མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་གི་དུས་སུ་ཐོབ་ཐང་རྩོད་རྒྱུ་གལ་ཆེན་མ་རེད། – ཆུ་སྐྱེས་སྒྲོལ་མ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ནས་འཚོགས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང༌། མཇུག་བསྡོམས་སྙན་ཐོ་དེ་བཞིན་ཕྱི་ཟླ ༨ པའི་ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་གཙུག་ལག་ཁང་དུ་༸གོང་མཆོག་ལ་སྙན་སྒྲོན་ཞུས་པ་དང་།  སྐབས་དེར་༸གོང་ས་མཆོག་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་དང་གཞིས་ཆགས་ཀྱི་སྐོར།  དགོན་སྡེ་ཁག་གི་འོས་འགན་གྱི་སྐོར་སོགས་ཕྱོགས་མང་པོ་ནས་བཀའ་སློབ་ལམ་སྟོན་བླ་མེད་གནང་བ་གཉིས་ནི། འདས་པའི་དུས་ཚོད་ལ་ཕྱིར་བལྟ་བྱེད་པ་དང་། ད་ལྟའི་དུས་ཚོད་དམ་འཛིན་བྱེད་པ། མ་འོངས་པའི་དུས་ཚོད་ལ་སྔོན་དཔག་བྱེད་སྟངས་ཤིག་རེད།  ལོ་ལྔ་བཅུའི་དུས་ཚོད་ལ་འདི་ལྟར་བསྐྱར་ཞིབ་ཅིག་གནང་བ་རེད། འདི་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ལ་སྡོམ་བརྒྱབ་ཞིག་ཆགས་ཡོད། 

སྐབས་དེར་ཚོགས་འདུའི་མཇུག་སྡོམ་གསུངས་བཤད་གྲུབ་རྗེས་གོང་ས་མཆོག་ནས།  བོད་རྒྱ་ཐ་དད་ཡིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཡོད། བོད་ཀྱི་གནད་དོན་འདི་དེ་ཙམ་ཛ་དྲག་མིན་ན། ཐོབ་ཐང་བརྩད་བསྡད་ན་མ་འགྲིག་པ་གང་ཡང་མེད། བོད་པའི་ཆོས་དང་རིག་གཞུང༌། སྐད་ཡིག་ཁོར་ཡུག་སོགས་ལོ་རེ་བཞིན་ཉམས་ཆག་ཏུ་འགྲོ་བཞིན་ཡོད།  ཛ་དྲག་གི་གནས་སྟངས་འདི་ལས་བོད་སྐྱོབ་ཐུབ་པའི་ཐབས་ཤེས་ཤིག་བྱ་དགོས་པ་རེད་མ་གཏོགས་ཐོབ་ཐང་གཅིག་པུ་བཤད་འདུག་རྒྱུའི་དུས་ཚོད་མ་རེད། སོགས་གསུངས་པ་ནི། ད་ལྟའི་འཐབ་རྩོད་ཀྱི་ཁ་ཕྱོགས་འདི་གལ་ཆེན་ཡིན་པ་དང་། དེ་བོད་རྒྱ་ཆེའི་མི་མང་གིས་ཤེས་པའི་ཐོག་ནས་མདུན་བསྐྱོད་བྱེད་དགོས་པའི་ལམ་སྟོན་དང་།  ད་ལྟའི་ང་ཚོའི་འཐབ་རྩོད་ཀྱི་དམིགས་གཏད་གསལ་སྟོན་གནང་བ་འདིས། བོད་ཀྱི་ཆོས་དང་རིག་གཞུང་།  མི་རིགས་བཅས་ཉམས་པ་སླར་གསོའི་རེ་བ་དང་གོ་སྐབས་དེ་ད་ལྟའི་དུས་ཚོད་འདི་དམ་འཛིན་ལྷོད་གཡེང་མེད་པ་ཞིག་གི་སྟེང་ནས་གོམ་པ་སྤོ་དགོས་པར་བསྟན་པ་རེད།

བོད་ཕྱི་ནང་གཉིས་ཀ་ན། བོད་ཀྱི་རྩ་དོན་ཐད་ལ་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་རེད། ལས་འགུལ་གྱི་དམིགས་ཡུལ་གཅིག་གྱུར་ཡིན་ནའང་། སྤེལ་སྟངས་དང་བཤད་སྟངས་འདྲ་གི་ཡོད་པ་མ་རེད།  མཚམས་རེར།  ང་ཚོས་ཛ་དྲག་གིོ་གནས་སྟངས་ལས་མྱུར སྐྱོབ་བྱེད་པ་དང་ཐོབ་ཐང་རྩོད་པ་གཉིས་ཀ་མཉམ་དུ་བྱེད་ཀྱི་ཡོད་པའི་བཟོ་ལྟ་ཡོད་ལ།  མཚམས་རེར། ཐོབ་ཐང་ཁོ་ན་རྩོད་པ་ལས་ཛ་དྲག་གི་གནས་སྟངས་ལ་ཕྱིར་མིག་མི་བལྟ་བའི་སྣང་ཚུལ་ཡང་ཡོང་གི་ཡོད། བོད་ནང་དུ་ཆ་མཚོན་ན། གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་དུས་ཐོག་ཏུ་གོ་ཐུབ་ཀྱི་ཡོད་པ་དང་མེད་པ་གཉིས་ལས་མེད་མཁན་མང་བ་དང་། གལ་སྲིད་གོ་བའི་དབང་དུ་བཏང་ནའང་། འགྲེལ་བརྗོད་དར་སྤེལ་བྱེད་རྒྱུའི་ཁོར་ཡུག་དང་གོ་སྐབས་མེད་པས།  ལས་འགུལ་གང་ཞིག་སྤེལ་རུང་རང་རང་སོ་སོའི་འདོད་ཕྱོགས་ལྟར་མདུན་བསྐྱོད་བྱེད་པ་ལས་ཐབས་གཞན་མེད་པར་གནས་ཡོད།

བཙན་བྱོལ་དུ་ཆ་མཚོན་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས། བོད་བསྟན་པ་ཆབ་སྲིད་སླད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ནས།  བོད་དོན་ཁྱབ་བསྒྲགས་སོགས་ལ་འབྲས་བུའང་མི་དམན་པ་རེ་ཐོབ་ཡོད། འོན་ཀྱང༌། ད་ལྟའི་འཆར་ཐོབ་ཐང་རྩོད་རྒྱུ་དེ་གལ་ཆེན་ཡིན་པར་ངོས་འཛིན་བྱེད་པ་དང་། ཛ་དྲག་གི་གནས་སྟངས་འདི་ནས་མྱུར་སྐྱོབ་བྱ་རྒྱུ་དེ་གལ་ཆེན་ཡིན་པར་ངོས་འཛིན་བྱེད་སྟངས་རིགས་གཉིས་ཡོད། གང་སྔོན་ལ་བྱེད་དགོས་པ་དང། གང་རྗེས་ལ་སྒྲུབ་དགོས་པའི་འདམ་ག་གསལ་པོ་ཞིག་མ་བྱུང་ནས། ང་ཚོའི་ལས་འགུལ་མང་པོ་ཞིག་ཁ་ཕྱོགས་མ་འདྲ་བ་ཆགས་ཀྱི་ཡོད། ༢༠༠༨ ལོའི་ཞི་རྒོལ་ལས་འགུལ་སྐབས་ལ། བཙན་བྱོལ་བོད་མི་ཚོས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་རེད།  བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ནས་ཁ་ཕྱོགས་གཅིག་གིས་གདོང་ལེན་བྱས། དེ་ནས་ཛ་དྲག་གི་ལས་འགུལ་དེ་མཚམས་བཞག  ཡིན་ནའང་། བོད་ནང་གི་གནས་སྟངས་དེ། ད་དུང་ཡང་འགྱུར་བ་མེད་པར་གནས་བསྡད་ཡོད།

རྒྱ་གཞུང་གི་དམག་མིས་ད་དུང་ཡང་མེ་མདའ་ལག་པར་བཟུང་སྟེ།  བོད་པའི་དགོན་པ་དང་གྲོང་སྡེ། ཐ་ན་ཁྱིམ་ཚང་གི་སྒོ་ཁ་རེ་རེ་ན་སོ་ལྟ་དང་། སྐོར་ཉུལ་བྱེད་བཞིན་པ་རེད། བོད་མི་མང་པོ་ཞིག་ད་དུང་ཡང་བཙོན་ཁང་ན་ཡོད། བཙོན་ཁང་དུ་འཇུག་མཚམས་ད་དུང་ཡང་བར་མཚམས་ཆད་ཀྱི་ཡོད་པ་མ་རེད། འདི་ཚོར་བལྟས་པ་ཡིན་ན།  ཛ་དྲག་གི་གནས་སྟངས་འདི་ལས་ཐར་བ་ཞིག་བྱེད་དགོས་པ་ནི་ལས་དོན་ཨང་དང་པོ་ཆགས་ཡོད། བོད་མི་ཚོ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ལ་རྒྱག་གཅིག་མཆོང་གཅིག་གིས་ཤར་བསྐྱོད་ཐུབ་པ་ཡིན་ན།  ཏཱ་ལའི་བླ་མ་ཁ་ཞེ་གཉིས་མེད་མ་རེད་ཅེས་པའི་མ་ཉེས་ཁ་གཡོགས་ཀྱི་གླེང་བཤད་འདི་ཚོ་ཡོང་ཤེས་ཀྱི་མ་རེད། བོད་མི་ཚང་མའི་མངོན་འདོད་གཅིག་མཚུངས་ཡིན་པ་དེར། འཛམ་གླིང་མི་མང་ནས་ཀྱང་སྔར་ལས་ཡིད་ཆེས་དང་རྒྱབ་སྐྱོར། རྒྱ་ཕྱོགས་ལའང་བཟོ་ལྟ་ཞིག་སྤྲོད་ཐུབ་ཀྱི་རེད།

དེས་ན། ཚོགས་པ་སྐྱིད་སྡུག་ཚོས་ཆིག་སྒྲིལ་ལ་འབད་དགོས་པ་དེ། ཛ་དྲག་གི་དུས་སྐབས་འདིར། ཐབས་ལམ་ཡག་ཤོས་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་པ་གལ་ཆེ། དཔེར་ན། བུད་མེད་ལྷན་ཚོགས་ཀྱི་ལྟ་གྲུབ་ནི། ལམ་དབུ་མ་དང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་པ་དེ་རེད། དེ་གྲོས་ཆོད་ཁག་གི་ནང་བཀོད་ཡོད་རུང༌། ལག་ལེན་ངོ་མར། རང་བཙན་འཐབ་རྩོད་ལས་འགུལ་ནང་ལའང་ཞུགས་ཀྱི་ཡོད་པ་དང་། དབུ་མའི་ལམ་གྱི་ལས་འགུལ་ནང་ལའང་ཞུགས་ཀྱི་ཡོད། དེ་ནི་ལས་འགུལ་ནང་ཆ་ཤས་བླངས་པ་དེ་འགྲིག་ཡོད་མེད་ཀྱི་སྐད་ཅ་མ་རེད། སོ་སོའི་ལྟ་གྲུབ་དང་ལངས་ཕྱོགས་དེ་དོར་ཚར་བའི་རྗེས་ལ། དབྱེ་ཞིབ་པ་ཚོས་དེར་ལྟ་སྟངས་ཡག་པོ་ཞིག་གིས་བལྟ་ཤེས་ཀྱི་ཡོད་པ་མ་རེད།

༼རྩོམ་པ་པོའི་ཟིན་བྲིས་ལས་བདམས།༽

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 17

  1. པད་བསྟན། says:
    ལོ་ 16 སྔོན།

    ཨ་ཅག་ཆུ་སྐྱེས་ལགས་བདེ་བོ་ཡིན་པས། རྩོམ་ཡིག་འདི་སྤེལ་བ་དེས་ང་ལ་སེམས་ཤུགས་གསར་བ་ཞིག་དང་སྤོབས་པ་གསར་བ་ཞིག་དེས་ཀྱང་མི་ཚད་པའི་བློ་སྐྱེད་གསར་བ་ཞིག་སྦྱིན་སོང་།

    Reply
  2. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 16 སྔོན།

    ཚང་མའི་ཁ་ནས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་ནས་ཤེས་པ་ཙམ་མ་ཡིན་པ་ལག་ལེན་བལྟ་དགོས་པ་གལ་ཆེ།

    Reply
  3. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    ཐོབ་ཐང་རྩོད་རྒྱུ་གལ་ཆེན་མ་རེད་ཡང་ལྟ་བ་མི་འདྲ་བ་ནི་སྤྱི་ཚོགས་ཞིག་ཡིན་དུས་ཡོད་ཡོད་པ་རེད།་དེར་བརྟེན་རང་ཉིད་ཀྱི་ལྟ་བ་དེ་གཞན་ལ་འགྲེལ་དུས་ཐབ་ཐོང་རྩོད་པ་ལྟ་བུ་ཆགས་མིན་འགྲོ་སྙམ།

    Reply
  4. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མའི་བསམ་ཚུལ་ཡང་དག་ཡིན་མིན་གང་ལྟར་ཡང་རང་གི་བསམ་ཚུལ་སྤེལ་བ་ལ་རྗེས་སུ་ཡིད་རང་ཡོད།་

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    གཞིས་ཆགས་བུ་ལ་རྒྱབ་སྐྱོར་ཡོད། བོད་པའི་ཤེས་ཡོན་པར་བརྩི་བའི་མི་འདི་དག་ལས་མ་རབས་ཐ་ཤལ་དག་གིས་ལས་དོན་འདི་འདྲ་བྱས་ནས། ད་དུང་མི་རིགས་ལ་བསླབ་བྱ་བྱེད་ཁུལ་འདི་ངོ་ཚ་མི་ཤེས་པའི་ཧམ་སེམས་ཅན་གྱི་གཤིས་ཀ་རེད། སྤྱིར་ཕྱིར་རྒྱལ་ལ་འགྲོ་མི་ཆོག་པ་ཞིག་མིན་ནའང་ད་སྐབས་ང་ཚོ་གཞུང་སྒེར་ཚང་མར་དཀའ་ངལ་འཕྲད་བཞིན་པའི་སྐབས་ཐབས་ལམ་གཞན་པ་ཞིག་འཐེན་ན་མ་འགྲིག་པ་མེད།

    Reply
  6. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་འདྲར་སྤེལ་བར་དགའ་བསུ་ཞུ། སྤྱིར་ཆིག་སྒྲིལ་ཟེར་བ་འདི་ཡོང་བར་མི་བུ་རང་ཉིད་ནས་འགོ་བརྩམས་དགོས་པ་ལས། གཞན་ཞིག་ལ་རེ་སྒུག་བྱས་ཀྱང་མི་འགྲིག རང་ཉིད་ནས་འགོ་བརྩམས་པ་ལ་རང་ཉིད་ལ་དྲང་བདེན་དང་ལྷག་བསམ་དགོས་པ་ཡིན། རང་ཉིད་ལ་གོ་སྐབས་གཅིག་འབྱུང་ཚེ། མ་འོངས་པར་བསམ་བློ་མི་བཏང་བར། མ་རབས་ཀྱི་བྱེད་སྟངས་འདིར་ང་ཚོས་མི་དགའ། བོད་རིག་པའི་ཞིབ་འཇུག་གི་ཚོགས་འདུའི་ཐཽག་བསྐྱོད་ནས་ཚུར་མི་འོང་མཁན་རྣམས་ནི། མ་རབས་ཐ་ཤལ་གྱི་མི་བུ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡིན།

    གཞན་ལ་བལྟ་བའི་མིག་ཡོད་ཀྱང།
    རང་ལ་བལྟ་བའི་མེ་ལོང་དགོས།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ཁ་བདེ་མོའི་སྐད་ཆ་བཤད་འགྲིག་ཀྱང་། སྤྱི་ཚོགས་ལ་སྐད་ཆ་ན་ལག་ལེན་དགོས་པ་ལས་ཁ་དོན་མི་མཚུངས་པའི་གླེང་མོལ་ལ་རིན་ཐང་མེད། གོ་སྐབས་རེག་ན་ངོ་ཚར་མི་འཛེམས་པ་དེ་ཡང་གལ་ཆེན་པོ་རེད།

    Reply
  8. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    ས་སྐྱ་ལེགས་བཤད་ལས།
    བསྟོད་པས་དགའ་བར་མི་འགྱུར་ལ།།
    སྨད་པས་མི་དགར་མི་འགྱུར་ཞིང༌།།
    ཞེས་སོགས་གིས་སྔོན་བསུས་ནས། འདིར་ཕེབས་ཀྱི་དྲ་གྲོགས་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    གཤམ་གྱི་འདི་ངས་ཁ་བརྡ་དྲ་ཚིག་ནང་བཀོད་པའི་མཆན་རེད། དེར་འདྲེན་བཀོད་བྱས་པ་ཡིན།
    ངས་ཛ་དྲག་གིས་གནས་ལས་སྐྱོབ་དགོས་ཀྱི་འདུག་ཟེར་བ་ནི།
    བོད་པའི་ཁ་དཔེར། སྔོན་ལ་ཨེ་ཤེས་ལྟོས། དེ་ནས་ཨེ་ཡག་ལྟོས། ཞེས་པ་ལྟར། དང་པོ་ང་ཚོས་འཇིགས་ལ་ཉེ་བའི་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་དེ་རྣམས་སྐྱོབ་ཐབས་ལ༌། ང་ཚོས་བོད་ནང་གི་ཆོས་དང་རིག་གཞུང་མ་ཉམ་རྒྱུད་འཛིན་ཐུབ་རྒྱུར་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་དགོས་ཀྱི་འདུག དེ་མིན་ཆ་ར་གྲུ་བཞི་ཞིག་ཕྱོགས་བཞིར་གཡས་འཐེན་གཡོན་འཐེན་བྱས་ན། དོན་མེད་ངལ་བའི་རྒྱུ་ལས་དེའི་ཆ་ཤས་ཤིག་ཐོབ་དཀའ། གལ་ཏེ་ང་ཚོས་ཆ་ར་དེ་མཉམ་རུབ་ཀྱིས་ཁ་ཕྱོགས་གཅིག་ལ་ནུས་ཤུགས་གཅིག་གིས་འཐེན་ན། རས་ཡུག་དེ་ཆ་ཚང་བ་ཞིག་ཕྱོགས་གཅིག་ལ་ཐོབ་པར་ཐེ་ཚོམ་ཅི། དེ་ནས། ང་ཚོས་རིག་གཞུང་བཅོས་སྒྲིག་ཟེན་ནའི་འདྲ། རྙིང་འདོར་གསར་དར་ལ་འབད་ཆོག་གི་རེད། དཔེར་ན། ཁྱེད་ཅག་གིས་དགོངས་དོན་བཟང་པོ་བཞིན། གུས་མོ་ཡང༌། གཤན་པ། ལྕགས་བཟོ་བ། རྫ་མཁན་སོགས་བོད་སྤྱི་ཚོགས་ནང་སྨད་ཡུལ་དུ་བརྩི་བར་དུས་ནམ་ཡང་སྲོལ་ངན་ལ་བལྟ་མཁན་ཞིག་ཡིན། དེ་དང་དེ་ལ་སོགས་པ་རྣམས་ང་ཚོས་བྱི་དོར་བྱས་ཆོག་མོད། དང་པོ་བྱིས་དོར་མ་བྱས་གོང༌། བྱིས་དོར་བྱེད་དགོས་སའི་ཡུལ་དེར་སླེབས་པར་ཛ་དྲག་གི་འབད་དགོས་ཀྱི་འདུག བསམ་བློ་ཐོངས་དང༌།
    གོང་ས་མཆོག་གི་སྐུ་ན་ལོ་རེ་ནས་ལོ་རེ་བགྲེས་ནས་བགྲེས་སུ་འགྲོ་བཞིན་ཡོད། བོད་མི་ཚང་མས་དེའི་སྐོར་ལ། སེམས་ཁྲལ་དང་དངངས་འཚབ་བྱེད་བཞིན་ཡོད། མཐའ་ན། གོང་ས་མཆོག་སྐུ་ཚེ་མ་ཟིན་པའི་གནས་སྐབས་ཚུན་ལའང་བགྲོ་གླེང་དང༌། ཡང་སྲིད་རིན་པོ་ཆེ་ངོས་འཛིན་ཞུ་ཕྱོགས་ཚུན་ཆད་ལ་བསམ་ཚུལ་དང་སེམས་ཁྲལ་བྱེད། འོན་ན། གོང་ས་མཆོག་ཞལ་མ་ཞུགས་པའི་དུས་ངན་ཞིག་ཤར་ཚེ། བོད་དོན་གླེང་མཚམས་འཇོག་གམ་ཟེར་ན། དེ་མཚམས་བཞག་གི་མ་རེད། ཡིན་ནའི་མགོན་པོ་གང་ཉིད་ཞལ་ཞུགས་སྐབས་དང་ནུས་པ་མི་འདྲ། དེ་བཞིན་ལྷ་སྲས་རྒྱལ་པོ་འདྲ་བའི་བཀའ་ཁྲི་ཞིགས་ཕེབས་ཀྱང་བོད་མི་ཚོས་ཁོང་གི་ཞལ་ལ་ཉན་ཨེ་ཡོང༌། ཁག་པོ་རེད། དེར་བརྟེན། ང་ཚོས་ཐོབ་ཐང་མ་རྩོད་པར་ཛ་དྲག་ལ་འབད་ནས། བོད་ནང་དུ་ཕྱིར་ལོག་ཐུབ་པ་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས་ཀྱི་འདུག དེ་མིན་ང་དང་ང་འདྲ་བའི་བྱེས་བོད་མི་ཚོས། ཐག་རིང་ཐག་རིང་ཞིག་ནས། ཛ་དྲག་གིས་བོད་ཀྱི་རིག་གཞུང་སྐྱོབ་ཐུབ་ཀྱི་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཛ་དྲག་གིས་སྐྱོབ་དགོས་ན། དེ་ལྟར་ཛ་དྲག་གིས་བོད་ལ་ལོག་ཐུབ་རྒྱུར་འབད་དགོས་ཀྱི་འདུག དེ་ལྟར་ལས་འདུལ་སྤེལ་དགོས་ཀྱི་འདུག

    Reply
  9. མཁྱོག་རྒོལ། says:
    ལོ་ 16 སྔོན།

    ཡག་པོ་འདུག གང་ཡིན་ཟེར་ན་རྒྱུ་མཚན་དང་ལྟ་གྲུབ་ཀྱི་ཆ་འདུག མུ་མཐུད་ཤུགས་སྐྱེད་རོགས།

    Reply
  10. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    ངས་བལྟས་ན་ད་ལྟ་གཞི་ནས་གཉིད་བསད་པ་བཞིན་བྱས་པ་འཕྱི་དྲགས་འདུག སྐྱོན་ཡོན་ཐེར་འདོན་བྱེད་པ་ཡར་བསྐྱེད་ཀྱི་གནད་ཡིན་སྟབས་འདི་ནས་ཚིག་འགའ་བརྗོད་སྙིང་འདོད། ཉིད་ཀྱི་བྲིས་པའི་ཁ་ཕྱོགས་ནི་སློབ་གསོ་དང་འདུན་པ་ཞིག་གི་ཆེད་ཡིན་པ་རྟོགས་ནུས་མོད། བརྗོད་བྱ་དང་རྗོད་བྱེད་སོགས་ཁ་ཐོར་དང་གནད་ལ་འཁེལ་བ་ཞིག་བྱེད་ཐུབ་མི་འདུག རང་བཞིན་གྱི་ཆ་ནས་སྤྱི་ཚོགས་གཉིད་སློང་གི་བློས་བཏེགས་བཟང་མོད་ཅི་ཞིག་དོན་རྐྱེན་ནས་འཐབ་ར་གཞི་འཛིན་བྱེད་ཐུབ་མི་འདུག འཕྱི་དྲགས་འདུག་ཞེས་པ་ཡང་དེ་སྔོན་ནས་གླེང་སློང་བྱས་ཚར་འདུག་ལ། ད་ལྟ་དྭོགས་སློང་གི་བླ་རྩ་ཡང་རྙེད་ཐུབ་མེད་པ་དེ་རེད། མ་གཞི་ཡང་བསྐྱར་གསལ་འདེབས་བྱེད་མི་ཆོག་པ་མིན་མོད་རྩ་བ་འཇུས་ནས་རྩེ་མོ་དོར་མི་རུང་བ་ཡིད་ལ་ངེས་དགོས།

    Reply
  11. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    བོད་ཀྱི་ད་ལྟའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དངོས་འབྲེལ་རེད།་ཡིན་ཡང་ང་བལྟས་ན་བོད་མི་རིགས་ཀྱི་ངོ་བོ་རྒྱ་ལ་འགྱུར་བ་དང་ཕྱི་རྒྱལ་འགྱུར་བ་གཉིས་རྣམ་པ་ཙམ་ལྟེ་བའི་ངོ་བོ་གཅིག་ཡིན་པར་སྙམ།་་་་བོད་པའི་ཤེས་ཡོན་པ་ཚོས་རྒྱལ་བ་རིན་པའི་ཆེའི་སྐུ་ཚབ་ལས་ཁུངས་དང་ཤོག་སྒོར་སྔོན་པོའི་ཞིང་ཁམས་གཉིས་ལས་ཤོག་སྒོར་སྔོན་པོ་ཞིང་འདམས་པའི་ལོ་རྒྱུས་གོ་ཡོང་དུས།་་་ཁོང་གི་བཀའ་སློབ་དགོངས་དོན་བཀྲལ་བར་དོན་སྙིང་ཅང་མཐོང་མ་སོང།་་་་་་བྱ་གང་ཞིག་བརྩམས་ཀྱང་འགོ་རང་ཉིད་ནས་འཛུགས་དགོས་པ་མཁྱེན་གལ།

    Reply
  12. རིག་པ་དྭངས་མོ། says:
    ལོ་ 16 སྔོན།

    སེམས་པ་རྣམ་དག་ཡིན་སྲིད། ཡིག་ནོར་མང༌། བསམ་ཚུལ་ཁ་ཐོར་འདུག མདུན་གྱི་བསམ་ཚུལ་ནང་ཡོང་བའི་འོས་བབ་མི་འདུག

    Reply
  13. འོ་མཚོ། says:
    ལོ་ 16 སྔོན།

    སྐད་ཆ་དེ་གསར་པ་གང་ཡང་མ་རེད། འོན་ཀྱང་ང་ཚོས་དྲན་སྐུལ་བྱས་པ་ཞིག་ལ་རྩིས་ཆོག

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཛ་དྲག་གི་གནས་སྟངས་ལས་སྐྱོབས་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐོབ་ཐང་རྩོད་རྒྱུ་དེ་ཡང་དེ་བས་གལ་ཆེ།
    ད་དུང་ཁྱེད་རང་གིས་གཟིགས་པའི་ཛ་དྲག་གི་གནས་སྟངས་དེ་དག་ལས་ཛ་དྲག་གཞན་ཞིག་ནི། གཞིས་སུ་བཞུགས་པའི་མི་རིགས་ཀྱི་ལ་རྒྱ་ལྡན་པའི་དཔའ་བོ་དང་། རིག་གཞུང་ལ་དུངས་པའི་ཤེས་ལྡན་རྩོམ་པ་པོ་མང་དག་ཅིག་རྒྱ་དམར་གྱིས་གཅིག་འཇུག་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་ཏེ། བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དམིགས་མེད་དུ་བཟོ་བཞིན་པ་མ་ཟད། བྱེས་ལ་ཡོད་པའི་རྩོམ་པ་པོ་དང་། ཤེས་ལྡན་པ་མང་པོ་ཞིག་ཀྱང་རང་མགོ་གང་ཐོན་གྱི་ནུབ་ཕྱོགས་བདེ་ལྡན་ཞིང་ལ་རིམ་གྱིས་བགྲོད་དེ། རང་རེའི་རྩ་ཆེན་རིག་གཞུང་དེ་ཁ་ཙམ་ཚིག་ཙམ་གྱི་རིན་ཐང་ཅན་ཞིག་དང་། ལྗང་མདོག་འབར་བའི་ཤོག་སྒོར་དེ་དོན་དམ་པའི་གདམས་པའི་མཐིལ་དུ་འཛིན་ན། ནམ་ཞིག་ང་ཚོའི་ཕ་མེས་ཀྱི་གཅེས་ནོར་དེ་མཆེ་བ་མེད་པའི་གླང་ཆེན་ཞིག་དང་། མཇུག་མ་མེད་པའི་ཝ་མོ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་དེ་ཡང་ཛ་དྲག་ཅིག་མ་ཡིན་ནམ།།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཛ་དྲག་གི་གནས་སྟངས་ལས་སྐྱོབས་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐོབ་ཐང་རྩོད་རྒྱུ་དེ་ཡང་དེ་བས་གལ་ཆེ།
    ད་དུང་ཁྱེད་རང་གིས་གཟིགས་པའི་ཛ་དྲག་གི་གནས་སྟངས་དེ་དག་ལས་ཛ་དྲག་གཞན་ཞིག་ནི། གཞིས་སུ་བཞུགས་པའི་མི་རིགས་ཀྱི་ལ་རྒྱ་ལྡན་པའི་དཔའ་བོ་དང་། རིག་གཞུང་ལ་དུངས་པའི་ཤེས་ལྡན་རྩོམ་པ་པོ་མང་དག་ཅིག་རྒྱ་དམར་གྱིས་གཅིག་འཇུག་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་ཏེ། བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དམིགས་མེད་དུ་བཟོ་བཞིན་པ་མ་ཟད། བྱེས་ལ་ཡོད་པའི་རྩོམ་པ་པོ་དང་། ཤེས་ལྡན་པ་མང་པོ་ཞིག་ཀྱང་རང་མགོ་གང་ཐོན་གྱི་ནུབ་ཕྱོགས་བདེ་ལྡན་ཞིང་ལ་རིམ་གྱིས་བགྲོད་དེ། རང་རེའི་རྩ་ཆེན་རིག་གཞུང་དེ་ཁ་ཙམ་ཚིག་ཙམ་གྱི་རིན་ཐང་ཅན་ཞིག་དང་། ལྗང་མདོག་འབར་བའི་ཤོག་སྒོར་དེ་དོན་དམ་པའི་གདམས་པའི་མཐིལ་དུ་འཛིན་ན། ནམ་ཞིག་ང་ཚོའི་ཕ་མེས་ཀྱི་གཅེས་ནོར་དེ་མཆེ་བ་མེད་པའི་གླང་ཆེན་ཞིག་དང་། མཇུག་མ་མེད་པའི་ཝ་མོ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་དེ་ཡང་ཛ་དྲག་ཅིག་མ་ཡིན་ནམ།།

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཁ་གསལ་ལ་གོ་བདེ་བ་ཞིག་བྲིས་འདུག འོན་ཀྱང་གཞན་ཕྱོགས་ནས་འདི་ལྟ་བུའི་བསམ་བློ་བ་དག་རྨོང་དད་པ་བརྩི།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ཕྱོགས་སྣ་མང་བ་དང་རྒྱུ་མཚན་མང་བ་ཁ་གསལ་བ། འགན་འཁྲི་ཆེ་བ་བཅས་ཀྱི་སྟེང་ནས་རྩོམ་ཡིག་ལེགས་པོ་ཞིག་རེད།
    དེ་བཞིན་བུད་མེད་ཀྱི་ཐོབ་ཡང་རེ་ཞིག་་་་་་་་་་་་་་་་་་་་་་་ཧ་ཧ་་ཧ་་
    རྩེད་མོ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese