མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་སྒམ་ནང་གི་ཁ་ལོ་བ། སྲོང་བཙན་བུ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་ནི་བཙན་བྱོལ་བོད་ཀྱི་འོས་འདེམས་བརྒྱུད་རིམ་ནང་གི་འཁྲུག་ཆ་དོད་ཤོས་དང་། དོ་སྣང་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་ཅེས་གསར་གནས་ཁག་གིས་ཡང་ཡང་བསྒྲགས་དང་སྒྲོག་གིན་ཡོད། འདི་ཟླའི་ཚེས་གསུམ་ཉིན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་དེ་ཚ་ཚ་འུར་འུར་གྱིས་བླུག་ཡོད། ད་ནི་ས་གནས་ཁག་ན་འོས་ཤོག་གྲངས་བཤེར་གྱི་སྐབས་འཁེལ་ཡོད། འོས་གྲངས་དེ་ཚོ་དབུས་འོས་བསྡུ་ལས་ཁུངས་ལ་མ་འབྱོར་གོང་རྒྱ་ཆེའི་མང་ཚོགས་ལ་འབྱོར་ཡོད།
ཁ་སྔོན་འོས་གཞིའི་སྐོར་གྱི་གླེང་སློང་ཆེན་པོ་བྱས་པ་དང་། ད་ཆ་འོས་གྲངས་སྐོར་དེ་གླེང་གཞི་ཆེན་པོ་ཆགས་ཡོད། དེ་ནི་འདི་འདྲ་རེད། སྦེལ་ཀོབ་ཀྱི་འོས་ཤོག་གྲངས་འབོར་ནི་མང་ཚོགས་ཀྱི་རྣ་བར་བསྒྲགས་སྔ་ཤོས་དེ་ཆགས་ཡོད། ད་ཆ་ཉིན་རེ་བཞིན་ས་གནས་ཁག་ནས་འོས་གྲངས་ཀྱི་སྐད་ཆ་གསར་པ་རེ་ཐོས་ཡོང་སྐབས། མང་ཚོགས་ཀྱིས་མཐའ་མའི་གྲངས་འབོར་ལ་ཚོད་དཔག་སྣ་ཚོགས་བྱེད་པའི་འུར་ཟིང་ཡང་ཇེ་ཆེར་འགྲོ་བཞིན་འདུག དཔེར་ན། སྦེལ་ཀོབ་ཁུལ་ནས་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་མང་ཤོས་དེ་ཐུབ་བསྟན་ལུང་རིགས་རེད། དེར་འོས་ཤོག་བརྒྱ་དང་ལྔ་བཅུ་ང་གསུམ་འདུག་ཅེས་ཉིན་ཤས་གོང་ནས་བསྒྲགས་འདུག་ལ། ཡང་མོན་གྷོ་ཊི་ཁུལ་ན་འོས་བསྡུའི་ཐོ་འགོད་བྱས་ཡོད་མཁན་མདོ་སྨད་པ་ལྔ་བརྒྱ་ཡོད་པ་དག་གིས་ཀྱང་ཐུབ་བསྟན་ལུང་རིགས་མཐོ་ཤོས་ལ་བསྐྱལ་འདུག་ཟེར།
གཞན་ཡང་སྦེལ་ཀོབ་ཁུལ་ནས་བློ་བཟང་སེང་གེར་འོས་ཤོག་སྟོང་ཕྲག་ལྔ་བརྒལ་བ་དང་། རྒྱ་རི་སྒྲོལ་མར་སུམ་བརྒྱ་ལས་མི་འདུག་ཅེས་ཀྱང་གོ་རྒྱུ་འདུག དཔེར་ན། ཁ་བརྡ་དྲ་དེབ་ཀྱི་མཆན་འདེབས་པ་ཞིག་གིས་བཀོད་པའི་མཆན་བུའི་ནང་། ༼ཀོ་ལི་སྒར་ནས་མཁས་དབང་བློ་བཟང་སེང་གེ་ལ་༦༠༠ལྷགབཀྲས་མཐོང་ལ་༣༠༠རྒྱ་རི་སྒྲོལ་མ་ལ༧༠། མོན་གྷོ་ཊི་ནས་བློ་བཟང་སེང་གེར་༣༠༠༠ལྷགབཀྲས་མཐོང་ལ་༧༠༠ལྷགརྒྱ་རི་སྒྲོལ་མ་༢༠༠། སྦེལ་ཀོབ་ནས་བློ་བཟང་སེང་གེ་ལ་༥༠༠༠ལྷགབཀྲས་མཐོང་མ་ཤེས།རྒྱ་རི་སྒྲོལ་མ་༤༠༠། ལ་དྭགས་ནས་བློ་བཟང་སེང་གེ་ལ་བརྒྱ་ཆ་དགུ་བཅུ། ངྷ་ལ་ཧོ་སི་ནས་བློ་བཟང་སེང་གེ་ལ་༡༣༠།བཀྲས་མཐོང་༣༠།རྒྱ་རི་སྒྲོལ་མ་༣།༽ ཞེས་དང་། ༼ ས་གནས་གང་ས་ནས་མཁས་དབང་བློ་བཟང་སེང་གེ་ཨང་༡དང་པོ་ཡིན་མིན་ལ་ཐེ་ཚོམ་ཁྱོན་ནས་མི་འདུགགོང་དུ་བཀོད་པའི་གནས་ཚུལ་འདི་དག་རྒྱ་གར་ཤར་ལྷོ་ནུབ་བྱང་ཀུན་ཏུ་ལག་འཛིན་ཁ་པར་ཐོག་འཕྲིན་ཐུང་སླེབས་ཀྱི་ཡོད་པ་རེད་འདུག༽ཅེས་བཀོད་འདུག་པ་ལྟར། ད་ཆར། ལག་འཁྱེར་ཁ་པར་དང་དྲ་ལམ་བརྒྱུད་སྔོན་འགྲོའི་འོས་ཤོག་གི་གྲངས་འབོར་དེ་ཉིན་རེ་ནས་ཉིན་རེར་ཇེ་གསལ་དུ་འགྲོ་བཞིན་ཡོད། འདི་ཡང་མང་ཚོགས་ཀྱིས་དོ་སྣང་བྱེད་སྟངས་ཤིག་དང་། འོས་ཤོག་གྲངས་བཤེར་བ་དག་གིས་མང་ཚོགས་ཀྱི་དོ་སྣང་ལ་དུས་ཐོག་གིོ་བདག་སྤྲོད་བྱས་པ་ཞིག་ཀྱང་རེད་འདུག
དགའ་སྤོབས་སྐྱེ་དགོས་པ་ཞིག་ལ། ད་ལྟའི་གྲངས་འབོར་འདི་དག་ངེས་གཏན་གྱི་གྲངས་འབོར་ཞིག་ཡིན་ན། རྒྱ་ཆེའི་མང་ཚོགས་ཀྱིས་ད་རེས་གཞོན་སྐྱེས་མི་རབས་ལ་ཡིད་ཆེས་ཆེ་བ་གནང་འདུག ད་ལྟའི་གནས་སྟངས་ལ་དཔག་ན། ད་ནི་གཞོན་སྐྱེས་མི་རབས་ཀྱིས་གཞུང་གི་འཛིན་སྐྱོང་ལ་ནུས་པ་འདོན་པའི་གོ་སྐབས་རག་རྒྱུ་ནི་ཐག་ཆོད་པའི་ཚད་དུ་འདུག བཀའ་ཁྲི་ནི་རླངས་འཁོར་ཁ་ལོ་བ་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་རླངས་འཁོར་འདི་རྒྱལ་སྤྱིའི་སྟེང་ནས་ཁ་ཕྱོགས་བོད་ཡུལ་ལ་བསྒྱུར་ཏེ། རྒྱལ་ས་ལྷ་ས་བར་དུ་གཏོང་གི་རེད། དེ་དུས་བཀའ་བློན་གཞན་ཚོས་ཀྱང་རང་རང་ལྷན་ཁང་གི་རླངས་འཁོར་དེ་རྒྱལ་ས་ལྷ་སའི་ཕྱོགས་ལ་གཏོང་ཐུབ་ཀྱི་རེད། གཏོང་གིའང་རེད། དེ་ནས་གཞིས་བྱེས་ལྷན་དུ་འཛོམས་ཏེ། རླངས་འཁོར་ཚང་མ་བརྗེ་པོ་ཐེངས་གཅིག་བརྒྱབ་ནས། བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཡང་ནས་ཡང་དུ་གཏོང་གི་རེད། འདི་ནི་བོད་གཞིས་བྱེས་གཉིས་ཀྱིས་མི་ལོ་ལྔ་བཅུ་ལྷག་རིང་རེ་སྨོན་བསྐྱེད་པའི་མཐའ་མའི་འབབ་ཡུལ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༡ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 33

  1. ngawangtashi says:
    ལོ་ 15 སྔོན།

    བཀྲི་ལགས་ལ་བཀྲི་བདེ་ལེགས། ང་ཁྱོད་རང་གི་བསམ་ཚུལ་ལ་གཅིག་ལ་རྒྱ་བསྐྱོར་བྱེད་མཁན་ཞིག་ཡིན། ཡིན་ན་ཡང་ཁྱོད་རང་གི་མཚན་ཉིད་ཟེར་བ་དེ་གོ་དོན་ཆུང་ཆུང་དང་དེ་ཡང་བོད་ཀྱི་བླ་རྒན་ཁ་ཤེས་ཤིག་སྐད་ཆ་རེད་གསུངས་པ་ངེས་མཐོང་དུས་ང་སེམས་པ་ཕམ་བྱུང་གང་ཡིན་ཞེ་ན་ཁྱོད་རང་བོད་པས་ནང་ཆོས་ཀྱི་སྐོར་ལ་ཤིས་རྟོག་མེད་པ་དེ་ནས་ཤིས་བྱུང་། མ་ཚད་མཚན་ཉིད་ཟེར་བ་དེ་རྒྱ་གར་གྱི་དཔེན་ཁྲི་ཏ་བརྒྱན་དྲུག་མཆོག་གཉིས་སོགས་ཀྱི་ཤེས་བྱའི་གནས་ལུགས་བསྟན་ལ་འཕབས་ཚུལ་ཡིན་པ་ལས་་བོད་པ་གཅོག་པོ་བཤད་ཚུལ་ཞིག་མ་རེད། ཤེས་བྱ་ཡིན་ན་མཚན་ཉིད་ཡོད་པས་ཁྱབ། ཤེས་བྱ་དང་མཚན་ཉིད་གཉིས་ལ་ཁྱབ་ཆེ་ཆུང་མེད། དེ་ཁྱེད་རང་གི་མ་ཤིས་པ་རེད། འདི་སྐབས་ཀྱི་མཁས་དབང་གི་མཚན་ཉིད་ནི་རྒྱལ་སྤྱིའི་གནས་སྟངས་དང་ཁྲིམས་ལུགས་ཤིས་པའི་ཤེས་རབ་རྒྱུད་ལྡན་གྱི་གང་ཟག་དེ་མཁས་དབང་མཚན་ཉིད་ཡིན། མཚན་གཞི་ནི་ད་ལྟའི་བཀའ་ཁྲི་མཆོག་དང་མཁས་དབང་བློ་བཟང་སེང་གེ་ལྟ་བུ་ཡིན། ངག་དབང་བཀྲི་ནས།

    Reply
  2. དོན་འགྲུབ། says:
    ལོ་ 15 སྔོན།

    མ་འོངས་བོད་པའི་སྲིད་འཛིན་གསར་བ
    ངས་ཐོག་མར། བཀའ་བློན་ཁྲི་བའི་མིང་དེ་སྲིད་འཛིན་གསར་བར་བསྒྱུར་རྒྱུ་ཡིན། རྒྱུ་མཚན་ནི། བཀའ་ཁྲིའི་མིང་ཚིག་དེ་བཀས་བཀོད་རིང་ལུགས་པའི་མིང་འདོགས་སྟངས་ཞིག་ཡིན་པས། དམངས་གཙོ་སྨྲ་བར་གོ་རྒྱུ་དེ་ཙམ་མི་འདུག མདོར་ན་རང་ཉིད་གཡོ་རྒྱུ་སླུ་བྲིད་ཀྱིས་འོག་ཏུ་མི་ཚུད་པར་རང་ཉིད་ཀྱིས་མ་འོངས་སྲིད་འཛིན་གསར་བ་དེ་བཙལ་དགོས་ལ་རྙེད་ཀྱང་དགོས། དེས་ན་ངས་རྙེད་པའི་མ་འོངས་པའི་སྲིད་འཛིན་གསར་བ་ནི་བློ་བཟང་སེང་གེ་སྟེ། མཐོང་ཡོད་ལ། ཤེས་ཡོད། རྙེད་ཀྱང་ཡོད། མཁས་དབང་གི་བདེན་དཔང་མཐོང་ཡོད་ལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་ཡོིད། མ་འོངས་པའི་འཆར་གཞི་རྙེད་ཡོད། ད་དུང་བློང་བཟང་སེང་གེ་ནི་དམངས་གཙོའི་བདེན་དཔང་ཞིག་སྟེ། གལ་སྲིད། བློ་བཟང་སེང་གེ་ཕམ་སོང་བ་ཡིན་ན་མི་མང་ཕམ་ཡོད། ཁོ་ལ་ཐོབ་པ་ཡིན་ན་མི་མང་རྒྱལ་ཡོད་ཞེས་བརྗོད་ཐུབ།
    ཞོར་ལ་སྲིད་འཛིན་གསར་བའི་འོས་གཞིའི་གོ་སྐབས་དང་བསྟུན། བཙན་བྱོལ་ཁྲོད་གཟབ་དགོས་པ་གསུམ་དང མི་དགོས་པ་གསུམ། དགོས་པ་གསུམ་སྟེ དོན་ཚན་གསུམ་དང་རྣམ་གྲངས་དགུ་ཡིས་འཇུག་བསྡུ་རྒྱུ་ཡིན།
    གཟབ་དགོས་པ་གསུམ་ནི།
    ༡ དམངས་གཙོར་གཏོར་བཤིག་གཏོང་མཁན་ཁྱིམ་བརྒྱུད་རིང་ལུགས་པར་གཟབ་དགོས།
    ༢ གསར་བསྟོད་དང་དངོས་ཡོད་ལ་གཏོར་བཤིག་གཏོང་མཁན་མཁྲེགས་འཛིན་རྗེས་འབྲང་བར་ཟབ་དགོས།
    ༣ བཙན་བྱོལ་ཁྲོད་གོ་སྐབས་དམ་འཛིན་དང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པར་གཟབ་དགོས།

    མི་དགོས་པ་གསུམ།
    ༡ སྤྲུལ་སྐུའི་ལམ་ལུགས་མི་དགོས་པ། (གོང་༧་ས་མཆོག་གིས་ཀྱང་། འོས་བསྡུ། མ་འདས ཟན་རིལ་གྱི་གདམ་ག་གསུམ་ལས་ལམ་ལུགས་དེ་མི་དགོས་པ་བསྟན་ཡོད།)
    ༢ སྲིད་འཛིན་ལ་བླ་མ་དགེ་བཤེས་མི་དགོས་པ། (གོང་༧་ས་མཆོག་གིས་ཀྱང་། བོད་མའི་བདེན་མཐའ་སེལ་བའི་ཉིན་ནས་བཟུང་ ངས་བོད་མའི་དབུ་ཁྲིད་བྱ་རྒྱུ་མིན་ཞེས་པ་འདིས སྲིད་འཛིན་ལ་བླ་སྤྲུལ་མི་འོས་པ་དང་མི་དགོས་པ་བསྟན་ཡོད། )
    ༣ ཞེ་ས་དང་མཐོ་དམན་གྱི་ལྟ་གྲུབ་མི་དགོས་པ། (སྟོན་པས་ཀྱང ངའི་བསྟན་པར རིགས་མི་གཙོ་རུས་མི་གཙོ བསླབ་པ་གཙོ་ཞེས་པ་འདིས་བླ་སྤྲུལ་དང་མི་སྐྱའི་ཐོབ་ཐང་འདྲ་མཉམ་བསྟན་ཡོད།)
    དགོས་པ་གསུམ།
    ༡ དཔལ་འབྱོར་གྱི་ཆ་རྐྱེན་དགོས་པ།
    ༢ རང་གི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་དགོས་པ།
    ༣ ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དགོས་པ།
    ཡང་ན དགོས་དང་མི་དགོས ཡིན་དང་མ་ཡིན ཡོད་དང་མེད་ཟེར་བ་དེ། དངོས་ཡོད་ རྒྱུ་མཚན རྒྱབ་ལྗོངས་བརྟན་པོ་ལས་ཀྱང་རྟོགས་ནུས་སོ།

    སྤྱི་ལོ ༢༠༡༠ཟླ་༡༠ཚེས་༡༩ཉིན་བལ་ཡུལ་ནས། དཔལ་ཆེན་ཧེ་རུ་ཀས།

    Reply
  3. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    སྤྱིར་བཏང་མི་ལ་སྐྱོན་མེད་མཁན་ཞིག་མེད་མོད་སྐབས་དེ་དུས་བོད་གཞུང་ལ་འབུམ་དགུ་ཡི་དངུལ་ལོར་གྲངས་འབོར་དེ་ཉུང་ཉུང་ཞིག་གཏན་ནས་མིན

    Reply
  4. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ད་རེས་བཀའ་བློན་ཁྲི་པ་ནི་བློ་བཟང་སེང་གེ་ལས་ལྷག་པ་ཞིག་མེད་པར་སྙམ།་བློ་བཟང་སེང་གེ་ཕམ་ན་མི་རབས་གསར་པ་ཕམ་མི་ཕམ་བཤད་པ་ནི་བློ་གནལ་དུ་གནས་པ་མ་ཡིན་ཞིང་འདི་ནི་མི་རབས་གསར་རྙིང་གཉིས་བར་འགལ་ཟླ་བཟོ་བའི་རྒྱུ་རུ་འགྱུར་རྒྱུས་ཉེན་ཁ་ཆེ།
    བཀྲས་ཐོང་ལ་ཉམས་མྱོང་དང་བྱས་རྗེས་གང་ཚམ་ཡོད་ཀྱང་འབུམ་དགུ་ཡི་ཆད་སྐྱོན་ཤོར་བ་དེ་ཡང་ཁོ་རང་སྒེར་གྱི་ཟས་ཡོད་མེད་གང་ལྟར་ཡང་ལས་དོན་ལ་ཏག་ཏག་གཅིག་སྡད་མེད།

    Reply
  5. བཀྲ་ཤིས། says:
    ལོ་ 15 སྔོན།

    ཁོ་རེ་ཨུ་ཚུགས་ཅན་ལགས། མཚན་ཉིད་ཟེར་བ་དེ་བོད་པའི་བླ་རྒན་ཨུ་ཚུགས་ཅན་ཚོས་བཟོས་པའི་ཁུག་ཀྱོག་གི་སྐད་ཆ་རེད། མཚན་ཉིད་ཟེར་བ་འདིས་ཆེན་པོ་ཞིག་ཅུང་ཁྱབ་ནི་མ་རེད་ལོ། ཨུ་ཚུགས་མ་བཤད་ལོ།
    མཁས་དབང་བློ་བཟང་སེང་གེ་ལགས་སུ་རྒྱལ་སྤྱི་ལ་སྐད་གྲགས་ཡོད་ཨ་རིའི་ཧ་ཝར་ཌི་ཁྲིམས་ཀྱི་སློབ་གཉེར་ཁང་ནས་ཁྲིམས་ལུགས་ཀྱི་འབུམ་རམས་པའི་ལག་ཁྱེར་ཐོབ་ཡོད་པ་དེ་ལ་རྒྱལ་སྤྱིའི་ཐོག་མཁས་དབང་ཞེས་འབོད་ཀྱི་ཡོད་ལོ།
    མི་འདི་ཚོས་འོས་ཤོག་གི་གྲུབ་འགྲས་འདི་རེ་དང་དེ་རེད་ཟེར་ནས་མང་པོ་ཤོད་ཀྱི་འདུག་ཀྱང་ད་རུང་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ་སྙམ།

    Reply
  6. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ང་ཚོས་ངེས་པར་དུ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་ བསྐྱོར་བྱེད་དགོས༎ ༎
    ༄། །དེང་སྐབས་ང་ཚོ་བོད་མིའི་སྤྱི་ཚོགས་ནང་གི་ཁ་རྒྱུན་ལ་ད་ལྟ་ང་ཚོའི་གནས་སྟངས་འདི་ནི་ཧ་ཅང་རྙན་ཕྲང་ཅན་ཞིག་ཅེས་ཚང་མས་བརྗོད་མུས་ལ། གཅིག་བྱས་ན་དངོས་འབྲེལ་རྙན་ཕྲང་ཅན་གྱི་དུས་ཚོད་རེད། གང་ལ་ཞེ་ན། ང་ཚོ་རང་གི་ཕ་ཡུལ་རྒྱ་དམར་གུན་ཁྲན་འོག་ཏུ་མི་ལོ་ ༥༡ ཧྲིལ་པོ་ལུས་ཀྱང་ད་བར་བདེན་མཐའ་གསལ་རྒྱུ་ཕར་ཞག ང་ཚོའི་ཆོས་དང་རིག་གཞུང་མི་རིགས་སོགས་རྩ་རླག་ཏུ་འགྲོ་ལ་ཉེན་པའི་རྙན་ཕྲང་ཅན་ཞིག་ཡིན་པ་དེ་བརྗོད་མེད་རེད་དེ། གཉིས་ནས། མང་པོས་༧གོང་ས་མཆོག་སྐུ་ན་འགྲེས་པའི་དུས་ཚོད་རྙན་ཕྲང་འདི་ལྟ་བུར་མ་འོངས་བོད་ཀྱི་བཀའ་བློན་ཁྲི་པ་འདི་བཞིན་ཟབ་ཟབ་སིག་སིག་བྱེད་དགོས་གསུང་གི་ཡོད་པ་ལོས་ཀྱང་ཟབ་ཟབ་བྱེད་དགོས་པ་བརྗོད་མི་དགོས། འོན་ཀྱང་དགུང་ན་འགྲེས་པའི་རྙན་ཕྲང་ཅན་གསུང་བ་འདི་ལྟ་རྙན་ཕྲང་རྒྱུ་གང་ཡང་མེད། གང་ལ་ཞེ་ན། ༧གོང་ས་མཆོག་ད་ལྟ་དགུང་གྲངས་ ༧༥ ཕེབས་པར་སྤྱིར་སྟངས་འགྲེས་སོང་རེད་དེ། ༧༥ ཞུ་བ་ནི་འགྲེས་སོང་ནང་ནས་གཞོན་གཞོན་དང་གཞོན་གཞོན་ནང་ནས་འགྲེས་སོང་རེད་མ་གཏོགས་ད་ལྟ་རྙན་ཕྲང་རྒྱུ་གང་ཡང་མེད་ཀྱང་། དུས་ཚོད་རྙན་ཕྲང་གཞི་ནས་ཡོང་རྒྱུར་གཡོལ་ཐབས་མེད་པས། དེར་བརྟེན་༧གོང་ས་མཆོག་གིས་དུས་དང་རྣམ་པར་ཀུན་ཏུ་བཀའ་སློབ་བསྩལ་བའི་ནང་། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིགས་སྡུག་ས་ནས་བྱེད་གསུང་པ་ལྟར། ང་ཚོས་ད་བར་བོད་ཀྱི་རྩ་དོན་ཐད་ལས་ཀ་བྱས་པ་ལས་བྱེད་རྒྱུ་མང་བ་ཡོད་པས་ད་ལྟ་ནས་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཆབས་སྲིད་ཀྱི་ལྡིང་ཆའི་སྟེང་བསྐྱེལ་གང་ཐུབ་བྱེད་དགོས་པ་ལས། གཞོན་སྐྱེས་རྣམས་ལ་ཉམ་མྱོང་མེད་ལུགས་ཀྱིས་འགོག་རྐྱེན་བྱས་ནས་ལམ་བཀག་ན། ག་ལེར་ཉམ་མྱོང་ཅན་གྱི་འགྲེས་སོང་རྣམས་རྫོགས་འགྲོ་རྒྱུ་དང་། ༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟེན་པའི་སྨོན་འདུན་ག་ཚོད་ཞུས་ཀྱང་འགྲོ་བ་མིའི་ལུས་སུ་ཕེབས་པས་ཐ་མ་ཞིང་ཁམས་བརྗེ་རྒྱུ་ལ་གཡོལ་ཐབས་དང་། དཔལ་སྦྱོར་གྱིས་ཉོ་རྒྱུ། བཙན་པོས་བཀའ་བཏང་རྒྱུ། ངན་སློང་ནས་སློང་མོ་ཞུ་རྒྱུ་མེད་ལྟབས་དེ་དུས་དངོས་འབྲེལ་གྱི་རྙ་ཕྲང་ཆེ་ན་དེ་དུས་ཆེ་བས། དེ་རྩིས་ཀྱི་ད་ལྟ་སྔས་མ་དྲགས་ཕྱིས་མ་དྲགས་པའི་སྐབས་འདིར་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ངེས་པར་དུ་རྒྱབ་སྐྱོར་གྱིས་ཆབས་སྲིད་ཀྱི་ལྡིང་ཆ་འདིའི་སྟེང་དུ་བསྐྱེལ་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན་མ་འོངས་པར་གོང་ཞུས་ཀྱི་དུས་ཚོད་རྙན་ཕྲང་ཅན་ཤར་སྐབས། སུ་ཕེབས་ཕེབས་དང་སུས་གནང་གནང་ཡོང་རྒྱུ་ཡིན་པ་འདོན་མི་ཟ། ད་ལྟ་ང་ཚོར་ཤེས་འཇོན་དང་ཉམ་མྱོང་ལྡན་པའི་མི་སྣ་མྱུང་དྲགས་རྐྱོན་མ་གཏོགས་མང་དྲགས་རྐྱོན་མེད་པས་ད་ལྟ་ནས་མི་རབས་གསར་པ་ཚོར་གོ་སྐབས་ཕུལ་དགོས་པས་རྒྱུ་མཚན་འདི་དག་ལ་བལྟས་ནས་ཤེས་ཡོན་ཅན་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུ་གི་ཡོད། ཐུགས་རྗེ་ཆེ༎ ༎

    Reply
  7. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    མཁས་དབང་གི་མཚན་ཉིད་ཞོག་དང་། དེ་ནས་བློ་བཟང་སེང་གེ་མཁས་དབང་ཡིན་མིན་གསལ་བོ་ཆགས་ངེས་རེད།

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གླེན་པ་འགའ་རེས་ ༼ད་ནི་རླངས་འཁོར་འདི་རྒྱལ་སྤྱིའི་སྟེང་ནས་ཁ་ཕྱོགས་བོད་ཡུལ་ལ་བསྒྱུར་ཏེ། རྒྱལ་ས་ལྷ་ས་བར་དུ་གཏོང་གི་རེད།༽བཀའ་ཁྲི་ཟམ་གདོང་སོགས་ཀྱིས་དེ་ལྟར་མི་འཇོན་པ་ལྟ་བུ་འཆལ་གཏམ་འདི་སྤེལ་འདུག
    བཀའ་ཁྲི་ཟམ་གདོང་གི་སྐབས་སུ་བོད་རྒྱ་འབྲེལ་མོ་ཐེངས་དགུ་ཙམ་གནང་བ་དེ་ཁ་ཕྱོགས་བོད་ཡུལ་ལ་ཕྱོགས་པ་མ་རེད་པས།
    ལག་ལེན་དངོས་ཀྱི་ཉམས་མྱོང་དང་བྲལ་པའི་དེབ་ཀློག་རྩོམ་རིགས་སྨྲ་བ་ནི་ཁྲོན་པའི་ནང་གི་ཟླ་བ་ནང་བཞིན་རེད་ཅེས་གསུངས་པ་ལྟར་བློ་སེང་ལ་ཞིང་གའི་སྒང་ལ་རྨོ་འདེབས་པའི་ཉམས་མྱོང་དང་བྲལ་ཏེ་མདུན་ཅོག་ཁོ་ནའི་སྟེང་དུ་རྨོས་འདེབས་ལུག་བསླབ་པ་ནི་ཉི་ཆོས་བཟང་པོས་རྒྱལ་པོ་ལ་ཆུ་རྐྱལ་བསླབ་པ་དང་ཅི་མི་མཚུངས།
    ཡང་འགའ་རེས་ཉམས་མྱོང་རྗེས་སུ་གསག་ཆོག་གི་རེད་ཞེས་བརྗོད་ཀྱིན་འདུག
    བཀའ་བློན་ཁྲི་པའི་བཞུགས་ཁྲི་དེའི་སྟེང་ནས་གཞིས་བྱེས་བོད་མིའི་བདེ་སྡུག་གམ་ལས་དབང་ཐག་གཅོད་ས་ཞིག་ཡིན་པ་ལས་མི་སྒེར་གྱི་ཉམས་མྱོང་གསོག་ས་དེ་མིན།

    Reply
  9. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གཟུ་གནས་བློ་ལྡན།
    ཁྱེད་ཀྱིས་བཤད་པར་བདེན་ཁ་ལོས་ཡོད་ལ་ངས་ཀྱང་དོན་མེད་བློ་བཟང་སེང་གེ་ལ་སྡང་ཟུག་བྱེད་དགོས་དོན་མེད་ལ་བསམ་པ་ཡང་མེད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་གི་མི་རབས་གསར་པར་མགོ་བོ་རྨོངས་པའི་བྱབ་ཆུང་བ་དག་ལ་མགོ་འཁོར་མ་ཐེབ་པ་བྱ་རྒྱུར་བྲིས་པ་ཞིག་རེད་ལ་དེ་ནི་ཡིན་པ་ཡིན་པ་དང་མ་ཡིན་པ་མ་ཡིན་པར་གསལ་བཤད་བྱས་ཡོད།དེའི་ཕྱིར་ལྷན་རྒྱས་དགོངས་པ་ཚོམས་མཁན་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན་ལ། འོན་ཀྱང་ཤེས་དགོས་པ་ཞིག་ལ་རང་ཉིད་ཀྱི་ཕྲག་པ་ན་རང་བཙན་གྱི་ལམ་ཀ་སྟབས་བདེ་ཞིག་འཚོལ་རྒྱུ་དེ་ནམ་ཡང་ཡ་མེད་མ་གཏོང་རོགས།

    Reply
  10. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    བཀྲ་ཤིས་འགྱུར་མེད་ལགས། ངས་བྲིས་པའི་བསམ་ཚུལ་དངོས་འདིར་ཁྱེད་ལ་ཕོག་ཐུག་བྱུང་བ་འདྲ། འོན་ཀྱང་དེ་འདྲའི་དགོས་པ་ཅང་མ་མཆིས་སྙམ།ཁྱེད་ནས་ཀྱང་སོ་སོའི་འགན་ཁྲི་ཞིག་ཕྲག་པར་འཁུར་ནས་སེམས་གཏམ་ཡེ་གེར་ཕབ་པ་ཡིན་རྒྱུ་རེད་ལ། ང་རང་ལ་ཡང་བོད་བསྟན་སྲིད་ལ་འགན་ཁྲི་ཞིག་ཡོད་པའི་དབང་གིས་སོ་སོའི་བསམ་ཚུལ་གླེང་བ་ལས་བློ་བཟང་སེང་གེ་ལ་སྡང་ཟུག་བྱེད་དགོད་དོན་མེད། བཀའ་ཁྲི་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་གལ་ཆེན་འགོ་ཁྲིད་པ་ཞིག་སོང་ཙང་། སྤྱི་ཚོགས་ཀྱི་འགྱུར་བགྲོས་ཤེས་པ་དང་། གོ་རིམ་དང་ལྡན་པའི་ངང་ནས་ད་ཟོད་བཀའ་ཁྲིར་འོས་མིན་བལྟ་རྒྱུ་ལས་ཁ་སྟོང་པའི་ལྕེ་ལེ་གཡུག་རྒྱུ་ནི་བསམ་མེད་བྱིས་པས་ཀྱང་ཤེས་པས། གནས་ཚུལ་དང་རྒྱུ་མཚན་ཡང་དག་ཤེས་པའི་སྒོ་ནས་སྐད་ཆ་བཤད་ན་ལེགས་པ་ལས་དེ་མིན་སྡང་ཟུག་དང་ཤ་འཁོན་ཟེར་བ་སོགས་ཆེས་ཐ་ཤལ་གྱི་ཚིག་དག་བེད་སྤྱོད་མ་གནང་ལ་ལེགས།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ང་ཡང་ཁ་ཆུང་དབང་ཆུང་ཡིན་རུང་ཁ་ཞིག་གྲགས་ན་འདོད་ཀི
    གོང་གི་རྩོམ་ཏུང་འདིར་བོད་མིའི་ལྷོ་གཞིས་ཁག་འགའི་འོས་ཤོག་གི་གྲངས་ཚད་རོབ་ཙམ་བྲིས་འདུག ༼ངྷ་ལ་ཧོ་སི་ནས་བློ་བཟང་སེང་གེ་ལ་༡༣༠།བཀྲས་མཐོང་༣༠།རྒྱ་རི་སྒྲོལ་མ་༣།༽ཞེས་མཆན་བུ་ཞིག་ལུང་འདྲེན་གྱིས་དེ་མཚུངས་དགོངས་ཚུལ་བཤད་འདུག འདི་བདེན་པ་ཡིན་ན་ཧ་ཅང་ཞིབ་ཚགས་རེད་མོད། འོན་ཀྱང་གོང་གི་ས་གནས་དེར་བློ་སེང་༡༣༠། བཀྲས་མཐོང་ལ་༣༠། རྒྱ་སྒྲོན་ལ་༣༠ བྱས་ན་ཁྱོན་འོས་ཤོག་༡༦༣་ལས་མི་འདུག ཡང་༼མོན་གྷོ་ཊི་ནས་བློ་བཟང་སེང་གེར་༣༠༠༠ལྷགབཀྲས་མཐོང་ལ་༧༠༠ལྷགརྒྱ་རི་སྒྲོལ་མ་༢༠༠། སྦེལ་ཀོབ་ནས་བློ་བཟང་སེང་གེ་ལ་༥༠༠༠ལྷགབཀྲས་མཐོང་མ་ཤེས།རྒྱ་རི་སྒྲོལ་མ་༤༠༠།༽ཞེས་པའི་མཆན་བུ་འདི་ཡང་དྲངས་འདུག འོ་ན་ས་གནས་དེ་དག་ཏུ་བློ་སེང་དང་བཀྲས་མཐོང་། རྒྱ་སྒྲོལ་གསུམ་ལས་གཞན་པའི་འོས་མིར་འོས་ཤོག་བླུགས་མེད་པ་རེད་དམ། ངས་ཤེས་གསལ་ལ་མོན་གྷོ་ནས་ངའི་གྲོགས་པོ་འགས་ཁ་པར་འབྱོར་ཏེ། ང་ལ་ཡང་འོས་ཤོག་གསུམ་བཞི་ཞིག་ཡོད་ཁོ་ཏག་ཡིན། ཁོ་ཚོ་མི་གསུམ་གྱིས་ང་ལ་བླུགས་ཡོད་ཟེར། སྐབས་འདིར་ཁྱེད་ཙོས་ང་བཀའ་ཁྲིར་འོས་མིན་མི་བཤད་པར་གོང་གི་ས་གནས་དེ་དག་ཏུ་འོས་གྲངས་སྤྱི་བསྡོམས་བྱས་པས་ཆ་ནས་གཟིགས་རོགས། འོ་ན་ངའི་འོས་ཤོགས་གསུམ་པོ་དེ་ཁྱོད་ཅག་འོས་ཤོག་ཞིབ་བཤེར་བ་ཚོས་མ་མཐོང་ངམ།
    ཡང་ས་གནས་དེ་གསུམ་དང་ལྷག་པར་དུ་མོན་གྷོ་ཌི་ནས་ཁོང་གསུམ་ལ་མ་གཏོགས་ཤོས་བླུགས་མེད་ཟེར་བ་བདེན་པ་རྩ་བ་ནས་མ་རེད་འདོད། རྒྱ་མཚན་ནི། འོས་ཤོག་བླུགས་ཉིན་ནས་ཉིན་འགའ་རེར་རང་རང་གིས་འོས་ཤོག་སུ་ལ་བླུགས་ཡོད་མེད་སྐོར་གཅིག་གཅིག་ལ་ཀ་པར་བརྒྱུད་ནས་སྐད་ཆ་མང་པོ་བཤད་མྱོང་། དེ་བས་གོང་གི་མཆན་བུ་དེ་དང་འབྲེལ་བའི་རྩོམ་ཐུང་འདིའི་དགོས་དོན་གང་ཡིན་ཅུང་གསལ་བོ་རེད་སྙམ། བདེན་པ་མ་ཡིན་པའི་སྐད་ཆ་འདི་དག་གསར་ལམ་ཁག་ཏུ་གཏོང་དོན་ཡང་སྙིང་གང་དང་སུ་ཞིག་གི་ཆེད་དུའམ། ཅི་ཞིག་བསྒྲུབ་རྩིས་ཡོད་ན་བསམ་ནས་ཡིད་མི་བདེ་བ་རེ་ཡང་ཡོང་གི་འདུག རྩོམ་འབྲི་བ་ནི་དོན་དངོས་རེ་སྤྱི་ཚོགས་ལ་མཁོ་སྤྲོད་བྱེད་རྒྱུ་གཙོ་བོ་ཡིན་ནམ་སྙམ།
    གཞན་སུ་ཞིག་ལ་ཕོག་ཐུགས་འདྲ་སོང་ཡོད་ན་དགོངས་དག་ཞུ། ངས་ནི་སུ་ལའང་ཕོག་འདོད་རྩ་ནས་མེད་ལ། རྩོམ་ཡིག་དང་མཅན་བུ་དག་ཀློག་པ་ལས་འདི་ལྟ་བུའི་རྩོད་པ་ཅན་དག་མཆན་བུ་ཡང་འདེབས་མི་འདོད་མོད། ཡང་རང་གིས་གང་ཤེས་པ་དང་གོ་བ་དག་མ་བཤད་པར་ཁ་བཙུམས་ནས་བསྡད་པ་ཡང་བདེན་པར་མ་མཐོང་བར་འདིར་རང་གི་མཐོང་ཐོས་དག་བསམ་ཚུལ་གྱི་ཚུལ་དུ་ཞུས་པ་ཡིན། ཏུགས་རྗེ་ཆེ་ཞུ།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འགའ་ཞིག་གིས་མི་རབ་གསར་བ་ཁ་ལ་ཁྱེར་ནས་རང་གི་འདོད་དོན་ལྟར་བློ་སེང་ལ་བསྟོད་ཅི་ཐུབ་བྱེད་བཞིན་འདུག་

    དེ་དག་གིས་བཤད་ཚུལ་ལྟར་ན་མི་རབ་གསར་བ་ཟེར་ཡང་བློ་སེང་ལས་མི་འདུག་པ་མ་ཟད་ཁོང་ལ་ཐང་འདིའི་རྒྱལ་ཁ་མ་ཐོབ་ན་མི་རབ་གསར་བ་ཕམ་སོང་བའི་ངོས་འཛིན་བྱེད་བཞིན་འདུག་པ་ནི་ཆེས་དགོད་སྤྲོ་བ་ཞིག་རེད་།

    དོན་དངོས་ཐོག་མི་རབ་གསར་བ་དང་བློ་སེང་གཅིག་མིན་ལ་བློ་སེང་མེད་ན་མི་རབ་གསར་བའི་རྒྱུན་ཆད་སོང་བ་དེ་བས་མིན

    བདག་ལྟ་བུ་ལ་མཚོན་ན་ཡང་ཐང་འདིའི་བཀའ་ཁྲིར་མི་རབ་གསར་བ་ཞིག་འདོད་པ་བཤད་མི་དགོས་པ་ཡིན། འོན་ཀྱང་། བློ་སེང་ཉག་གཅིག་དུ་གཏད་ནས་མི་འདོད། འདི་སེམས་སྟེངས་གིས་སྐད་ཆ་ལས་ཕྱོགས་ཞེན་མིན་ལ་ཕྱེགས་ཞེན་བྱེད་དགོས་དོན་མེད།

    Reply
  13. བཀྲ་ཤིས་འགྱུར་མེད། says:
    ལོ་ 15 སྔོན།

    ཨོ་་་་འོ་ཡུག་འཁྱམ་པོ་དང་་་་་གཟུར་གནས་བློ་ལྡན་གཉིས་་་་གསང་མིང་འོག་ནས་་་གཞན་ལ་་་ཟུར་ཟ་དང་སྐྱོན་བརྗོད་བྱེད་རྒྱུ་ལ་བྱང་ཞིང་ཆུབ་པ་ཆགས་ཟིན་འདུག་་་་་་དེང་སང་ཁོང་གཉིས་ཀྱི་ཟིན་བྲིས་ནང་ལ་བློ་བཟང་སེངྒེ་ལ་་་་མེད་རབ་མུག་རབ་ཤོད་ལུག་ལ་དཔག་ན་་་ཁོང་གཉིས་བློ་བཟང་སེངྒེ་ལ་ཕ་མེས་ནས་ཤ་འཁོན་འདྲ་ཡོད་པ་མིན་ནམ་་་་གལ་སྲིད་དེ་མིན་ན་་་བོད་པའི་བོད་པ་ལ་འདི་ལྟར་སྔང་དགོས་དོན་མེད་པ་མ་ཟད་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་པའི་མཁས་དབང་ཞིག་ལ་འདི་ལྟར་སྡང་དགོས་དོན་དེ་ལས་ཀྱང་མེད་་་་་་་་་་་་་་་་་་་་ཧཧཧཧཧཧཧ་་་གཟུར་གནས་བློ་ལྡན་རང་རེད་འདུག་་་་་་་་་

    Reply
  14. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    ང་ཚོའི་བོད་མི་རིགས་ལ་ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ཐད་དམའ་འབེབ་དང་བསྟོད་ར་བྱེད་རྒྱུར་གལ་ཆེན་མིན། ད་དུང་ཡང་དངོས་གཞིའི་འོས་བསྡུ་བར་ཟླ་བ་ལྔ་ལྷག་ཙམ་ཡོད། སོ་སོའི་བརྟག་དཔྱད་དང་། ཞིབ་འཇུག་བྱས། བསམ་བློ་བཏང་། གྲོས་མི་ལ་བྱས། ཐག་རང་གི་གཅོད། ཟེར་བའི་དཔེ་ལྟར། ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ད་དུང་ཡང་བཙན་བྱོལ་དུ་ཡོད་པའི་བོད་མི་དམངས་ཀྱི་ལག་པར་ཡོད།

    Reply
  15. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    ང་ཚོའི་བོད་མི་རིགས་ལ་ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ཐད་དམའ་འབེབ་དང་བསྟོད་ར་བྱེད་རྒྱུར་གལ་ཆེན་མིན། ད་དུང་ཡང་དངོས་གཞིའི་འོས་བསྡུ་བར་ཟླ་བ་ལྔ་ལྷག་ཙམ་ཡོད། སོ་སོའི་བརྟག་དཔྱད་དང་། ཞིབ་འཇུག་བྱས། བསམ་བློ་བཏང་། གྲོས་མི་ལ་བྱས། ཐག་རང་གི་གཅོད། ཟེར་བའི་དཔེ་ལྟར། ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ད་དུང་ཡང་བོད་མི་དམངས་ཀྱི་ལག་པར་ཡོད།

    Reply
  16. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    ང་ཚོའི་བོད་མི་རིགས་ལ་ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ཐད་དམའ་འབེབ་དང་བསྟོད་ར་བྱེད་རྒྱུར་གལ་ཆེན་མིན། ད་དུང་ཡང་དངོས་གཞིའི་འོས་བསྡུ་བར་ཟླ་བ་ལྔ་ལྷག་ཙམ་ཡོད། སོ་སོའི་བརྟག་དཔྱད་དང་། ཞིབ་འཇུག་བྱས། བསམ་བློ་བཏང་། གྲོས་མི་ལ་བྱས། ཐག་རང་གི་གཅོད། ཟེར་བའི་དཔེ་ལྟར། ཁ་ལོ་བ་ཡག་པོ་དགོས་དང་མི་དགོས་ད་དུང་ཡང་བོད་མི་དམངས་ཀྱི་ལག་པར་ཡོད།

    Reply
  17. ཤེས་རབ says:
    ལོ་ 15 སྔོན།

    ཁྱེད་ཚོ་ག་རེ་བཤད་ན་བཤད་བློ་སེང་ནི་བཀའ་བློན་ཁྲི་བ་ཡིན་པ་མི་སུ་ཡང་ཐེ་ཚོམ་ཅང་མ་འཆིས་སོ།
    དེས་ན་ཁྱེད་རང་ཚོ་ཁོང་ལ་མིག་ཚ་ན་མིག་སྨན་ཡག་པོ་ཞིག་ཉོ་ནས་བྱུགས་ན་མ་གཏོགས་གཞན་ཐབས་ཤེས་གང་ཡོད།
    ད་ནི་མི་རབས་གསར་བ་རྣམས་ཀྱི་ཤུགས་རྒྱབ་པའི་དུས་ལ་སླེབས་ཡོད་དོ།

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཨ་མཁན་མཚར།འོས་ཤོག་ཅི་འདྲ་ཡིན་མིན་དེ་དབུས་འོས་སྡུས་ལས་ཁུང་གིས་གསལ་སྒྲགས་མི་དགོས་པར་ས་གནས་ནས་བྱེད་དགོས་པ་རེད་པས།

    Reply
  19. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཨ་མཁན་མཚར།འོས་ཤོག་ཅི་འདྲ་ཡིན་མིན་དེ་དབུས་འོས་སྡུས་ལས་ཁུང་གིས་གསལ་སྒྲགས་མི་དགོས་པར་ས་གནས་ནས་བྱེད་དགོས་པ་རེད་པས།

    Reply
  20. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    ༼གསལ་བཤད།༽གོང་དུ་ཁྱེད་ཀྱིས་ས་གནས་སོ་སོ་ནས་འོས་ཐོབ་ཀྱི་གྲངས་ཀ་བཤད་ཀྱིན་འདུག་པ་འདི་ནི་རང་གཞུང་གི་འོས་བསྡུའི་རྩ་ཁྲིམས་ལ་གུས་བཀུར་མ་བྱས་པར་མ་ཟད། འོས་གྲངས་ཀྱི་གྲངས་ཀའང་ནོར་འདུག་འདི་གསལ་བཤད་གཅིག་ཡིན། གསལ་བཤད་གཉིས་པ་ནི་མོན་གྷོ་ས་གནས་ནས་མདོ་སྨད་མི་དམངས་ཀྱིས་ཐོ་འགོད་བྱས་པའི་གྲངས་ཀ་བརྒྱད་བརྒྱ་མ་ཟིན་ཙམ་ཡིན། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་བརྒྱ་ཆ་དགུ་བཅུ་གོ་གཅིག་ཙམ་གྱིས་འོས་འཕེན་གནང་ཡོད་པ་རེད། གསལ་བཤད་གསུམ་པ་ནི་ཐུབ་བསྟན་ལུང་རིགས་ལ་འོས་གྲངས་དུ་ཐོབ་ཡོད་མེད་ནི་འོས་བསྡུའི་རྩ་ཁྲིམས་ལ་གུས་བཀུར་བྱེད་དགོས་ཙང་བཤད་ངེས་མིན།

    Reply
  21. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཨ་ལ་ལ། འོས་བསྡུའི་སྤྱི་འབོར་ས་གནས་དང་གཞུང་གང་ནས་མ་བསྒྲགས་གོང་ནས་སྲང་ན་གྲགས་ནས་འགྲོ་གིན་འདུག འོས་ཤོག་རྩིས་བཤེར་བ་དག་གི་ཁ་ཡངས་གི་རེ། ལག་དོམ་པོ་ཡིན་པའི་སྨོན་ལམ། ད་འུ་ཚོས་དམངས་གཙོ་འདི་བལྟས་ཀྱིན་བལྟས་ཀྱིན་འཇིགས་ཡེར་བ་ཞིག་ཀྱང་འདུག སྤྱི་ཚོགས་ཤིག་གི་ངོས་ནས་འགན་ལེན་དང་སྒྲིག་གཞི། མི་སྒེར་ཞིག་གི་ངོས་ནས་གཏན་ཚིག་དང་དམ་ཚིག་མཐའ་དག་ལྷད་ལྷོད་དུ་གྱུར་བའི་རང་སྣང་རྒྱ་ཡན་པའི་སྤྱི་ཚོགས་ཤིག་གི་སྣང་བ་སྟེར་གི།

    Reply
  22. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    གཞན་ལ་དོན་མེད་སྨ་འབད་དང་ཚིག་མཚོན་མ་བཏབ་པར་གྲ་གྲོགས་ཕན་ཚུན་ལ་ཕན་པའི་བསམ་ཚུལ་རེ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་བཀོད་ན་མི་དགའ་འམ།
    ཆོ་མེད་ཀྱི་སྐད་ཆ་དང་དོན་མེད་ཀྱི་སྨ་འབད་ལ་གཞན་གྱིས་ལན་འདེབས་ཀྱང་བྱེད་མི་སྲིད།་བྱས་ནས་གཉིས་ཀ་རྩ་མ་ཚང་བའི་སྐྱོན་དུ་ཟད།

    Reply
  23. གླང་དར་མ། says:
    ལོ་ 15 སྔོན།

    སྲོང་བཙན་བུས་ངས་བསམ་པ་ཚང་མ་བཤད་འདུག་དེ་ལས་ལྷག་ཅིག་བཤད་རྒྱུ་མེད་། ད་དུང་ང་རང་གནས་སའི་ས་གནས་འདིར་རྒྱ་ཆ་70བློ་སེང་ལ་ཐོབ་འདུག་ང་རང་ཞིབ་གཤེར་བྱེད་མཁན་ནང་མཉམ་དུ་ཡོད་། ཐག་རིང་ཞིག་ནས།

    Reply
  24. གླང་དར་མ། says:
    ལོ་ 15 སྔོན།

    སྲོང་བཙན་བུས་ངས་བསམ་པ་ཚང་མ་བཤད་འདུག་དེ་ལས་ལྷག་ཅིག་བཤད་རྒྱུ་མེད་། ད་དུང་ང་རང་གནས་སའི་ས་གནས་འདིར་རྒྱ་ཆ་70བློ་སེང་ལ་ཐོབ་འདུག་ང་རང་ཞིབ་གཤེར་བྱེད་མཁན་ནང་མཉམ་དུ་ཡོད་། ཐག་རིང་ཞིག་ནས།

    Reply
  25. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྒན་བློ་བཟང་དཔལ་ལྡན་ལགས
    ་དེས་ན་གསང་བ་ཕྱི་ལ་ཤོར་བ་མ་ཡིན་ནམ
    དུས་ཚོད་ངེས་ཅན་ཞིག་ལ་བསྒྲགས་རྒྱུ་ལས་ཁ་སུ་མགྱོགས་ཡིན་རྒྱུ་མ་རེད་པཱ།

    Reply
  26. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    མིག་བཙུམམི་དགོས་་པ་རྨི་ལམ་སྐྱིད་པོ་ཞིག་རྨིས་འདུག།
    བོད་གཞུང་མོ་ཊ་དང་བློ་སེང་ཁ་ལོ་བ་བྱས་དེ་བོད་ལ་ལོག་པ་རྨིས་འདུག
    ད་གཉིད་སད་རན་རེད་ཡ
    དེ་མ་གཏོགས་ཁ་ལོ་བ་ལ་ཕྱག་འཁྱེར་ཡོད་པ་ཙམ་ལས་དངོས་སུ་མོ་ཊ་བཏང་པ་དང་པོའི་ནང་གི་དང་པོ་ཡིན་སྟབས་འགྲམ་གྱི་འཁྱོགས་འགོ་ཞིག་ནས་གཡེངས་ལ་བརྒྱུར་རྒྱུ་ཡིན་པ་ཐག་གི་ཆོད།དེ་དུས་མི་གཉིས་གསུམ་ཞིག་གིས་འུ་ཚུག་ཐག་པས་དགག་ཁྲིད་བྱས་དེ་མོ་ཊ་སོགས་ལྷག་རོ་རྣམས་རྒྱལ་ས་ལྷ་སར་སྐྱེལ་གང་ཐུབ་བྱས་ཀྱང་གཉིད་སད་རྒྱུ་ཕྱི་དྲག་ཏག་ཆོད་པ་རེད། ཧ་ཧ་ཧ་ཧ་

    Reply
  27. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ང་ཚོ་བོད་པ་གནའ་ནས་བཟུང་འཇོན་པོ་ཞིག་དང་མཁས་པ་ཞིག་ཡོད་ན་རྐང་ནས་བཟུང་དེ་མར་མཐེན་པ་ནི་ཇི་འདྲའི་ཐབས་སྡུག་ཞིག་རེད་ཨང་།་
    བློ་བཟང་སེངྒེ་ལྟ་བུ་བཙན་བྱོལ་བོད་ནང་གི་ངམ་ཆོག་པ་འདི་ལ་ཡང་དོན་མེད་ཁ་གཏོང་བཞིན་ཡོད་པ་དང་།་བཀའ་བློན་ཁྲི་པ་འོས་མིན་གནས་ཚུལ་ཁ་ཁ་ཡིན་པ་དང་དོན་མེད་སྨ་འབད་བྱེད་པ་དང་ཚིག་འཚོན་བཏབ་པ་ནི་ཐ་ཤལ་གྱི་གནས་སོ།

    Reply
  28. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། (སྦེལ་ཀོབ་ཀྱི་འོས་ཤོག་གྲངས་འབོར་ནི་མང་ཚོགས་ཀྱི་རྣ་བར་བསྒྲགས་སྔ་ཤོས་དེ་ཆགས་ཡོད། ད་ཆ་ཉིན་རེ་བཞིན་ས་གནས་ཁག་ནས་འོས་གྲངས་ཀྱི་སྐད་ཆ་གསར་པ་རེ་ཐོས་ཡོང་སྐབས། མང་ཚོགས་ཀྱིས་མཐའ་མའི་གྲངས་འབོར་ལ་ཚོད་དཔག་སྣ་ཚོགས་བྱེད་པའི་འུར་ཟིང་ཡང་ཇེ་ཆེར་འགྲོ་བཞིན་འདུག དཔེར་ན། སྦེལ་ཀོབ་ཁུལ་ནས་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་མང་ཤོས་དེ་ཐུབ་བསྟན་ལུང་རིགས་རེད། དེར་འོས་ཤོག་བརྒྱ་དང་ལྔ་བཅུ་ང་གསུམ་འདུག་ཅེས་ཉིན་ཤས་གོང་ནས་བསྒྲགས་འདུག)ཅེས་བཤད་པ་བདེན་པ་རེད་ང་རང་ཞིབ་གཤེར་བྱེད་མཁན་ནང་དུ་ཡོད།་དེ་ཙམ་མ་ཟད་འོས་ཁྱབ་བསྒྲགས་སྔ་ཤོས་མོན་གྷོ་ནས་རད་གནས་ཚུལ་ཞུབ་འཇུག་བྱས་རྗེས་བཤད་ན་སྔ་དྲགས་ཡོད་པ་མ་རེད།

    Reply
  29. སྟོང་སྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    དགའ་སྤོབས་སྐྱེ་དགོས་པ་ཞིག་རེད།
    སྙིང་རྗེ་འོད་ཡུག་པའི་འཁྱམས་པོ་ཟེར་བ་མི་དེ།།

    Reply
  30. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ད་སྤྱི་སྒེར་ཉིས་ཆར་ཕན་མི་ཐོག་མཁན་ཚོ་གནས་གང་ནས་ཤི་ན་ཤི་་་་་་

    Reply
  31. འབྲུག་སྒྲ་སྐྱབས། says:
    ལོ་ 15 སྔོན།

    མ་རེད ཁྱོད་ཚོ་ནོར་འདུག རྡ་རམ་ས་ནས་བརྒྱ་ཆ་མང་ཤོས་བཀྲས་མཐོང་རེད་ཟེར བལ་ཡུལ་དུ་ཡང་བཀྲས་མཐོང་བརྒྱ་ཆ་བདུན་ཅུ་ ཨོ་རི་ས་ནས་ཡང་བཀྲས་མཐོང་བརྒྱ་ཆ་དྲུག་ཅུ་རེད་ཟེར བློ་བཟང་སེང་གེ་ཐོབ་མིན་ག་ལ་ཤེས ཧ ཧ ཧ

    Reply
  32. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཡག་ན་སྡུག་ན་བོད་མི་མང་གིས་གདམས་པའི་དབུ་ཁྲིད་གསར་པ་ཞིག་སླེབས་ཀྱི་ཡོད་པ་རེད། དེ་ལྟ་བུའི་སྡང་ཟུག་བྱེད་དགོས་དོན་ཅང་ཨེ་ཡོད། ངོ་མ་འཁྱམ་པོ་ནི་འཁྱམ་པོ་རང་རེད།

    Reply
  33. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ཧ་ཧ། སྙིང་རྗེ་རྨི་ལམ་སྐྱིད་པོ་ཞིག་རྨིས་འདུག བློ་བཟང་སེང་གེ་མོ་ཊའི་ཁ་ལོ་བ་གསར་པ་ཡིན་དུས་ཉམས་མྱོང་མེད་སྟབས་བོད་ཀྱི་རྒྱལ་ས་བར་འགྲོ་སྐབས་འགྲོ་རོགས་ཚོ་གང་ཟབ་མ་བྱས་ན་གཡང་ལ་མཆོངས་ནས་ལྷ་སར་སླེབས་རྒྱུའི་ཚབ་ལ་ཨ་ཞང་ཆོས་རྒྱལ་འཁྲིས་བཅར་རྒྱུ་གལ་ཡོང་། མི་རབས་གསར་པ་དང་། ཀླད་པ་གསར་པ། ཁ་ལོ་གསར་པ། གསར་པ་དེ་རིགས་ལ་གང་ཟབ་གྱིས་མ་གཏོགས་གསར་པ་ནི་མིག་ཡ་མེད་པའི་ཞ་ར་ལྟ་བུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese