རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༣ ནས་མགོ་འཛུགས་ཀྱིས་ཉིན་ ༧ རིང་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའུ་ནང་ཚོགས་ཡོད་ཅིང་། ཐེངས་འདིའི་ཚོགས་འདུའི་སྟེང་འཛམ་གླིང་རྒྱལ་ཁབ་ཁག་ ༡༢༨ ནས་རྩོམ་པ་པོ་ ༦༠༠ ཙམ་མཉམ་ཞུགས་བྱས་ཡོད། ཚོགས་ཐོག་ཏུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་ཀྱང་མཉམ་བཞུགས་བྱས་ཡོད་ཅིང་། ཚོགས་ཐོག་ཏུ་ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་གྱི་སྐབས་ནས་བཟུང་བོད་ནང་གི་རྩོམ་པ་པོ་ཚོས་རྒྱ་གཞུང་ལ་བོད་མིར་དྲག་གནོན་མི་བྱ་རྒྱུར་ཞུ་ཡིག་དང་རྩོམ་ཡིག་སོགས་སྤེལ་ཡོད་སྟབས། ད་ཆར་རྒྱ་གཞུང་གིས་བོད་རིགས་རྩོམ་པ་པོ་ ༤༠ ཙམ་ཁ་བྲལ་གྱི་ཉེས་མིང་བཏགས་ཏེ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། བཙོན་འོག་གི་རྩོམ་པ་པོ་དེ་དག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པ་ཞིག་ཡིན་ཡང་། རྒྱ་གཞུང་གིས་ཁོང་ཅག་གི་སྨྲ་བརྗོད་རང་དབང་འཕྲོགས་ཏེ། རྩ་ཁྲིམས་དང་ཡོངས་སུ་འགལ་ཡོད་སྐོར་བརྗོད་ཡོད།
ཁོང་གིས་མུ་མཐུད་དུ། རྒྱ་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་བྱེད་སྒོའི་ཁྲོད། ད་ཆར་བོད་ནང་བོད་ཀྱི་སྐད་ཡིག་གིས་གྲལ་རིམ་གཉིས་པའི་གོ་གནས་ཙམ་ལས་ཟིན་གྱི་མེད་པ་དང་། བོད་ཀྱི་རི་བོ་དང་ཆུ་བོ། གཞུང་ལམ་བཅས་ཀྱི་བོད་མིང་བསྒྱུར་ཏེ་རྒྱ་མིང་བཏགས་པ་དང་། བཙན་དབངགི་ཐོག་ནས་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་འཇུག་གི་ཡོད་པ་སོགས་ཀྱིས་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་ལྷུང་ཡོད་སྐོར་སོགས་བརྗོད་ཡོད། ཚོགས་འདུའི་མཇུག་ཏུ་ཚོགས་ཞུགས་པ་ཚང་མས་ཐུན་མོང་ཐོག་གྲོས་ཆོད་ཅིག་བཞག་ཡོད་ཅིང་། གྲོས་ཆོད་དེའི་ནང་། རྒྱ་གཞུང་གིས་བོད་དང་རྒྱ་ནག་གི་རྩོམ་པ་པོའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་དགོས་པ་མ་ཟད། ད་ཆར་བཙོན་འོག་ཏུ་ཡོད་པའི་བོད་རྒྱའི་རྩོམ་པ་པོ་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་ཞུས་ཡོད།
བསྡུ་སྒྲིག་པ། དཔལ་ལྡན།
་
བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱིས་བོད་རིག་པའི་ཞིབ་འཇུག་གི་ཐོག་ལ་ཕན་ཐོག་མིན་ཐེ་ཚོམ་གྱི་གཞི་རུ་གྱུར། ཡིན་ནའང་རྩོམ་པ་པོ་སྒེར་ཕྱུག་པོ་ཆག་རྒྱུའི་གར་སྟེགས་ཅིག་ཡིན་པ་ཐེ་ཚོམ་རྩ་བ་ནས་མེད། དཔེར་ན་་་་་་་་་་་་་་་་་་་
མ་འོངས་པར་ཡང་རྩོམ་པ་པོ་མང་ཙམ་ཕེབས་རོགས།
ཀུན་ཐར་གྱི་ཀླད་པ་ནི་རྒྱ་བོད་ཟུང་འབྲེལ་གྱི་ཁྲག་རྩ་ལས་གྲུབ་པ་རེད། ཁོང་ཉི་ཧོང་ལྟ་བུ་ནས་འདུག་པའི་ཀླད་མེད་ཅོལ་ཆུང་ཞིག་ག་ལ་ཡིན།
གལ་སྲིད་བསྡད་སོང་ན། ཁོང་གི་ཁང་པ། མོ་ཊ། སྒེར་བདག་གི་ཚོགས་པ་གསུམ་་་་་ཧ་ཅང་མང་ནོ་རེད།
བཙན་བྱོལ་གྱི་རྩོམ་པ་པོའི་མིང་ཙམ་འཛིན་པ་ཚོ་ཚོགས་འདུ་གྲོལ་མ་ཐག་མ་གར་སོང་ཆ་མེད་དུ་གྱུར་ནས་ཕྱིར་ཡོང་མེད་པར་ཆག་གིན་འདུག་ཀྱང་ཀུན་ཐར་ལགས་དེ་ལྟར་མི་འགྱུར་བའི་སྨོན་ལམ་འདེབས།
བོད་དོན་གྱི་ཆ་ནས་བཤད་ན། འདི་ལོའི་ཨ་རིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ལས། ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའུ་ནང་ཚོགས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་ཕན་ཐོགས་ཆེ་བ་བྱུང་ཡོད་བཟོ་འདུག་སྙམ།