མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ཎ་ཌའི་བློན་ཆེན་དང་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ཁང་དུ། ཁེ་ཎ་ཌའི་རྩེད་རིགས་བློན་ཆེན་སྐུ་ཞབས་གྷེ་རི་ལོན་  Gary Lunn མཆོག་དང༌། ལྡི་ལིར་བཅའ་བཞུགས་ཁེ་ཎ་ཌའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Stewart Beck མཆོག  ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ Vim Kochhar  སོགས་ཁེ་ཎ་ཌའི་གཞུང་གི་གནད་ཡོད་དཔོན་རིགས་ ༡༥ ཙམ་གཟིགས་སྐོར་དུ་ཕེབས་ཡོད་ཅིང་། སྐབས་དེར་བདེ་རྩའི་ངེས་སྟོན་པ་འབྲས་སྤུངས་བློ་གསལ་གླིང་གི་གྲགས་པ་རིན་པོ་ཆེ་མཆོག་གིས་དབུས། དགེ་སློབ་རྣམས་ཀྱིས་བོད་ལུགས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་། ཚོགས་པའི་ལས་དོན་ངོ་སྤྲོད་དང༌སྦྲགས་སློབ་ཕྲུག་ཚོས་བོད་ཀྱི་གཞས་སྣ་གཟིགས་འབུལ་ཞུས་ཡོད།

 

ཉིན་དེར་གྲགས་པ་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་རྣམས་ལ། བོད་རྒྱའི་དཀའ་རྙོག་སེལ་ཆེད་ྋགོང་ས་མཆོག་གིས་འབད་རྩོན་མཛད་བཞིན་པའི་བོད་རྒྱ་འབྲེལ་མོལ་ཐད་རྒྱབ་སྐྱོར་ཡོང་བ་དང༌། དེ་སྔོན་བཙན་བྱོལ་བོད་མི་རྣམས་དཀའ་ཚེགས་ཆེ་བའི་སྐབས་སུ་ཁེ་ཎ་ཌའི་གཞུང་ནས་བོད་མི་ཁག་ཅིག་སྐྱབས་བཅོལ་དུ་བཞེས་གནང་བ་མ་ཟད། དེ་རྗེས་གསར་དུ་བོད་ནང་དཀའ་ངལ་འཕྲད་རིགས་བོད་མི་སྐྱབས་བཅོལ་དུ་འབྱོར་བ་རྣམས་ལ་རོགས་རམ་གནང་བཞིན་པ་སོགས་ལ་ཐུགས་རྗེ་ཞུས་ཡོད། ཐེངས་འདིའི་གཟིགས་སྐོར་དེ་ནི། དེ་སྔོན་ཁེ་ཎ་ཌའི་གཞུང་ཚབ་ཀྱིས་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩར་མཁོ་ཆས་ཁག་ཅིག་གི་རོགས་རམ་གནང་ཡོད་ཅིང་། ཚོགས་པ་དེས་ཕྲུ་གུ་ཚོར་བྱམས་སྐྱོང་དང༌། རོགས་རམ་ཞུ་ཕྱོགས་དོན་ཕན་ལྡན་པ་ཞིག་བྱུང་ཡོད་སྟབས། ཐེངས་འདིར་ཆེད་མངགས་གཟིགས་སྐོར་དུ་ཕེབས་པ་ཞིག་ཡིན་འདུག  

 

ལྡི་ལིའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ནི། ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག ཕྱི་ལོ་ ༡༩༩༧ ལོར་གསར་འཛུགས་བྱས་ཤིང་། རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་འདུག ཚོགས་པའི་ལས་དོན་ཐོག་མར། སྐབས་དེར་ལྡི་ལི་བོད་སྒར་དུ་ཉལ་ཐ་འཐེན་ཅིང་མི་ཚེ་འཕྲོ་བརླག་འགྲོ་བཞིན་པའི་བོད་ཕྲུག་ ༡༥ ཙམ་ལ། ཌེ་ཊོག་སན་ཊར་སྨན་ཁང་དུ་ཟླ་བ་ ༦ རིང་སྨན་བཅོས་ཀྱིས་དྲག་སྐྱེད་བྱུང་མཚམས་སོ་སོའི་ནང་མིར་རྩིས་སྤྲོད་ཞུས་ཤིང་། སྨན་ཁང་དེ་བརྒྱུད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་  W.H .O  ནས་ཤེས་རྟོགས་བྱུང་རྗེས། གྲགས་པ་རིན་པོ་ཆེ་དང་ལྷན་ཚོགས་དེའི་དབུ་འཛིན་ Dr Cornela devid དང་། ལས་རོགས་རྣམས་ཕོ་བྲང་དུ་མཇལ་བཅར་གྱི་བསྐལ་བཟང་ཐོབ་ཡོད་འདུག

 

བྱམས་བརྩེ་བདེ་རྩས་ད་བར་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་དང༌། ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག དབང་པོ་སྐྱོན་ཅན་བཅས་ཁྱོན་བསྡོམས་ཕྲུ་གུ་གྲངས་ ༢༣ ཙམ་བདག་ཉར་གྱིས་སློབ་གྲྭ་ལེགས་ཤོས་སུ་གཏོང་བཞིན་པའི་ཐོག སྔ་དགོང་དང་གུང་སེང་སྐབས། བོད་ཡིག་དང༌། ནང་ཆོས་སོགས་རིག་གཞུང་ངོ་སྤྲོད་བྱེད་ཀྱི་ཡོད། དེ་མིན་ཉམ་ཐགས་ཕྲུ་གུ་གྲངས་ ༣༠ ལ་སློབ་ཡོན་དང༌། རྒས་ཁོག་གྲངས་ ༡༥ ཙམ་ལ་འཚོ་བའི་རོགས་དངུལ་ཡང་འབུལ་བཞིན་ཡོད། སྤྱིར་ྋགོང་ས་མཆོག་གི་ཐུགས་རྗེ་དང༌། རྒྱ་གར་གཞུང་གི་བཀའ་དྲིན། དེ་བཞིན་བཙན་བྱོལ་བོད་གཞུང་དང༌། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། ཚང་མར་སྤྱི་མཚུངས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་དང་ཐོབ་མུས་ཡིན། ཞེས་ལྡི་ལིའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩའི་ཡིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༤ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༡༠ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

མཆན། 1

  1. སྨར་ཁམས་བུ། says:
    ལོ་ 15 སྔོན།

    གྲགས་པ་སྤྲུལ་སྐུ་མཆོག་གི་མཛད་རིམ་རྒྱལ་བ་ལ་བརྟེན་ནས་དྭ་ཕྲུག་གི་སློབ་མ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད། དེ་དག་གི་མཛད་འཕྲིན་ལ་གུས་པའི་སྙིང་ཐག་པ་ནས་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese