མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ལྐོག་ཇུས་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp
༢༠༠༡ ལོར་ཨ་རིའི་ནང་བྱུང་པའི་ ༩།༡༡ གི་དོན་རྐྱེན་དེ་ཨ་རིའི་གཞུང་ལ་འབྲེལ་བ་ཡོད་ཟེར།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནེའུ་ཡོག་ཏུ་ཚོགས་ཤིང་། ཕྱི་ཚེས་ ༢༣ ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨི་རན་སྲིད་འཛིན་ Ahmadinejad  གྱིས་གཏམ་བཤད་ཅིག་སྤེལ་བ་དེར།ཨ་རི་གཙོས་རྒྱལ་ཁབ་༣༣ཀྱི་འཐུས་མིས་ངོ་རྒོལ་གྱིས་ཚོགས་ཐོག་ནས་ཕྱིར་བུད་འདུག
ཚོགས་ཐོག་ནས་ཨི་རན་སྲིད་འཛིན་གྱིས། ཁོས་ལོ་རྗེས་མར་འཇིགས་སྐུལ་རིང་ལུགས་པའི་གནད་དོན་སྟེང་ཚོགས་ཆེན་ཞིག་གོ་སྒྲིག་བྱ་རྒྱུ་དང་། ༢༠༡༡ ལོ་ནི་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་ལོ་ཞིག་ལ་འབད་བརྩོན་བྱ་དགོས་ལུགས།དེ་བཞིན་ཆ་སྙོམས་མིན་པའི་འཛམ་གླིང་གི་གནས་བབ་དང་མ་རྩ་རིང་ལུགས་པའི་ཉེས་སྐྱོན་ལ་ཐེར་འདོན་བྱས་པ་མ་ཟད། ད་ལྟ་མ་རྩ་རིང་ལུགས་མགོ་རྟིང་སློག་ཏེ། འཛམ་གླིང་འདི་མཛངས་སྤྱོད་ལྡན་པའི་སྐྱེས་ཆེན་སྟོན་པ་ལྟ་བུ་ཞིག་གིས་འགོ་ཁྲིད་བྱ་དགོས་ཀྱི་འདུག་ཅེས་དང་།
ཁོང་གིས་མུ་མཐུད། ༢༠༠༡ ལོའི་ཨ་རིའི་ནང་བྱུང་པའི་ ༩།༡༡ གི་དོན་རྐྱེན་དེའི་རྒྱབ་ལྗོངས་སུ་ཨ་རིའི་གཞུང་དང་འབྲེལ་བ་ཡོད་ཅིང་། དེ་ནི་གཙོ་བོ་ཨ་རིའི་གཞུང་གི་ཁག་འདོགས་སའི་སྲིད་ཇུས་ཤིག་ཏེ། རྒྱལ་སྤྱིའི་དོ་སྣང་འགུག་ཐབས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་ཉམས་རྒུད་བསྐྱར་གསོ་བྱ་ཐབས་ཤིག་དང་ཨི་ཟི་རེལ Israel སྲིད་དབང་བརྟན་ལྷིང་བཟོ་ཕྱིར་ཡིན་པར་རྒྱལ་སྤྱིའི་སྲིད་དོན་པ་དང་། ཨ་རི་རང་གི་མི་མང་པོ་ཞིག་བཅས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་མ་ཐག ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་དང་། དབྱིན་ཇིའི་འཐུས་མི་གཙོས་འཐུས་མི་ ༣༣ ཙམ་གྱིས་ངོ་རྒོལ་གྱི་རྣམ་པའི་སྟེང་ཐད་ཀར་ཚོགས་འདུ་ནས་ལངས་ཏེ་ཕྱིར་བུད་འདུག
རྗེས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས། ༩།༡༡ གི་དོན་རྐྱེན་དེར་ཨ་རིའི་གཞུང་ལ་འབྲེལ་བ་ཡོད་ཟེར་བ་དེ་ཁྲིམས་འགལ་དང་འཁོན་འཛིན་ཅན་གྱི་སྐད་ཆ་ཞིག་རེད་ཅེས་བརྗོད་ཡོད།
 
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 5

  1. དུག་མདའ། says:
    ལོ་ 16 སྔོན།

    འདི་ནི་ཨི་རན་གྱིས་ཨ་རི་ལ་དམག་འགོ་སློང་བའི་རྣམ་པ་ཙམ་ལས་དགུ་བའི་བཅུ་གཅིག་ལ་བསྐྱར་ཞིབ་ཀྱི་དམིགས་ཡུལ་མ་རེད།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བྷུ་ཤི་གཞུང་རང་གིས་རང་གི་ཁང་བརྩེགས་དེ་གཉིས་གཏོར་བ་དེ་ཕལ་ཆེར་བདེན་པ་རེད། གང་ཡིན་ཟེར་ན་ཁང་པ་དེ་ཞིག་འགྲོ་སྐབས་ནང་དུ་ཡོད་པའི་མི་ཁ་ཤས་གསོན་པོར་ལུས་པ་ཚོས་བཤད་ན་གནམ་གྲུས་བརྡབ་པ་དང་ལྷན་དུ་ཁང་པའི་འོག་ཤོད་དུ་འབར་རྫས་བརྒྱ་སྟོང་མང་པོ་གད་སོང་ཟེར། དེ་བཞིན་ཁང་པ་མཐོན་པོ་དེ་མར་ཞིག་སྟངས་ཡང་ཆེད་ལས་པ་ཚོས་ཁང་གོག་བཤིག་སྟངས་ལྟ་བུ་ལས་བརྡབ་སྐྱོན་གྱིས་བཤིག་པ་ལྟ་བུ་ཞིག་མི་འདུག་ཟེར། ཕན་ཏྲ་རྒན་དུ་གནམ་གྲུའི་བརྡབ་སོང་ཟེར་བའི་བུ་ག་དེར་གནམ་གརུ་ཤོང་གིན་མི་འདུག་ཟེར། དེ་བཞིན་དེ་ན་གནམ་གྲུ་ཆག་རོ་དེ་ཡང་སྟོན་རྒྱུ་མི་འདུག་ཟེར། དེ་བཞིན་དུ་གཞུང་གིས་གནམ་གྲུ་ཁྲིད་མཁན་རེད་ཟེར་ནས་མི་ཁ་ཤས་ཤིག་གི་མིང་ཁྱབ་བསྒྲགས་བྱས་པ་དེ་ཁ་ཤས་ཤིག་གསོན་པོར་འདུག ཁ་ཤས་ཤིག་ནི་ཡིག་ཆ་རྩད་ཞིབ་བྱས་དུས་མི་དེ་འདྲ་བ་ཞིག་གཏན་ནས་མི་འདུག་ཟེར། དེ་དང་དེ་ལ་སོགས་པ་དཔང་རྟགས་བརྒྱ་སྟོང་མང་པོ་ཞིག་བགྲང་རྒྱུ་འདུག

    Reply
  3. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    ཨི་རན་སྲིད་འཛིན་གྱི་གཏམ་བཤད་དེ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་པའི་ངེས་ཤེས་མ་སྐྱེས་ཀྱང་། ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིར་འགོག་རྒོལ་རབ་དང་རིམ་པར་བྱས་རྐྱེན། སྲིད་འཛིན་ཁོང་ཡི་མ་རངས་པར་དེ་ལྟར་བཤད་པ་རེད་བསམས། གལ་ཏེ་ ༩༌༡༡ གི་དོན་རྐྱེན་དེའི་ལྐོག་ཏུ་ཨ་རི་ཡོད་ན་བདེན་དཔང་གསལ་པོ་བྱེད་དགོས་པ་རེད།

    Reply
  4. མངའ་རིས་བུ། says:
    ལོ་ 16 སྔོན།

    འོ་དེ་འདྲ་ཞིག་ཨ་རི་བའི་མི་མང་ནང་དང་གཞན་ཡང་ཆབ་སྲིད་ཀྱི་མི་སྣ་འགའ་ཞིག་གིས་བཤད་པར་གོ་མྱོང།
    འོན་ཀྱང་ངས་དེ་ལ་ཡིད་ཆེས་དེ་ཙམ་ཞིག་མ་བརྙེད།
    དངོས་གནས་སྲིད་དོན་པ་ཟེར་བ་དེ་ཚོར་ཡིད་ཆེས་ཁག་པོ་རེད།
    རང་ཉིད་ཐོབ་ཐབས་སུ་གང་ཡིན་ནའང་བཤད་སྲིད་པ་རེད།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ༩།༡༡་གི་དོན་རྐྱེན་གྱི་འབྱུང་ཁུངས་འདི་འདྲ་ཞིག་ཨེ་ཡིན་མི་ཤེས། གནད་དོན་གཞན་རྣམས་ཁོང་གིས་ཡག་པོ་ཞིག་གསུངས་འདུག འོན་ཀྱང་ཁོའི་དམིགས་འབེན་གཙོ་བོ་དོན་རྐྱེན་དེ་དག་སེལ་ཐབས་མ་ཡིན་པར་ཨ་རི་དང་དེའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་ལ་ཟུར་ཟ་དང་མཚང་འབྱིན་རང་རེད་འདུག་གཱ། མི་འདི་ཨ་རིའི་མིག་ནང་གི་ཚེར་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese