མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤང་རི་སྣ་རིན་པོ་ཆེ་དང་སྒྲོལ་མ་སྐྱབས་ཆུ་ཤུར་བཙོན་ཁང་དུ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་སྔ་དྲོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་ཉེ་ཆར་ཁོང་གི་བཙོན་གྲོགས་ཤིག་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁག་ཅིག་ངོ་སྤྲོད་གནང་ཡོད་ལ། སྐབས་དེར་སྤང་རི་སྣ་རིན་པོ་ཆེ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་ཀྱི་གཟུགས་པོ་བདེ་ཐང་མིན་པ་དང་ད་ལྟའི་གནས་སྟངས་ཛ་དྲག་རེད་ཟེར།
གསར་འགོད་གསལ་བསྒྲགས་སྐབས་ལྷ་མོ་སྐྱབས་ཀྱིས་གསུངས་དོན། ཉེ་ཆར་རང་ངའི་བཙོན་ཁང་གི་ཆབ་སྲིད་བཙོན་གྲོགས་ཤིག་ཕྱི་ལོགས་སུ་བསླེབས་ཡོད་པ་དང་འབྲེལ་བ་བྱུང་སྟེ་ཤེས་རྟོགས་བྱུང་བ་ལྟར་ན། སྤང་རི་སྣ་རིན་པོ་ཆེ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་ད་ལྟ་ཆུ་ཤུར་བཙོན་ཁང་དུ་བཅུག་འདུག་ལ། ཁོང་གཉིས་ཀྱི་གཟུགས་པོ་བདེ་ཐང་མིན་པ་དང་གནས་ཚུལ་ཛ་དྲག་རེད། འབྲེལ་ཡོད་མི་སྣ་དེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ད་ལྟ་ཆུ་ཤུར་བཙོན་ཁང་གི་ཡན་ལག་དང་པོའི་ནང་དུ་འདུག་ཟེར་ལ། གལ་སྲིད་ཁོང་ཡན་ལག་དང་པོའི་ནང་དུ་ཡོད་པར་ཕྱིར་འདང་བརྒྱབ་ཚེ། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཡན་ལག་གསུམ་པའི་ནང་ནས་ཕར་ཡན་ལག་དང་པོར་ཁྲིད་ཕྱིན་པ་རེད་ལ། ད་ལྟའི་བར་ཡན་ལག་དང་པོར་ལྷག་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེར་བརྟེན་བོད་ནས་བཤད་མཁན་གྱིས་སྒྲོལ་མ་སྐྱབས་ཀྱི་ད་ལྟའི་གཟུགས་པོའི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཡིན་པར་མ་ཟད། ཁོང་གཞུག་ཕྱོགས་མི་ཐང་པོ་ཞིག་བྱས་ཏེ་ཕྱིར་གློད་གྲོལ་འཐོབ་རྒྱུའི་རེ་བ་ཁག་པོ་རེད་གསུང་གི་འདུག་ལ། ང་རང་ཉིད་ཀྱི་ངོས་ནས་ཀྱང་ཧ་ཅང་གི་སེམས་འཚབ་བྱུང་ཞེས་གསུངས།
ཡང་ཁོང་གིས་སྤང་རི་སྣ་རིན་པོ་ཆེའི་སྐོར་གསུངས་དོན། སྤང་རི་སྣ་རིན་པོ་ཆེ་ཁོང་ ༢༠༡༠ ལོའི་ཟླ་ ༣ བར་དུ་ཡན་ལག་ཁང་དང་པོའི་ནང་དུ་བཅུག་བསྡད་པ་རེད་ལ། ཕར་ཡན་ལག་དང་པོར་ཁྲིད་སྐབས་ ༢༠༠༨ ལོའི་ཟླ་ ༡༡ ནང་ཡིན། དེར་བརྟེན་ཁོང་ལོ་གཅིག་དང་ཟླ་བཞི་ཡས་མས་རིང་ཡན་ལག་དང་པོའི་ནང་དུ་བཅུག་ཡོད། ད་ལྟ་ཁོང་ཕྱིར་ཡན་ལག་ཁང་གསུམ་པའི་ཁང་མིག་ ༡༡ ནང་བསླེབས་ཡོད་ཀྱང་། ཟླ་གསུམ་རིང་ཕྱི་ལ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སྟེ་བཅུག་ཡོད་ཐོག ཁོང་གི་ད་ལྟའི་སྐུའི་གནས་བབ་ཀྱང་ཧ་ཅང་ཛ་དྲག་དང་བདེ་ཐང་མི་འདུག་ཅེས་ཟེར། དེ་ལྟར་ཁོང་ལ་བོད་ནས་འགྲེལ་བརྗོད་གནང་མཁན་གྱིས་སྤང་རི་སྣ་རིན་པོ་ཆེ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་ཀྱི་ད་ལྟའི་གནས་སྟངས་ཛ་དྲག་དང་སྐུ་གཟུགས་བདེ་ཐང་མིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
སྤྱིར་བཙོན་ཁང་གི་གཏན་འབེབས་ལྟར་ན། ཡན་ལག་ཁང་དང་པོའི་ནང་མང་ན་ཟླ་ ༣ ལྷག་ལ་བཀག་ཉར་བྱེད་ཆོག་གི་མེད་ཀྱང་། རྒྱ་ནག་གིས་ཆབ་སྲིད་བཙོན་པ་རྣམས་ལ་ཟླ་དང་ལོ་མཐུད་དེ་བཀག་ཉར་དང་། བཙོན་འཇུག་མནར་གཅོད་གཏོང་བཞིན་ཡོད་འདུག
ཡང་ཁོང་གིས་ད་ལྟ་ཆུ་ཤུར་བཙོན་ཁང་གི་ཡན་ལག་གསུམ་པའི་ཁང་མིག་ ༡༣ ནང་དུ་ ༢༠༠༨ ལོའི་བཙོན་མ་ཁ་ཤས་བསླེབས་འདུག དེའི་ནང་དུ་ཁམས་མཛོ་སྒང་གི་འཕྲིན་ལས་དངོས་གྲུབ་འབོད་པ་དང་ཁོའི་གྲོགས་པོ་ཞིག་ལ་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཆད་དང་། འཕྲིན་ལས་དངོས་གྲུབ་ཀྱི་སྤུན་ཉེ་ཞིག་བཙོན་ཁང་གི་བཀག་ཉར་ཁང་ནང་རྐྱེན་ལམ་དུ་ཕྱིན་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
གཞན་ཡང་སོག་རྫོང་གི་མི་གཅིག་དང་དིང་རི་ནས་ཡིན་པའི་ཐུབ་བསྟན་དངོས་གྲུབ་ཟེར་བ་ཞིག་འདུག་ལ། ཐུབ་བསྟན་དངོས་གྲུབ་མཉམ་དུ་མི་ ༡༠ ཙམ་འཇུས་པ་ལས་གསུམ་གློད་གྲོལ་བཏང་བ་དང་། ཐུབ་བསྟན་དངོས་གྲུབ་དང་གཞན་ཞིག་ལ་ལོ་ ༡༢ རེའི་ཁྲིམས་ཐག་བཅད་འདུག གཞན་རྣམས་ལའང་ཁྲིམས་ཐག་བཅད་འདུག་ཀྱང་། ལོ་ཚད་གསལ་བོ་ཤེས་རྟོགས་ཐུབ་མེད་ཅེས་གསུངས།
ཁོང་གིས་གསར་འགོད་གསལ་བསྒྲགས་འདི་བརྒྱུད་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་སྤང་རི་སྣ་རིན་པོ་ཆེ་རྣམ་གཉིས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཡོང་ཆེད་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འབོད་སྐུལ་ཞུ་གི་ཡོད་ལ། ཁོང་རྣམ་གཉིས་ཀྱི་སྐུ་གཟུགས་བདེ་ཐང་མིན་པ་དང་། མུ་མཐུད་ཚད་ལས་བརྒལ་བའི་མནར་གཅོད་མྱོང་བཞིན་ཡོད་སྟབས་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་ཡོད།
ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ནི་ ༢༠༠༨ ལོའི་ཟླ་ ༥ ཚེས་ ༡༣ ཉིན་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་སྲུང་མི་སྣས་འཇུས་ཏེ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༣ ཧྲིལ་བོར་དུས་བཀག་བཙོན་འཇུག་དང་ལོ་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་སྟེ་ཆུ་ཤར་བཙོན་ཁང་དུ་བསྐྱལ། ཆུ་ཤུར་བཙོན་ཁང་དུ་བཙོན་ཁུལ་བཞི་ཡོད་པ་ལས་བཙོན་ཁུལ་དང་པོ་ནི་ཆབ་སྲིད་བཙོན་པ་རང་ལ་བསམ་བློ་བསྒྱུར་བཀོལ་གཏོང་ས་ཡིན་ལ། བཙོན་ཁུལ་དེར་ཡན་ལག་གསུམ་ཡོད་པ་ལས་ཡན་ལག་དང་པོར་ཁང་མིག་ ༡༧ ཡོད། ཁང་མིག་དེ་དག་ལ་སྒེའུ་ཁུང་སོགས་གང་ཡང་མེད་པར་ནག་ཁུང་ཡིན་པར་མ་ཟད། མཐོ་ཚད་དམའ་བ་དང་། དགུན་དུས་གྲང་ངར་ཆེ་ཞིང་དབྱར་དུས་བརླན་བཤེར་སོགས་རྒྱུན་མི་ཆད་པར་འབབ་པས་མཁའ་དབུགས་ཕྱི་རུ་གཏོང་ས་མེད་པ་སོགས་ཆབ་སྲིད་བཙོན་པ་མང་བོ་ཞིག་གི་གཟུགས་པོ་འཕྲོ་བརླག་ཏུ་གཏོང་གི་ཡོད་འདུག ལྷ་མོ་སྐྱབས་ཁོང་དེ་རུ་ཟླ་ ༦ རིང་བཀག་ཉར་བྱས་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་གི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་ཀྱིས། ཆུ་ཤར་བཙོན་ཁང་ནི་བོད་ནང་གི་ཆབ་སྲིད་བཙོན་པ་མང་ཤོས་ཀྱི་བཙོན་ཁང་ཞིག་ཡིན་ལ། ལྷ་མོ་སྐྱབས་ཀྱིས་ཁོང་རང་ཉིད་བཙོན་ཁང་དེར་བཅུག་མྱོང་བའི་ཉམས་མྱོང་གི་སྟེང་ནས། སྤང་རི་སྣ་རིན་པོ་ཆེའི་སྐུའི་གནས་སྟངས་ཛ་དྲག་རེད་ཟེར་བ་དང་། ཁོང་ཡན་ལག་ཁང་དང་པོའི་ནང་དུ་བཅུག་ཟེར་དོན། ཉི་འོད་མིག་གིས་མི་མཐོང་བའི་དམ་དྲག་ཁང་ནང་བཅུག་པར་གོ་དགོས། རྒྱ་ནག་གི་ཁྲིམས་ཀྱི་འགྲོ་སྟངས་ལྟར་ན། དམ་དྲག་ཁང་ནང་ཟླ་གསུམ་ལས་བཅུག་མི་ཆོག་ཀྱང་སྤང་རི་སྣ་རིན་པོ་ཆེ་ལོ་གཅིག་ལྷག་ལ་བཅུག་པ་རེད། དེར་བརྟེན་ང་ཚོ་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་སྤང་རི་སྣ་རིན་པོ་ཆེ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་བློ་འཚབ་ཆེན་པོ་བྱེད་ཀྱིན་པ་དང་། དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ཁོང་ཚོའི་གནས་སྟངས་གང་མགྱོགས་སྒོས་ཇེ་ཡག་ཏུ་འགྲོ་བ་དང་། ཁོང་ཚོར་རང་དབང་འཐོབ་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ཡང་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་གསར་འགོད་པས་བཅར་འདྲི་བྱས་པ་ལྟར། བཙོན་ཁང་གི་གནས་སྟངས་ཐུང་ངུ་ཞིག་འགྲེལ་དོན། ཆབ་སྲིད་བཙོན་པ་རྣམས་ཀྱིས་ནམ་རྒྱུན་ལྐོག་ནས་སྐད་ཆ་བཤད་པ་དང་། ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཀྱིན་པ་ཤེས་རྟོགས་བྱུང་ཚེ་ལམ་སེང་ཉེན་རྟོག་པས་སྐད་བཏང་སྟེ་འདྲི་བརྩད་བྱེད་གི་རེད། ང་ཚོར་ཁང་མིག་རེར་ཉེས་དོན་ཉེས་བསགས་པ་ ༼ བཙོན་པ། ༽ གཉིས་རེར་ལྟ་རྟོག་བྱེད་དུ་བཅུག་ཡོད་ལ། ནང་དུ་ལྟ་ཉན་འཕྲུལ་ཆས་བཞག་ཡོད་སྟབས་བཙོན་མ་རྣམས་ཀྱིས་ཕན་ཚུན་ལ་སྐད་ཆ་ཉུང་ངུ་ཞིག་བཤད་ཀྱང་ལྐོག་ནས་སྐྲག་ཞོར་འདར་ཞོར་དུ་བཤད་ཀྱིན་ཡོད་པས་བཙོན་ཁང་གཅིག་གི་ནང་དུ་ཡོད་ཀྱང་ཕན་ཚུན་གྱི་གནས་སྟངས་ཤེས་ཀྱི་མེད་ཟེར། དེ་ནི་ཉེས་དོན་བཙོན་མ་དང་ཆབ་སྲིད་བཙོན་མའི་བར་ལ་ལྟ་རྟོག་བྱེད་སྟངས་ཀྱི་ཁྱད་པར་ཡིན་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 8

  1. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    སྤང་རི་སྣ་རིན་པོ་ཆེ་ཟེར་བ་དེང་སང་གི་མིང་རེད། སྔ་དུས་བུ་རམ་སྣ་དགོན་པ་དང་བུ་རམ་སྣ་རིན་པོ་ཆེ་ཟེར། དེ་ནི་སྔ་དུས་ཀྱི་ཐ་སྙད་མང་པོ་ཞིག་འགྲེལ་བཤད་ཡག་པོ་ཡོང་ཆེད་སྒྲ་འདྲ་པོ་དེ་འདྲར་འགྱུརབ་གཏོང་བཞིན་ཡོད་པའི་དཔེ་མཚོན་ཞིག་རེད།
    གང་ལྟར་སྤང་རི་འཇིགས་མེད་བསྟན་འཛིན་ཉི་མ་ཟེར་བ་དེ་དཀར་མཛེས་ཀྱི་སྤང་རི་སྣ་རིན་པོ་ཆེ་ཡིན་རྒྱུ་མ་རེད་སྙམ། ཁོང་དཀར་མཛེས་ནས་འཛིན་བཟུང་བྱས་པས་རང་སྐྱོང་ལྗོངས་ནང་ག་རེ་བྱས་ནས་ཁྲིད་ཡོང་བ་རེད། དེང་སང་རྒྱ་ནག་གི་ལམ་ལུགས་ལྟར་ན། གལ་སྲིད་བོད་རང་སྐྱོང་ལྗོངས་ས་ཁུལ་དུ་ནག་ཉེས་བསགས་ཡོད་ན་ལས་སི་ཁྲོན་གྱི་མི་ཞིག་ལྷ་སའི་བཙོན་ཁང་དུ་གཏོང་སྲོལ་མེད་པ་རེད།

    Reply
  2. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ངས་བལྟས་ན་སྔོན་མ་ལྷ་སར་རྒྱ་མཚོ་དྭ་ཕྲུག་སློབ་གྲྭའི་བདག་པོ་བང་རི་རིན་པོ་ཆེ་དང་སྤང་རི་སྣ་རིན་པོ་ཆེ་གཉིས་ནོར་བ་ཡིན་རྒྱུ་རེད་སྙམ།
    གང་ལགས་ཤེ་ན་སྤང་རི་སྣ་རིན་པོ་ཆེ་ ༢༠༠༨ ལོར་དཀར་མཛེས་ནས་བཟུང་བ་དང་དེ་རྗེས་ཁྲིམས་ཐག་བཅད་རྗེས་སི་ཁྲོན་ཕྱོགས་སུ་ཁྲིད་སོང་བ་རེད་ལ་ཆུ་ཤུར་དུ་ཁྲིད་ཡོད་སྐོར་རྩ་བ་ནས་ཤེས་ཀྱི་མེད། བང་རི་རིན་པོ་ཆེ་སྔོན་མ་ནས་ཆུ་ཤུར་ཕྱོགས་སུ་ཡོད་རེད། གནས་ཚུལ་ཡོང་ཁུངས་ལ་བསྐྱར་འདྲི་གནང་ན་ཡག་པོ་ཡོད་པར་མཐོང་།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲི་བ་དྲིས་པ་བཟང་གི
    ངས་ཀྱང་ཁ་སང་རིན་པོ་ཆེ་ཁོང་གི་མཚན་ལ་གནས་ཚུལ་ཡོང་ཁུངས་གཉིས་ཀྱི་སྟེང་ནས་གཤིབ་བསྡུར་བྱེད་དགོས་བྱུང་། དེ་སྔོན་སྤྱི་འཐུས་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་ཀྱིས་མཁོ་སྤྲོད་གནང་བའི་གསར་གནས་ཤིག་ཏུ་སྤང་རི་སྣ་རིན་པོ་ཆེ་ཞེས་བྲིས་འདུག་ལ། ཁ་སང་གི་གསར་གནས་མཁོ་སྤྲོད་པས་སྤང་རི་རིན་པོ་ཆེ་ཞེས་བྲིས་འདུག
    མཇུག་མཐར་ངས་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་མཁོ་སྤྲོད་གནང་བའི་གསར་གནས་ཀྱི་མཚན་དེར་གཞི་བཅོལ་བ་ཡིན། ཇི་ལྟར་བཤད་རུང་དགེ་བཤེས་ཁོང་རིན་པོ་ཆེ་ཁོང་ལ་རྒྱུས་མངའ་ཡོད་རྒྱུ་རེད་ལ། མཚན་ཡང་ཁོང་གིས་གསལ་བོ་ཤེས་ཀྱི་རེད་སྙམ་པས་ཡིན།
    གལ་སྲིད་དེ་ཡང་ནོར་འདུག་པ་ཡིན་ཚེ་གསར་འགོད་པ་སྒེར་ངོས་ནས་འབྲེལ་ཡོད་ཡོངས་ལ་དགོངས་དག་ཞུ་བ་དང་མཉམ་དུ། སུས་མཚན་ངོ་མ་ཤེས་ན་འདིར་གསུངས་དང་ཚགས་ཤོག་ནང་འགོད་ནོར་ཐེབས་གི་མ་རེད། དེ་དོན་དགོངས་འཇགས་ཞུ།
    གུས་བཅས། ཨ་རིག་གླེན་པས།

    Reply
  4. ནཱ་གྷཱ་རཀྵ། says:
    ལོ་ 16 སྔོན།

    ཆུ་ཤུར་མ་ཡིན་པར་ཆུ་ཤུལ་ཟེར་བ་རེད་བསམ། དཔྱད་པར་ཚལ།

    Reply
  5. ནཱ་གྷཱ་རཀྵ། says:
    ལོ་ 16 སྔོན།

    སྤང་རི་སྣ་རིན་པོ་ཆེ་ཟེར་བ་རེད་དམ་འབུངས་རི་རིན་པོ་ཆེ་ཟེར་བ་རེད། གསར་འགོད་པ་ཨ་རིག་འགྱུར་མེད་ལགས་ཀྱིས་ཞིབ་བལྟ་ཞིག་བྱེད་རོགས།

    Reply
  6. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    དྲན་པར་འོས་པའི་མི་བུ་ཁོ་ཚོལྕགས་སྒྲོག་གི་སུག་དབར་ན་ཡོད་ཀྱང་། དོན་དམ་ཁོ་ཚོ་ནི་ནམ་ཡང་རྒྱལ་ཁའི་མི་བུ་ཡིན།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཁོ་བ་ཚོའི་ལུས་སྡུག་མྱོང་། ་གཞན་དག་གིས་སྡུག་སྐད་རེ་ཕྱོགས་ཀུན་ལ་རྒྱབ། ད་ལས་དབང་ལ་ཁག་བཞགས་ནས་རང་སེམས་གསོ་ཐབས་རེ་བྱེད།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    སྒྲོལ་མ་སྐྱབས་ཀྱི་སྐོར་ལ་ཞིབ་འཇུག་ཡག་པོ་ཞིག་བྱ་ཐུབ་ན་ཅི་མ་རུང་།
    ཁོང་ནི་དུས་རབས་གསར་བའི་མཁས་དབང་དགེ་ཆོས་དེ་ཡིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese