མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་ངོ་མར་བརྐུས་པ་རེད། ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

མི་ནག་ཚང་ལུང་རིགས་རྒྱལ།

ད་ལྟ་ངས་ཟིན་བྲིས་འདི་འབྲི་བཞིན་པའི་སྐབས་སུ། ང་ཚོའི་འོས་སྒམ་གཉིས་དེ་སྔ་མོ་ནས་པེ་ཅིན་ལ་འབྱོར་ཡོད་སྲིད། ཡང་མིན་ན། རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ལས་བྱེད་འགས་ཀ་ཐུ་མན་གྲུ་ནས་བཙན་འཕྲོག་བྱས་པའི་འོས་སྒམ་དེ་གཉིས་ཀྱི་རྗེས་འབྲས་གང་འདྲ་ཞིག་ཆགས་མིན་ལ་ཕྱོགས་ཡོངས་སུ་ཉན་ཞིབ་བྱེད་ཀྱིན་པའི་སྒང་ཡིན་ཀྱང་སྲིད།

༧གོང་ས་མཆོག་ད་ཆར་དགུང་ལོ་ ༧༥ ལ་ཕེབས་ཡོད་པ་རེད། ཁོང་གིས་ཡང་དང་བསྐྱར་དུ། ཁོང་ཉིད་དེང་སང་ཕྱེད་བགྲེས་ཡོལ་ཡིན་ཅེས་གསུང་གི་ཡོད་ལ། སྐབས་རེར་ཁོང་གི་ཕྱག་གཉིས་ཀྱི་ཡ་གཅིག་ནི་བོད་རིགས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དེ་ཡིན་ཅེས་གསུང་གི་ཡོད།

༧གོང་ས་མཆོག་གི་དགུང་ནའི་བབ་དང་བསྟུན་ནས་བོད་མི་རིགས་ཀྱི་སེམས་ཁམས་ནི་ལོ་རེ་བཞིན་དངངས་སྐྲག་གམ། རྔམ་དྲག་ཅིག་གི་ནང་དུ་ལྷུང་བཞིན་ཡོད། རྔམ་དྲག་འདི་ལ་དཔག་པའི་གྲ་སྒྲིག་ཡག་ཤོས་ནི་གང་ལྟར་ཀྱང་དམངས་གཙོའི་དབུ་ཁྲིད་རྩོད་མེད་ཅིག་འདེམ་རྒྱུ་དེ་ཡིན། དེ་ལྟར་ཕྱི་ཚེས་ ༤ ཉིན་བཙན་བྱོལ་བོད་མི་ཚོས་ལག་དེབ་ལྗང་ཁུ་དེ་ཁྱེར་ནས་ཡུལ་ཕྱོགས་སོ་སོ་ནས་འོས་འཕེན་གྱི་བང་སྒྲིག་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་བར་དུ། བལ་གཞུང་འདི་དམངས་གཙོ་དང་དམར་ཤོག་གང་ཡིན་བཤད་ཚོད་མི་ཐུག་པའི་སྐབས་ཤིག་ལ། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་རྒྱ་གཞུང་གི་ལད་མོ་བྱས་ཤིང་། འོས་སྒམ་བསྡུ་ལ་ཉེ་བའི་སྐབས་དེར་གློ་བུར་དུ་རྒྱུག་ནས་བོད་མི་ཚོའི་ལག་ནས་བཙན་འཕྲོག་བྱས་ཡོད་ལ། ཚུལ་འདི་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བྱེད་སྟངས་དང་གཅིག་མཚུངས་ཡིན།

རྒྱ་ནག་གཞུང་གིས་བོད་མིའི་རྩོད་མེད་ཀྱི་དབུ་ཁྲིད་ཅིག་ཡིན་ཚེ་བརྐུ་བའམ་འཕྲོག་པ། གསོད་པ། གནོན་པ། དེ་མིན་ན་རྒོལ་བཞིན་ཡོད། པན་ཆེན་ཆུང་སྲིད་ནི་འདིའི་དཔེ་མཚོན་ཡག་ཤོས་ཡིན་ལ། བོད་ནང་གི་བོད་མིའི་དབུ་ཁྲིད་དང་སྐྱེས་ཆེན་དམ་པ་ཚང་མ་འདི་ལྟའི་གནས་སྟངས་གཅིག་གི་འོག་ཏུ་བཞུགས་ཡོད།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེའི་ན་བཟའ་བརྗེ་བར་སྒུག་བཞིན་པའི་སྐབས་སུ། བོད་མི་རིགས་ཀྱིས་ཐད་ཀར་དུ་ཁོང་གི་ཕྱག་ཡ་གཅིག་འགྱོག་བཞིན་ཡོད། ཁོང་གི་ཕྱག་ཡ་འདིའི་མགོར་འཐམ་ནས་བོད་མི་རྣམས་མུ་མཐུད་ནས་བདེན་དོན་གྱི་ཆེད་དུ་ལངས་རྒྱུ་ཡིན་པ་ཐག་གིས་ཆོད་ཡོད། དེར་བརྟེན། ཕྱི་ཚུལ་ནས་བལྟས་ན། བལ་ཡུལ་ཉེན་རྟོག་པས་བོད་མི་ཚོའི་འོས་སྒམ་འཕྲོག་པ་ལྟར་སྣང་ཡང་། དོན་ངོ་མར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ངོ་ཚར་མ་འཛེམས་པར་བལ་ཡུལ་གྱི་རུམ་ནས་ལག་པ་ཚུར་བརྐྱངས་ཏེ། བོད་མི་ཚོའི་འོས་སྒམ་དེ་བརྐུས་པ་རེད།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༢ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༥ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 6

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་ཕེབས་ནས་བཀའ་མོལ་གནང་བར་ཧ་ཅང་དགའ་ཡོད།

    ངའི་བསམ་པར་ཐེངས་འདིར་བོད་མི་ཚོའི་ཁོང་ཁྲོ་དེ་ཐད་ཀར་དུ་ཀ་ཐ་མན་གྲུ་ན་བསྡད་འདུག་སྙམ། ཞོར་དུ་བལ་ཡུལ་མི་དམངས་དང་བོད་རིགས་མི་དམངས་ཀྱི་བར་ལ་ཡང་དགོས་མེད་ཀྱི་དམོད་ཚིག་དང་རྣམ་འགྱུར་རེ་ཤོར་རྒྱུ་རེད་འདོད། དེ་ལྟར་བྱུང་ན་རྒྱ་ནག་གཞུང་གི་འདོད་ཐོག་ཏུ་རྒྱུག་པ་རེད།

    དེ་ལས་ང་ཚོས་ཁ་རྡུང་འདི་ཐད་ཀར་དུ་རྒྱ་ནག་གཞུང་གི་སྟེང་ལ་བསྐོར་རྒྱུ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཤིག་འཁྱེར་ཐུབ་པའི་དབང་དུ་བཏང་ན་ཡང་དེ་པེ་ཅིན་གྱི་དམར་ཤོག་པ་དེ་ཚོའི་སྟེང་ལ་བསྐོར་དགོས་རྒྱུ་དེ་ཡིན། གང་ཡིན་ཅེ་ན། རྒྱལ་སྤྱིའི་གསར་འགོད་པ་དང་སྲིད་དོན་ཉམས་ཞིབ་པ། ཆབ་སྲིད་པ་སུ་ཡིན་རུང་བལ་ཡུལ་གྱི་ཉེན་རྟོག་པ་དེ་ཚོར་བཀའ་གཏོང་མཁན་སུ་ཡིན་གྱི་ཕུ་ཐག་དེད་ན་པེ་ཅིན་གྱི་མགོ་ཁྲིད་ཚོ་ལས་འགྲོ་ས་མེད་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད།

    ད་ནི་འོས་སྒམ་དེ་ངེས་པར་དུ་ཕྱིར་ལོན་དགོས་པའི་རྒྱུ་མཚན་མི་འདུག ཁོང་ཚོར་དགོས་ན་འཁྱེར་དུ་ཆུག

    གལ་སྲིད་ཕྱིར་རག་པ་ཡིན་ནའང་ང་ཚོའི་ངོས་ནས་བརྐུ་ལ་ཤོར་ཚར་བའི་འོས་སྒམ་ཞིག་ཁ་ཕྱེ་ནས་འོས་ཤོག་གྲངས་བཤེར་བྱས་ན་འཚམ་པོ་མེད་ཁར། ཁྲིམས་སྒྲིག་ལ་ཡང་འགྲིག་གི་མ་རེད་འདོད།

    དེ་ལས་བརྡ་ཁྱབ་གསལ་བོ་ཞིག་བརྒྱབ་སྟེ། ཞིབ་བཤེར་ནན་མོ་དང་བཅས་ས་གནས་དེ་གཉིས་ཀར་བསྐྱར་དུ་འོས་ཤོག་འཕེན་འཇུག་རྒྱུའམ། ཡང་ན། སྔོན་འགྲོའི་འོས་ཤོག་རྩིས་མེད་དུ་གཏོང་རྒྱུ་དེ་རེད།

    ཐབས་ཤེས་རྩེ་ཕུད་ནི་མཐའ་མ་ལྟར་སྣང་ཡང་། འོས་གཞིའི་མི་སྣ་མང་པོ་ཞིག་གི་འོས་ཤོག་ལ་ཁྱད་པར་ཏན་ཏན་འགྲོ་སྲིད་པས་དུས་ཚོད་དང་འགྲོ་གྲོན་གྱིས་ལྕོགས་ན་བསྐྱར་དུ་འོས་འཕེན་རྒྱུ་དེ་འདོམ་བདེ་ཤོས་རེད་འདོད།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བཀུར་འོས་ལུང་རིགས་རྒྱལ་ལགས། བདེ་མོ། ཁྱེད་རང་ཕྱི་ཕྱོགས་སུ་ཕེབས་ནས་དོན་རྐྱེན་ཞིག་བྱུང་ཡོད་པ་རེད། འོན་ཀྱང་འདི་ཕྱོགས་ནས་དྲ་འབུ་ཁག་ཅིག་གིས་དོན་མེད་ཀྱི་སྐད་ཆ་མང་བོ་ཞིག་དྲ་ཐོག་ཏུ་འགོད་བཞིན་པ་ལ་ཆ་འཇོག་མ་མཆིས་ཀྱང་། གཙོ་བོ་དུས་སྐབས་ཡག་པོ་ཞིག་དང་བསྟུན་ནས་ཁྱེད་རང་ཕྱིར་ཕེབས་རྒྱུ་རེ་བ་ཆེ། དེའི་བར་རྩོམ་ཡིག་གནད་ལ་ཁེལ་བ་རེ་བསམ་འཆར་གྱི་ས་ཁོངས་སུ་བསྐུར་གི་སྡོད། མཚམས་རེ་རྩོམ་སྒྲིག་གི་གཏམ་བྲིས་ན་བཟང་གི དེ་ནི་འོས་པ་ཞིག་རེད་བསམ་གི གང་ལྟར་གཙོ་བོ་སྙུག་རྩེ་ནས་བོད་ཀྱི་བདེ་སྡུག་དང་གནས་སྟངས་གླེང་ན་བསྡད་ས་ལ་ཁྱད་པར་མ་མཆིས་སོ།།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གང་ལྟར་ལུངས་རིགས་རྒྱལ་ལགས་འོས་ཤོག་འཕེན་སྐབས་སུ་གང་ཞིག་དུ་བཞུགས་མིན་མ་ཤེས་པ་ངའི་ནོར་ཡོད། གལ་ཏེ་དྭངས་བླངས་པ་འོས་གཞི་འདོན་མཁན་ཁག་ཅིག་ལ་ངོས་ལན་བྱས་དེ་འོས་བསྡུའི་སྐབས་དེར་ས་གནས་དེར་བཞུགས་མེད་ན་ཁོང་ལ་ཡང་ནོར་འཁྲུལ་ཡོད།འགའ་ཞིག་གི་བཤད་ས་འོས་བསྡུའི་སྐབསཕྱི་རྒྱལ་ཁག་ལ་ཡོད་ན་འོས་ཤོག་རྩེས་མེད་རེད་ཟེར། དེ་བདེན་པ་ཡིན་ནམ

    Reply
  4. རི་བོང། says:
    ལོ་ 16 སྔོན།

    འོས་ཤོག་ལ་ཞེས་བཅོས་རོགས། མཆན་རྒྱས་པ་ཞིག་འབྲི་འདུན་ཡོད་མོད་གློག་ཆད་སོང་བས་བྲེལ་ཚུབ་ངང་མཇུག་བསྡུ་དགོས་ཆགས་སོང་། ད་ཅང་མི་དྲན་གི། གང་ལྟར་ཀྱང་། གང་ནས་བསྡད་ཀྱང་། ཁྱེད་དང་ཁྱེད་ཀྱི་རྣམ་དཔྱོད་ནི་སྔར་ལྟར་ཡིན་པས། སྨྱུ་གུ་ཐང་ལ་འཇོག་མི་རུང་ཨ་མའི་བུ། བཀྲ་ཤིས་བདེ་ལེགས།

    Reply
  5. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    རྒན་མི་ནག་ལགས། སྐུ་བདེའམ། གློ་བུར་དུ་འཕྲད་ན་གློ་བུར་དུ་ཅི་ཞིག་བཤད་དགོས་མིན་ཡང་བཤད་ཁག་པ་འདུག ངོ་མ་འདི་ལྟར་བཤད་ན་བལ་ཡུལ་གྱིས་རྒྱལ་སྤྱིའི་སྟེང་རང་ཉིད་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པའི་ངོ་ལེན་བྱས་པ་མ་ཡིན་ནམ། འོ་བརྗེད་གྲབས་འདུག་སྤྱི་འཐུས་ལ་མ་འདུག་རོགས།

    Reply
  6. རི་བོང། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་ལགས།
    རྒྱུན་རིང་པོ་ཞིག་ལ་འཇམ་ཐིང་ངེར་བསྡད་སོང་། དེ་རིང་གཞི་ནས་ཅིག་གྲག་ཡོང་དུས་དངོས་གནས་དགའ་སོང་། ཁ་སང་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ངས་འོས་མི་བཙལ་བ་ཡིན། དེ་དུས་ཡར་མར་ལ་ཁ་པར་བཏང་ནས་སྐུ་ཉིད་ཚུར་ཕེབས་རྒྱུ་ཡིན་མིན་དྲིས་པ་ཡིན། སྤྱི་མཐུས་ལ་ཁེལ་ན་ཡོང་ངེས་རེད་ཟེར་བ་ཞིག་གོ་སོང་། ངས་གྲོགས་པོ་ཚོ་ལའང་དེ་ལྟར་ལབ་ཡིན། ཁོང་ཚོས་ཀྱང་དེ་ལྟར་ཡིན་ན་ཁོ་ལྡུག་དགོས་པ་ཟེར་གྱིན་འདུག སྔོན་འགྲོ་འོས་འཕེན་གྱི་སྐབས་ཏག་ཏག་དེར་སྐུ་ཉིད་གར་ཡོད་འདིར་ཡོད་ངེས་གཏན་མེད་པ་ཞིག་ཆགས་པ་དེས་ཉིད་ཀྱི་འོས་ཤོག་ཏན་ཏན་ཤུགས་རྐྱེན་ཐེབས་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese