མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙང་ཁའི་བུ་ལགས། ང་ཚོ་དྲུད་དེ་ཚར་གྲབས་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

སེམས་སྐྱ་མོ་དྲུད་དེ་གང་སར་གཡུགས།།
ལུས་འདོམ་བཀང་དྲུད་དེ་གང་སར་འབྱོར།།
ལུས་ཕྱི་ནང་ཁ་ཁར་དྲུད་ཐེངས་རེར།།
སེམས་འདི་ཡིས་དྲུད་སྟངས་བཤད་མི་ཚར།།

མཐོ་དཔོན་པོ་མིང་གྱིས་དྲུད་དེ་འགྲོ།
དམའ་འབངས་མི་སྒོར་གྱིས་དྲུད་ནས་ཚར།།
བར་ལྷ་ཀླུ་གཉན་གསུམ་ལྟོགས་ཀྱིས་དྲུད།།
དྲུད་དྲུད་པའི་མཐའ་མ་བྱེས་སུ་བཅར།།

བོད་གཞིས་ལུས་མི་སེར་རྒྱ་ཡིས་དྲུད།།
བྱེས་བཙན་བྱོལ་བོད་མི་ཕྱི་ནས་དྲུད།།
འབྱུང་མ་འོངས་བོད་འདི་རེ་བས་དྲུད།།
དོན་དམ་པའི་དྲུད་དེ་སྟོང་ལ་ཡོད།།

ང་འཁྱམས་པོའི་སེམས་འདི་གདོན་གྱིས་དྲུད།།
ཁྱེད་གཙང་ཁའི་བུ་འདི་ལབ་ཀྱིས་དྲུད།།
ང་ཁྱེད་གཉིས་འདྲུད་སྟངས་མི་གཅིག་པའི།།
བོད་སྤྱི་བའི་ལས་དོན་ཁ་ནས་དྲུད།།

རང་ལྟོ་གོས་ཞིག་གིས་སྔོན་ནས་དྲུད།།
སེམས་བསམ་པའི་ཚོར་བ་ནང་ནས་དྲུད།།
ལས་དབང་མེད་ཁྲེལ་དང་ངོ་ཚའི་དྲུད།།
བྱེད་འདོད་པ་ཐམས་ཅད་གཞན་གྱིས་དྲུད།།

སྨན་བུད་མེད་དངུལ་དང་ཡག་གིས་དྲུད།།
སྐྱེ་ཕོ་སར་སྟོང་འདང་རྫུན་གྱིས་དྲུད།།
བན་སེར་མོ་དུས་གསར་འཕྲུལ་གྱིས་དྲུད།།
བོད་ཁ་བའི་སྲོལ་རྒྱུན་སྙིགས་ལ་དྲུད།།

དྲུད་དྲུད་པའི་གཏམ་རྒྱུད་ཆེས་མང་ཡང་།།
བྲིས་བྲིས་ན་སེམས་པ་ན་རོག་རེད།།
ད་དེ་རིང་འདི་ནས་རེ་ཞིག་ལ།།
བཤད་ཚར་བའི་ཁུལ་བཅས་བཞག་པ་ཡིན།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 21

  1. sha tak ri sim says:
    ལོ་ 15 སྔོན།

    ང་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད། ཉིད་ནས་དེ་ལྟ་དོ་སྣང་ཆེན་པོས་སྒོ་ནས་དྲིས་པ་དེར་དགའ་ཡོད། རྗེས་སུ་ཐུག་ཡོང་། ད་སྐྱིད་པོ་ཉོལ་་ཨ

    Reply
  2. lingkalsang says:
    ལོ་ 15 སྔོན།

    གང་ལྟར་གནས་ཚུལ་བཟང་བོ་རེད། ད་ཉལ་རན་གྱི་འདུག ངའི་མིག་གཉིས་དམར་པོ་དམར་རྐྱང་ཆགས་འདུག སང་ཉིན་གནང་ཉིན་ཁ་བརྡ་བྱེད། ཁྱེད་རང་གིས་དུས་ཚོད་མང་པོ་བཏང་བ་དང་ལྷག་པར་དུ་གནས་ཚུལ་མང་པོ་བཤད་པ་ལ་ཐུགས་རྗེ་ཆེ།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    ངས་ཀྱང་རེ་བ་ལ་ཞུ་དག་ཡག་པོ་ཞིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། ཁོ་རང་གིས་ཞུ་དག་གི་དུས་ཡུན་ཅི་ཙམ་འགོར་གྱོ་ཡོད་མེད་ད་དུང་མི་ཤེས་ཀི

    Reply
  4. lingkalsang says:
    ལོ་ 15 སྔོན།

    ཨོ་རེད་རེད། ཡིན་ན་ཡང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་མདུན་ཡོད། དེབ་རྒྱག་པ་༼རྩེ་མོ་༽ཞིག་ཡོང་རྒྱུ་ཡིན་ས་རེད། ཁྱེད་རང་གི་གྲོགས་པོས་ཞུ་དག་ཡག་པོ་ཞིག་བྱེད་ཐུབ་པའི་རེ་བ་ཡོད། དེང་སང་དེབ་སྤུས་ལེགས་མང་པོ་འདུག་དེ་ཞུ་དག་ཡག་པོ་བྱས་ཡོད་པའི་དེབ་ཞེ་དྲག་མཐོང་རྒྱུ་མི་འདུག

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    ཤོག་ངོས་ད་ལྟ་རེག་ཟིན་ཙམ་ཞིག་ཞུས་པ་ཡིན་ན། བཞི་བརྒྱ་ནས་ལྔ་བཅུའི་བར་རེད། ག་དུས་ཕྱི་ལ་བཏོན་ཐུབ་མིན་དེ་ནི་འགྲོ་སོང་གིས་དཀའ་ངལ་དང་། གྲོགས་པོས་ཞུ་དག་མགྱོགས་པོ་བྱེད་ཐུབ་མིན་བཅས་ལ་ལྟ་དགོས་པ་རེད།

    Reply
  6. lingkalsang says:
    ལོ་ 15 སྔོན།

    ཨོ་ཨོ་གནས་ཚུལ་གསར་བ་རེད། ངས་ཁྱེད་རང་གི་སྒྲུང་དེ་མཚམས་འཇོག་བྱས་པ་ཡིན་ན་བསམ་སོང་། དུས་ནམ་ཞིག་ལ་དེབ་གཟུགས་བྱས་ནས་པྱི་ལ་བཏོན་ཐུབ་རྒྱུ་རེད་དམ། དེ་གནས་ཚུལ་བཟང་བོ་རེད། ཤོག་ངོས་ག་ཚོད་ཀྱི་དེབ་ཞིག་ཆགས་རྒྱུ་རེད་དམ། དྲི་བ་མང་པས་དགོངས་པ་མ་ཚོམས་རོགས།

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    སྒྲུང་དེ་ནི་བྲིས་ཚར་སོང་། མི་རིང་བར་དེབ་ཀྱི་གཟུགས་སུ་བསྐྲུན་ཨེ་ཐུབ་ཞིག་འདོད་ནས་ཡོད། ད་ལྟ་རྒྱ་གར་དུ་གྲཽགས་པོ་ཞིག་ལ་ཞུ་དག་བྱེད་རྒྱུར་སྐུར་འདོད་ཡོད། དེ་དུས་ཉིད་ཀྱིས་ཆ་ཚང་བ་ཞིག་གཟིགས་ཐུབ་ངེས་ཡིན།

    Reply
  8. lingkalsang says:
    ལོ་ 15 སྔོན།

    ཁྱེད་རང་གི་རྩོམ་ཡིག་ནང་ནས་ཡང་མི་རྟག་འཆི་བ་དྲན་གྱི་ཡོད་པ་ཤེས་སོང་། ངས་རྒན་རྒོན་ཚོ་མ་གཏོགས་ཤི་ཡི་མ་རེད་ཟེར་བ་མིན་མོད། གང་ལྟར་ཁྱེད་རང་དེ་འདྲའི་རྒན་པ་ཞིག་མིན་པ་དགའ་ཡོད། ཁྱེང་ཀྱི་དངོས་སྒྲུང་རིང་པོ་དེ་ཅིས་ཕྱིར་མཚམས་འཇོག་བྱས་པ་ཡིན་ནམ། ཡང་ན་སྒྲུང་དེ་མཇུག་རྫོགས་ཚར་བ་རེད་དམ། ལན་ཡོད་ན་དགའ་མེད་ན་ཡང་སྐྱོན་མེད།

    Reply
  9. sha tak ri sim says:
    ལོ་ 15 སྔོན།

    སྐྲ་དཀར་པོ་ཡིན། མིག་དམར་པོ་ཆགས་ཡོད། ཁ་ནང་གི་སོ་ཡང་འཐོར་གྲབས་འདུག ཧཧཧཧ ཨ་ལ་ཀུ་རེ་ཡིན། མི་རྟག་འཆི་བ་ལ་ལོ་ན་རྒན་གཞོན་ལ་ཁྱད་པར་མེད་པ་རེད། དེ་ཡིན་དུས་རྒྱུན་དུ་འཆི་བ་ལ་ངེས་མེད་ཡིན་པ་བསམ་ནས་བསྡད་ཡོད།

    Reply
  10. lingkalsang says:
    ལོ་ 15 སྔོན།

    དེ་འདྲ་ཡིན་ས་རེད། མཚམས་རེ་ཁྱེད་རང་གི་ཚིགས་བཅད་སྙན་རྩོམ་ཁ་ཤས་དངོས་གནས་ལྷོད་ཆ་ཡོད་པ་འདྲ་བོ་མཐོང་གི་ཡོད། ཡིན་ན་ཡང་མཚམས་ལན་རེ་ཚད་ཏག་ཏག་ན་བསྡད་མེད་པ་འདྲ་བོ་ཡང་མཐོང་གི་འདུག གང་ལྟར་ངས་བཤད་འདོད་པ་དེ་ཁྱེད་རང་ཤི་སོང་ན་སྙན་རྩོམ་ཁ་ཤས་ཤིག་ཤུལ་ལ་ལྷག་ནོ་བརྒྱ་ཆ་བརྒྱ་རེད། ཡིན་ན་ཡང་ཁྱེད་རང་ཤི་རྒྱུའི་དུས་ཚོད་ལ་སླེབས་པའི་རྒན་པ་གཉེར་མའི་གཡོག་པ་ཞིག་མིན་པའི་རེ་བ་ཡོད། གལ་སྲིད་དགུང་ལོ་ཅུང་ཙམ་བསྒྲེས་པ་ཡིན་ན་སྐད་ཆ་འདི་རྩེ་མོ་ཞིག་གི་ཚད་དུ་འཛིན་རོགས།

    Reply
  11. sha tak ri sim says:
    ལོ་ 15 སྔོན།

    དེ་ལྟར་ངའི་གྲོགས་པོ་སྙན་ངག་པ་གྲགས་ཆེན་ཞིག་གིས་ཀྱང་། ང་ལ་ཡང་ཡང་བཤད་མྱོང་ཡོད། དེ་ཕལ་ཆེར་བདེན་པ་ཆགས་ཡོད་ཤས་ཆེ་ལ། ང་རང་ལ་འབྲི་བདེ་མིན་གྱི་ཆ་ནས་བཤད་ན་གཉིས་ཀ་ཁྱད་པར་ཆེར་མི་འདུག ཡིན་ཡང་། བྲིས་དེ་ལྷོད་ཆ་ཡོད་པ་ཞིག་ཚིག་བཅད་ཡོང་གི་འདུག ཡག་མིན་དེ་ནི་ངས་ད་ལྟ་རང་གི་འདོད་བློ་འཁང་བ་ཞིག་གཏན་ནས་བྲིས་མྱོང་མེད་ཟེར་ན་ཆོག ད་ལྟ་ཡང་སྤྱོང་བརྡར་ཁོ་ན་རེད་སྙམ་གྱི་ཡོད། ནམ་ཞིག རེ་བ་བྱེད་ཆོག་པའི་སྙན་ངག་ཤོ་ལོ་ཀ་ཤས་ཤིག་ཤི་སོང་རང་ཤུལ་དུ་ཡོད་པ་ཞིག་ཆགས་དུས་འགྲིག་པ་རེད།

    Reply
  12. lingkalsang says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཁྱོད་ལ་མེད་ན་ང་ལ་ཡོད་པའི་རྒྱུ་མཚན་མི་འདུག ཡིན་ན་ཡང་ངེད་གཉིས་ཀྱིས་ཁ་ཡག་གི་དུས་ཚོད་མི་གཏོང་བར་བྱེད། ཁྱེད་རང་གི་ཚིགས་བཅད་སྙན་རྩོམ་རང་མོས་སྙན་རྩོམ་ལས་ཡག་ག་འདུག་བསམ་སོང་། དེའི་སྒང་ལ་ཁྱེད་རང་ལ་བལྟ་ཚུལ་འདྲ་ཡོད་དམ།

    Reply
  13. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། ཉིད་ནས་གདེང་འཇོག་བྱས་པ་དེར་བཀའ་དྲིན་ཆེ་ལགས། ཡིན་ཡང་། ང་ནི་དངོས་ནས་གཏམ་དྲང་བོ་སྨྲ་མཁན་གྱི་སྤུན་ཟླ་དག་ལ་ཧ་ཅང་དགའ་བོ་ཡོད་ལ། ཐད་ཀར་དགེ་སྐྱོན་གླེང་མཁན་དག་ལ་དེ་བས་ཀྱང་སྤྲོ་བ་དང་དགའ་བསུ་ཡོད། ང་ཚོས་འདི་ལྟར་རང་རང་གི་ས་ནས་རང་གི་བརྗེད་བྱང་དག་བྲིས་དེ་བཞག་པ་ཡིན་ན། ཉིན་མོ་ཞིག་དགོས་མཁོ་ཡོད་པའི་རྩོམ་ཡིག་རེ་བྱུང་ན། ཞུ་དག་བྱེད་མཁན་ཞིག་ཏན་ཏན་རེག་ངེས་ཡིན་ལགས། དེ་འདྲ་མ་རེད་དམ། ཉིད་ནས་རེ་སྐུལ་ཞུས་པ་བཀའ་དྲིན་ཆེ་ལགས།

    Reply
  14. lingkalsang says:
    ལོ་ 15 སྔོན།

    ངོ་བསྟོད་མིན་ཏེ་ཁྱོད་ཀྱི་རྩོམ་ཡག་པོ་འདུག དེ་ནས་ཡག་པའི་སྒང་ལ་དག་བཅོས་རེ་བྱེད་ཐུབ་ན་བཟང་གི་སྒང་ལ་རྒྱན་རེད་བསམ་ནས་བཤད་པ་ཡིན། ཡིན་ཡང་ཁྱེད་རང་ལ་དུས་ཚོད་ཀྱིས་སྐེ་རྩ་དགག་གི་ཡོད་ན་ཐབས་ཤེས་མེད་རེད། སྤྱིར་བཏང་ཁྱེད་རང་གི་སྙན་རྩོམ་དང་རྩོམ་ཡིག་གཞན་པ་དེ་ཚོ་བཀླགས་འདོད་ཡོད་པ་ཤ་སྟག་རེད། ཁྱེད་རང་གིས་གསུངས་པ་བཞིན་དུས་ཚོད་ནམ་ཡིན་དང་ས་གནས་གང་ཡིན་ནས་ཚོར་བ་བསྡུ་གསོག་བྱེད་པ་དེ་ཧ་ཅང་བཟང་གི་འདོད།

    Reply
  15. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། ཉིད་ཀྱིས་སྐད་ཆ་དེ་དག་བདེན་པ་རེད། ང་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་དེ་ནི་དྲ་ངོས་ནས་བྲིས་དེ་དྲ་ངོས་ནས་ཐད་ཀར་གཏོང་བ་དེ་ཡིན། དེ་ཡི་སྟབས་ཀྱི་ཡིག་ནོར་དང་དོན་ནོར་སོགས་ལ་བལྟ་ལོང་ཞེ་དྲགས་ཡོང་གི་མེད་ལ། རང་གིས་ཤེས་ཚད་ཀྱིས་ཀྱང་མ་འདང་ས་མང་བོ་ཞིག་ཡོད་པ་རེད། གང་ལྟར། ཚོར་བ་དུས་ཐོག་དུ་འབྲི་བ་དེ་ནི་ང་རང་གི་དགའ་ཕྱོགས་ཤིག་ཆགས་ཡོད་པ་ཡིན་དུས། མཚམས་རེར་རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། གནམ་གྲུའི་འབབ་ཚིགས་སོགས་གང་ནས་ཡིན་ཡང་། རང་གི་སྨྱུ་གུ་ལག་དུ་བཟུང་ནས་ཅིག་ཅིག་འབྲི་ཁུལ་རེ་བྱེད་ཀྱི་ཡོད། དོན་དངོས་ཐོག ང་རང་གིས་རང་ལ་སློབ་སྤྱོང་རེ་སྤྲོད་ཀྱི་ཡོད་པ་དེ་ཙམ་རེད་ལགས། ཡར་རྒྱས་ཤིག་མི་འགྲོ་བ་འདི་ལ་མཚམས་རེར་སྐྱོ་ནི་ཞིག་རེད་ལགས།

    Reply
  16. lingkalsang says:
    ལོ་ 15 སྔོན།

    རི་བོང་རྣམ་དཔྱོད་ཅན་ཞིག་ལ་ཐུག་མྱོང་མེད། ཡ་མཚན་རེད། ཨ་ལ་རྩེ་མོ་ཡིན། རྗེས་མ་དུས་ཚོད་རག་ན་ཁ་བརྡ་ལོས་བྱེད། སྐྱོན་བརྗོད་མིན་ཏེ་ཁྱོད་ཀྱི་རྩོམ་ལ་དག་བཅོས་ཡག་པོ་བྱས་ན་ཡག་ག་འདུག་བསམ་སོང་།

    Reply
  17. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། དངོས་ནས་མ་ཤི་བར་དུ་ཚར་སོང་བ་ཞིག་མེད་པ་རེད། དེ་ཡིན་དུས། འུ་གཉིས་ཀའི་རི་བོང་ཁ་ཤོ་དེ་འཛིན་མ་ཐུབ་ཀྱང་། རི་བོང་བློ་ལྡན་དེ་ནི་འདིར་ཡང་ཡང་ཡོང་གི་རེད། དེ་དུས་ཉིད་ནས་ཁོ་ལ་ལྷོད་ལྷོད་བྱས་དེ་ཁ་བརྡ་ཞིག་བྱོས་དང་། ཁོ་རང་དངོས་ནས་རྣམ་དཔྱོད་ཅན་ཞིག་ཡིན་ཡ

    Reply
  18. lingkalsang says:
    ལོ་ 15 སྔོན།

    ཁྱོད་ཀྱི་སེམས་དེས་ཁྱོད་རང་དྲུད་ཚུལ་བཤད་ནས་ཚར་རྒྱུ་ཞིག་ཡིན་ས་མ་རེད། རི་རབ་ཀྱི་རྩེ་དང་རྒྱ་མཚོའི་མཐའ་ལ་དྲུད་ཚུལ་སོགས་རྫོགས་རྒྱུ་ཡོད་པའི་བཟོ་བལྟ་མི་འདུག རི་བོང་ཁ་ཤོ་དེ་ངས་ཡང་འཛིན་འདོད་སྐྱེས་སོང་མོད། དེ་བྲོས་ཚར་འདུག

    Reply
  19. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། ལགས་སོ་མི་འབྲི་ཡ ཡིན་ཡང་། སེམས་འདི་ལ་ཁ་ཉན་ས་མ་རེད་ཀོ

    རི་བོང་ལགས། ཕེབས་ནས་བཀླགས་མ་ཐག་བྲོས་ཚར་འདུག རྗེས་སུ་ཡོང་གི་བསྡོད། བསམ་ཚུལ་རེ་གསུང་གི་བསྡོད།

    Reply
  20. sangsar says:
    ལོ་ 15 སྔོན།

    བཀླགས་ཟིན་པ་ཡིན།

    Reply
  21. lingkalsang says:
    ལོ་ 15 སྔོན།

    སྡུག་སྨེ་འདིའི་མང་ཞིག་འབྲི་རྒྱུ་མེད་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese