མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་འཛམ་གླིང་དང་བོད་མི་མང་གི་བསམ་ཚུལ་ལ་ཉན་དགོས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔ་བཅུའི་རིང་༧གོང་ས་མཆོག་མཉམ་དུ་དྲང་བདེན་གྱི་ལམ་ནས་ཞི་མོལ་བྱ་རྒྱུའི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད་སྟབས། མ་འོངས་པར་གཞུང་ཕྱོགས་ནས་མཛམ་གླིང་མི་མང་དང་ལྷག་པར་དུ་བོད་མི་ཚོའི་བསམ་ཚུལ་ཡང་ཉན་དགོས་པ་རེད་ཅེས་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཞིན་ཅང་ཀྲུང་གིས་བརྗོད་ཡོད།
 
ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་༼རྒྱ་ནག་དམར་ཤོག་བཙུགས་ནས་ལོ་དྲུག་ཅུའི་རིང་བོད་ལ་འཛིན་པའི་སྲིད་ཇུས་༽ཞེས་པའི་བགྲོ་གླེང་ཞིག་བྷེལ་རྗམ་གྱི་གྲོང་ཁྱེར་ཨན་ཌི་ཝུ་པན་རུ་འཚོགས་ཡོད།  བགྲོ་གླེང་གི་ཐོག་མར་ཡུ་རོབ་བོད་རྒྱ་འབྲེལ་མཐུད་པ་བློ་བཟང་ཉི་མ་མཆོག་གིས་རྒྱ་ནག་ནང་ཁུལ་གྱི་སྲིད་དབང་ལམ་ལུགས་ཀྱི་སྐོར་ནས་བརྗོད་དོན། བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ལག་ཆ་གལ་ཆེ་བ་དེ། རྒྱ་ནག་གཞུང་གི་ཆབ་སྲིད་འགྲོ་ལུགས་ཤེས་པ་དང་བོད་རིགས་ནང་ཁུལ་འཆམ་མཐུན་གྱིས་ཡ་རབས་བཟང་སྤྱོད་ཇི་ལྟར་ཉམས་དམས་སུ་འགྲོ་བཞིན་པར་ཞིབ་འཇུག་བྱ་རྒྱུ་དེ་རེད་ལ། དེ་དང་ཆབས་ཅིག་གཞོན་སྐྱེས་ཚོས་མ་འོངས་པར་བོད་ལ་མདུན་ལམ་ལེགས་པོ་ཞིག་ཡོང་ཆེད་མི་རེ་ངོ་རེས་ཆབ་སྲིད་དང༌དཔལ་འབྱོར། མི་རིགས་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ཐད་ལ་གྲ་སྒྲིག་ཡག་པོ་གནང་དགོས་པ་རེད། བོད་མི་ཚོ་རྒྱ་ནག་དམར་པོའི་གཞུང་ལ་མི་དགའ་བའི་གཞི་རྩ་ཡང་བོད་མིའི་སེམས་ཁོང་གི་ཉི་མ་༧གོང་ས་མཆོག་གཙོས་བླ་སྤྲུལ་རྣམ་པར་སྡང་ཞེན་དང་མཚན་སྨད་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་དང་། ཡང་ཁོང་གིས། ད་ལྟ་རྒྱ་ནག་ནང་གླ་ཕོགས་ལེན་མཁན་གྱི་ལས་བྱེད་བསྡོམས་ས་ཡ་ ༦༠ ལྷག་ཡོད་པ་རེད་ལ། དེའི་ཁྲོད་ཀྱི་གླ་ཕོགས་ཕོན་ཆེ་ཤོས་དམག་མི་དང་ཉེན་རྟོག་པའི་སྒྲིག་འཛུགས་རེད།  དེ་དག་གིས་བོད་མི་ཚོར་བསམ་ཡུལ་ལས་འདས་པའི་མནར་གཅོད་བཏང་སྟེ་ཐ་ན་མི་ཚང་ཁ་ཤས་ཀྱི་ཁྱིམ་གཞི་སྟོང་ཡོད། ཡིན་ནའང་། བོད་མི་ཚོའི་སྙིང་སྟོབས་ཞུམ་མེད་ལ། ད་ལྟའི་བར་རྒྱ་གཞུང་གིས་ཇི་ལྟར་མནར་བཅོས་བཏང་ཡང་སྔར་ལས་ལྷག་པའི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། དེ་ཡང་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་གཙོ་བོར་བྱས་པའི་རིག་གཞུང་བཟང་པོའི་བཀའ་དྲིན་ཉག་ཅིག་ཡིན།
 
རྒྱ་ནག་ལ་མཚོན་ནའང་རིག་གནས་གསར་རྗེ་ཆེན་པོའི་ལས་འགུལ་གྱིས་འབུམ་ཕྲག་མང་པོར་མནར་གཅོད་བཏང་བ་རེད་ལ། མི་མང་པོ་རང་ཤི་རྒྱག་དགོས་པའི་གནས་སུ་བསྐྱལ་སྟབས། མི་དམངས་ཀྱིས་རང་གི་སྲིད་གཞུང་ལ་སྔ་ས་ནས་ཡིད་ཆེས་བརླགས་ཡོད། ད་ལྟའི་དུས་འདིར་ཡང་རྒྱ་ནག་ཡར་རྒྱས་སུ་འགྲོ་གི་ཡོད་ཚུལ་བརྗོད་ཀྱིན་ཡོད་ཀྱང་། མི་འབོར་གྱི་རྒྱ་ཆའི་ ༡༠ ཙམ་ཕྱུག་པོ་ཆགས་ཡོད་པའི་ཁྲོད་ཀྱི་ཕལ་ཆེ་བ་གུང་ཁྲན་གྱི་འགོ་འཛིན་དང་འབྲེལ་ཡོད་མི་སྣ་ལས། མི་མང་ད་དུང་དབུལ་ཕོངས་ཀྱི་གནས་ལས་གྲོལ་མེད། ཕྱི་ལོ་ ༡༩༨༠ ལོ་ནས་  ༢༠༠༣ ལོའི་བར་གྱི་ལོ་རེར་གུང་ཁྲན་གྱི་ལས་ཁུང་ཁག་གི་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༧༥ རེད། ༢༠༠༣ ལོ་ནས་ལོ་རེར་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༤༠༠༠ ལྷག་དང་། ༢༠༠༦ ལོ་ནས་ལོ་རེར་རྒྱ་སྒོར་དུང་ཕྱུར་ ༧༠༠༠ ལྷག་གི་འགྲོ་གྲོན་གཏོང་གི་ཡོད། དེའི་ནང་དཔྱ་ཁྲལ་གྱི་བརྒྱ་ཆའི་ ༢༠ མགོ་འཛིན་ཚོས་ལྐོག་ཟ་བྱེད་ཀྱི་ཡོད་པ་རེད། གནས་སྟངས་དེ་དག་ལས་གུང་ཁྲན་གཞུང་དུས་ཡུན་ཇི་ཙམ་ཞིག་ལ་གནས་ཐུབ་མིན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་རེད་ཅེས་བརྗོད་ཡོད།   

དེ་བཞིན་རྒྱ་ནག་ནས་ཕེབས་པའི་སྐུ་ཞབས་ཞོའུ་གོ་ཧ་ལགས་ཀྱིས་བརྗོད་དོན། ང་ཚོས་མཐུན་ཚོགས་འདི་བརྒྱུད་དེ་བོད་རྒྱ་མི་རིགས་གཉིས་ཀྱིས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་གལ་ཆེན་དུ་མཐོང་གི་ཡོད། ཕྱི་རྒྱལ་དུ་མ་སླེབས་པའི་ཡར་སྔོན་དུ་ངས་བོད་པའི་ཐོག་ལ་རྒྱུས་ལོན་གང་ཡང་མེད། ཡུ་རོབ་དུ་སླེབས་རྗེས་རིམ་བཞིན་བོད་མི་དང་འབྲེལ་འདྲིས་བྱུང་ལ། བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་ཡོད་པ་དེར་གུས་བརྩི་བྱ་འོས་པ་ཞིག་རེད། བོད་ཀྱི་གནད་དོན་འཛམ་གླིང་གིས་ཤེས་རྟོག་ཐུབ་པ་དེ་ཡང་བོད་མི་ཚོའི་རླབས་ཆེན་གྱི་བྱ་བཞག་ལ་བསྟེན་ནས་བྱུང་བ་ཞིག་རེད་ཅེས་བརྗོད་ཡོད། 

རྒྱ་ནག་ཧྲང་ཧེ་ནས་ཕེབས་པའི་སྐུ་ཞབས་ཞིན་ཅང་ཀྲུང་ལགས་ཀྱིས། བོད་རྒྱ་མི་རིགས་གཉིས་ནི་སྤུན་ཟླ་ལྟ་བུ་ཞིག་ཡིན་ལ་དུས་ནམ་ཡང་འཆམ་མཐུན་ངང་གནས་དགོས་ཀྱང་། སྲིད་དབང་སྒེར་གཅོད་པས་ནོར་འཁྲུལ་གྱི་བྱ་སྤྱོད་དེས་བོད་མི་ཚོར་དཀའ་ངལ་མང་པོ་བཟོས་ཡོད། ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་དག་པ་ཞིག་རེད་ལ། དེར་ང་རང་གིས་ཀྱང་གུས་བརྩི་ཞུ་བཞིན་ཡོད། ཡིན་ནའང། རྒྱ་ནག་དབང་འཛིན་པས་ཏཱ་ལའི་བླ་མར་མཚན་སྨད་ཇི་ལྟར་བྱས་རུང་ཏཱ་ལའི་བླ་མས་རྒྱ་ནག་དབང་འཛིན་པར་གནོད་པའི་བཀའ་ལན་གནང་མྱོང་མེད། བོད་ཀྱི་ད་ལྟའི་དཀའ་ངལ་དེ་རྒྱ་ནག་གཞུང་གིས་བཟོས་པ་ཞིག་རེད། ཅེས་དང་། ཡང་ཁོང་གིས། ༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་ཏེ་མི་ལོ་ལྔ་བཅུ་ཕྱིན་ཡོད་ཀྱང་ཁོང་བོད་ནང་ཕེབས་འཇུག་གི་མེད་ལ། ཁོང་དང་མཉམ་དུ་དྲང་བདེན་གྱི་ལམ་ནས་ཞི་མོལ་བྱ་དགོས་པའི་རྣམ་འགྱུར་ཡང་སྟོན་གྱི་མེད་སྟབས།  མ་འོངས་པར་རྒྱ་ནག་གཞུང་གིས་མཛམ་གླིང་མི་དམངས་ཚོའི་བསམ་ཚུལ་ཉན་དགོས་པ་དང་ལྷག་པར་དུ་བོད་མི་ཚོའི་བསམ་ཚུལ་ཡང་ཉན་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་ཡོད།
 
ཐེངས་འདིའི་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་སྟེང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་ཡུ་རོབ་བོད་རྒྱ་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒྱལ་མཚན་སྒྲོལ་དཀར་ལགས། ཧོ་ལན་ཌི་ནས་ཕེབས་པའི་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་མའོ་ཞོ་མིང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་སྐུ་ཞབས་ཞིན་ཅང་ཀྲུང་དང་ཞོའུ་ཀོ་ཧ་རྣམ་གཉིས་བཅས་ཆེད་ཕེབས་ཀྱིས་རང་ཉིད་ཀྱི་བརྗོད་གཞིའི་སྟེང་གཏམ་བཤད་དང་བགྲོ་གླེང་གནང་ཡོད།
 
 
ཡུ་རོབ་བྷེལ་རྗམ་ནས་ལྷག་པ་ཚེ་རིང་གིས་མཁོ་གཏོང་བྱས། བསྡུ་སྒྲིག་བྱེད་མཁན། དོན་གོ

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༥ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 9

  1. གཡུ་འབྲུག says:
    ལོ་ 16 སྔོན།

    ཁྱོད་ཀྱིས་བཤད་པ་དེ་ཚོ་ཕལ་ཆེར་ཡིན་ཡིན་དྲ་ཡང་། འོན་ཀྱང་ད་དུང་ཡང་ཀླད་རྙིང་གི་ལྟ་བ་མ་དོར་ཞིང་རྗེས་ལུས་ཐེབས་པའི་སྲིད་གཞུང་དང་ཚོགས་པ་སྐུ་དྲག་སོགས་ཕྱོགས་མང་པོ་ཡོད་བཤད་པ་དེ་ལ་བསམ་ལོ་ཡག་པོ་བཏང་དགོས།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ༧ཀརྨ་པ་ལ་གཟིགས་དང་།
    དུས་རབས་ཉེར་གཅིག་པའི་སྐབས་འདིར་ཕྱི་ཡི་ཚན་རིག་ཡར་རྒྱས་དང་ནང་གི་མིའི་བསམ་བློ་འགྱུར་ལྡོག་གི་སྟོབས་ཀྱིས་འཛམ་གླིང་འདི་འཕོ་འགྱུར་ཆེན་པོ་སོང་ཡོད། སྤྱི་ཚོགས་དང་མི་སྒེར་གྱི་ལྟ་བ་དང་མཐུན་འབྲེལ་སོགས་ཀྱང་ཡར་རྒྱས་སོང་ཡོད་པས། དུས་རྒྱུན་མི་རྣམས་ཀྱིས་འཛམ་གླིང་འདི་ཆུང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་དུང་ཡང་ཀླད་རྙིང་གི་ལྟ་བ་མ་དོར་ཞིང་རྗེས་ལུས་ཐེབས་པའི་སྲིད་གཞུང་དང་ཚོགས་པ་སྐུ་དྲག་སོགས་ཕྱོགས་མང་པོ་ཡོད།

    ཁོང་ཚོས་རང་ཉིད་ཀྱི་ལྟ་བ་དང་གོ་ས། ཆོལ་ཁ་དང་དཔུང་གཉེན་མ་གཏོགས་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་ཡི་ལྟ་གྲུབ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་མང་གི་རེ་འདོད་སོགས་སྤྱི་དོན་རྣམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ནག་ཉེས་མེད་པར་བཙོན་འཇུག་དང་དྲག་གནོན་སོགས་བྱས་ནས་འགྲོ་བ་མི་ཡི་ལྷན་སྐྱེས་འཚོ་སྡོད་ཀྱི་རང་དབང་ཡང་འཕྲོག་གི་ཡོད།

    དཔེར་ན་རྒྱ་ནག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧བང་རི་རིན་པོ་ཆེ་སོགས་བོད་རིགས་རྣམས་བཙོན་འཇུག་བྱས་པ་བཞིན། དོན་དངོས་ཐོག་ཁོང་ཚོས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་ལོག་པར་བཏང་བའི་དབང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞུང་དམངས་ཀྱི་འབྲེལ་ལམ། སྤྱི་ཚོགས་ཀྱི་མཐུན་འབྲེལ་སོགས་ཉམས་ཆགས་ཆེན་པོ་བཏང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཆག་ཡོད། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་དབང་ཀརྨ་པས་རྒྱ་ནག་གི་བརྩི་མཐོང་དང་སྒེར་གྱི་ཁེ་ཕན་སོགས་ལ་མ་ལྟོས་པར་བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཀྱི་ཆེད་དུ་༸གོང་ས་མཆོག་དང་བོད་གཞུང་ལ་བློ་ཕུགས་བཏད་ནས་སྐྱབས་བཅོལ་དུ་ཕེབས་ཡོད། ཁོང་འདིར་སྐྱབས་བཅོལ་དུ་ཕེབས་ནས་ལོ་བཅུ་ཕྲག་སོང་ཟིན་ཡང་ཕྱིའི་རྒྱལ་ཁབ་ཏུ་ཕེབས་མི་ཆོག་པ་མ་ཟད་ཉེ་ཆར་སུ་ཇ་སློབ་གྲྭ་རུ་ཡང་ཕེབས་མ་བཅུག་པར་བཀག་འགོག་བྱས་ཡོད། ད་ཆ་ཁོང་ནི་མངོན་གསལ་མེད་པའི་ནག་མེད་བཙོན་པ་ཞིག་ཡིན་པ་ཕྱི་ནང་ཚང་མས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༧ཀརྨ་པའི་དཀའ་ངལ་ནི་འཛམ་གླིང་འདིར་ནང་པ་ཡོངས་ཀྱི་དཀའ་ངལ་དང་བོད་ཀྱི་མི་རབས་གསར་པའི་དཀའ་ངལ་ཞིག་རེད་ལ། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ལ་བརྗོད་དཀའ་བའི་ཕམ་ཉེས་ཤིག་བཟོས་ཡོད། རྒྱུ་མཚན་ནི་བསྟན་པ་དར་མ་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་མ་རྒྱས་ནང་གི་ཆིག་སྒྲིལ་ལ་རག་ལས་ཡོད། དེ་འདྲ་ཡིན་དུས་༧ཀརྨ་པ་ཕེབས་པ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་མཁན་སུ་ཡིན་མིན་དང་ཁོའི་རེ་དོགས་གང་འདྲ་ཡིན་མིན་བཅས་ལ་ནང་པ་ཡོངས་དང་བོད་རིགས་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། འགའ་ཞིག་གིས་ནག་ཉེས་ཡོངས་རྫོགས་རྒྱ་གར་ལ་གཡོགས་ཀྱང་དམིགས་བསལ་འབྲེལ་བ་དང་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་ཀྱང་རྒྱ་གར་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གི་མེད་པ་ནི་འདས་ཟིན་པའི་ལོ་རྒྱུས་ཐོག་རྒྱ་གར་གྱིས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བཅངས་པའི་ལ་རྒྱ་དང་སྤོབས་པ་སོགས་ཀྱིས་གསལ་པོར་མཚོན་ནུས། ཡང་སྤྱི་ཚོགས་ཁྲོོད་འགའ་ཞིག་གིས་༧ཞྭ་དམར་རིན་པོ་ཆེ་ལ་ཞྭ་མོ་གཡོགས་ཀྱང་ཁོང་གིས་བསྟན་པ་སྤྱི་དང་བོད་བསྟན་སྲིད་ལྷག་པར་དུ་བོད་མི་རིགས་ཀྱི་མཐུན་འབྲེལ་སོགས་ལ་བསམ་བློ་མ་བཏང་བར་ཐབས་སྡུག་གི་བྱ་བ་དེ་འདྲ་བྱེད་ཀྱི་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱིས་ཤེས་གསལ་རེད།

    གལ་ཏེ་༧རྒྱལ་དབང་ཀརྨ་པའི་གནས་ཚུལ་འདི་མུ་མཐུད་དུ་ལྷག་པ་ཡིན་ན། རྒྱ་གར་དང་བོད་གཞུང་དམངས་ཀྱི་མཐུན་འབྲེལ། བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ། བོད་གཞུང་དང་མི་དམངས་ཀྱི་འབྲེལ་ལམ་སོགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱོགས་མང་པོ་ཞིག་ནས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཀྱང་ཡོང་ངེས་ཡིན་པ་ནི། ཉེ་ཆར་སྒང་ཏོག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་གི་ལས་འགུལ་ལས་བྱུང་བའི་གནས་ཚུལ་གྱིས་གསལ་པོར་མཚོན་ནུས། དེས་ན་ང་ཚོ་བོད་ཀྱི་ཁ་དཔེ་ལ། ཆུ་མ་ཡོང་གོང་ནས་ཆུ་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ། ཞེས་པའི་དཔེ་ལྟར། བོད་གཞུང་མང་དང་ལྷག་པར་བཙན་བྱོལ་གཞུང་གིས་གནས་ཚུལ་འདི་འགན་བླངས་ཏེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་ནི་འོས་འགན་རེད་ལ་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད།།
    རྫོང་སར་གྲྭ་ཤཱཀྱ་དང་དྲི་མེད་ནས།།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་བོད་རྒྱ་ཞི་མོལ་ཟེར་བ་འདི་ལ་རྒྱ་ནག་གིས་ངོས་ལེན་བྱེད་ཀྱིན་མེད་སྟབས་མཚམས་འཇོག་དགོས་པ་རེད། ང་ཚོའི་ཕྱོགས་ནས་ཞི་མོལ་ཞི་མོལ་ཟེར་ནས་ག་ཚོད་ཤུགས་བརྒྱབ་ཀྱང་ལག་པ་ཡ་གཅིག་གིས་ཐལ་མོ་བརྡབ་སྟངས་མེད་པ་རེད། འདས་པའི་ལོ་ཤས་ནང་གི་བོད་རྒྱ་ཞི་མོལ་ཟེར་བའི་ཕར་འགྲོ་ཚུར་འོང་འདིས་ང་ཚོ་དང་ང་ཚོའི་རྒྱབ་སྐྱོར་བ་མང་པོ་ཞིག་མགོ་འཐོམ་པར་བྱས་ནས་གྱོང་མང་པོ་རག་སོང་། བོད་རྒྱ་ཞི་མོལ་ཡོང་དང་མི་ཡོང་ཟེར་བ་དེ་བོད་ཀྱི་ཕྱོགས་ནས་རྒྱ་དམར་ལ་གནོན་ཤུགས་ཤིག་སྤྲོད་ཐུབ་དང་མི་ཐུབ་ལ་རག་ལས་པ་རེད། ད་སྐབས་ང་ཚོའི་གནོན་ཤུགས་དེས་རྒྱ་དམར་གནོན་ཐུབ་ཀྱིན་མི་འདུག བོད་ནང་ལ་འགྱུར་བ་ཞིག་འགྲོ་དགོས་ན་ངེས་པར་དུ་ཡང་བོད་ནང་གི་བོད་མི་ཚོར་ཁྲིམས་ཀྱི་སྟེང་ནས་ཐོབ་ཐང་རྩོད་པའི་འདུ་ཤེས་དང་སྙིང་སྟོབས་ཤིག་ཡོད་དགོས་ཀྱིན་འདུག དེ་མིན་ང་ཚོ་བཙན་བྱོལ་བས་བོད་ནང་ལ་འགྱུར་བ་ཆེན་པོ་ཞིག་གཏོང་མི་ཐུབ་པ་ཐག་ཆོད་ཚར་འདུག ཡིན་ན་ཡང་ང་ཚོ་བཙན་བྱོལ་བས་མིང་ཆེན་པོ་ཞིག་ཁུར་ནས་བསྡད་ཡོད་དུས་མི་མང་གི་མགོ་འཐོམ་དུ་མི་འཇུག་རྒྱུ་དང་ལོ་རྒྱུས་ལ་ནག་ཐིག་མི་འགོད་པ་དེ་གལ་ཆེན་དོན་ཆེན་རེད།

    Reply
  4. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    ཡག་པོ་འདུག་ལ་གང་ལྟར་ང་ཚོ་ལ་ཕན་ཐོག་ཡོང་ཁེག་པོ་རེད་འདུག
    བོད་ཀྱི་ཁ་དཔེ་ལ། ཕ་རང་ལ་བུ་ཞིག་མེད་ན།།རྒན་མོ་བུ་དེ་མི་བུ་རེད།།
    ཞེས་པ་ངོ་མ་རེད། ངེད་ཚང་གི་བོད་རྒྱ་ཞུ་མོད་དེ། ཚང་ང་འགྲོ་རྒྱུ་མང་ཡང་།།
    སྒོང་ང་འཇོག་རྒྱུ་མེད་ཀི། ཟེར་བ་ནང་བཞིན་རེད་འདུག

    Reply
  5. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    བོད་རྒྱ་འབྲེལ་མཐུད་པ་བློ་བཟང་ཉི་ལགས་ཀྱིས་”བོད་མི་ཚོ་རྒྱ་ནག་དམར་པོའི་གཞུང་ལ་མི་དགའ་བའི་གཞི་རྩ་ཡང་བོད་མིའི་སེམས་ཁོང་གི་ཉི་མ་༧གོང་ས་མཆོག་གཙོས་བླ་སྤྲུལ་རྣམ་པར་སྡང་ཞེན་དང་མཚན་སྨད་བྱས་པ་ལས་བྱུང་བ་ཞིག་རེད་”ཅེས་བཤད་པ་ནི་སྐུ་ཉིད་ཀྱིས་བོད་མི་རིགས་ཀྱི་མངོན་འདོད་དངོས་དེ་མ་རྟོགས་པའི་ཚོར་སྣང་ཞིག་ངང་གི་གཏེར་བཞིན་འདུག། བོད་མི་རྣམས་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་མི་དགའ་བས་རྒྱུ་མཚན་གཙོ་བོ་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་དེ་ཉིད་རྒྱ་ནག་དམར་པོས་གཙན་གཟུངས་བྱས་པ་དང་སྤུན་ཟླ་འབུམ་ཕྲག་མང་པོ་ཉེས་མེད་དམར་གསོད་གཏང་བ་དེ་བཞིན་བོད་མི་ས་ཡ་དྲུག་ལ་འགྲོ་བ་མི་སྤྱི་ལ་དབང་བའི་རང་དབང་རྣམས་མ་སྤྲོད་པའི་རྒྱུ་མཚན་ལས། གོང་དུ་བཀོད་པའི་རྒྱུ་མཚན་དེས་བོད་མི་ཚང་མའི་མངོན་འདོད་མཚོན་ཐུབ་མིན་བཤད་དཀའ་བ་མ་ཚད་སྐབས་བབ་ལ་བཤད་དགོས་པའི་གནད་དོན་དངོས་དེ་མ་བཤད་པ་ལྟ་བུ་ཞིག་མཐོང། དེ་ནི་གུས་པའི་འཆལ་སྣང་ཙམ་ལས་ཁྱེད་ཀྱིས་བློ་ངོར་ངེས་པར་དེ་ལྟ་ཡིན་དགོས་ཞེས་བཤད་སྤོབ་མ་འཆིས་སོ།

    Reply
  6. རང་རྟོན། says:
    ལོ་ 16 སྔོན།

    ད་ནི་རྒྱ་ནག་འཛམ་གླིང་གི་རྒྱ་ནག་ཡིན་པས་འུ་ཚང་ནི་ཁོང་ཚོའི་རྡོག་སྣེ་ནའང་མི་འདུག

    Reply
  7. གངས་ཕྲུག་བཀྲ་ཤིས། says:
    ལོ་ 16 སྔོན།

    དངོས་མ་ཡག་པོ་འདུག་ལ་མུ་མཐུད་དེ་ལྷན་འཛོམས་འདི་རིགས་ལ་འབད་འབུངས་གནང་རོགས་ཞུ།

    Reply
  8. ནད་པ says:
    ལོ་ 16 སྔོན།

    བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་དགའ་བསུ། བོད་ཀྱིས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲ་བའི་དུས་ནས་མེས་རྒྱས་ལ་དགའ་ཞེན་ཡོད་སྟབས་གཙོ་འཛིན་མའོ་དང་ལྷན་དུ་ཡུན་རིང་མཉམ་ལས་གནང་ཡོད།

    ད་ལྟའང་ཕྱེད་ཀ་སྤྱི་ཚོགས་ལུགས་བ་དང་ཕྱེད་ཀ་ནང་པ་ཞིག་ཡིན་ཞེས་རྒྱུན་དུ་གསུང་གི་ཡོད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་ན་༸ གོང་ས་མཆོག་དང་མཉམ་ལས་གནང་དགོས།

    སྤྱི་ཚོགས་བརྟན་བརླིང་དགོས་ན་ངེས་པར་དུ་༸ གོང་ས་མཆོག་ལ་གུས་བརྩི་དང་འབྲེལ་མོལ་གནང་དགོས།

    རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རྒྱ་ནག་རྒྱ་ཁབ་ཀྱི་མཛན་སྙན་མཐོར་འདེགས་དང་ལྟ་ཚུལ་དྲངས་ཕྱོགས་སུ་མཐོང་དགོས་ན་ངེས་པར་༸ གོང་ས་མཆོག་དང་འབྲེལ་ལམ་གཏིང་ཟབ་བཟུང་དགོས།

    རྒྱ་རིགས་མི་དམངས་ལ་བསམ་པའི་དཔལ་ཡོན་དར་རྒྱས་ཚད་མེད་གཅིག་གཏོང་ན་ངེས་པར་དུ་༸ གོང་ས་མཆོག་ཐད་ཀར་གདན་འདྲེན་ཞུ་དགོས།

    རྒྱ་ནག་རྒྱལ་ཁབ་ཀྱིས་རྒྱ་མི་རིགས་མི་དམངས་ལ་ཞི་བདེ་དང་བདེ་སྐྱིད་གཅིག་སྐྲུན་དགོསན་༸ གོང་ས་མཆོག་དང་འབྲེལ་ལམ་དམ་གཟབ་འཛུགས་དགོས།

    རྒྱ་ནག་ནང་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་བཀོད་དགོས་ན་༸ གོང་ས་མཆོག་གདན་འདྲེན་ཞུ་དགོས།

    ཐོད་རྒལ་གྱི་འཕུར་འཆོངས་དང་ཡུན་རིང་བདེ་འཁོད་ཀྱི་རྒྱ་ནག་ཞིག་བསྐྲུན་དགོས་ན་༸ གོང་ས་ཏྰ་ལའི་བླ་མའི་གཉིས་ཕན་གྱི་ལམ་ནས་འབྲེལ་མོལ་གནང་དགོས།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་འདི་བོད་ལྗོངས་ས་མཐོའི་མི་རིགས་དང་གྲངས་ཉུང་མི་རིགས་སྤྱི་ལ་ངེས་པར་དགོས་མཁོ་ཆེན་པོ་ཡོད་སྟབས་རྒྱ་ནག་ལ་དགའ་ཞེན་དང་མི་རིགས་ཀྱི་མཐུན་སྒྲིལ་སྲོག་རྩ་ལྟར་གཅེས་སྤྲད་བྱེད་དགོས།

    མཛན་སྙན་རྒྱ་ཁྱབ་ཏུ་རྒྱས་པའི་༸ བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ནི་བོད་རིགས་ཙམ་མ་ཟད་རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ལྷག་ལ་མེད་དུ་མི་རུང་བའི་དགོས་མཁོ་ཆེན་པོ་ཡིན།

    སྟོབས་ཆེན་གྱི་རྒྱ་ནག་གུང་ཁྲན་ཏང་འདི་ལ་ཕན་རླབས་ཆེ་ཤོས་བསྐྲུན་ཐུབ་མཁན་དེ་བོད་མིའི་བླ་ན་མེད་པའི་༸ གོང་ས་མཆོག་གང་ཉིད་ཡིན་ལ་༸ གོང་ས་མཆོག་དང་བོད་རིགས་མི་དམངས་ལའང་ཕན་ཐོགས་རླབས་ཆེན་བསྐྲུན་ཐུབ་མཁན་ནི་རྒྱ་ནག་རྒྱལ་ཁབ་འདི་ཡིན།

    ཏྰ་ལའི་བླ་མའི་གསེར་ཞལ་ཉི་མའི་དཀྱིལ་འཁོར་འདི་མ་སྣུབ་པའི་སྔ་རོལ་རུ་རྒྱ་བོད་འབྲེལ་མོལ་ལེགས་གྲུབ་ཐུབ་ན་མགོན་པོ་གང་གི་ཐུགས་བརྩེའི་མཁྱེན་རླབས་མཚུངས་མེད་ཀྱི་བྱམས་བརྩེའི་ཞེ་བདེའི་འོད་སྣང་དེས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་།
    དཔལ་འབྱོར་འཕེལ་རྒྱས་སོགས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གཟུགས་བརྙན་དང་མཚན་སྙན་ཡོངས་སུ་རྒྱས་ངེས་ཡིན།

    བཀའ་ཁྲི་ཟམ་དོང་རིན་པོ་ཆེའི་སྨོན་འདུན་ལྟར་་་་རྒྱ་བོད་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག།

    Reply
  9. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ཙ་ཡུས་ལགས་འདི་འདྲའི་བགྲོ་གླེང་རིགས་མུ་མཐུད་གནང་ཐུབ་ན་བོད་རྒྱའི་སྤྱི་ཚོགས་འཆམ་མཐུན་མཉམ་གནས་ཡོང་སླད་ཕན་རླབས་ཆེན་པོ་རེད་སྙམ།་་་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese