མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་རིའི་བུ་མོའི་གླེང་སྟེཊ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ཉིན་༼ སྐབས་བཞི་བའི་གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས ༽ ཞུ་བ་དེ་ཁྲིན་ཏུའུ་གྲོང་ཁྱེར་དར་མདོའི་གསོལ་ཚིགས་ཁང་དུ་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་རིག་འཛིན་བརྟན་སྲུང༌དང་སི་ཁྲོན་བོད་ཡིག་སློབ་གྲྭའི་དགེ་རྒན་བསོད་ནམས་སྟོབས་རྒྱལ། བྱམས་བུད་མེད་ཚོགས་པའི་ཚོགས་མི་བཀྲ་ཤིས་ལྷ་མོ་དང་ལྷ་མོ་མཚོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གཡུ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཁ་བ་ལྷ་མོ། མཚོ་སྔོན་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བོད་གཞུག་སྐྱིད། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དཔལ་མོ་རྒྱལ་དང་སྒྲོལ་དཀར་སྐྱིད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བྱང་ཆུབ་སྒྲོལ་མ། གངས་རིའི་བུ་མོའི་རྩོམ་སྒྲིག་པ་ཨུར་སྐྱིད། ཁམས་སྐད་བརྙན་འཕྲིན་ཁང་གི་དབང་ཆེན་ལྷ་མོ་བཅས་ཞུགས་ཡོད་འདུག་ལ། གཞན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྐོར་ཞིག་བཅས་ཁྱོན་ཚོགས་ཞུགས་མི་སྣ་ ༩༠ ཙམ་ཡོད་འདུག

 

ཚོགས་འདུའི་ཐོག་མར་གཙོ་སྐྱོང་བ་མགོན་པོ་སྐྱིད་ཀྱིས་གངས་རིའི་བུ་མོའི་གླེང་སྟེགས་སྐབས་རིམ་པ་སྤྱི་ཡོང་ནས་ངོ་སྤྲོད་དང་། ཐེངས་འདིའི་གླེང་སྟེགས་ཀྱི་དགོས་དམིགས་དང་ཁ་ཕྱོགས་གསལ་བཤད་དང་སྦྲགས། ལོ་རབས་བརྒྱད་ཅུ་ཚུན་ལ་སྒེར་དང་གཞུང་གི་དུས་དེབ་གང་འདྲ་ཞིག་ཡིན་རུང་། སྔོན་དང་བསྡུར་ན་བུད་མེད་རྩོམ་པ་པོ་ཇེ་ཅུང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཞིག་མངོན་གྱི་ཡོད་སྟབས། ང་ཚོས་བུད་མེད་སྨྱུག་ཐོགས་པ་བསྐྱེད་བསྲིང་བྱེད་སའི་གངས་རིའི་བུ་མོ་ཞེས་པའི་སྐྱེས་མའི་ཆེད་དེབ་ཅིག་གཉེར་བ་ཡིན་མོད། འོན་ཀྱང་སློབ་ཆེན་བུ་མོ་དང་ཞིབ་འཇུག་སློབ་མ་ཚོས་ངོས་ནས་ཁ་ཡོད་ལག་ཡོད་ཀྱིས་དེབ་འདི་ལ་རྩོམ་ཡིག་གི་རྒྱབ་སྐྱོར་བྱེད་མཁན་ཤིན་ཏུ་དཀོན་པོ་ཞིག་ཆགས་འདུག དེར་བརྟེན། ང་ཚོས་ཡང་བསྐྱར་བུད་མེད་སྨྱུག་ཐོགས་པའི་བསམ་བློ་བསྐྱེད་བསྲིང་དང་འདུ་ཤེས་གསོ་སྐྱོང་བྱེད་སའི་རྩོམ་རིག་གླེང་སྟེགས་འདི་བསྒྲུབ་པ་ཡིན། ཞེས་ངོ་སྤྲོད་གནང་ཡོད་འདུག

 

གླེང་སྟེགས་དངོས་གཞིའི་སྐབས་ཀྱི་གཏམ་གླེང་སྐབས། བུད་མེད་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་སྟབས་ཕོ་མོ་འདྲ་མཉམ་ཡོང་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་བས་གལ་ཆེན་ཡིན་པ། བུད་མེད་ཀྱི་རྩོམ་རིག་དང་བུད་མེད་ཀྱི་འགན་འཁྲི། སྙིང་སྟོབས། ཤེས་ཡོན་སོགས་ངོས་ཟིན་གསལ་བོ་དགོས་པའི་སྐོར་སོགས་བརྗོད་ཡོད་འདུག གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས་སྐབས་དང་བོ་གཙོས་བོད་རིགས་སློབ་འབྲིང་ནས་ཚོགས་པ་དང༌། སྐབས་གཉིས་པ་མཚོ་སྔོན་མི་རིགས་སློབ་ཆེན། སྐབས་གསུམ་པ་ནུབ་བྱང་མི་རིགས་སློབ་ཆེན། ཐེངས་འདིའི་སྐབས་བཞི་བ་ཁྲིན་ཏུའུ་བཅས་སུ་ཚོགས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 6

  1. སྤང་ཏོག says:
    ལོ་ 16 སྔོན།

    གནས་ཚུལ་འདི་ཐོག་མར་བཀོད་མཁན་བོད་ནང་གི་ན་གཞོན་གསར་བའི་དྲ་ཚིགས་རེད་སྙམ། འདིར་རྩོམ་གྱི་ནང་དོན་དང་པར་བཅས་ཚང་མ་ཇི་མ་ཇི་བཞིན་བཀོད་ཡོད་ཀྱང་། གཞན་ལས་དྲངས་པའི་ཚིག་གཅིག་ཀྱང་མེད་པར་སོ་སོའི་མིང་ཆེན་པོ་ཞིག་བྲིས་འདུག འདི་དུས་བབ་ཚང་གི་ལུགས་སྲོལ་ཡིན་ནམ། སྔོན་མའང་དེ་འདྲའི་གནས་ཚུལ་ཁ་ཤས་མཐོང་སོང༌།

    Reply
  2. ནཱ་གྷཱ་རཀྵ། says:
    ལོ་ 16 སྔོན།

    བོད་ཀྱི་སྤྱི་ཚོགས་ནང་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་པ་ཧ་ཅང་གལ་ཆེན་རེད། བུད་མེད་ཀྱི་ཐོབ་ཐང་རྩོད་པའི་བུད་མེད་དག་ལ་སྐྱེས་པ་ཚོས་ངེས་པར་དུ་རམ་འདེགས་བྱ་དགོས། སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་དགོས་ན་བུད་མེད་ཀྱི་ཐོབ་ཐང་ཨང་དང་པོའི་གྲས་ལ་བརྩི་དགོས་པར་སེམས། བུད་མེད་ཀྱི་ཐོབ་ཐང་མེད་པའི་སྤྱི་ཚོགས་ནི་བྱ་རྒོད་གཤོག་ཆད་ཞིག་དང་གཅིག་འདྲ་ཡིན། བོད་ཀྱི་བུད་མེད་རྒྱལ་ལོ།

    Reply
  3. རྐང་གསུམ། says:
    ལོ་ 16 སྔོན།

    དཔྱད་གཏམ་པའི་སྐད་ཆ་ལ་ལན་གྱིས་ཚུལ་དུ་བཤད་ན། བུད་མེད་ཀྱི་ཐོབ་ཐང་ཇི་ལྟར་རྩོད་མི་དགོས་པ་ཞིག་རེད། བུད་མེད་ཀྱི་ཐོབ་ཐང་ངེས་པར་དུ་རྩོད་དགོས། བུད་མེད་ཅིག་ཡིན་ན་ངེས་པར་དུ་བུད་མེད་ཀྱི་ཐོབ་ཐང་ལས་རྙེད་པའི་ནད་ཟུག་ཡོད་ཚད། དེ་རིང་ནས་བཟུང་ཤུགས་ཆེ་རུ་གཏོང་དགོས། བུད་མེད་ཀྱི་ཐོབ་ཐང་བརྩད་ན་ཅི་ཕྱིར་ལག་ཏུ་ཐོབ་ཡོང་རྒྱུ་མེད་པ་ཞིག་རེད། ཧ་ཅང་ཁྱེད་རང་ནོར་སོང་། བུད་མེད་ཀྱི་ཐོབ་ཐང་བརྩད་ན་ལག་ཏུ་ཐོབ་རྒྱུ་ཡོད་ནི་རེད། བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་གྱི་བུད་མེད་ཅིག་ཡིན་ན། རང་གི་ལས་དབང་གླེང་བའི་ཆེད་རྩོམ་དང་དཔྱད་གཏམ་རང་བཞིན་ཅན་གྱི་རྩོམ་ཡིག་གི་རིགས་དེ་དག་ལས་རྙེད་པའི་བུད་མེད་ཀྱི་བདེན་དོན་དང་གནས་ལུགས་ཡོད་ཚད། བུད་མེད་ཀྱི་ཐོབ་ཐང་བརྩད་ནས་ལག་ཏུ་རྙེད་པའི་བུད་མེད་ཀྱི་རིག་གནས་ཤིག་རེད། འདི་དག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་འདོར་ལེན་རང་བཞིན་འོག་གི་རིག་གནས་ཤིག་ཡིན་པ་ཡང་། བུད་མེད་ཀྱི་ཐོབ་ཐང་བརྩད་ནས་འུ་ཚོའི་ལག་ཐོག་ཏུ་རྙེད་པ་ཞིག་ཡིན་པ་མ་ཟད། བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་པ་དང་བརྩད་ན་ལག་ཏུ་ཐོབ་རྒྱུ་ཞིག་ཡོད་པའི་མངོན་རྟགས་ཀྱང་བུད་མེད་ཀྱི་ཐོབ་ཐང་བརྩན་ནས་འུ་ཚོར་སྔོན་བརྡ་བཏང་བ་ཞིག་མ་རེད་དམ།

    Reply
  4. རྐང་གསུམ། says:
    ལོ་ 16 སྔོན།

    ང་ཚོ་ལ་འཛམ་གླིང་ས་སྒང་འདིའི་སྒལ་ཚིགས་མ་འཐོར་བར་དུ་ཅིས་ཀྱང་དགོས་པ་ནི་བུད་མེད་ཡིན་པ་མ་ཟད། བུད་མེད་སྙུག་འཛིན་པ་དེ་ལས་ཧ་ཅང་མཁོ། བུད་མེད་ནི་བཟང་སྤྱོད་སྣེ་འཛིན་གྱི་ཨ་མ་དང་། འཇིག་རྟེན་སྒྱུར་བཀོད་ཀྱི་སྒྲོལ་མེ། གཤིས་རྒྱུད་གཞུང་དྲང་གི་མི་གཞིའི་སྣེ་ཁྲིད་པ།

    ལྷག་པར་དུ་གངས་མིའི་བུ་མོ་ནི་ང་ཚོའི་མི་རིགས་ལ་མཚོན་ན་ཧ་ཅང་དགོས་གལ་ཆེ་མ་མ་ཟད། ང་ཚོས་ཁོ་མོ་དག་གི་ལས་དབང་ལ་བསམ་བློ་བཏང་ནས། ལམ་སྣེ་གསར་བ་ཞིག་དང་། མདུན་ལྗོངས་གསར་བ་ཞིག་གི་ལམ་ཁར་ཁྲིད་ཐུབ་པར་བྱེད་དགོས་པ་ནི། ད་ལྟའི་གངས་ཅན་ཕ་དམ་པ་དག་གི་འོས་འགན་ཉིད་ཅིག་རེད། དེ་བས་ན་སི་ཁྲོན་མི་རིགས་སློབ་གླིང་གི་དགེན་རིག་འཛིན་བརྟན་སྲུང་དང་། སི་ཁྲོན་བོད་ཡིག་སློབ་གྲྭའི་དགེན་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་རང་ཉིད་ཀྱི་འོས་འགན་ཕྲག་ཏུ་བླངས་ནས་སྐབས་བཞི་བའི་གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས་ལ་ཚོགས་ཞུགས་བྱས་པའི་འོག གངས་ཅན་བུ་མོའི་སྣེ་ཁྲིད་ཀྱི་ལམ་ལ་ཞུགས་པ་ནི་གངས་ཅན་ཕ་ལོ་ཡིན་པའི་ལས་འགན་རང་ཐོག་ནས་འགོ་རྩོམ་པ་ཡིན་པས། ཁྱེད་དགེ་རྒན་གཉིས་ལ་གུས་པ་རྐང་གསུམ་གྱིས་རྒྱང་རིང་རྒྱང་རིང་ཞིག་ཐུགས་རྗེ་ཆེ་དང་། བཀྲ་ཤིས་བདེ་ལགས་ཞུ་བཞིན་ཡོད། བཀའ་དྲིན་ཆེ།

    Reply
  5. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ཁྱད་མཚར་རྩོམ་རིག་གླེང་སྟེགས་ཟེར་བ་དེ་ལྟར་ཡང་དོན་དུ་བུད་མེད་ཀྱི་ཁེ་དབང་བསྐོར་རྩོད་བཞིན་པ་ཡིན་ན་ངོ་མ་ངི་བྲོ་བ་རེད་དེ་གལ་སྲིད་བོད་ཀྱི་ཐུན་མིན་རིག་གཞུང་བསམ་པ་ཡིན་ན་སྙིང་དབུས་ན་དགའ་བསུ་ཞུ་གངས་རིའི་བུ་མོ་ཚོ།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ གོང་གི་གསར་འགྱུར་འདིའི་ཐད་དཔྱད་གཏམ་པས་སྐད་ཆ་འདི་ལྟར་བཤད ༽
    མི་ལ་ལས་འདི་འདྲའི་ཚོགས་འདུའི་སྟེང་དུ་བུད་མེད་ཚོས་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་སྐོར་བཤད་ཅིང་། ལ་ལས་སྤྱི་ཚོགས་ཁྲོད་སྲོལ་རྒྱུན་གྱི་ཕོ་མོ་འདྲ་མཉམ་མིན་པའི་གོམས་སྲོལ་ངན་པའི་འཆིང་རྒྱ་ཤུགས་ཆེ་རབས་བཤད། འོན་ཀྱང་ངའི་བསམ་ཚུལ་ཡིན་ན། བུད་མེད་ཀྱི་ཐོབ་ཐང་ནི་རྩོད་དགོས་པ་ཞིག་མིན་པར་འདྲ་ལ། བརྩད་ན་ཐོབ་ཡོང་རྒྱུ་ཞིག་ཀྱང་མེད་པར་སྙམ། ལྷག་པར་སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ་ཞིག་ལ་མཚོན་ན། རང་གི་འཇོན་ཐང་དང་ནུས་པའི་ཐོག་ནས་ཐོབ་ཐང་མཚོན་ཐུབ་དགོས་པ་རེད་སྙམ། རྒྱུ་མཚན་ནི། བོད་ཀྱི་འདས་པའི་ལོ་རྒྱུས་ཐོག མ་ཅིག་ལབ་ཀྱི་སྒྲོན་མེ་ལྟ་བུའི་བུད་མེད་བསམ་བློ་བ་དང་། འགྲོ་བཟའ་ཁྲི་མ་ལཱོད་ལྟ་བུའི་སྲིད་དོན་མཁས་པ་འཁྲུངས་ཐུབ་པར་བརྟག་ན། ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཇི་འདྲ་ཡིན་རུང༌། གཙོ་བོ་རང་གི་འབད་བརྩོན་གྱི་སྙིང་སྟོབས་དང་འགྱུར་མེད་ཀྱི་སྤོབས་པའི་ངར་ཤུགས་ལྡན་ན། སྐྱེས་པ་ལས་ལྷག་པ་ཡོང་ཐུབ་ཅིང་། དེ་བས་གཙོ་བོ་སྐྱེས་མ་ཚོས་རང་རང་གི་ཐད་ནས་བྱ་བ་ཆུང་ཙག་ལ་འབད་པ་བྱེད་རྒྱུར་རེ་བ་བཏོན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese