་ངོས་འཛིན་བྱས་ཏེ་འབུལ་བཞེས་གནང་བ་ཞིག་ཡིན་འདུག་ལ། ཐེངས་འདི་ནི་༸གོང་ས་མཆོག་པོ་ལན་ཌི་རྒྱལ་ཁབ་དུ་ཕེབས་ཐེངས་ལྔ་བ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། དོན་གོ། 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེ་རིང་གི་དུས་བབ་དྲ་སྟེང་དུ་གཏམ་བཟང་མང་པོ་འདུག་པས་ངས་དུས་བབ་དྲ་རྒྱའི་ལས་བྱེད་ཡོང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང། དེ་མིན་རིནཔོ་ཆེ་རྣམས་པ་གཉིས་ལ་གཟེངས་རྟགས་ཐོག་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་དེ་མིན་ནད་གཞིས་རྐྱེན་བྱས་ནས་འདས་གྲོང་སུ་སོང་བའི་སློབ་ཕྲུག་དེའི་ཕ་མ་སྤུན་མཆེད་དང་མཉེན་ཉེ་དུ་ཡོང་ལ་ཐུགས་གསོའི་མཚམས་འདྲི་ཞུ་རྒྱུ་ཡིན། འདས་གྲོངས་སུ་སོང་བའི་སློབ་མ་དེའི་ཚེ་རབས་ཐོག་མ་མེད་པ་ནས་བསག་པའི་སྡིག་སྒྲིབ་ཐམས་ཅད་སྦྱང་ནས་སྤྱན་རས་གཟིགས་ཀྱི་ཞིང་ལ་སྐྱེ་བར་སྨོན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese