མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་ཀྱི་སེམས་ཁྲལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་  ༤ ཉིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཡོད་པའི་བལ་ཡུལ་ཨ་རིའི་གཞུང་ཚབ་སྐུ་ཞབས་སི་ཀོཊ་ཌེ་ལི་སི་ལགས་དང་མཇལ་འཕྲད་གནང་སྟེ། ཐེངས་འདིར་བལ་ཡུལ་གཞུང་གིས་རྒྱལ་ས་ཀ་ཐ་མན་གྲུ་ནང་གི་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པའི་སྐོར་གསལ་བཤད་གནང་ཡོད་འདུག་ལ། བལ་ཡུལ་ཨ་རིའི་གཞུང་ཚབ་ཀྱི་ངོས་ནས་ཀྱང་ཐེངས་འདིའི་གནད་དོན་དེར་སེམས་འཚབ་ཡོད་ཚུལ་དང་། མི་འགྱངས་པར་གནས་ཚུལ་དེའི་སྐོར་ལ་རྟོགས་ཞིབ་བྱ་རྒྱུ་སྐོར་ཁས་ལེན་བྱས་ཡོད་འདུག   

རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གནད་དོན་དེའི་ཐད་གསུངས་དོན། ཕྱི་ཚེས་ ༣ ཉིན་བལ་ཡུལ་ནང་བྱུང་བའི་དོན་རྐྱེན་དེ་སེམས་འཚབ་དང་བློ་འགྱོད་སྐྱེ་གཞི་ཞིག་ཆགས་ཡོད། གནད་དོན་དེ་ལྟ་བུ་ཞིག་ང་ཚོར་བྱུང་བ་རྒྱུ་མཚན་དུ་བྱས་ནས་སེམས་འཚབ་སྐྱེས་བ་མ་ཡིན་པར། བལ་ཡུལ་རྒྱལ་ཁབ་དེ་ཉིད་རང་བཙན་རྒྱལ་ཁབ་ཅིག་ཡིན་བཞིན་དུ་དོན་རྐྱེན་འདི་འདྲ་ཞིག་བྱུང་བ་དེའི་མཇུག་འབྲས་གང་འདྲ་ཞིག་འབྱུང་མིན་གྱི་ཐད་ནས་ཡིན། ད་ལྟའི་ཆར་བལ་ཡུལ་རྒྱལ་ཁབ་དེ་རྒྱ་ནག་གི་རང་སྐྱོང་མངའ་ཁུལ་ལྟ་བུ་ཞིག་ཆགས་འདུག བལ་བོད་གཉིས་ལོ་རྒྱུས་ཐོག་ཡུན་རིང་གི་འབྲེལ་བ་ཡོད་པར་བརྟེན། གནད་དོན་དེ་རིགས་སེམས་འཚབ་སྐྱེ་གཞི་ཞིག་ཆགས་འདུག ཅེས་དང་། བོད་མི་ཚོའི་འོས་ཤོག་དེས་རྒྱ་ནག་ལ་རྒྱབ་འགལ་བྱས་པ་ཞིག་མིན་ཡང་། ཐེངས་འདིའི་བལ་གཞུང་གི་བྱེད་སྟངས་དེས་རྒྱ་ནག་གཅིག་གི་ཆབ་སྲིད་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་ཞིག་རེད། འོན་ཀྱང་། གནད་དོན་དེ་རིགས་ཀྱིས་རྒྱལ་སྤྱིའི་ནང་བོད་མིའི་དམངས་གཙོའི་རྣམ་པ་དངོས་ཇེ་གསལ་དུ་གཏོང་ཐུབ་པ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་འདུག

བསྐྱར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 6

  1. ནད་པ says:
    ལོ་ 16 སྔོན།

    ཡག་པོ་རེད། གནས་ཚུལ་དུས་ཐོག་ལ་གསལ་བཤད་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།
    ལར་ནས་བལ་ཡུལ་དུ་གནད་དོན་དེ་འདྲ་ཞིག་བྱུང་བ་དེས་རིང་མིན་བལ་ཡུལ་དེ་ཉིད་ཀྱང་ང་ཚོ་བོད་དང་འདྲ་བར་ཆབ་སྲིད་ཉམས་ཞན་དུ་འགྲོ་བཞིན་པའི་མངོན་རྟགས་གཅིག་ཀྱང་རེད།

    ང་ཚོས་བལ་ཡུལ་གཞུང་ལ་འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཕམ་ཉེས་དང་བྱུང་བྱུས་ཉེས་ཇི་བྱུང་ཚང་མ་རེ་རེ་ནས་གསལ་བཤད་གཅིག་བྱེད་ཐུབ།

    དེ་དག་བལ་པོས་གོ་ཐུབ་ན་བལ་ཡུལ་རྒྱལ་ཁབ་དང་བལ་ཡུལ་མི་རིགས་ལ་ཕན་པའི་སྨན་མཆོག་གཅིག་ཡིན་ལ་གོ་མ་ཐུབ་ན་ཐ་མ་ང་ཚོ་ལྟར་གཅིག་མཚུངས་ཕམ་ཉེས་འགྲོ་རྒྱུར་ཐེ་ཚོམ་གཏན་ནས་མེད།

    Reply
  2. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    ཁ་བྱང་དང་འབྲེལ་བ་མེད་པའི་གསར་འགྱུར་ཞིག་རེད་འདུག

    Reply
  3. འཇམ་གྲགས says:
    ལོ་ 16 སྔོན།

    བལ་ཡུལ་ཡོད་པའི་ཨ་རིའི་གཞུང་ཚབ་རེད་དམ། ཨ་རིར་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་རེད།

    Reply
  4. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    གོང་གི་ཁ་བྱང་དེར་བལ་ཡུལ་གཞུང་ཚབ་ཀྱི་སེམས་ཁྲལ་ཞེས་བཅོས་ན་བཟང་སྙམ། དེ་མིན་ཁ་བྱང་དང་ནང་དོན་གཉིས་ཕྱོགས་གཉིས་ལ་ཕྱིན་ཚར་འདུག ཁ་བྲོ།

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་རེ་བལ་གཞུང་གིས་བོད་མིའི་འོས་སྒམ་འཕྲོག་བཅོམ་བྱས་པ་འདི་ང་ཚོས་རྒྱལ་སྤྱིའི་གསར་ལམ་སོགས་ལ་ཤུག་ཆེ་ཙམ་བསྒྲགས་ཐུབ་སོང་ན་རྒྱ་རི་རིན་པོ་ཆེ་ཡིས་གསུངས་ལྟར་རྒྱལ་སྤྱིའི་སྒང་བོད་མི་མང་གིས་རང་ཉིད་ཀྱི་དབུ་ཁྲིད་མི་མང་མང་མོས་ལམ་ནས་འདེམས་བཞིན་པའི་གནས་སྟངས་གསལ་པོ་བཟོ་རྒྱུའི་གོ་སྐབས་ཡག་པོ་ཞིག་རེད།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དངོས་གནས་ཁོང་གི་གསུངས་པ་གནད་ལ་ཁེལ་འདུག ཆབ་སྲིད་པ་ཟེར་ན་འདི་ལྟར་ལོ་རྒྱུས་དང་འབྲེལ་ནས་བཤད་རྒྱུ་ཞིག་ལས། དོན་མེད་སྡིགས་ར་འཐེན་པ་ངྷ་སའི་ཆབ་སྲིད་པར་རློམ་པ་འགའ་ཤས་ཀྱི་སྤྱོད་ཚུལ་ལས་མ་འདས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese