མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་སྡེ་དོ་དམ་ཡིག་ཆ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ཆར་ཟླ་སྔོན་མའི་ཚེས་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་ཆོས་ལུགས་ལས་དོན་ཅུས་ཀྱིས་༼ བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས ༽ ཟེར་བའི་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཟླ་རྗེས་མའི་ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་དགོས་པའི་བཀའ་རྒྱ་བཏང་འདུག ཡིག་ཆ་དེ་ནི་བོད་ནང་གི་དགོན་སྡེ་ཁག་ལ་མ་འོངས་པར་ཕྱི་ཕྱོགས་ཀྱི་རོགས་སྐྱོར་དང་། ཆོས་ཕྱོགས་ཀྱི་འགྲོ་འོང་སོགས་ལ་བཀག་སྡོམ་སྟངས་འཛིན་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་འདུག

ཡིག་ཆ་དེ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ནང་བཀོད་པ་ལྟར་ན། བོད་ནང་གི་དགོན་སྡེ་ཁག་གི་ལས་དོན་ལ་ཕྱི་རོལ་གྱི་སྒྲིག་འཛུགས་དང་། མི་སྒེར་སོགས་ཀྱི་ཐེ་གཏོགས་དང་བཀོལ་སྤྱོད་མི་ཆོག་པ་མ་ཟད། རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་བོད་བརྒྱུད་ནང་བསྟན་ལ་བརྟེན་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་། མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བྱེད་མི་ཆོག་ཅིང་། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སོགས་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག ཅེས་དང་།

དེ་སྔ་བོད་པའི་དགོན་སྡེ་མང་དག་ཅིག་གི་སྒྲིལ་སྲོལ་འཐུས་ཚང་མིན་པ་དང་། གང་འདོད་དུ་དགོན་པ་རྒྱ་བསྐྱེད་པ། དགོན་པའི་དགེ་རྒན་དང་ལས་སྣེ་ཚོར་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་ཆུང་སྟབས། ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་ནང་དུ་འཛུལ་ཏེ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་རྒྱུར་ལ་གཏོར་བརླག་ཐེབས་བཞིན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་དུ་ཟིང་ཆ་སློང་བ་དང་། ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་བར་གོ་སྐབས་སྐྲུན་བཞིན་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༧ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 8

  1. ཐོ་རེངས། says:
    ལོ་ 16 སྔོན།

    གང་ལྟར་ཡང་བོད་ནང་གི་དགོན་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་བརྟན་པོར་བཟུང་ཡོད་པ་འདི་རྒྱ་གཞུང་གི་མིག་ལམ་ལ་ནམ་ཡང་དགྲ་རུ་ལང་ཡོད། དོ་དམ་གྱི་ཡིག་ཆ་དོན་ཚན་བརྒྱ་བཅུ་བ་དང་བདུན་བཅུ་བ་སོགས་ལོ་ལྟར་འོངས་བཞིན་པ་རེད།
    བོད་མི་ཚོས་དངོས་གནས་རང་རིགས་གཅེས་འཛིན་དང་རིག་གཞུང་ཡར་རྒྱས་ཕྱོགས་ལ་རང་ནུས་གང་ཡོད་འདོན་དགོས་པའི་དུས་ཞིག་རེད།

    Reply
  2. ཉི་མ། says:
    ལོ་ 16 སྔོན།

    ཡང་རྒྱ་ནག་གི་གླེན་རྟགས་ཞིག་སྟོན་འདུག་ཨ། མིའི་བསམ་བློ་སྒྱུར་བཅོས་ནམ་ཡང་བཏང་ཐུབ་ཀྱི་མ་རེད།

    Reply
  3. གངས་རིའི་ཟེགས་མ says:
    ལོ་ 16 སྔོན།

    དྲ་གྲོགས་བློ་བཟང་མཁས་མཆོག་ལགས་ཀྱིས་བཀྲིས་བདེ་ལེགས་དེ་གང་འདྲ་ཞིག་ཡིན་ནམ་འདི་ནང་དུ་ངའི་ངོས་ལ་བཀྲིས་པའི་བྱ་བ་གང་ཡང་མི་འདུག་ཡིན་ན་ཡང་ཁྱེད་ལ་བཀྲིད་པའི་བྱ་བ་གང་འདུག་གསུང་རོགས་གནང།
    དྲ་གྲོགས་ཤིས་རབ་ལགས་ཀྱིས་ཧ་ཧ་གསུངས་ནི་བཞད་དོ་གང་ཡིན་ནམ་འདི་ནི་བཞད་དགོས་པའི་གནས་དོན་ཞིག་མ་རེད་སྙམ་མོ་༼ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་དུ་ཟིང་ཆ་སློང་བ་དང་། ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་བ༽ཟེར་བའི་ཁུང་མེད་སྨྱོ་བརྫུན་འདི་ལ་གཞུང་ཕྱོགས་ནས་ལན་སྐབས་ཐོག་ལ་རྒྱབ་དགོས་པ་མཐོང་ཡང་དེ་འདྲ་གེ་ཐོས་མ་བྱུང།

    Reply
  4. ཤེས་རབ says:
    ལོ་ 16 སྔོན།

    ཧཧ་ད་ཡིན་ན་ཡང

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    འདིའི་རྒྱུ་རྐྱེན་ཡང་ངས་བལྟས་ན་བླ་མ་རང་མཐོང་ཅན་དང་། གྲྭ་པ་རང་བརློམ་ཅན་དག་ལ་ཐུག་འདུག བླ་མ་དྲན་མགོ་རྒོད་མདོག་གིས་འདིར་ཡོངས་གྲགས་ཐེ་གཏོགས་བྱེད་པ་དང་། གྲྭ་པ་གླེན་ཕྲུག་དག་གིས་ཀྱང་དམ་ཚིག་གཙང་མདོག་གིས་བཀའ་བཞིན་སྒྲུབ་ཀྱིན་ཡོད་མདོག་གི་ཁྱབ་བསྒྲགས་བྱས་རྒྱའི་མིག་ལ་འཚེར་བ་རེད། དེ་ལས་ང་ཚོ་ཚང་མས་འཇིག་རྟེན་ཆོས་བརྒྱད་ཀྱིས་དབང་དུ་མ་སོང་བར་རང་ས་ནས་ཆོས་མཐུན་གྱི་ལས་ཀ་བྱས་ན་འདོད་དོན་འགྲུབ་ངེས་རེད།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བློ་བཟང་མཁས་མཆོག་ལགས།
    བཀྲིས་པའི་གཏམ་བཟང་མེད་ས་ནས་ བཀྲིས་བདེ་ལེགས་ཞུས་པ་ཡང་དགོད་སྤྲོ་པའི་ཚིག་དུམ་ཞིག་མ་རེད་དམ

    Reply
  7. བློ་བཟང་མཁས་མཆོག says:
    ལོ་ 16 སྔོན།

    རྣམ་པ་ཚོ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    མཚམས་རེ་རྒྱ་གུང་ཁྲན་འདི་སྙིང་རྗེ། མིའི་སྙིང་སྟོབས་ཟེར་བ་འདི་དྲག་ཆས་ཀྱི་འགོག་མི་ཐུབ་པ་ཡང་ཤེས་ཀྱིན་མི་འདུག

    ཡ་ཡ་ད་དུང་དགོན་པ་རེའི་མཐའ་ལྕགས་རིས་བསྐོར་དེ་དམགས་མིའི་སྲུང་་་་གནམ་ནས་གནམ་དམགས་གིས་སྲུང་ན་ད་བཟོད་ཅུང་བློ་བདེ་རྒྱུ་རེད་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese