མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་དཔེ་རྗེས་འགེབས་ཀྱི་སྲིད་ཇུས། – རྡོ་རྗེ་རིན་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་དམངས་གཙོ་དུས་དྲན་ཐེངས་ལྔ་བཅུའི་སྐབས་བཀའ་ཁྲིས “དེ་རིང་གི་འདུན་ས་འདིར་བཀའ་ཤག་གིས་ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང༌། སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་ཅིང༌། མང་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན། ཞེས་ཚིག་ཐག་ཆོད་པོ་དང༌། སྐད་གསང་མཐོན་པོས་འགན་ཁུར་ཡོད་པའི་ཐོག་ནས་བརྗོད་རྒྱུ་ལ་ཐེ་ཚོམ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་ད་དུང་ལེགས་བཅོས་དང་ཡར་རྒྱས་མུ་མཐུད་དགོས་པ་དང༌ཡོང་རྒྱུའང་ཡིན་པ་སྨོས་མ་དགོས།” ཞེས་པ་ལྟར༌། ང་ཚོ་གོམ་གང་མདུན་སྤོས་ཀྱིས་ན་ཚོད་མ་སྨིན་པའི་དམངས་གཙོ་དེ་ན་ཚོད་སྨིན་ཐབས་དང༌། ཇི་ལྟར་ལེགས་བཅོས་དང་ཡར་རྒྱས་འབྱུང་ཐབས་ལ་བསམ་གཞིགས་བྱ་དགོས་སམ།

 

མིག་སྔར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གཙོ་བོ་ཞིག་ནི། ཡོང་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་ཡིན་པ་དང༌། ང་ཚོས་སྐད་ཤོར་ས་དང་དམངས་གཙོའི་ཆ་ལག་ཡོངས་སུ་ཚང་གི་མེད་པའི་གནད་དོན་ལྷག་ས་གཞན་ཞིག་ཀྱང༌། ང་ཚོ་བོད་མི་ཚང་མས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་གྱིན་མེད་པ་དེ་རེད། འོ་ན་ང་ཚོས་ཇི་ལྟར་ཞན་ཆ་འདི་ཡོ་བསྲང་ལེགས་བཅོས་དང་ཡར་རྒྱས་འབྱུང་ཐབས་ལ་བརྩོན་རྒྱུ་ཡིན་ནམ།

 

ངས་བལྟས་ན་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་ལས་རིམ་ཐད་དམིགས་བསལ་ཁྲིམས་དང་སྒྲིག་གཞི་ཞིག་བསྐྱར་གནོན་བྱ་དགོས་པར་མཐོང༌། འོས་བསྡུའི་ལས་རིམ་འདི་དམིགས་བསལ་ཁྲིམས་དང་སྒྲིག་གཞི་འཕར་མ་ཞིག་གི་འོག་རྐང་ཚུགས་ཐུབ་པ་ཡིན་ན། ད་ལྟ་ང་ཚོར་འཕྲད་བཞིན་པ་སྟེ་བཙན་བྱོལ་བོད་མིའི་སྤྱི་འབོར་མང་ཤོས་ཀྱིས་འོས་བསྡུའི་ལས་རིམ་ནང་ཆ་ཤས་མི་ལེན་པའི་དཀའ་ངལ་འདི་ཡོང་མི་སྲིད་པ་ཞིག་རེད་འདོད།

 

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པ་ནི་ཡུལ་མིའི་ལས་འགན་ཞེས་པ་དེ་ཡིན་པ་དང༌། དེའི་ནང་གསེས་གསུམ་པ་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཞེས་པ་དེ་བོད་ཀྱི་མི་སེར་ཡོད་དོ་ཅོག་ལ་ཐུན་མོང་དུ་ཁྱབ་ཡོད་པ་ཞིག་རེད། དེས་ན་ད་ལྟ་ང་ཚོའི་སྲིད་གཞུང་དམངས་གཙོའི་ལམ་དུ་སྐྱོད་ཀྱིན་པ་དང་ང་ཚོ་བོད་རིགས་མི་རེ་ངོ་རེས་དམངས་གཙོའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་ནི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་སྔོན་འགྲོའི་འབེབས་སྟེགས་ཤིག་དང་བོད་མི་རང་ཉིད་ཀྱི་ལས་འགན་དེ་ཅི་ལ་མིན་ནམ།

 

ཡིན་ནའང་རང་རིགས་མི་ཉུང་བ་ཞིག་གིས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་ཀྱིན་མེད་པ་དེ། ཁ་ཁོག་པས་མ་གསང་ཞིང་བློ་རྒྱུ་མ་མ་བསྐུམས་པར་ཞུས་ན། ལ་ལ་ཞིག་གནད་དོན་གཞན་གྱིས་ཡིན་སྲིད་མོད་འདི་ཙམ་གྱི་ལས་འགན་འཁུར་བར་ཡང་སྒྱིད་ལུག་པའམ་ངལ་བ་བྱེད་འདོད་མེད་པའི་རིགས་ཀྱང་གང་མང་ཞིག་ཡོད་པ་རེད།

 

 

དེར་བརྟེན་ང་ཚོས་ཀྱང་གཞན་དཔེ་རྗེས་འགེབས་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱ་དགོས་པར་འདོད། དེ་ཡང་གཞན་དཔེ་རྗེས་འགེབས་ཀྱི་སྲིད་ཇུས་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གཞུང་འཛིན་BJPཚོགས་པ་ཕམ་ཉེས་བྱུང་རྗེས། གཞུང་འཛིན་ Congress ཚོགས་པ་ཆགས་པ་རེད། སྐབས་དེ་ཙམ་ཞིག་ནས་རྒྱ་གར་གྱི་མངའ་སྡེ་ West Bengal   ཁོངས་ཀྱི་ཀ་རྡོར་ཁུལ་དུ་ Grokha National Liberation Front (GNLF) ཞེས་པའི་ཚོགས་པ་རྙིང་བ་དེ།  གསར་དུ་ཚུགས་མ་ཐག་པའི་GorkhaJanamuktiMorcha(GJM) ཞེས་པའི་ཆབ་སྲིད་ཚོགས་པ་གསར་བ་ཞིག་གིས་ཕམ་ཉེས་བཏང་བ་རེད།

 

ཚོགས་པ་གསར་བ་དེས་མི་དམངས་སྐུལ་སློང་བྱས་ཏེ་ཀ་རྡོར་ཁུལ་དུ་གོར་ཥ་རང་སྐྱོང་རྩོད་ལེན་བྱས་པ་དང༌། ཁོང་ཚོས་རང་གི་མངོན་འདོད་དེར་དབུས་གཞུང་གི་གྲོས་ཚོགས་ནང་རྒྱབ་སྐྱོར་རག་པར་ཐབས་ཇུས་འདི་འདྲ་ཞིག་ལག་བསྟར་བྱས་ཡོད། དེ་སྔ་གཞུང་འཛིན་ BJP སྐབས་བློན་ཆེན་རིམ་པ་སྣང་མྱོང་མཁན་གྱིས་JaswantSingh མཆོག་དབུས་གཞུང་གི་གྲོས་ཚོགས་འོག་མའི་ཁོངས་འཐུས་མི་ཟླ་བ་ཤར་པའི་ཚབ་ཏུ་འདེམས་པ་རེད། ཁོང་ཚོས་ JaswantSingh མཆོག་ལ་འོས་ཤོག་འཐོབ་ཐབས་སུ་ས་གནས་སྲིད་གཞུང་དང་ཆབ་སྲིད་ཚོགས་པ་ཟུང་འབྲེལ་ཐོག ཀ་རྡོར་ཁུལ་གྱི་མི་དམངས་ཚང་མས་ངེས་པར་འོས་ལྡུག་དགོས་པ་དང༌། གལ་སྲིད་ཀ་རྡོར་ཁུལ་གྱི་མི་དམངས་སུ་ཞིག་ཐེངས་འདིའི་འོས་བསྡུའི་ལས་རིམ་ནང་མ་ཞུགས་ན། འོས་འདེམས་ཚོགས་ཆུང་གི་ElectionCommissionofIndiaIdentityCard ཞེས་པའི་འོས་འདེམས་བྱང་བུ་དེ་མ་དེབ་ཁོངས་ནས་མིང་གཞུང་གསུབ་སྟེ། རྗེས་སོར་སྤྱོད་སྒོ་མི་ཆོག་པ་བཟོ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་བྱས། སྦིར་གྲགས་དེ་ལ་བརྟེན་ནས་ཀ་རྡོར་ཁུལ་གྱི་མི་ངོ་སུ་ཞིག་ས་གནས་གང་དུ་ཡོད་ཀྱང་འོས་ལྡུག་པའི་ཉིན་དེར་མི་ཡོང་ག་མེད་ཆགས་ཏེ། མཐའ་མ་JaswantSingh མཆོག་ལ་གྲོས་ཚོགས་ཀྱི་རྐུབ་སྟེགས་དེ་ཐོབ་པ་རེད།

 

སྐབས་དེར་ངེད་ནས་བྱེད་སྟངས་དེ་ནི་ཧ་ཅང་ལེགས་པོ་ཞིག་ལ་བསམས་མྱོང༌། རྒྱུ་མཚན་གང་ཡིན་ཞེ་ན་འོས་ཤོག་སུ་ལ་ལྡུག་མིན་དེ་རང་དབང་ཡིན་ཆོག་ཀྱང༌། རང་ཉིད་རྒྱལ་ཁབ་ཅིག་གི་ཆབ་འབངས་ཡིན་སྟབས་རྒྱལ་ཁབ་ཀྱི་ངོས་ནས་རག་རྒྱུའི་ཐོབ་ཐང་གཅིག་པོར་མིག་གཟས་ནས་བསྡད་ན་ངོ་ཚ་དང༌། རང་ཉིད་ཀྱིས་ཀྱང་རྒྱལ་ཁབ་ལ་འགན་འཁྱེར་བའི་བྱ་སྤྱོད་དེ་ཙམ་ཞིག་སྟོན་ཐུབ་དགོས་པ་རེད།

 

དཔེ་དེ་བཞིན་ང་ཚོས་ཀྱང་ཐོབ་ཐང་གཅོག་འཕྲིའི་ཁྲིམས་དང་སྒྲིག་གཞི་ཞིག་གཏན་འབེབས་བྱ་དགོས་པར་མཐོང༌། རང་གི་རྒྱལ་ཁབ་དང་མི་རིགས་ལ་ལར་ཞེན་ཡོད་མཁན་ཞིག་ཡིན་ཚེ་ལོ་ལྔའི་མཚམས་སུ་ཐེངས་གཅིག་ལ་མ་གཏོགས་མི་ཡོང་བའི་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ཁྲོད་ཆ་ཤས་ལེན་དགོས་ངེས་ཤིག་ཡིན། ཡིན་ནའང་དེ་ཙམ་ལའང་དང་འདོད་མེད་པ་དང་། ཐོབ་ཐང་གང་ཡོད་ཐད་སྐེ་དང་བོར་བསྲངས་ཡོང་མཁན་རྣམས་ལ། ཐོབ་ཐང་གང་ཞིག་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་ཞུགས་ཟིན་པའི་དག་མཆན་མེད་ཚེ། གང་ཟག་དེ་ཐེངས་རྗེས་མའི་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་མ་ཞུགས་པར་ཐོབ་ཐང་དེ་གཅོག་འཕྲི་བྱེད་པའི་སྲིད་ཇུས་ཤིག་འཛིན་དགོས་པར་འདོད། དེ་སྐོར་ཞིབ་ཚགས་པར་ཤེས་ལྡན་རྣམས་ཀྱིས་བགྲོ་གླེང་གནང་ན་འོས།

 

ང་ཚོས་འདི་ལྟར་འོས་བསྡུ་ལས་རིམ་དེ་ཁྲིམས་དང་སྒྲིག་གཞི་ཞིག་ལ་བརྟེན་ནས་སྲུང་སྐྱོབ་མ་བྱས་ཚེ། ན་ཚོད་མ་སྨིན་པའི་ང་ཚོའི་དམངས་གཙོའི་གཞུང་འདི་ན་ཚོད་སྨིན་རྒྱུར་ཧ་ཅང་འགོར་ཡུན་རིང་བར་བསམ་ལ། དེ་ལྟར་བྱས་ན་ད་གཟོད་ང་ཚོ་བོད་མི་སྤྱི་འབོར་མང་ཤོས་དེ་འོས་བསྡུའི་ལས་རིམ་ནང་གོམ་པ་མཉམ་སྤོ་བྱེད་ཐུབ་པོ། །

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 8

  1. རིག་པ་དྭངས་མོ། says:
    ལོ་ 16 སྔོན།

    གཉིས་ཀ་ལ་རྒྱུ་མཚན་འདུག
    མཁས་པ་མཁས་པའི་དྲུང་ན་མཛེས་ཞེས་པ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད། གཉིས་ཀ་ལ་མངོན་པར་བསྟོད་དོ། །

    Reply
  2. རྡོ་རྗེ་རིན་ཆེན། says:
    ལོ་ 16 སྔོན།

    ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ངོ་གདོང་ན། ཐོབ་ཐང་གཅིག་པོ་ལས་གཞན་ལས་དོན་ནང་མཉམ་ཞུགས་མི་བྱེད་མཁན་གྱི་སྤྱི་ཚོགས་ཀྱང་ཉུང་ཉུང་ཞིག་མིན།དེ་དག་རྒྱ་ཡན་དུ་བཏང་ན་ནམ་ཡང་རྒྱ་ཆེའི་བོད་མི་དམངས་ཀྱི་ཁུར་བོ་ཞིག་ཆགས་རྒྱུ་རེད།

    ལར་ནས་དམངས་གཙོ་ཞེས་པ་དེ་ལྟོས་གྲུབ་ཅིག་ཡིན་པ་དང༌། གོང་གསལ་གྱི་བོད་མིའི་སྤྱི་ཚོགས་དེ་དག་ལ་ལྟོས་ནས་ཁོང་ཚོ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་དགོས་པ་དེར།རྩ་དོན་གྱི་འཕྲལ་ཕུགས་ཐད་ནས་རྒྱ་ཆེ་མི་དམངས་ཀྱིས་མང་མོས་བྱུང་ན།དེ་ཡང་དམངས་གཙོའི་ཁེ་དབང་ཞིག་ལ་བརྟེན་སུ་ཞིག་གིས་སྐྱོན་བརྗོད་ཡོང་སྲིད་ཀྱི་མ་རེད་སྙམ།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་ཙམ་ལ་སྤྱིར་བཏང་དོ་སྣང་བྱེད་དགོས་དོན་མེད། བཙན་བྱོལ་བོད་མི་བརྒྱ་ཆ་ ༡༠༠ འོས་བླུག་ནའང་རྒྱ་ནག་གི་སྐྱོན་བརྗོད་མཚམས་ཆད་རྒྱུ་མ་རེད།

    ད་ཁྱེད་རང་གི་ཐབས་ལམ་ཐད་ལ་བཤད་ན། བསྒྲུབ་བྱ་དང་སྒྲུབ་བྱེད་མི་མཚུངས། བསྒྲུབ་བྱ་བོད་མི་གང་མང་མང་གིས་འོས་བསྡུའི་ཆ་ཤས་བླངས་ནས་རྒྱ་ནག་ལ་བཤད་རྒྱུ་མེད་པ་ཞིག་བཟོ་རྒྱུ་དེ་རེད། སྒྲུབ་བྱེད་ནི། འོས་བསྡུའི་ཆ་ཤས་མ་བླངས་ན། ཉེས་པ་བཅད་དེ་བཙན་ཤེད་ཀྱི་རྣམ་པས་འོས་བསྡུའི་ནང་གཞུག་ཏུ་འཇུག་རྒྱུ་དེ་རེད། སྒྲུབ་བྱེད་ཀྱི་ཐབས་ལམ་དེ་ག་རང་གི་ཐོག་ནས་རྒྱ་ནག་གི་སྐྱོན་བརྗོད་ཙམ་དུ་མ་ཟད། འཛམ་གླིང་གི་སྐྱོན་བརྗོད་ཡོང་གི་རེད། ཐ་ན་བོད་མི་རང་གི་ནང་ནས་ཀྱང་སྐྱོན་བརྗོད་ཡོང་གི་རེད་སྙམ།

    Reply
  4. རྡོ་རྗེ་རིན་ཆེན། says:
    ལོ་ 16 སྔོན།

    བོད་པ་དང༌། ཁྲ་གླག་སྤྱང་གསུམ། ཀུན་གསལ། བཀུར་འོས་ཁང་རྡོར་རྣམས་ནས་བསམ་ཚུལ་སྤེལ་བར་དགའ་ཡོད། ངས་དང་ཐོག་ནས་བསམ་ཚུལ་འདི་རང་རེའི་ཤེས་ལྡན་པ་རྣམས་ཀྱི་མདུན་ལ་ཕུལ་ནས།འགྲིག་མི་འགྲིག་བསྲེགས་བཅད་བརྡར་གསུམ་གྱི་བགྲོ་གླེང་ལམ་ནས་ཐག་བཅད་ན་འདོད་ཡོད།

    སྲིད་འབྱོར་རིག་གསུམ་སོགས་གང་ལའང་ལྟོས་མི་དགོས་པའི་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ལྟ་བུར་མཚོན་ན་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་དང་མི་ལེན་དེ་དམངས་གཙོའི་གཞི་རིམ་གྱི་ཁེ་དབང་ཞིག་གི་འོག་ཡོད་ན་དགེ་མཚན་ཆེའང༌། ང་ཚོ་ལ་མཚོན་ན་རྒྱ་གཞུང་གིས་ཏཱ་ལའི་བླ་མས་སྤྱི་ཚོགས་རྙིང་བ་རོ་ལངས་རྒྱག་གི་ཡོད་ཚུལ་དང༌།བཙན་བྱོལ་བོད་གཞུང་ཁྲིམས་འགལ་ཡིན་ཚུལ་སྨྲ་བཞིན་པའི་ཐད།དོན་དམ་གྱིས་ལན་འདེབས་ཤིག་ནི།འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་མཁན་ཅི་བས་མང་ན། དེ་ཙམ་གྱིས་བདེན་རྫུན་དབྱེ་བ་གསལ་དུ་འགྲོ་ཡི་ཡོད་དམ་མེད། གལ་སྲིད་ཡོད་ན་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་མཁན་མང་དགོས་པ་དེ་ང་ཚོའི་ཕྱོགས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་ཡིན་ནམ་མིན་ཞེས་དྲི་བ་འདི་སྤྱི་ཁྱབ་ཏུ་གཏོང་གི་ཡོད།

    Reply
  5. kunsal says:
    ལོ་ 16 སྔོན།

    རིན་ཆེན་རྡོ་རྗེ་ལགས། བསམ་ཚུལ་གསུངས་པ་ལེགས། འོན་ཀྱང་ཞྭ་དཔེ་ལྷམ་ལ་བཀབ་ན་ཨ་ཡོང་ན། རང་བཙན་རྒྱལ་ཁབ་དང་ང་ཚོའི་བར་ལ་ཁྱད་པར་ཆེན་པོ་ཡོད། ངས་བསམ་པར། མི་མང་ནང་འོས་བསྡུའི་ཆ་ཤས་མི་ལེན་མཁན་ཡོད་པ་རྣམས་ལྷག་བསམ་མེད་པ་དེ་འདྲ་མ་རེད་སྙམ། དེ་ནི་ང་ཚོའི་སྤྱི་ཚོགས་འདི་མང་གཙོའི་གོ་རྟོགས་ཞན་པས་ལན། གཞུང་དང་ཚོགས་པ་ཁག་ནས་མཉམ་རུབ་ཀྱིས་གོ་རྟོགས་སྤེ་རྒྱུ་ཧ་ཅང་གལ་ཆེ།

    Reply
  6. བོད་པ་ says:
    ལོ་ 16 སྔོན།

    ད་དུང་འོས་བླུགས་གི་ཐེངས་གསུམ་ལ་མ་ཡོང་ན་རང་བཙན་ལག་དེབ་ཕྱིར་བསྡུ་བྱས་བཞག་ན་འགྲིགས་ས་རེད།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དམངས་གཙོའི་སྤྱི་ཚོགས་ནང་། འོས་ལྡུག་པའི་རང་དབང་ངམ་ཐོབ་ཐང་ཡོད་ལ། འོས་མི་ལྡུག་པའི་རང་དབང་དང་ཐོབ་ཐང་ཡང་ཡོད་རེད། གཞན་ཟེར་གཡམ་རྒྱུག་གིས་འོས་འཕེན་མཁན་ཞིག་དང་། རང་གི་འདོད་པར་བབས་པའི་བཀའ་བློན་དང་སྤྱི་འཐུས་མེད་པའི་གནས་སྟངས་འོག་འོས་ཤོག་རྩ་བ་ནས་མི་འཕེན་མཁན་ཞིག་བསྡུར་ན། ཕྱི་མ་དེས་འགན་ལེགས་པ་ཁུར་ཡོད།

    ཁྱེད་རང་གི་བསམ་ཚུལ་དེ་ལ་གུས་བརྩི་ཡོད། འོན་ཀྱང་ལག་ལེན་ནང་ཡོང་ཐུབ་པ་ཞིག་མ་རེད་ལ། དམངས་གཙོའི་གཞི་རིམ་གྱི་ཁེ་དབང་དང་མཐུན་པ་ཞིག་མ་རེད།

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    དེ་ཐབས་ཤེས་ཡག་པོ་ཞིག་འདུག མ་མཐར་ཁོང་རང་གིས་དེ་སྔོན་འོས་བླུགས་མྱོང་མི་འདུག་ན། ཁོ་རང་བཀའ་ཁྲི་དང་སྤྱི་འཐུས་གང་གི་འོས་ཁོངས་སུ་འཛུལ་མི་ཆོག་པ་ཞིག་བཟོས་ན་ཡག་པོ་འདུག དེང་སང་བཀའ་ཁྲི་དང་སྤྱི་འཐུས་འགའ་ཞིག་ནས་མི་ཚེའི་ནང་འོས་འཕེན་པར་འགྲོ་མྱོང་ཨི་ཡོད་ན་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese