མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་དེ་རིང་ནས་བཟུང་ཉིན་གྲངས་བཞིའི་རིང་། ཐེ་ཝན་གྱི་དད་ལྡན་པ་ཚོར་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དང་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཆོས་དབུ་འཛུགས་གནང་ཡོད།   

དུས་ཡུན་རིང་པོའི་གོང་ནས་ཐེ་ཝན་དང་ཧོང་ཀོང། རྒྱ་ནག་སྐམ་ས་ཆེན་མོ་བཅས་ཀྱི་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་གནང་བ་ལྟར། དེ་རིང་ཞོགས་པར་༸གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་དབུ་འཛུགས་གནང་ཡོད་ཅིང་། གསུང་ཆོས་ཀྱི་ཐོག་མར་དབུ་མ་རྩ་བ་ཤེས་རབ་དང་རྟེན་འབྲེལ་བསྟོད་པ་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་གསུང་རྒྱུ་དང་། བྱང་ཆུབ་ལམ་སྒྲོན་དང་ལམ་རིམ་བསྡུས་དོན་ནང་ཆོས་ཉམས་ལེན་བྱེད་ཕྱོགས་ཀྱི་ཚུལ་དུ་གསུང་རྒྱུ་ཡིན་འདུག

ཐེངས་འདིའི་གསུང་ཆོས་སྟེང་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ། ཧོང་ཀོང་བཅས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པ་ ༡༣༠༠ ལྷག་དང་། དབྱིན་ཇི་དང་ཉི་ཧོང་། ཨི་ཊ་ལི། ཝེ་ཏི་ནམ། ཀོ་རི་ཡ། ཨ་རི་བཅས་ཀྱི་དད་ལྡན་ཆོས་ཞུ་པ་ ༡༥༠༠ ཙམ། དེ་བཞིན་འབྲུག་དང་བཞུགས་སྒར་སེར་སྐྱ་མི་མང་བཅས་མི་གྲངས་ལྔ་སྟོང་ལ་ཉེ་བ་འཛོམས་ཡོད་ཅིང་། དབྱིན་སྐད་དང་ཝེ་ཐི་ནམ། རྒྱ་སྐད། ཀོ་རི་ཡ། ཉི་ཧོང་བཅས་སྐད་རིགས་བཞི་ཡི་ཐོག་སྐད་བསྒྱུར་གྱིས་ཐད་ཀར་རྒྱང་བསྲིང་བྱེད་བཞིན་ཡོད་འདུག་ལ། ༸གོང་ས་མཆོག་སྐུ་སྒེར་དྲ་རྒྱའི་སྟེང་དུའང་ཐད་ཀར་མི་མང་ལ་གཟིགས་འབུལ་གྱིས་ཆ་རྐྱེན་བསྐྲུན་ཡོད་པ་རེད།

 

སྐབས་དེར་ཁོང་གིས་སེམས་ཁམས་ཀྱི་ཉོན་མོངས་དུག་གསུམ་དེ་ཕྱི་རོལ་དུ་ཡོད་པ་ཞིག་མ་ཡིན་པར། ང་ཚོ་མིའི་གཤིས་རྒྱུད་ཀྱི་ནང་དུ་ཡོད་བསྡད་པ་ཞིག་ཡིན་ཞིང་། དེ་ཡང་གཙོ་བོ་གཏི་མུག་ལས་བྱུང་བ་ཞིག་ཡིན་སྟབས།  དེ་སེལ་བར་མིའི་ཤེས་རབ་ཀྱི་སྣང་བའི་ཐོག་ནས་མཐའ་ཡས་པའི་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་བྱང་ཆུབ་སེམས་ཀྱི་བློ་བསྐྱེད་དགོས་པ་དང་། བློ་རིམ་གྱིས་སྦྱངས་ཏེ་འབྲས་བུ་ལྡན་པ་ཞིག་ཡོང་དགོས་པའི་ཐད་ལ་འབད་པ་བྱ་དགོས་ཚུལ་སོགས་མིའི་ཤེས་རབ་ལ་བརྟེན་ཏེ། ངེས་པ་དང་ཡིད་ཆེས་རྙེད་པ་དང་ཕྱི་མ་མངོན་འདོད་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་འདོད་པ་སོགས་ཉོན་མོངས་དང་བྲལ་དགོས་པའི་སྐོར་སོགས་དབུ་མ་རྩ་བ་ཤེས་རབ་དང་རྟེན་འབྲེལ་བསྟོད་པའི་སྐོར་གྱི་བཀའ་ཆོས་བསྩལ་ཡོད།

སང་ཉིན་ནས་བཟུང་༸གོང་ས་མཆོག་གིས་ཉིན་གྲངས་གསུམ་རིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་ཞིང་། ཐེངས་འདིའི་གསུང་ཆོས་དེ་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀ་ནས་ཆུ་ཚོད་ ༡༡ དང་ཕྱེད་ཀའི་བར་དང་། ཕྱི་དྲོའི་ཆུ་ཚོད་ ༡ པོ་ནས་ ༣ བར་སྩོལ་འཆར་ཡོད་པ་རེད།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. མངའ་རིས་ཕོ་ཉ། says:
    ལོ་ 16 སྔོན།

    འཛམ་གླིང་ཞི་བདེའི་འོད་སྣང་ཁྱབ་གྱུར་ཅིག སྐུ་ཚེ་ཡུན་རིང་བརྟན་པར་ཤོག གངས་ཅན་ལྗོངས་ཀྱི་བདེན་མཐའ་མྱུར་དུ་སེལ་བར་ཤོག

    Reply
  2. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    རླབས་ཆེན་གྱི་དགོངས་གཞི་ཟབ་མོ་དེ་ནི་མྱུར་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་དང་ཆབས་གཅིག་ཏུ་ཁོང་གི་སྐུ་ཚེ་ཡུན་ཏུ་བརྟན་ཅིང་བོད་ལྗོངས་རང་དབང་གཙང་མའི་བདེན་མཐའ་མྱུར་དུ་གསལ་པར་སྨོན་ཤུགས་དྲག་ཞུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese