མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིར་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་དཀའ་ངལ་ནི་འོས་བསྡུའི་ལས་རིམ་གྱི་དཀའ་ངལ་ཁོ་ན་ཙམ་མིན་པར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་འགག་ཅིག་ཆགས་ཡོད་ཟེར།  

ཁ་སྔོན་གྱི་བཀའ་སྤྱིའི་སྔོན་འགྲོའོི་འོས་བསྡུའི་སྐབས་བལ་ཡུལ་ཉེན་རྟོག་པས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་། གནས་སྟངས་དེས་རྐྱེན་པས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་སྒེར་གང་མང་ཞིག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་བལ་ཡུལ་གཞུང་ལ། བོད་མིའི་འོས་སྒམ་ཕྱིར་སློག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། རྒྱལ་སྤྱིའི་ཚོགས་པ་ཁག་ལ་བལ་ཡུལ་གནས་སྡོད་བོད་མི་ཚོར་མང་གཙོའི་འོས་བསྡུའི་ཐོབ་ཐང་སྤྲོད་དགོས་པའི་ཞུ་ཡིག་རེ་ཕུལ་ཡོད།

 ཞུ་ཡིག་དེར་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་ནི་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་ཉིན་མོ་ཡིན་ཞིང་། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བཙན་བྱོལ་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ་བཀའ་ཁྲི་སྐབས་གསུམ་པ་དང་། སྤྱི་འཐུས་སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་ཤོག་བླུགས་ཡོད་ལ། འདས་པའི་ལོ་ ༥༠ རིང་གི་འོས་བསྡུའི་ཉིན་མོར་བོད་མི་ཚོས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་པ་མ་ཟད། བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་སོ་སོས་ཀྱང་ང་ཚོའི་སྤྱི་འཐུས་དང་བཀའ་ཁྲི་འོས་འདེམས་བྱ་རྒྱུར་དམ་དྲག་ནམ་ཡང་བྱས་མེད་པས་བཀའ་དྲིན་ཞུ་འོས་སུ་མཐོང་།

ཡིན་ནའང་། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བལ་ཡུལ་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་བོད་མི་ཚོར་འོས་ཤོག་འཕེན་རྒྱུའི་ཆོག་མཆན་སྤྲད་ཡོད་མེད་ལ་མ་ལྟོས་པར། བལ་ཡུལ་མཆོད་རྟེན་བྱ་རུང་དང་འཕགས་ཤིང་གཉིས་ཀྱི་འོས་སྒམ་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེ་ཧང་སང་དགོས་པ་ཞིག་དང་། དེ་ནི་དམངས་གཙོའི་ལམ་དང་ཡོངས་སུ་འགལ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་སྟབས་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བརྒྱུད་བལ་ཡུལ་ཉེན་རྟོག་ལས་ཁུངས་ནས་འོས་སྒམ་ཕྱིར་སློག་ཡོང་རྒྱུ་དང་། བལ་ཡུལ་གནས་སྡོད་བོད་མི་ཚོར་དམངས་གཙོའི་ལམ་ནས་རང་གི་སྐུ་ཚབ་དང་བཀའ་ཁྲི་འོས་འདེམས་མུ་མཐུད་བྱ་འཇུག་རྒྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག  

 

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོར་འདི་གའི་གསར་འགོད་པ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་གནད་དོན་དེའི་ཐད་བཅར་འདྲི་ཞུས་པར་ཁོང་མོས་གསུངས་དོན། བལ་ཡུལ་ཉེན་རྟོག་པས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེར་ཧ་ཅང་བློ་ཕམ་བྱུང་ཡོད་པར་མ་ཟད། དེ་ནི་མང་གཙོའི་འགྲོ་ལུགས་དང་ཡོངས་སུ་འགལ་བསྡད་པ་ཞིག་རེད། ཡིན་ནའང་། འདས་པའི་མི་ལོ་ ༥༠ ནང་ང་ཚོ་དམངས་གཙོའི་ཐོག་འགྲོ་ཐུབ་པ་དེ་གཙོ་བོ་༧གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དང་། བཙན་བྱོལ་བོད་མི་གནས་ཡུལ་རྒྱལ་ཁབ་དག་གི་མཐུན་འགྱུར་དང་ཁོར་ཡུག་བཟང་པོ་ཡོད་སྟབས། ད་བར་བོད་མིའི་སྐུ་ཚབ་འོས་འདེམས་བྱེད་ཐུབ་པ་བྱུང་ཡོད། བལ་ཡུལ་ནི་བོད་མི་འདུས་སྡོད་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དེར་ཡོད་བོད་མི་ཚོས་ལོ་མང་རིང་རང་དབང་ལོངས་སྤྱོད་བྱེད་རྒྱུ་བྱུང་བས་བལ་ཡུལ་གཞུང་དམངས་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།  

འོས་བསྡུའི་དོན་རྐྱེན་བྱུང་མཚམས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་བཀའ་ཤག་ལ་ཛ་དྲག་གི་ཞུ་ཡིག་ཅིག་ཕུལ་ཏེ། དཀའ་ངལ་དེ་འོས་བསྡུའི་ལས་རིམ་དང་འབྲེལ་བ་ཡོད་པ་ཙམ་མིན་པར་དམངས་གཙོ་དང་འགྲོ་བ་མིའི་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་འགག་ཅིག་ཆགས་ཡོད་ལུགས་སྙན་སེང་ཞུས་པ་ཡིན། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་ལ་བོད་མིའི་འོས་བསྡུ་ལས་དོན་སྐོར་གྱི་ཞུ་ཡིག་ཕུལ་ཡོད་ཅིང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་གྱིས་ཀྱང་དུས་ཐོག་ཏུ་བལ་ཡུལ་སྲིད་བློན་ལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    གོ་སྐབས་བྱུང་དུས་ངེས་པར་དུ་ཟིན་ཐུབ་དགོས་པ་དང་དེ་ཉིད་ཆུད་ཟོས་སུ་མ་འགྲོ་བ་བྱས་ནས་གོ་སྐབས་ཆེ་ཆུང་ལ་མ་ལྟོས་པར་རིག་པ་སྒྲིམ་དེ་བེད་སྐྱོད་ཡག་པོ་གཏོང་ཐུབ་དགོས།
    སྐབས་འདིར་རྒྱ་ནག་གི་ལིན་ཞོའོ་པོའོ་ལ་ཞི་བདེའི་གཟེངས་རྟག་ཐོབ་པ་དང་མཉམ་དུ་ང་ཚོས་ཀྱང་ཞི་བདེ་ལ་དགའ་བའི་རྒྱ་ནག་མི་དམངས་དང་འཛམ་གླིང་མི་དམངས་་་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་སོགས་དང་མཉམ་དུ་གནད་དོན་དེ་ལ་དམིགས་གསལ་དོ་སྣང་བྱེད་དགོས་པ་ནི་ང་ཚོས་ཧ་གོ་དོན་གསལ་རེད།་་
    དེར་རྟེན་གཉིད་ཁུག་ནས་མ་སྡོད་པར་སྨྱུགས་ཐོག་པ་དང་ཆབ་སྲིད་པ་སོགས་ཀྱི་ཤུགས་གང་ཡོད་ཀྱི་བོད་དོན་འདི་གླེང་སླང་བྱེད་དགོས་པ་དང་སྐབས་འདིར་གོ་སྐབས་ཡག་པོ་ཞིག་དུ་གྱུར་ཡོད།་
    ལྷག་པར་དུ་བོད་ཀྱི་ན་གཞོན་ཤེས་ཡོན་པ་རྣམས་ལ་དམིགས་གསལ་འགན་ཁུར་དགོས་པས་ཅི་ནས་ཀྱང་མཐུས་ཤོར་མ་ཕྱིན་པ་ངེས་པར་དུ་བྱེད་དགོས།།།།

    Reply
  2. བཀྲ་ཤིས་འགྱུར་མེད། says:
    ལོ་ 16 སྔོན།

    བལ་ཡུལ་གཞུང་གིས་་་ཚོད་མེད་ཀྱི་བརྙས་བཅོས་་་འདི་ལྟར་བྱེད་དུས་་་་བོད་པ་ཚོ་སྙིང་རྗེ་ཁ་ནང་ལ་མཛུ་མོ་བཅུག་ནས་་་་སྡོད་པ་ལས་གཞན་བྱེད་ཐབས་གང་ཡང་མེད་པའི་ས་མཚམས་འདི་འདྲ་ཞིག་ལ་སླེབས་པ་ཤེས་པའི་ཐོག་ནས་་་་ང་ཚོས་བློ་དང་རིག་པ་ཡོད་ཚད་སྒྲིམ་ནས་་་་་གནད་འགག་ཐུག་དུས་རྒྱལ་སྤྱི་ལ་ཁྲིམས་གཏུག་བྱེད་ཐུབ་པའི་ལག་ཁྱེར་དང་ཤེས་ཡོན་ཚད་ལྡན་ཡོད་པའི་མཁས་དབང་བློ་སེང་ལགས་བཀའ་ཁྲི་ལ་ེང་པས་དུ་འདེམས་འོས་པ་མ་ཟད་་་་དོན་རྐྱེན་འདིས་་བཀའ་ཁྲི་ཟེར་བ་དེ་མི་ཡོད་ཚད་ཀྱིས་འཇོན་པ་ཞིག་མིན་པའི་ཉེས་བརྡ་ཞིག་ཀྱང་བཏང་པ་རེད་་་

    Reply
  3. བཀྲ་ཤིས་འགྱུར་མེད། says:
    ལོ་ 16 སྔོན།

    རྒྱ་རི་ཚང་གི་མི་རྒྱུད་འདིས་སྤྱི་དོན་གྱི་ཆེད་དུ་་་འབོད་སྐུལ་གང་མང་ཞིག་སྔ་མོ་ནས་ཞུ་བཞིན་ཡོད་ཀྱང་་་་དོན་དག་ཡོད་ཚད་སྒེར་དོན་ལ་འགྲུབ་སོང་པ་ནི་མཐོང་ཆོས་རེད་་་་་་

    Reply
  4. རྨོངས་སད་སྒྲོན་མེ། says:
    ལོ་ 16 སྔོན།

    སྤྱིར་འོས་སྒམ་བལ་ཡུལ་གཞུང་གིས་ཕྱིར་སྤྲོད་མིན་ཇི་ལྟར་ཡང་། ང་ཚོ་མི་མང་གི་ངོས་ནས་བསམ་གཞིགས་བྱེད་དགོས་པའི་གནད་དོན་གཅིག་སྒང་ཏན་ཏན་སླེབས་ཤག དེ་གང་ལགས་ཤེ་ན་སྐབས་བབ་ཀྱི་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ལས་རིམ་དེ་རེད། བལ་ཡུལ་གཞུང་ལ་རྒྱ་དམར་གྱིས་གནོད་ཤུགས་བྱིན་ཡོད་པར་ཐེ་ཚོམ་མི་དགོས་ཀྱང་། དོན་དངོས་ཐོག་བལ་ཡུལ་གཞུང་གིས་དེར་སྡོད་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་སྔོན་མ་ནས་ལྟ་སྟངས་འགྱུར་ཡོད་པས། ད་ལྟ་གདོང་རས་ངོ་མ་ཕྱིར་མངོན་འདུག དེས་ན་སྤྱིར་འུ་ཚོའི་་བཀའ་ཁྲི་འོས་མི་ནང་བགྲེས་གཞོན་མང་པོ་ཞིག་དང་བླངས་སུ་ཐོན་ཡོད་པ་དེ་བཟང་རྟགས་ཤིག་མངོན་པར་ཟད་ཀྱང་། ང་ཚོ་མི་མང་གིས་ངེས་པར་དུ་གནད་དོནདེ་ལྟ་བུ་རྒྱལ་སྤྱིའི་ཁྲིམས་ཞིབ་ཀྱི་བརྒྱུད་ནས་དག་ཐེར་བྱེད་ཐུབ་མཁན་དང་རྒྱ་གཞུང་ལ་ཁ་གཏད་གཅོག་ཐུབ་མཁན་་བཀའ་ཁྲི་ཉག་ཅིག་ནི་བློ་སེང་ལགས་ཆགས་ཡོད་པས། འུ་ཚོ་ཐུན་མོང་གིས་སྐབས་བབ་ཤུགས་རྒྱག་ས་དེ་མ་ནོར་བ་ངེས་པར་དུ་བྱེད་དགོས།

    Reply
  5. འདྲེ་རྣམ་རྒྱལ། says:
    ལོ་ 16 སྔོན།

    འདི་ནི་རྒྱ་ནག་གིའི་དངུལ་སྤྲད་ཡོད་ཐག་ཆོད་རེད།
    གནས་ཚུལ་འདི་རིགས་ཐག་བཅོད་ཡག་པོ་མ་བྱས་ཚེ་ཉེན་ཁ་ཆེན་པོ་རེད།

    Reply
  6. དཔའ་རྩལ་སྟོང་འབར། says:
    ལོ་ 16 སྔོན།

    གཞུང་སྒེར་སུ་ཡིན་ཡང་འཇོན་པོ་ཡིན་ན་འཇོན་རྟགས་སྟོན་པའི་དུས་ལ་སླེབས་འདུག

    Reply
  7. མངའ་རིས་ཕོ་ཉ། says:
    ལོ་ 16 སྔོན།

    རྒྱ་རི་ཚང་ལགས། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་ལ་བོད་མིའི་འོས་བསྡུ་ལས་དོན་སྐོར་ལ་སྙན་སེང་ཞུས་པ་ཐུགས་རྗེ་ཆེ།
    དབང་ཆ་བདེ་སྤྱོད་བྱེད་རྒྱུར་མཚམས་ལ་སླེབས་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese